སྣ་ཚོགས་གཏམ་གླེང་གི་ལེ་ཚན་དངོས་སུ་ཐད་གཏོང་བྱས་ཡོད།

3ཆོས་ཚ་ཚེ་དབང་རྒྱལ། — ཚྭ་རྡེའུ།

1993ལོར་མཚོ་སྔོན་གྱི་བྱ་སྨད་ཆོས་ཚར་འབོད་པའི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་།ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད་ལ། འདིར་ཁོས་གཞོན་གསར་དྲ་ལམ་བརྙན་འཕྲིན་ཁང་གི<<གཞོན་གསར་གླེང་སྟེགས>>དང་གཞོན་གསར་དྲ་ལམ་རྒྱང་སྒྲོག་ཁང་གི<<སྣ་ཚོགས་གཏམ་གླེང>>གཉིས་ཀྱི་མདོ་འཛིན་པའི་འགན་ཁུར་ཡོད།

 

                          ལེ་ཚན། སྣ་ཚོགས་གཏམ་གླེང་།
                                 མདོ་འཛིན་པ།
ཚྭ་རྡེའུ་ཚེ་དབང་རྒྱལ།
                                 སྒྲིག་བཀོད་པ།
ཚེ་སྒྲམ།
                                 ལག་བསྟར་རྩོམ་སྒྲིག་པ།
རྡོ་རྗེ་ཚེ་རིང་།
                                  སྤྱིའི་ལྟ་སྐུལ་བ།
རྣོ་སྦྲེང་།

   

(རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་ཀྱིས་ངེད་གཞོན་གསར་རྒྱང་སྒྲོག་གི་ལེ་ཚན་དག་ལ་ལེགས་ཉེས་ཀྱི་ལྟ་ཚུལ་ལྷུག་པོར་བརྗོད་པར་ཞུ། རྒྱུ་མཚན། ཁྱེད་ཅག་གི་ལེགས་ཉེས་ཀྱི་ལྟ་ཚུལ་རེ་རེ་ནི་ང་ཚོ་ནར་སོན་པའི་གོ་རིམ་རེ་རེ་ཡིན།)

36 thoughts on “སྣ་ཚོགས་གཏམ་གླེང་གི་ལེ་ཚན་དངོས་སུ་ཐད་གཏོང་བྱས་ཡོད།

  1. གངས་བཙན་པོ།

    གྲོགས་པོའི་སྨྲ་བརྗོད་དག་ཅིང་མགྲིན་གཟེངས་སུ་བསྟོད་ཕོད་པའི་སྙིང་སྟོབས་ལ་ཡི་རངས་དང་གནད་དུ་འཁེལ་བའི་གཏམ་བཤད་དག་གིས་ནམ་ཡང་བག་ལ་ཞ་བའི་དུས་རབས་འདིའི་གདོང་བག་ཕྱེས་འདུག འདི་ལས་མཚོན་པའི་མི་རིགས་དང་དུས་རབས་འཕྲོད་པའི་ལེ་ཚན་ཞིག་འཁྱོངས་པར་སྨོན་འདུན་དང་འབོད་སྐུལ་ཙམ་དུ་ཕུལ།

  2. ཧི་སྤྲིན།

    ཤིན་ཏུ་ལེགས་པོ་འདུག།རྗེས་སུ་ཡི་རང་ཡོད།མུ་མཐུད་རྒྱུན་བསྐྱང་འཚལ།ཐུགས་རྗེ་ཆེ།ཐ་སྙད་དང་ཕྲད་དང་ཚིག་སྦྱོར་ཡིག་སྐད་ཐོག་སྐྱོད་ཐུབ་ན་དེ་བས་ལེགས།

  3. སྲས་ནོར་དགྲ

    གཞོན་གསར་དྲ་བར་ཐུགས་རྗེ་ཆེ་ཞུ་བ་དང་། དུས་རབས་ཤིག་གི་མགྲིན་ཚབ་ཏུ་འགྲེང་བའི་སྨྲ་གསལ་ཁུངས་དག་གི་མདོ་འཛིན་པ་ཚྭ་རྡེའུ་ཚེ་དབང་རྒྱལ་ལ་སོགས་པར་ལ་སྐུ་དྲིན་ཞུ་བ་དང་། ཁྱེད་ཅག་གི་བྱ་བ་་ལམ་འགྲོ་ཡོངས་བར་སྨོན་་

