དཀར་ཆག་ཡིག་ཚགས། སྣ་ཚོགས་གཏམ་གླེང་།

རེབ་གོང་གི་ལོ་རྒྱུས་སྨྲ་བ་འཇིགས་མེད་བསམ་གྲུབ་ལགས་ལ་སྤྲིངས་པའི་འཕྲིན།

རེབ་གོང་གི་ལོ་རྒྱུས་སྨྲ་བ་འཇིགས་མེད་བསམ་གྲུབ་ལགས་ལ་སྤྲིངས་པའི་འཕྲིན།

ཁག་དང་པོ། བདུན་ཕྲག་གཅིག་གི་སྔ་རོལ་དུ་ཕྲན་གུས་པས་དྲ་ལམ་བརྒྱུད་ནས་མཁྱེན་ལྡན་འཇིགས་མེད་བསམ་གྲུབ་ཀྱིས་བརྩམས་པའི《རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་དང་ཚེ་ཙེ་བཞི་བཤད་པ》ཞེས་པའི་རྩོམ་ཞིག་ལ་མཇལ་སྐལ་བྱུང་། ཕྲན་རང་ནི་ལོ་རྒྱུས་སྤྱི་དང་།  བྱེ་བྲག་ཕ་ཡུལ་སྒོ་དམར་གྱི་རིགས་རུས་མཆེད་ཁུངས་སྐོར་ལ་དོ་སྣང་བྱེད་པར་ཤིན་ཏུ་སྤྲོ་བའི་ན་གཞོན་ཞིག་ཡིན་པས།   བལྟ་རྒྱ་ཐོས་རྒྱ་དོག་ཀྱང་རྩོམ་དེར་འཁོད་པའི་ནང་དོན་རེ་འགའི་ཐད་ལ་དོགས་པ་མཆིས་པ་རྣམས་འདིར་དཀྱུས་གཅིག་ཏུ་གླེང་བར་བྱ།

ལེའུ་རིང་ལུགས་ཀྱི་རྩོམ་རིག་བསྒྲགས་གཏམ།

ལེའུ་རིང་ལུགས་ཀྱི་རྩོམ་རིག་བསྒྲགས་གཏམ།

ལེའུ་ཚན་སྡེབ། མྱི་གསར་བ། མག་མོག འབར་བློ་དཀར།   ____ལེའུ་ཚན་སྡེབ་ཀྱི་རྩོམ་རིག་གྲུབ་མཐའ་ལེའུ་རིང་ལུགས་སྒོ་འབྱེད་པ ། གླེང་སློང་། མཚོ་ལ་དར་ཁ་ཆགས་ཤིང་རི་ལ་སྐྱ་མདོག་དོད་པ་སྤང་ལ་རྩི་ཤིང་ཟད་ཅིང་མཁའ་ལ་སྤྲིན་ནག་ལྡང་བ་ནི་ཚེ་དང་བསོད་ནམས་ཉམས་ཤིང་དབང་ཐང་རླུང་རྟ་གུད་པའི་སྔ་ལྟས་ཕུན་སུམ་ཚོགས་པ་ཡིན་ཞིང་། སྤྱི་ཚོགས་ནི་འགྲན་རྩོད་ཀྱི་ཐག་པས་བཅིངས་ཏེ་ཤེས་རབ་ཉམས་ཤིང་སྨྲ་བ་འགག་སྟེ་རྨོངས་པ་ཁྲི་ཕྲག་མང་པོའི་ནང་ནས་མུན་པ་དང་ཉོན་མོངས་འགམ་ཞོར་ལོ་ངོ་བརྒྱ་སྟོང་མང་པོའི་ཆགས་འཇིག་གི་ལོ་རྒྱུས་བརྗེད་པའི་ཚོད་ལ་སླེབས་བྱུང་བས་ང་རང་ཚོ་ཅི་འདྲའི་སྐྱོ་དགོས།

