དཀྱེལ་ཡངས་དང་བདེ་སྐྱིད་སོགས་ལས་ལབ་པ་གཉིས།

102

གཞི་རིམ་པ།

སྲ་བསྐྱུར་རྙི་ལྡད་བྱེད་མཁན་ཚོས་རྩམ་རྡོག་འདི་བཞེས་རོགས།

སྤྱིར། དོགས་པ་སློང་བ་དང་རིགས་པ་འདྲེན་པ། དགག་སྒྲུབ་བྱེད་པ་དེ་དགོས་ངེས་ཤིག་རེད། དེ། སྔོན་གྱི་རིག་གཞུང་མང་པོའི་རྐང་དང་ད་ལྟའི་དམངས་གཙོའི་ལས་ལུགས་སོགས་ལའང་གཡང་དུ་གྱུར་ཡོད་པ་རེད།

ལམ་ལུགས་དང་རིག་གཞུང་གང་ལའང་རིགས་འདྲེན་དང་དགག་སྒྲུབ་རྩོད་སྤོང་བྱེད་དགོས་དོན་ནི། དེ་ཐམས་ཅད་མི་ཡིས་བྱས་པ་དང་། མི་ཡི་གདོད་གཤིས་ནི་གཞན་ལས་རང་གཙོ་བོར་འཛིན་མཁན་ཞིག་ཡིན་པ། དེས་བྱས་པའི་ཆོས་གང་ལའང་རང་དོན་སྦུག་འདྲེན་གྱི་ངོ་བོ་འབྱུང་སླ་བས་རེད།

མཐོ་བ་རྒྱལ་ཁབ་ཀྱི་རྒྱལ་པོ་དང་བོད་ཀྱི་བླ་སྤྲུལ། ལས་ཁུངས་སོ་སོའི་ལས་བྱེད་པ་དང་འགོ་བ། ཁྲིམས་འཛིན་པ། མང་ཚོགས་སོགས་གང་ཡང་སོ་སོ་མི་ཡིན་པའི་རྐྱེན་གྱིས། དེ་རིང་བྱ་བ་རླབས་ཆེན་ཞིག་བསྒྲུབས་ཀྱང་། སང་ནངས་མི་འཚོང་ལྐོག་ཟ་མི་བྱེད་པའི་གཏན་ཚིགས་གང་ཡང་ཡོད་པ་མ་རེད།

མི་ཡིས་གྲུབ་པའི་སྤྱི་ཚོགས་འདི་དེ་ལྟ་བུའི་རློམ་རྒྱུ་མེད་པ་ཞིག་ཡིན་ཙང་། སོ་སོའི་མ་མཐའི་ཁེ་དབང་སྲུང་བ་ལ་ཁྲིམས་ལུགས་ཞེས་པ་བྱུང་ཞིང་། དེ་ཡང་མི་ཐམས་ཅད་རང་འགུལ་གྱིས་ཁྲིམས་ལུགས་བརྩི་སྲུང་བྱེད་མཁན་ཡིན་པའི་ངེས་པའང་མེད་པས། དེ་ལ་དོགས་སློང་དང་རིགས་འདྲེན། དགག་སྒྲུབ། ཐེར་འདོན་བྱས་ཏེ་ཟ་མི་ཆོག་པ་ཟ་བ་དང་། ལས་མི་ཆོག་པ་ལས་པ་ཐམས་ཅད་ཁྲིམས་ལ་གཏུག་ཆོག་གི་ཡོད་པ་རེད།

དེ་ལྟར། དོགས་སློང་དང་དགག་པ་བྱེད་ཆོག་ཅེས་པ་དེ་ཡང་། ཁྲིམས་ལུགས་ཀྱི་ངོགས་སུ་ཉིན་སྲིབ་ཅི་ལྟར་ཕྱེ་ཡོད་པ་དང་། སུ་ཞིག་དེའི་སྲིབ་ཕྱོགས་སུ་ལྡིང་བ་ཡིན་ན། དེ་མི་ཆོག་པའི་བདེན་དཔང་བཟུང་སྟེ་དགག་པ་བྱེད་དགོས་པ་ལས། བདེན་པའི་དཔང་བོ་ཅི་ཡང་མེད་པར། ཁ་ཡར་གྲགས་ལ་སྡིགས་དམོད་བྱས། ཁ་མ་གྲགས་ལ་དམོད་པ་གཏོང་ཆོག་པའི་དོན་མ་རེད།