  4. ཁ་གྱའི་ཁྱུང་སྔོན།

    ཐོག་མར་ངས་འདི་ནས་གཞོན་གསར་དྲ་བ་ཤར་གཏོང་བྱས་པ་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ། དེ་ཡང་བོད་རིག་གནས་ཀྱིས་གྲུབ་པའི་སྐད་ཡིག་གི་སྡིངས་ཆ་ཞིག་གསར་དུ་དབུ་བརྙེས་པ་ཡིན་པས་སེམས་པ་ཧ་ཅང་སྤྲོ་བོ་བྱུང་ཡོད། དུས་སྐབས་ཀྱི་ཁུགས་སོ་ཞིག་ནས་དབུ་ཀྲོང་ཀྲོང་དང་དབུགས་ལྷོད་ལྷོད་ཀྱིས་ཆོལ་གསུམ་བསིལ་མོའི་ལྗོངས་ཀྱི་རོང་འབྲོག་མི་དམངས་མང་ཚོགས་ལ་ཞབས་ཕྱིའི་སྟེགས་བུ་ཞིག་ཏུ་སེམས་པས་ཡུན་རིང་བརྟན་ཅིང་འཕེལ་རྒྱས་དང་ལངས་ཕྱོགས་བརྟན་པོ་ཡོང་བའི་སྨོན་འདུན་གཙང་མ་སེམས་ནས་ཞུ། མཇུག་མཐར་དྲ་རྒྱ་གསོ་སྐྱོང་གནང་མཁན་དང་ལས་མི་ཡོངས་ཀྱི་མ་འོངས་བསམ་དོན་ལྷུན་གྲུབ་ཡོང་བར་ཤོག ཅེས་ཁ་གྱའི་ཁྱུང་སྔོན་གྱིས།

  5. ནོར་བུ་དབང་ཕྱུག

    ཧ་ཅང་ལེགས།སྒྲགདངས་གསལ་ཅིང་སྨྲ་ལྕེ་དག ལེ་ཚན་བསྒྲུབས་པའི་དམིགས་ཡུལ་དང་ལེ་ཚན་གྱི་བཀོད་སྒྲིག་སོགས་གང་ཅིའི་ཐད་ནས་ཧ་ཅང་བཟང་།ལོས་ཡིན་ཏེ།ཐོག་མར་སྒྲུབ་པའི་ལེ་ཚན་ཞིག་ལ་མཚོན་ན་མི་འདང་སའང་འགའ་རེ་ཡོད་ངེས།ང་རང་གི་བསམ་པ་ལ།༡མདོ་འཛིན་པ་ཞིག་ཡིན་པའི་ཆ་ནས་རྩོམ་རིག་གི་སྐད་ཆ་ལ་བརྟེན་ནས་མདོ་འཛིན་བྱས་ན་ཉན་ཚོད་ཀྱིས་བཟང་ཡང་།ནང་དོན་གོ་མིན་ལ་སྟབས་བདེ་མིན་གང་རུང་ཡོད་པས་སྤྱིར་བཏང་གི་ཕལ་ཚིག་གིས་མདོ་འཛིན་བྱེད་རོགས།༢ལེ་ཚན་གྱི་ཁ་ཕྱོགས་སྟངས་དེ་བོད་སྤྱི་ཚོགས་ཁོ་ན་ཡིན་པའི་བསམ་ཕྱོགས་དེའང་ཅུང་ཙམ་བསྒྱུར་བཅོས་གཏོང་དགོས་འདུག དཔེར་ན་རྒྱལ་ཁབ་ཕྱི་ལ་ཕྱོགས་པའི་དམིགས་ཡུལ་ཀྱང་ཡོད་ན་བཟང་བསམ།དེ་བས་ན་ལེ་ཚན་གྱི་ནང་དོན་གྱི་རྒྱ་ཆེ་རུ་བཏང་ན་ལེགས་བསམ།

