གཞོན་གསར་དྲ་ཐོག་དཔེ་ཁང་ལ་ཕེབས་པར་དགའ་བསུ་ཞུ།

8.pic_hdའདྲ་པར་གྱི་སྟེང་ནས་མནན་ཚེ་དྲ་ཐོག་དཔེ་ཁང་ནང་ལ་འགྲོ་ཐུབ།

རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ལགས། ངེད་གཞོན་གསར་དཔེ་ཁང་གི་དྲ་ཐོག་དཔེ་ཁང་དངོས་སུ་སྒོ་ཕྱེ་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ན་བཞུགས་པའི་ཀློག་པ་པོ་དག་གིས་དྲ་ཐོག་ནས་མངག་ཉོ་གནང་བའི་ཉིན་གཉིས་པ་ལ་བཟུང་སོ་སོར་བསྐུར་གྱིན་ཡོད།

99

དཔེ་ཁང་ངོ་སྤྲོད་མདོར་བསྡུས།

ངེད་ཀྱི་དཔེ་ཁང་ནི་ཆོལ་གསུམ་བོད་མིའི་རིག་གནས་ཀྱི་ལྟེ་བ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ། བོད་ཀྱི་ཤེས་ལྡན་པ་གྲྭ་བ་དང་སློབ་མ། རོང་འབྲོག་མང་ཚོགས་རྣམས་ལ། རིག་གནས་སྣ་འཛོམས་ལ་མཉམ་རོལ་བྱེད་པར་སྟབས་བདེ་དང་དྲ་ཐོག་ནས་ཉོ་འཚོང་སོགས་བྱེད་པར་སྡིངས་ཆ་གསར་བ་ཞིག་བསྐྲུན་ཆེད།གཞོན་གསར་དྲ་བས་ཆེད་དུ་གཉེར་བའི་དཔེ་ཁང་ཞིག་ཡིན། 
 དཔེ་ཁང་འདིའི་ནང་གི་དཔེ་ཆའི་ཡོང་ཁུངས་གཙོ་གྲས་ནི། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ཡིན་ལ། 

 ངེད་གཞོན་གསར་དྲ་བའི་དཔེ་ཁང་དུ། གོང་གི་དཔེ་སྐྲུན་ཁང་དག་ནས་ཐོན་པའི་གྲུབ་མཐའ་རིས་མེད་དང་། ཆོས་ལུགས་རིས་མེད། རིག་གནས་གསར་རྙིང་། ལྟ་བ་མཉམ་གནས་ཀྱིས་གྲུབ་པའི་དཔེ་ཚོགས་འགྲེམས་སྤེལ་བྱེད་ཀྱིན་ཡོད་པར་མ་ཟད། ཀུན་གྱིས་དགའ་བསུ་ཐོབ་པའི་དཔེ་ཆ་ལེགས་གྲས་ཀྱི་རིགས་ཆེད་དུ་གཞོན་གསར་དྲ་བའི་སྒང་དུ་རྒྱ་ཆེ་བའི་ཀློག་པ་པོ་དག་ལ་འོས་སྦྱོར་བྱེད་ཀྱིན་ཡོད།

གཞན་ངེད་དཔེ་ཁང་གིས་དཔེ་ཆ་འགྲེམས་སྤེལ་བྱེད་ཡུལ་གྱི་ས་གནས་ནི། ཁྲིན་ཏུའུ། ལྷ་ས། ཡུལ་ཤུལ། མགོ་ལོག ཁྲི་ཀ་རྫོང་། རེབ་གོང་། གཅན་ཚ། བླ་བྲང་། གཙོད། དཀར་མཛེས། མཛོད་དགེ་སོགས་ན་ཡོད་པའི་དཔེ་ཁང་དག་ཡིན་ལ། ད་དུང་ས་གནས་གཞན་དང་གཞན་ན་ཡོད་པའི་དཔེ་ཁང་དག་གིས་ཀྱང་མཉམ་འབྲེལ་གནང་རྒྱུ་དང་། ཞིང་ཆེན་དང་ཁུལ། རྫོང་སོགས་ན་ཡོད་པའི་བོད་ཀྱི་ལས་ཁུངས་དང་སློབ་གྲྭ དགོན་པ་སོགས་ཀྱིས་དཔེ་མང་སྡེབ་ཉོ་བྱས་ཚེ། རིན་གོང་ཇེ་དམའ་རུ་གཏོང་བར་མ་ཟད་ཚད་ལྡན་གྱི་དཔང་ཡིག་སོགས་ཀྱང་སྟེར་བཞིན་ཡོད་པས། གལ་ཏེ། ཁྱེད་ལ་གངས་ཅན་བོད་ཀྱི་དཔེ་ཆའི་རིགས་མཛོད་དང་འབྲེལ་ཡོད་ཀྱི་དོན་དག་ཅིག་ཡོད་ཚེ། ངེད་གཞོན་གསར་དྲ་བའི་དཔེ་ཁང་ལ་འབྲེལ་གཏུགས་བྱེད་པར་དགའ་བསུ་ཞུ།

འབྲེལ་གཏུག་ཁ་པར། 0971-8212381

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།