ཁྲིམས་ཀྱི་མངའ་ཁོངས་ནས་དགག་སྒྲུབ་དང་དོགས་སློང་བྱེད་ཚུལ་ཧ་ལམ་དེ་འདྲ་ཞིག་རེད། དེ་བཞིན་རིགས་གཞུང་གི་ངོས་ནས་ཀྱང་དོགས་སློང་དང་རྩོད་པ། དགག་སྒྲུབ་བྱེད་དགོས་པ་རེད། དེ་མེད་ཚེ། མིའི་གདོད་གཤིས་ཀྱིས་བྲིད་དེ་རིག་གཞུང་རྫུན་མ་དང་བཅོས་མ། ལྷད་མ་མང་བོ་འབྱུང་སྲིད་པ་རེད།

འོན་ཀྱང་དེ་དགག་སྒྲུབ་བྱེད་དུས། རིགས་གཞུང་སྤྱིའི་འགྲོ་སྲོལ་དང་བྱེ་བྲག་གི་ཁྱད་ཆོས་གཞིར་བཟུང་ནས་དོགས་དགག་རྩོད་གསུམ་བྱས་ན་ཡག་པོ་ཞིག་ཡོང་བ་མ་གཏོགས། རྒྱུ་མཚན་ལྟར་སྣང་རེ་མཆན་ལ་བཙུར་ནས་ཡར་ལ་ཁ་བཏང་། མར་ལ་ཁ་གཏོང་བ་དེ་འདྲ་ནི། བདེན་དཔང་མེད་པར་མིག་ལ་མི་འགྲོ་བའི་ལས་སྣ་བ་ཞིག་ཁྲིམས་ལ་སྦྱོར་འདོད་པ་དང་འདྲ་བོ་རེད། དེ་ལ་སྙིང་བོ་ཡོད་པ་མ་རེད།

ཡང་། མིའི་འཚོ་བ་ནི་སྣེ་མང་རྙོག་འཛིང་ལྡན་པ་ཞིག་ཡིན་པས། དེའི་འཚོ་བའི་གྲུ་ཟུར་མ་ལུས་པར་ཁྲིམས་ཀྱིས་ཡང་དག་པར་གཅུན་ཐུབ་པ་དང་ཁྱབ་ཐུབ་པ་ཞིག་མ་རེད་སྙམ་ལ། སྤྱིར་ན། དེས་ངེས་པར་དུ་ཁྱབ་དགོས་པ་ཞིག་ཀྱང་མ་རེད་འདོད། འདིའི་སྐབས་སུ། ཁྲིམས་ཀྱི་ཕན་ཆོད་དུ་ཕན་ཚུན་ལ་རུང་བསྟུན་དང་ཀུ་ཡངས། དཀྱེལ་ཡངས་ཟེར་བ་དེ་དག་མཁོ་ཡིན་ཡོད་ཚོད་རེད།

དཔེར་ན། སྡེ་དཔོན་མགོན་པོས། “དེ་རིང་སྡེ་མི་ཚེ་རིང་ལ་ནད་བྱུང་ནས་ལས་ཀར་མ་ཐོན་ཐལ། ཁོའི་ཆད་པ་སྒོར་མོ་ལྔ་བཅུ་ཡོད་པ་འདིས་གསར་བུ་ཚོར་ཝུ་ཆང་ཉོ། ཁོའི་དེ་རིང་གི་ལས་ཀ་ཁྱོད་ཚོས་ལས།”ཟེར་བའི་དབང་དུ་བཏང་ན། མི་མང་ཤས་ཀྱིས་ཧ་ལམ་རྣོག་རྒྱག་མི་སྲིད་མོད། ཆོ་མེད་ཉུང་ཤོས་ཀྱིས། བདེན་དཔང་མེད་པར་ཚེ་རིང་གིས་ན་རྫུ་བྱེད་ཀྱིན་ཡོད་ཚུལ། སྡེ་དཔོན་དང་འབྲེལ་བ་བཟང་ཚུལ་སོགས་ལབ་ནས། ལས་ཀ་ལ་བར་ཆད་དང་གཏོར་བརླག་གཏོང་བ་རེད།

