ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》པར་དུ་བསྐྲུན་པ།

གསར་འགོད་པ། དཔལ་གྲགས།
123 copy

ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་ཀྱི་རྩོམ་པ་པོ་ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》བྱ་བ་སྒོར་ཐོན་ཡོད། དེབ་འདི་སྒྲུང་ཐུང་ཕྱོགས་བསྡུས་ཀྱི་དེབ་ཅིག་ཡིན་ལ། ཉེ་བའི་ལོ་ངོ་གཅིག་དང་གཉིས་ཀྱི་ཡུན་ལ་གསར་རྩོམ་བྱས་པའི་སྒྲུང་ཐུང《སུ་ནི་སུ་ཡི་སུ་རེད》སོགས་ཁྱོན་སྒྲུང་ཐུང་བཅོ་ལྔ་ཡིས་གྲུབ་ཡོད། དེབ་འདི་འདི་མི་རིང་བར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། བོད་ལྗོངས་སོགས་བོད་ཡུལ་ལུང་པ་སོ་སོར་དགྲམ་རྒྱུ་ཡིན་པས། ཁམས་དང་མོས་པ་ཕྱོགས་མཚུངས་སུ་གྱུར་པ་དག་ལ་སེམས་བྲོ་ཞིག་གམ་སྐྱེམས་ཆང་ཞིག་གམ། ཁ་བཏགས་ཤིག་གི་དོད་དུ་འགྱུར་བར་སྨོན།

546
ཁང་གསར་ཚེ་དབང་རིག་འཛིན་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བར་མཚོ་སྔོན་མགོ་ལོག་གཅིག་སྒྲིལ་གྱི་ཁང་གསར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། དུས་རབས་ཉེར་གཅིག་པ་གསར་དུ་ཚེས་པ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་སྔ་ཕྱིར་སྒྲུང་གཏམ་གཙོས་སྙན་ངག་དང་འབོལ་རྩོམ། དཔྱད་རྩོམ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་མང་པོར་བཀོད་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

2015/11/29
qrcode_for_gh_24a680a08df5_430(1)

One thought on “ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》པར་དུ་བསྐྲུན་པ།

  1. ཨ་སྐྱབས་དར་རྒྱས།

    གྲོགས་མཆོག་ལགས་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག མ་འོངས་པར་སྔར་ལས་ལྷག་པའི་སྒྲུང་གཏམ་ཡག་པོ་རྒྱ་ཆེའི་རྩོམ་
    རིག་ལ་དགའ་བའི་ཀློག་པ་པོ་དག་གི་སྤྱན་སྔར་འབུལ་ཐུབ་པར་སྨོན།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།