ཆོལ་གསུམ་བོད་མིའི་རིག་གནས་ཀྱི་སྡིངས་ཆ་ཆེན་མོ། རྫོང་ཁའི་ཡིག་གཟུགས་ཕབ་ལེན།
དྲ་ཚིགས་ཀྱི་མདུན་ཤོག>>བརྡ་འཕྲིན། >> སེང་རྡོར་གྱི་སོ་སྐྱེས་སྐད་སྒྲ་དངོས་སུ་འགྲེམས་སྤེལ་བྱས་ཤིང་གྲོགས་པོ་ཚོས་རྟེན་འབྲེལ་ཞུས་པའི་གནས་ཚུལ།

སེང་རྡོར་གྱི་སོ་སྐྱེས་སྐད་སྒྲ་དངོས་སུ་འགྲེམས་སྤེལ་བྱས་ཤིང་གྲོགས་པོ་ཚོས་རྟེན་འབྲེལ་ཞུས་པའི་གནས་ཚུལ།

ངེད་དྲ་བ།

                    
    ཉེ་ལམ་སྙན་ངག་པ་སེང་རྡོར་ལགས་ཀྱི་ཐོལ་རྩོམ་དེབ་སོ་སྐྱེས་སྐད་སྒྲ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས་ཤིང་།  གྲོགས་པོ་ཚོ་སྟེ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་མེལ་ཚེ་དང་། གངས་རྩེན་སྤྱི་གཉེར་ཁང་གི་ཀླུ་བྱམས། ན་གཞོན་རྩོམ་པ་པོ་ཞོགས་ལྗང་དང་གདོན། རྣོ་སྦྲེང་སོགས་ཀྱིས་གྲོགས་སེང་རྡོར་ལགས་ཀྱི་ཐོལ་རྩོམ་དེབ་འགྲེམས་སྤེལ་ཞུས་པ་ལ་རྟེན་འབྲེལ་ཞུས་ཤིང་།
                      
   རྟེན་འབྲེལ་ཞུ་སྟངས་ཀྱི་ངོས་ནས་ངོ་བསྟོད་ཀྱི་རྣམ་པ་ཁོ་ན་ལས་བརྒལ་ཏེ་ཕྱིའི་ཇུས་འགོད་དང་ནང་གི་བརྗོད་བྱ་རྗོད་བྱེད་གང་ཅིའི་ཐད་ལ་ལེགས་ཉེས་ཀྱི་ལྟ་ཚུལ་སྣ་ཚོགས་བཏོན་པ་དང་། དེབ་རྩོམ་པོ་རང་ནས་ཀྱང་དེར་འཕྲོས་ཀྱི་ལྟ་ཚུལ་ལྷུག་བརྗོད་གནང་བ་དང་ཁུ་བ་གང་བགར་གཏོར་བའི་དགེ་བཤེས་ཚོ་ལ་སོགས་པའི་རྩོམ་ཡིག་ཁ་ཤས་དེབ་ཏུ་འགོད་མ་ཐུབ་པ་ལ་ཕངས་པ་ཤོར་གྱིན་ཡོད་པ་རེད།  
       དཔེ་དེབ་འདི་ཟི་ལིང་རླངས་འཁོར་ས་ཚིགས་ཀྱི་1+1དཔེ་ཁང་ན་བཙོང་རྒྱུ་ཡོད་པ་རེད།
                    
                                      སོ་སྐྱེས་སྐད་སྒྲ་ལ་བལྟ་བཞིན་པ།
                    
                                     སོ་སྐྱེས་སྐད་སྒྲ་ལ་བལྟ་བཞིན་པ།
                    
                                བུད་མེད་ཚོས་གོ་མི་ཉན་པའི་སྐད་ཆ་ལབ་ཀྱིན་པ།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-10-02] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཇུས་འགོད་དང་སྒྲིག་བཟོ་བྱས།
Copyright © 2009-2012 tbyouth.com All rights reserved. Powered by: tibetitw.com
E-mail:tbnewyouth@gmail.com     Tel:13552131484      QQ:1003120240