ཕྱོགས་རིས་ཀྱིས་ཤེས་རབ་བསྐྱེད།

ཕྱོགས་རིས་ཀྱིས་ཤེས་རབ་བསྐྱེད།

ཨ་རིན། དངོས་ཡོད་འཚོ་བའི་ཁྲོད། ཕྱོགས་རིས་ཞེས་པའི་ཐ་སྙད་འདི་སྨད་པའི་ཚིག་སྟེ། སྐྱེ་བོ་གཅིག་གིས་སྐྱེ་བོ་གཞན་གཅིག་གི་འདུ་བྱེད་དང་རྣམ་འགྱུར་ལ་འོས་འཚམ་མིན་པའི་གདེང་འཇོག་དང་ལྟ་ཚུལ་བཟུང་བ་དེར་གོ་ཞིང་། དེ་ལྟ་བུའི་བརྩེ་སེམས་ངོས་ནས་རིས་སུ་བོར་བའམ་ཡང་ན་ཟུར་གཅིག་གི་ལྟ་རྟོག་དང་རྒྱུས་ལོན་བྱས་པ་དེས་ཕྱོགས་རིས་བསྐྱེད་པར་ བྱེད། ཡིན་ནའང་། དབྱིན་ཇིའི་ཆབ་སྲིད་པ་པུར་ཁེ་ལགས་ཀྱིས“མི་རྣམས་ནི་ཕྱོགས་རིས་ལ་བརྟེན་ནས་འཚོ་བར་བྱེད”པའི་ལྟ་དགོངས་བཏོན་ཏེ།

བོད་ཀྱི་ལོ་རྒྱུས་སྟེང་གི“བྲུ་ཤ”ཞེས་པའི་མི་རིགས་དང་ས་ཆ་དེ་ཡིག་ཚང་ཁག་ནས་གཟབ་ནན་གྱིས་བཀླགས་པ།

  ཁྲི.མཆོད་ཀོང་། (ལན་གྲུ) ལོ་རྒྱུས་ནི་མ་གཞི་ནས་རྙོག་དྲ་ཅན་ཞིག་དང་གབ་སྦས་རང་བཞིན་ཅན་ཞིག་རེད། དེ་ལས་ཀྱང་ང་ཚོའི་གནའ་བོའི་ལོ་རྒྱུས་དག་ནི་ཆེས་མཐོང་སྣང་དུ་མི་ལོན་བའི་གསང་རྒྱ་ལྟ་བུའི་སྦས་པའི་ཚུལ་དུ་ཡོད། དེའི་ཕྱིར་ད་ལྟ་ད་དུང་འོ་ཅག་གནའ་བོའི་ལོ་རྒྱུས་ནི་ཁ་གཞལ་ཙམ་གྱིས་འགྲོ་བ་ལས་གཏིང་ལོན་པ་ཞིག་དང་མཐའ་ཆོད་པ་ཞིག་གཏན་ནས་བྱུང་གིན་མེད་པ་འདི་རེད། ཕྱིས་ཀྱི་ལོ་རྒྱུས་དག་ནི་རྒྱས་ཙམ་ཡོད་པར་མ་ཟད་ད་དུང་དེར་ཆོས་ལུགས་དང་གྲུབ་མཐའི་ཁ་ཤིན་བརྒྱབ་ནས་འཐེན་ཁྱེར་དང་ཕྱོགས་རིས་ཀྱི་ལམ་དུ་བཞག་པའང་ཅིས་ཀྱང་ མང་། སྤྱིར་ནི་ལོ་རྒྱུས་ཀྱི་ཕྱིར་དྲན་ལས་འགྲོ་བ་མིའི་རིགས་འདི་དང་པོ་རང་བྱུང་ཁམས་སུ་རང་དབང་དང་ལྷིང་འཇགས་ཀྱིས་འཚོས་ཤིང་དེ་ནས་ས་ཁུངས་བདག་དབང་དང་འཚོ་གནས་ཀྱི་དོན་དུ་ནང་འཁྲུག་བྱུང་བ། དེའང་ཚོ་ཁག་དང་རིགས་རུས་སོ་སོའི་དབྱེ་ཁུངས་དོད་ཅིང་རྒྱལ་ཁབ་ཀྱི་རྣམ་པས་གོང་གི་ནང་འཁྲུག་དེའང་རིམ་བཞིན་དམག་འཁྲུག་གི་ངོ་བོར་གྱུར་བ།

