སྒྲེན་པོ། ཡི་སྐོར།

ཁྱོད་ཀྱིས་ཇི་ལྟར་བཤད་ཀྱང་ཆོག ང་ལ་རང་ཉིད་ཀྱི་སྐད་ཆ་ཡོད།

ཉིས་སྟོང་བཅོ་ལྔ་ལོའི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་བལྟས་པ།

ཉིས་སྟོང་བཅོ་ལྔ་ལོའི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་བལྟས་པ།

 དུས་ཚོད་ནི་ཚེ་སྲོག་ཡིན་ལ། དུས་ཚོད་ནི་དཀོན་ཅོག་ཡིན། དུས་ཚོད་ནི་གཡང་ལས་འགྲིལ་བའི་རྦབ་རྒོད་ཡིན། དུས་ཚོད་ནི་ལྷོག་ལྷོག་ལྡིང་བའི་འཕར་སྒྲ་ཡིན། དུས་ཚོད་ནི་ཤང་ཤང་བགྲོད་པའི་གཙང་བོ་ཡིན། དུས་ཚོད་ནི་ཕྱིར་ཡོང་མེད་པའི་ལོ་ཟླ་ཡིན།

བརྒལ་བརྟག

དམངས་ཁྲོད་ཀྱི་ལ་གཞས་དང་དམངས་གླུར་ཉན་ཐེངས་རེར། འོ་སྐོལ་ཚོའི་རྩོམ་རིག་གསར་རྩོམ་ལ་སྐད་ཆའི་ཕོངས་བཞིན་འདུག་པའི་ཚོར་སྣང་ཞིག་ཅིག་ཅར་དུ་སྐྱེས་བྱུང་། ཡང་ན་རྩོམ་རིག་གསར་རྩོམ་གྱི་སྐད་ཆའི་ནང་དོན་ལ་གྱ་ནོམ་ཕུན་ཚོགས་མིན་པའི་ཆ་ཞིག་འདྲེས་འདུག་སྙམ། ཡང་ན་རྩོམ་རིག་གསར་རྩོམ་གྱི་སྐད་ཆས་འབྲི་མཁན་ཁོའི་ནང་སེམས་ཀྱི་དོན་བྱ་ཇི་བཞིན་གསལ་རྗེན་དུ་སྟོན་ཐུབ་ཀྱིན་མེད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་བྱུང་། རྩོམ་རིག་ནི་སྐད་ཆ་དང་འབྲེལ་བའི་ལས་ཀ་ཞིག་ཡིན་ལ། རྩོམ་རིག་གསར་རྩོམ་པ་ཞིག་ཡིན་ན། སྐད་ཆའི་བཙོ་སྦྱངས་ཀྱི་ཐད་དུ་ལས་སྒོ་གཉིས་ཡོད་པར་སེམས་ཤིང་། གཅིག་ནི་བོད་མིའི་ངག་ནས་ཐོན་པའི་སྐད་ཆའི་སྒྲ་དང་གདངས་དྲིས་མ་བསླད་པ་དེ་ཡིན་ལ། ཅིག་ཤོས་ནི་སྐད་ཀྱི་གདངས་དེ་མཚོན་པར་བྱེད་པའི་ཡི་གེའི་རི་མོ་དེ་ཡིན། སྔ་མ་ནི་འཚོ་བ་ཞིག་དང་རིག་གནས་ཤིག   ལོ་རྒྱུས་ཤིག སེམ་ཁམས་ཤིག མཛེས་དཔྱོད་ཅིག་སོགས་ཡིན་ལ། ཕྱི་མ་ནི་བརྡ་སྤྲོད་ཅིག་དང་སྐད་བརྡ་ཞིག  

མེ་རི།

མེ་རི།

ཐེ་ལན་གྱི་རྩོམ་པོ་ཏའོ་ཏའོ། སྒྲེན་པོས་བསྒྱུར། ཁྱོད་ཀྱིས་མེ་རི་འཕྱུར་བའི་སྣང་ཚུལ་དེ་དངོས་སུ་མཐོང་མྱོང་མེད་ཀྱང་སྲིད། འོན་ཀྱང་མེ་རི་འཕྱུར་བའི་སྣང་བརྙན་དེ་ཁྱོད་ཀྱིས་རང་གི་བློ་ངོ་ནས་རྟོག་བཟོ་བྱས་ཆོག་སྟེ།