  6. རྨ་ཐོག་རྒོད།

    འདི་ལྟར་དཀའ་སྡུག་དང་འབད་བརྩོན་ལས་འཁྲུངས་པའི་གཞོན་སར་དྲ་ལམ་རྒྱང་སྒྲོག་དངོས་སུ་མགོ་བརྩམས་པར་རྟེན་འབྲེལ་ཞུ་བཞིན་ཡོད། དེ་མིན་ཁྱད་ཆོས་ཤིག་ཡོད་པ་ནི་གཏམ་དཔེ་མང་བོ་སྐབས་དང་བསྟུན་ཏེ་བཤད་པ་དེ་ཧ་ཅང་ཡག་སོང་། ཞན་ཆའམ་ཡང་ན་ཉམས་འཇོག་དགོ་ས་ཞིག་ཡོད་ནོ། ཡིག་སྐད་དམ་དམངས་ཚོགས་ཀི་གོ་དཀའ་བའི་ཐ་སྙད་མང་བོ་ཡོད་པས། ཡོན་ཏན་པའམ་ཡི་གེ་བའི་སྡེ་ལས་གཞན་བོད་ཁམས་ཡོངས་ལ་ཁ་ཕྱོགས་པ་ཡིན་ན། ཕ་སྐད་ལ་གཞོལ་ཅི་ཐུབ་བྱས་ན་ལེགས་པར་སེམས།

  7. སྒྲེན་པོ།

    མདོ་འཛིན་བྱེད་སྟངས་འདི་ལ་དགའ། བཤད་བྱའི་སྟོན་བྱ་ཅི་རིགས་རང་གི་ཁ་སྟབས་དང་གདངས་དབྱངས་ལ་བརྒྱུས་ཐུབ་ཡོད་པར་མ་ཟད། སྨྲ་དག་ལ་ཚིག་ཁ་ནང་དུ་བླངས་པ་གསོན་སྟོབས་དང་ལྡན་པར་མ་ཟད། ལེ་ཚན་འདིར་གཞན་པའི་ལས་ཁུངས་དང་དྲ་བས་འདོན་སྤྲོད་བྱེད་མི་ཐུབ་པའི་ཆ་འཕྲིན་གྱི་འདུས་ཚད་ཆེན་པོ་འདུག ལེ་ཚན་འདིའི་རིགས་ནི་མ་འོངས་བའི་ལམ་སྟོན་ལྟ་བུ་ཞིག་ཡིན་རྒྱུ་རེད།
    སྒྲེན་པོས་སྦྱར།

  8. ཁྱུང་གཤོག

    སྒྲ་དག་གསལ་སོགས་གང་ཐད་ནས་འགྲིག་འདུག རྗེས་མར་མུ་ནས་གཏམ་དཔེ་སོགས་དམངས་ཁྲོད་ཀྱི་རྩམ་དྲི་མ་ཡལ་བའི་སྐད་ཆའི་ལམ་ནས་སྒྲུབ་ན་བཟང་ངམ་སྙམ།

  9. མུར་དུང་ཟླ།

    ཐོག་མར་གཞོན་གསར་དྲ་བས་ལེ་ཚན་འདི་འདྲ་ཞིག་བཀོད་སྒྲིག་བྱས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། མ་འོངས་བར་གཞོན་གསར་དྲ་བས་ལམ་ག་འདི་ཇེ་ཡངས་དང་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་དང་རེ་སྨོན་བྱེད་ཀི་ཡོད།མཐར་བཀྲ་ཤིས་བདེ་ལེགས།

  10. བཀྲ་ཚེ།

    གྲོགས་གཅེས་ཚྭ་རྡེའུ་ད་ནི་ཉན་ཚར་བཞག དངོས་ནས་ཧ་གོ་རྒྱུ་མང་པོ་ཡོད་འདུག རྗེས་ཕྱོགས་ནས་ཇེ་ལེགས་དང་ནང་དོན་རྒྱ་ཆེ་རུ་གཏོང་རྒྱུ་ནི་གལ ཧ་ཅང་བཟང་གི མུ་མཐུད་དུ་ཧུར་བརྩོན་བྱོས། བུ་རེ་བ་ཅན་ལ་རེ་བཞག་ཡོད།ནམ་ཡང་རྒྱབ་སྐྱོར་ཡོད།

