དམའ་འབྲིང་གྲངས་རིག་གི་སྡེ་ཚན་རྒྱུགས་གཞི་ཕྱོགས་བསྡུས་དེབ་གསུམ་འགྲེམས་སྤེལ་བྱས་འདུག

88སློབ་དེབ་ཀྱི་ཕན་ཆོད་དུ། བསླབ་ཕྱིའི་ཀློག་དེབ་ཡག་པོ་ཞིག་འཛོམ་རྒྱུ་ནི། སློབ་མའི་ཤེས་ནུས་བརྩེ་གསུམ་བདེ་ཐང་གིས་འཚར་ལོངས་འབྱུང་བའི་རྨང་གཞི་ཡིན་པ་ཤེས་ཏེ། དེང་སྐབས། ངེད་ཅག་གི་དགེ་རྒན་དང་སློབ་གསོའི་ཆེད་མཁས་པ་སོ་སོས། བོད་རྒྱ་དབྱིན་གསུམ་དང་རྩིས་དངོས་རྫས་གསུམ་གྱི་བསླབ་ཕྱིའི་ཀློག་དེབ་མང་བོ་གསར་རྩོམ་དང་རྩོམ་སྒྲིག་བྱེད་ཀྱིན་པ་དེ་དངོས་གནས་ཡག

རེབ་གོང་གི་དགེ་རྒན་ཚེ་ལོ་རྒྱལ་ལགས་ཀྱིས་ཀྱང་། ལོ་ངོ་ལྔ་དྲུག་ཅིག་གི་སྔོན་ནས་བཟུང་། དམའ་འབྲིང་གྲངས་རིག་སྐོར་གྱི་བསླབ་ཕྱིའི་ཀློག་དེབ་བམ། ཟུར་ལྟའི་རྒྱུགས་གཞི་མང་བོ་རབ་དང་རིམ་པར་གསར་རྩོམ་དང་རྩོམ་སྒྲིག་བྱས་པར། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་ཀྱི་བོད་ཁུལ་སློབ་གྲྭ་སོ་སོས་དགའ་བསུ་ཚད་མེད་ཐོབ་ཅིང་། ཕྱོགས་སོ་སོའི་དགེ་སློབ་མང་བོས་མངགས་ཉོ་དང་སྡེབ་ཉོ། སིལ་ཉོ་བྱེད་པ་སོགས། སློབ་སྐབས་གཅིག་ལ། དཔེ་ཆ་རེ་རེའི་པར་གྲངས་ཧ་ལམ་ཁྲི་ཚོ་གཉིས་ལས་བརྒལ་བ་བྱུང་།
ད་ལོ་ཡང་། ཕྱོགས་སོ་སོའི་དགེ་སློབ་མང་བོའི་རེ་བ་ལྟར། དགེ་རྒན་ཚེ་ལོ་རྒྱལ་ལགས་ཀྱིས། སྔར་གྱི་དཔེ་དེབ་དེ་དག་གི་ནོར་བ་བཅོས། ལྷག་པ་བླངས། ཆད་པ་བསབས་ཏེ། <<དམའ་འབྲིང་གྲངས་རིག་གི་སྡེ་ཚན་རྒྱུགས་གཞི་ཕྱོགས་བསྡུས།>>ཞེས་པ། དམའ་འབྲིང་དང་པོ་ནས་གསུམ་པའི་བར་གྱི་དཔེ་དེབ་གསུམ་རྩོམ་སྒྲིག་བྱས་ཡོད་པས། དགོས་མཁོ་ཡོད་མཁན་ཚོས། གཤམ་གྱི་ཁ་པར་ནས་འབྲེལ་བ་གནང་ཆོག 13139130445

379154205

དམའ་འབྲིང་དང་པོའི་དཔེ་དེབ་མདུན་ཤོག

617055107

དམའ་འབྲིང་གཉིས་པའི་དཔེ་དེབ་མདུན་ཤོག

1192282985
དམའ་འབྲིང་གསུམ་པའི་དཔེ་དེབ་མདུན་ཤོག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།