མི་ཁའི་རང་གཏམ།

དྲང་བདེན་ལ་སྣང་ཆུང་བྱས་ནས་དོན་དངོས་ལ་བསྙོན་འདིང་མཁན་དེ་ང་ཡིན། ངས་གྲག་འགུལ་ཅི་ཡང་མེད་པའི་སྒོ་ནས་མི་གསོན་པོ་ཞིག་ཐལ་བའི་རྡུལ་བཞིན་བརླག་ནུས་ལ། ངས་མི་སྙིང་ཚལ་བར་གཤགས་ཏེ་ཚེ་སྲོག་ཀྱང་སྐད་ཅིག་དེ་ཉིད་ལ་ལྷག་ལུས་མེད་པར་འཇོམས་ཐུབ། གཡོ་སྒྱུ་ཆེ་ལ་གདུག་རྩུབ་ལྡན་པ་ནི་ངའི་ངོ་བོ་དྲི་མ་མེད་པ་དེ་ཡིན་པས། ལོ་ཚོད་ཇེ་རུ་འཕར་བའི་འགྲོས་དང་བསྟུན་ནས་ངའི་སྟོབས་ཤུགས་ཀྱང་ཇེ་རྒྱས་ཇེ་དྲག་ལ་འགྱུར་བཞིན་ཡོད། མིའི་རིགས་ཀྱིས་ང་རང་ཇི་ཙམ་བེད་སྤྱད་པ་དེ་ཙམ་གྱིས་ཁོ་ཚོས་ང་ལ་བཅངས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་ཐུབ། ང་ནི་དུས་རྒྱུན་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་ཀློང་ན་རླུང་བུ་བཞིན་གསོན་སྟོབས་ཀྱིས་རྒྱུ་བཞིན་ཡོད་ཅིང་། འཚོ་བའི་ཁྱབ་ཁོངས་གང་སར་ངའི་གཟུགས་བརྙན་གྱིས་བཀང་ཡོད་པས། ང་ལ་རྐྱེན་བྱས་ཏེ་གནོད་པ་ཕོག་མཁན་ཚོས་ང་ལ་ཡ་ལན་སྤྲོད་བསམ་པ་ནི་ངལ་བའི་རྒྱུ་ལས་མ་འདས། མི་རྣམས་རང་ཉིད་ཀྱི་བདེ་འཇགས་ལའང་འགན་ལེན་ཁག་ཐེག་མེད་ས་ན།

སྒྲུང་གཏམ༼སྒོར་མོ་གཅིག༽གི་བཀླགས་ཚོར།

གཅིག སྒྲུང་གཏམ་མདོར་བཀྲམ་པ། དེ་རིང་ཉིན་གུང་གི་དུས་ཚོད་བེད་སྤྱད་དེ་གྲོགས་མེལ་ཚེ་ལགས་ཀྱི་གསར་བྲིས་སྒྲུང་ཐུང༼སྒོར་མོ་གཅིག༽ཅེས་པ་ཤོག་ངོས་སུ་བླངས་ནས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། སྒྲུང་ཐུང་འདིའི་བྱུང་རིམ་ནི་འཁྲལ་འཁྲུལ་གྱ་གྱུ་ལྟ་བུ་མ་ཡིན་པར་སྟབས་བདེ་སླ་བཅོས་ཤིག་རེད། སྒྲུང་གཏམ་གྱི་བྱུང་རིམ་གཙོ་བོ་ནི་བྱིས་པ་ཚེ་རིང་གིས་འབྲི་དེབ་དགེ་རྒན་ལ་ཡར་སྤྲད་ཀྱང་། དགེ་རྒན་གྱི་བུ་ཕྲུག་གཉིས་ཀས་ཚེ་རིང་གི་འབྲི་དེབ་བརྐུས་ཡོང་ནས་ཁ་རོག་གེར་དེའི་རྒྱབ་ཤུན་བཀོག་སྟེ། ཁོ་གཉིས་ཀྱི་རྩེད་ཆས་འཕུར་མདར་གཤོག་སྒྲོ་ལས་སྤྱད་བྱས་ལ། དོན་དེ་དགེ་རྒན་གྱིས་ཡུད་ཙམ་ལ་མ་ཚོར་བར་ཚེ་རིང་ལ་ཡང་དང་བསྐྱར་དུ་འབྲི་དེབ་ཡར་སྤྲོད་དགོས་ཞེས་བཤད་ཀྱང་། ཚེ་རིང་གིས་འབྲི་དེབ་ཡར་སྤྲད་ཟིན་ཞེས་ཨུ་ཚུགས་མཐའ་འཁྱོལ་བྱས་པའི་གོ་རིམ་ཁྲོད། གཅར་རྡུང་དང་བཀའ་བཀྱོན་མང་དུ་བཟེད་དགོས་བྱུང་ཁར། འབྲི་དེབ་གསར་བ་ཉོ་བྱེད་ཀྱི་སྒོར་མོ་བཙལ་ཆེད་འཛིན་གྲྭའི་ནང་གི་འདུག་རོགས་ཀྱི་མའི་གམ་ནས་བསྐྱི་བསམ་རུང་དེ་ཡང་འདོད་ཐོག་ལ་མ་ཡོང་། 