  11. གཅན་འོད་འབར།

    ངོ་མས་སྙན་སྒྲོན་པའི་སྨྲ་ལྕེ་བདེ་མོ་ཞིག་དང་། སྐད་ངག་གསལ་པོ་ཞིག་འདུག་པས་ལས་རིམ་ཡང་སྙན་སྒྲོན་བྱས་པ་ཧ་ཅང་བཟང་གི མུ་མཐུད་ཤུག་རྒྱོབས།

  12. མཆི་མ་གསོན་པོ

    གང་ཕ་རོལ་ལ་སྦྲོན་འདོད་པ་དེ་མདོ་འཛིན་པས་སྨྲ་དག་གསལ་གསུམ་གྱི་སྒོ་ནས་ཉན་མཁན་གང་མང་ལ་བརྩེ་བའི་མཁའ་དབུགས་དྭངས་མོ་ཞིག་ཀུན་ནས་བསྩལ་ཡོད་འགྲིག་ལེགས། རྗེས་སུ་ནས་ལས་དོན་འདི་ལྟ་བུ་མུ་ནས་མུ་རུ་སྤེལ་བར་ཤོག ཁ་དྲོ།།

  13. རྨ་བཙན་ཞགས།

    ང་རང་ནི་ད་བར་དུ་གཞོན་གསར་དྲ་དང་ཁ་བྲལ་མ་མྱོང་བའི་ཀློག་པོ་ཞིག་ཡིན་སྟབས། ནམ་རྒྱུན་དྲ་བའི་ཁོར་ཡུག་ཅིག་ལ་ཐོན་མ་ཐག་གཞུང་དྲ་དག་གི་རྩོམ་གསར་གྱི་རོ་བཅུད་རྒུམ་བཞིན་ཡོད། དེ་རིང་ཡང་གཞོན་གསར་ཚང་ལ་ཐོན་དུས་གཙོ་ངོས་སུ་ལེ་ཚན་གསར་པ་སྐོར་ཅིག་ཐོན་འདུག་ལ་དེ་དག་ལས་ཉེ་གྲོགས་ཚྭ་རྡེའུ་ལགས་ཀྱིས་བཤད་པའི་དམིགས་བསལ་གྱི་ལེ་ཚན། སྣ་ཚོགས་གཏམ་གླེང་། འདི་ལ་ཉན་ཡིན། ཁོའི་སྨྲ་ལྕེའི་དག་གསལ་གྱིས་བཞེངས་བའི་སྐད་ཆའི་ཚོམས་རེ་རེ་ན་དོན་གྱི་ཟབ་གནད་ལ་ཁེལ་བའི་སྡེབ་སྦྱོར་གྱི་སྙན་ཆ་འཁྱིལ་ཡོད་ལ། ཆེས་ཡིད་དུ་འབབ་པའི་ངག་གི་ལྡེམ་འགྲོས་བར་ནས་གསལ་ཡོང་བ་ནི་དུས་སུ་བབ་པའི་གཏམ་གྱི་ལེ་ཚན་ཁག་ཅིག་གོ། མུ་མཐུད་དུ་ལེ་ཚན་འདིའི་རླུང་རྟ་དགུང་ལ་འཕུར་བར་སྨོན། ཀློག་པོ། བཙན་ཞགས་ཀྱིས། 2015 1 4

  14. ལྗང་མྱུག

    ལེ་ཚན་འདི་དག་ལ་དགའ་བསུ་ཆེན་པོ་ཡོད།
    མུ་མཐུད་དུ་འབད་པ་བྱེད་རོགས་ཞུ།
    ང་ཚོའི་རེ་འདུན་དང་རྒྱབ་སྐྱོར་ནམ་ཡང་ཁྱེད་རྣམས་དང་འགྲོགས་ཡོད།

  15. རྟ་མགྲིན

    མདོ་འཛིན་པ་ཚོས་ཚིག་གི་ལོ་མས་མ་སྒྲིབ་པར་དོན་གྱི་འབྲས་བུ་གཡུར་དུ་ཟ་བའི་བརྗོད་དོན་གསལ་དག་གཙང་གསུམ་རེ་བཤད་ཐུབ་རྒྱུར་འབད་པ་བྱེད་རྒྱུར་མཁྱེན།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།