བུས་རྩོམ་ཚན་པ་གསུམ།

2015-04-16_15394627

 

བུས་རྩོམ་ཚན་པ་གསུམ།

གཞི་རིམ་པ།

1. འ་ཡོ་ཡོ། འ་ཡོ་ཡོ།


ཁ་བ་དཀར་པོ་གང་ནས་འབབ།
ཁ་བ་དཀར་པོ་གནམ་ནས་འབབ།
ཁ་བ་དཀར་པོ་གང་ལ་བབས།
ཁ་བ་དཀར་པོ་ས་ལ་བབས།
ས་འཁྱག་ནས་ཁ་བ་དར་ལ་གྱུར།
དར་དཀར་པོའི་སྟེང་ནས་དར་ཤུད་སྟེག
རྩལ་མེད་ནས་ཐང་ལ་བརྒྱབ་ནོ་ལྟོས།
འ་ཡོ་ཡོ། འ་ཡོ་ཡོ།


འོ་མ་དཀར་པོ་གང་ནས་འབབ།
འོ་མ་མཛོ་མོའི་ནུ་ལས་འབབ།
འོ་མ་དཀར་པོ་གང་ལ་བབས།
འོ་མ་འོ་ཟེའུ་ནང་ལ་བབས།
ཇ་འོ་ཇ་ཁོལ་མགོ་ལྷ་ལ་མཆོད།
ཇ་ཁོལ་རྔ་བཅུས་ནས་ཇ་འཇོང་བརྒྱབ།
འཐུང་མ་ཤེས་ཁོག་པ་བཤལ་ནོ་ལྟོས།
འ་ཡོ་ཡོ། འ་ཡོ་ཡོ།

2. ང་ཡིས་མིག་ཆུ་མི་གཏོང་།


ཁ་བ་བབས་པའི་ནངས་མོར།
ང་ཡི་རྐང་ཆུང་གྲང་ཡང་།
ང་ཡི་ལག་ཆུང་འཁོབ་ཀྱང་།
ང་ཡིས་མིག་ཆུ་མི་གཏོང་།
ནམ་མཁའི་ཨ་མ་ཉི་མ།
མིག་ཆུ་བཏང་ན་སྐྱོ་འགྲོ


ཆར་བ་བབས་པའི་ཉིན་མོར།
ང་ལ་ཆར་གདུགས་མེད་ཀྱང་།
ང་ཡི་ལྭ་བ་བརླན་ཡང་།
ང་ཡིས་མིག་ཆུ་མི་གཏོང་།
སྐེ་རྒྱན་མེ་ཏོག་ཁྲ་ཁྲ།
མིག་ཆུ་བཏང་ན་མི་སྐྱེ།

3. ང་ཚོ་ཧ་ནི་མཉམ་དུ་རྩེ།


ང་རང་ལྕགས་རྟ་སོ་མར་ཞོན།
ཁྱོད་ཀྱིས་རླངས་འཁོར་བརྗིད་པོ་སྐོར།
འོན་ཀྱང་ཁོ་ལ་རྩེད་ཆས་མེད།
ཧེབ་ལངས་ནས་མིག་གིས་ཡང་ཡང་ལྟ།
སྡུག་ཐུག་ནས་མིག་ནས་མིག་ཆུ་བཞུར།


ང་ཡིས་ཁོ་ལ་ལྕགས་རྟ་གཡར།
ཁྱོད་ཀྱིས་ཁོ་ལ་རླངས་འཁོར་གཡར།
འོན་ཀྱང་ཁོ་ལ་སྐྱིན་པ་མེད།
སྐྱིན་ད་ལྟ་མེད་ཀྱང་རྗེས་ནས་ཡོད།
གྲོགས་ཧ་ནི་བརྩེས་ན་བསོད་མོ་རེད།

 

༢༠༡༦    ༤

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།