དེང་རབས་སྙན་ངག་སྐོར་ནས་གྲོགས་རླུང་བུ་ལ་བགྲོ་བ།

སྒྲེན་པོ། གྲོགས་པོ་ལགས། ཁྱོད་རང་ཉེ་ལམ་ལུས་བདེ་སེམས་སྐྱིད་ངང་བཞུགས་ཡོད་དམ། འདིར་ཁྱོད་ཀྱིས་བདུན་ཕྲག་སྔོན་མར་བསྐུར་འོང་བའི་ཉིད་ཀྱི་སྙན་ངག་དག་ངའི་ཡིག་ཟམ་དུ་བཀག་མེད་འབྱོར་ནས། ངས་སྐུ་ཉིད་ཀྱི་སྙན་ངག་ཚང་མ་ཤོག་ངོས་སུ་དཔར་རྗེས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། ཉིད་ཀྱི་སྙན་ངག་བཀླགས་པ་ལས་ང་ལ་དགའ་སྐྱོང་ཟུང་གི་ཚོར་སྣང་སྣ་གཉིས་བྱིན་སོང་། ང་ལ་སྤྲོ་བ་བསྐྱེད་བྱེད་ཀྱི་རྐྱེན་གཅིག་ནི་ཁྱོད་ཀྱིས་རང་ཉིད་ཀྱི་གྲིབ་རིས་མ་བོར་བའི་སྙན་ངག་གི་འཇིག་རྟེན་ཞིག་ལ་སྙེག་གིན་པ་མཐོང་བས་ཡིན། འདི་ནི་ད་ལྟའི་བོད་ཀྱི་རྩོམ་སྟེགས་ལ་བལྟས་ནས་བཤད་ན་རྨི་ལྟས་ཤིན་ཏུ་ཡག་པོ་དང་གསོན་ཤུགས་གསར་བ་ཞིག་རེད། ཉིད་ཀྱི་སྙན་ངག་དག་ལས་གཞོན་དུས་ཁོ་ནར་དབང་བའི་ལང་ཚོ་དང་སྐད་ཆ། བརྩེ་དུང་། ཡན་གར་བའི་སེམས་ཀྱི་འཁྱེར་སོ།

རྩོམ་རིག་སྐོར་གྱི་དཔེ་ཀློག་ཟིན་ཐོ་བསྟར་མ།

སྒྲེན་པོ། ༡ ཁན་ཐི་དང་རྩོམ་རིག ཁན་ཐི(康德)མཆོག་གི་མཛེས་རྟོག་རིག་པའི་མ་ལག་གི་ལྟེ་ཐག་ནི་བདེན་དགེ་མཛེས་གསུམ་བར་གྱི་འབྲེལ་བ་ཞིབ་བརྗོད་བྱ་རྒྱུ་དེ་ཡིན། ཁོང་གིས་སྒྱུ་རྩལ་རྩོམ་རིག་གི་ངོ་བོ་རྗེན་པ་རང་དབང་རང་མོས་ཀྱི་རོལ་རྩེད་ཅིག་ལ་བལྟས་འདུག་མོད། ལྟ་བ་འདི་ནི་མང་མང་གིས་བསྙད་ཀྱིན་པའི་ནང་དོན་མཚོན་རྒྱུ་དང་ཡིད་ལ་ཅི་ཡང་མི་བྱེད་པ་ལྟ་བུ་ཞིག་ལ་གཏན་ནས་མ་བཞེད་པར། ཕྱི་དོན་གྱི་སྟོབས་ཤུགས་དང་འཕྲལ་རྐྱེན་སོགས་ཀྱིས་མ་བཅིངས་བའི་རང་བྱུང་ལྷུག་བབ་ཀྱི་བདེ་སྣང་ཁྱད་པར་བ་ཞིག་ལ་འདོད་ཀྱིན་ཡོད། དེ་བས་ཁན་ཐི་ལགས་ནས་བཞེད་ཀྱིན་པའི་རོལ་རྩེད་སྨྲ་བ་ནི་དོན་གྱིས་རང་དབང་སྨྲ་བ་དང་འདྲ་བོ་ཡོད། ཁོང་གིས་བསྟན་དོན། སྙན་ངག་པས་ཀུན་རྟོག་འགྱུ་ཤུགས་དང་བསམ་བློའི་འཕྲུལ་བཀོལ་ནས་མིའི་རིགས་ལ་སྐྱོ་སངས་ཀྱི་བདེ་ཚོར་ཞིག་བསྐྲུན་ཡོད་ནའང་།