ཚེ་རིང་གིས་དངོས་གནས་ཉིན་མ་གཅིག་ལ་ན་རྫུ་བྱས་པའི་དབང་དུ་བཏང་རུང་། ང་ལྟར་ན། དེ་ཡིན་གཅིག་མིན་གཉིས་ལ་ཁྲིམས་ཁར་འདེད་པ་ལས་ཀུ་ཡངས་དང་དཀྱེལ་ཡངས་ཐེངས་གཅིག་བྱས་ཀྱང་མི་ཆོག་པ་མེད་སྙམ། དེའི་བར་ན་ཤོར་རྒྱུ་ཆེན་པོ་མི་འདུག འདི་བཟང་སྤྱོད་ཀྱི་ངོས་ནས་བལྟས་ན། ཕན་ཚུན་ལ་རོགས་རམ་དང་བསམ་ཤེས་བྱས་པའི་དགོངས་པ་དང་ཡང་ལོས་མཐུན་འདོད།

དེང་གི་སྤྱི་ཚོགས་སུ། བོད་ཆོས་ནས་གསུངས་པ་ནང་བཞིན་གྱི་ལན་ལ་མི་རེ་བར་ཞབས་ཞུ་སྒྲུབ་པ་དང་ཚད་མེད་རྣམ་གསུམ་དེ་འདྲ་ཡོང་མི་དཔེ་བ་ཇི་བཞིན། ཡང་ཡོད་ཚད་ཀྱི་བར་ལ་ཁབ་དང་སྐུད་པ་ཙམ་ཡང་མ་ཤོར་བར་ཁྲིམས་ལུགས་ཀྱིས་དྲང་བདེན་དང་དྲང་མཉམ་ཡོང་བ་བྱ་འདོད་པའང་འདོད་པ་ཙམ་སྟེ། དེ་ཡང་ཆོས་ལུགས་ཀྱི་གཞུང་ནས་བཞག་པའི་ཕུགས་བསམ་ཡག་པོ་དེ་དང་འདྲ།

ངས་བཤད་འདོད་པ་ནི། དོགས་དགག་རྩོད་གསུམ་དང་ཁྲིམས་ལུགས་གལ་ཆེ་བ་མ་ཟད། ཕན་ཚུན་རུང་བསྟུན་དང་ཀུ་ཡངས་སོགས་སྟེ། བཟང་སྤྱོད་ཀྱི་ངོས་ནས་འདུ་ཤེས་ལ་ཁ་ལོ་བསྐོར་བར་བློ་སྦྱོང་རྒྱུ་དེའང་རབ་ཏུ་མཁོ་ཆེ་ཟེར་འདོད་པ་ཡིན།

འོན་ཀྱང་དེང་སང་གི་ང་རང་ཉིད་འདུས་པའི་གཞོན་རབས་པ་དག་གིས། རང་ལ་དབང་ཆོག་ཆོག་གི་དཔེར་ན། སློབ་གསོའི་ཁེ་དབང་དང་སྨན་བཅོས་ཁེ་དབང་། སྡོད་ཁང་ཁེ་དབང་སོགས་ཀྱི་ཐད་ནས། འགོ་བ་ཚོས་ལྐོག་ཟ་གཡོ་འཚོང་ཅི་ལྟར་བྱས་ཀྱང་། དེ་ལ་ཁྲིམས་གཏུག་གི་ལས་རྩོམ་པ་ཕར་ཞོག བདེན་དཔང་བཙལ་ནས་དོགས་སློང་དང་དགག་སྒྲུབ་ཙམ་བྱེད་པའི་སྤོབས་པ་དང་སྙིང་སྟོབས་ཀྱང་རབ་ཏུ་སྟོངས། དེ་ལས་ལྡོག་སྟེ། རྒྱུན་ལྡན་གྱི་བྱ་བ་ཅག་ཙིག་ཀུ་ཡངས་དང་རུང་བསྟུན་བྱེད་ཆོག་ས་དག་ལ། ད་གཟོད་ཁ་བདེ་ལྕེ་བདེ་དང་དཔའ་སྤོབས་བློ་གྲོས་ལྡན་པ་ཏག་ཏག་རེད།