ལྕགས་ཀྱི་ཕོར་བ་གཅོག་ཚད་ཀྱི་དུས་ལ་བབས་སོང༌།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་ཏེ་ཀྲུང་གོའི་“འཆར་ལྡན་དཔལ་འབྱོར”གྱི་ལོ་རབས་ནང་དུ་རྒྱལ་ཁབ་ཀྱི་བདག་དབང་ཐོབ་པའི་བཟོ་བ་དངོས་མ་ཞིག་ཏུ་ལས་བགོ་བྱ་རྒྱུ་དེ་གནམ་གྱིས་བརྐོས་པའི་“ལྕགས་ཀྱི་ཕོར་བ”འཛིན་མཁན་དག་ཏུ་ངོས་འཛིན་བྱས་ཡོད་པ་དེ་བཞིན། “རྣོ་ལྕགས་བཟོ་བ”(སྐབས་དེའི་གཟི་བརྗིད་ཀྱི་མིང་སྙན)དག་ལ་མཚོན་ན་བྱ་བ་ནི་དབང་ཆ་ཡིན་པའི་འདུ་ཤེས་འཛིན་སྟངས་དེས་སྒེར་གཉེར་ཁེ་ལས་ཞེས་པ་ནི་ཟུང་ཟད་པའི་ཐབ་ཆག་གི་འཚོ་བ་རོལ་སྟངས་ཤིག་ལ་ངེས་པ་བསྐྲུན་གྱིན་ཡོད་མོད། རྒྱ་ནག་ནང་ཁུལ་གྱི་རྣོ་ངར་ཅན་གྱི་དཔལ་འབྱོར་འཕེལ་ཚུལ་དེས་ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་སྟེ་ལས་བྱེད་པ་དག་གིས་“ལྕགས་ཀྱི་ཕོར་བ“བློས་གཏོང་བའི་སྤྱོད་ཚུལ་དེ་བྱུང་དུ་བཅུག་ཅིང༌། ༡༩༩༤ལོར་ཀྲུང་གོར་ཆེས་ཐོག་མའི་“འབྱོན་མིའི་ཁྲོམ་ར“བཙུགས་ཏེ་ལས་ཀ་རང་གིས་འཚོལ་བའི་བླ་མེད་ཀྱི་སེམས་རྒྱ་དེ་

ཕོ་སྐད་སྦོམ་པོར་ཅོ་འདྲི་བའི་མོ་སྐད།

——《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》བཀླགས་རྗེས་ཀྱི་དྲན་ཚུལ་ཐོར་བུ། 《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》ཞེས་ པའི་དེབ་འདིར་འཁོད་པའི་བསྒྱུར་རྩོམ་ཕུད་བྲིས་རྩོམ་ཕལ་མོ་ཆེ་ཡང་བསྐྱར་ཚར་གཅིག་བཀླགས་ཚར་དུས་ནམ་དཀྱིལ་སྔ་མོ་ནས་གཟིར་ཟིན། དེབ་ཏུ་གྲུབ་ཚར་རྗེས་སྔོན་གྱི་མ་རྩོམ་བཀླགས་པ་ལས་ཀྱང་ཡག་པའི་ཚོར་བ་ཞིག་ཡིད་ཀྱི་རེ་སྐོང་དུ་བྱུང་ཞིང༌། མཚུངས་སུ། སེམས་ཀྱི་གཏིང་རིམ་གང་ཞིག་ཏུ་ རྨ་ཁའི་སྟེང་ཚ་ཁུ་གཅོལ་བ་ལྟར་ཚ་བེར་བེར་གྱི་ན་ཟུག་ཅིག་ཀྱང་ཅིག་ཅར་སྩལ་པས།དེ་འབྲེལ་གྱི་དྲན་ཚུལ་ཐོར་བུ་ཙམ་ཡིག་ངོར་བསྟར་བའི་འདུན་པ་དྲག་ཏུ་སྐྱེས། གཤམ་ནས་རྩོམ་མཁན་ཁོང་མོ་ཐེ་བའི་ཀློག་མཁན་དག་གི་སྤྱན་སྔར་དབུལ་རྒྱུ་ཡིན། དང་ཐོག་ཁོ་བོའང་ཀློག་པོ་མང་ཤོས་དང་འདྲ་བར་འཇམ་དབྱངས་སྐྱིད་ཟེར་བའི་མིང་འདི་གོ་མ་ཐག་བག་ཆགས་ཁྲོད་