ཆོལ་གསུམ་བོད་མིའི་རིག་གནས་ཀྱི་སྡིངས་ཆ་ཆེན་མོ། རྫོང་ཁའི་ཡིག་གཟུགས་ཕབ་ལེན།
དྲ་ཚིགས་ཀྱི་མདུན་ཤོག>>བརྡ་འཕྲིན། >> མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་རྩོམ་སྒྲིག་པ་ཁྲི་སེམས་དཔས་སྒྲུང་གཏམ་འཚོལ་བཞིན་པ།

མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་རྩོམ་སྒྲིག་པ་ཁྲི་སེམས་དཔས་སྒྲུང་གཏམ་འཚོལ་བཞིན་པ།

ངེད་དྲ་བ།

               
 ཉེ་སྔོན་བོད་ཀྱི་ན་གཞོན་སྙན་ངག་པ་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པ་ཁྲི་སེམས་ལགས་ཀྱིས་ཁོ་རང་གི་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་སུ་༼ཁྱེད་ལ་སྒྲུང་གཏམ་ཨེ་ཡོད༽ཅེས་མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་སྟེང་དུ་སྒྲུང་གཏམ་སློང་གིན་ཡོད་ལ། འདི་དང་འབྲེལ་མཚོ་སྔོན་བོད་ཡིག་གསར་འགྱུར་ཐད་ནས་སྐད་ཆ་རེ་བཤད་ན། བར་སྐབས་ཤིག་ལ་མཚོ་སྔོན་བོད་ཡིག་གསར་འགྱུར་གཞུང་ཕྱོགས་ཀྱི་ཚགས་པར་དག་ལས་ཅུང་མིང་དུ་གྲགས་ཏེ་ཀློག་པ་པོ་མང་པོ་ཞིག་གི་ཡི་ག་དང་འཚམ་གྱིན་ཡོད་མོད། ཡང་། དུས་སྐབས་ཤིག་ལ་མཚོ་སྔོན་བོད་ཡིག་གསར་འགྱུར་ཀློག་པ་པོ་ཚོ་དང་བར་ཐག་ཅུང་ཇེ་རིང་ལ་འགྲོ་བཞིན་ཡོད་པའི་སྣང་བ་འབྱུང་ཞིང་། དེའང་རྩོམ་སྒྲིག་པ་གཅིག་པུའི་སྐྱོན་མ་ཡིན་ཏེ། ཀློག་པ་པོ་དང་རྩོམ་མཁན་དག་ལའང་འབྲེལ་བ་ཡོད་ན།  ཁོ་རང་ཚོས་གཤག་གཏུབ་བྱེད་མིན་མི་ཤེས་ཀྱང་། མ་གཞི་མཚོ་སྔོན་བོད་ཡིག་གསར་འགྱུར་བོད་ཡིག་གི་གར་སྟེགས་རང་ཡིན་པས། འུ་ཚོས་ཀྱང་གཞུང་ཕྱོགས་ཀྱི་རང་ཡིག་ཚགས་པར་སྟེ་བོད་ཡིག་གི་གར་སྟེགས་བརྟན་འཇགས་མ་དེའི་སྟེང་དུ་ཕ་ཡིག་མ་ཡིག་གིས་འཁྲབ་པའི་སྒྲུང་གཏམ་དང་མྱི་དོན་གསར་འགྱུར་བསྐུར་ཅི་ཐུབ་བྱས་ན་འགྲིག་ས་རེད་ཨང་སྙམ་པ་དང་བཅས་ཀློག་པ་པོ་ཚོར་འོས་སྦྱར་བའོ།།
                            
                                         ངེད་དྲ་བས།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 11-01-05] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཇུས་འགོད་དང་སྒྲིག་བཟོ་བྱས།
Copyright © 2009-2012 tbyouth.com All rights reserved. Powered by: tibetitw.com
E-mail:tbnewyouth@gmail.com     Tel:13552131484      QQ:1003120240