འདིའི་ཐད་ནས། སྔོན་དང་ད་ལྟའི་དམངས་གཙོ་བ་དང་སྤྱི་ཚོགས་རིག་པ་བ་དག་གི་རྣམ་ཐར་བཀླགས་ན་ཕན་སྙམ། ཁོ་ཚོས་ནི། རྒྱལ་ཁབ་ཀྱི་འགོ་བ་དང་སྡེ་ཚོགས་ཀྱིས་རང་གི་ཁེ་དབང་འཕྲོག་སྐབས། ད་གཟོད། དོགས་དགག་རྩོད་གསུམ་དང་ཞུམ་མེད་ཀྱི་གོ་ཆ་བགོས་ཏེ་བྱ་བ་བསྒྲུབས་ཡོད་པ་རེད་མ་གཏོགས། ང་ཚོ་ནང་བཞིན། སྲ་ས་ནས་གཞའ། རྙི་ས་ནས་ལངས་ཏེ་འུར་བརྒྱབ་པ་དེ་འདྲ་ཉུངས་ཉུངས་ཡིན་པ་རེད།

༢༠༡༥ ༩ ༡

བདེ་སྐྱིད་ཅེས་པ་གང་ན་ཡོད།

རགས་ཕྱོགས་ནས་བཤད་ན། མིའི་སྐྱིད་སྣང་ཟེར་ཡ་དེ་ཕྱོགས་མང་པོ་ཞིག་ནས་ཡོང་གི་ཡོད་ཚོད་རེད། དཔེར་ན། སྒོར་མོ་དང་རླངས་འཁོར། ཁང་བ། བཟའ་ཚང་དང་བུས་ཕྲུག་འཛོམས་པ་སོགས་ལས་འབྱུང་བ་མ་ཟད། དེ་ལྟ་བུའི་ཆེན་པོ་དང་ནོག་མོ་ཅི་ཡང་མ་འཛོམས་ཀྱང་། ཁེར་རྐྱང་གིས་བསམ་གཞིག་གཏོང་བ་དང་། ཡུལ་མཐར་ཉུལ་བ། དཔེ་ཆར་ལྟ་བ་སོགས་ལས་ཀྱང་འབྱུང་ཐུབ་པ་རེད།

ཡང་། སྒོར་མོ་དང་རླངས་འཁོར་སོགས། ཆོས་དེ་དག་གི་རང་སྟེང་ན་སྐྱིད་སྣང་སྟེར་པའི་རྫས་སུ་གྲུབ་པ་གང་མེད་པས། མིའི་འདུ་ཤེས་ཀྱིས་ཕར་བཞག་པ་དང་དེ་ལ་གོམས་ཤིང་ལོབས་ཆེ་བ་ཞིག་ལས་བྱུང་བ་མིན་ནམ་སྙམ།

མིའི་འདུ་ཤེས་འཇོག་སྟངས་ཀྱིས་བདེ་སྡུག་སྐྱོ་སུན་གྱི་སེམས་བྱུང་སྣ་ཚོགས་བསྐྱེད་པ་ཡིན་པར་བརྟེན། འདི་ལ་ནོམ་པ་འཛོམས་པས་སྐྱིད་སྣང་ཡོད་ཟེར་བ་དང་། གན་ལ་ཅི་ཡང་མེད་པས་སྡུག་པོ་ཡིན་རྒྱུ་རེད་སྙམ་པ་དེ། ཁྱབ་པ་མ་བྱུང་བའི་གཏན་ཚིགས་ཤིག་རེད།

མི་མང་པོར། ཕྱི་ཚུལ་ནས་ཅི་ཡང་མ་འཛོམས་པ་ལྟ་བུར་མཐོང་ཡང་། དེའི་ཁ་ལག་གདོང་གསུམ་སོགས་སུ་ནམ་ཡང་སྐྱིད་པོ་ཡོང་གི་ཡོད་པའི་བརྡ་ཁྱབ་ཅིག་མཐོང་ཐུབ་པ་ཡོད། དེའི་རིགས་ལ། རང་དབང་ཡོད་པ་དང་རང་དབང་གི་གསེབ་ནས་བདེ་སྐྱིད་རྙེད་ཐུབ་པའི་རྐྱེན་གྱིས་ཨེ་ཡིན་ན།

མི་མང་པོ་ཞིག་ལ་སྐབས་མང་པོ་ཞིག་ཏུ། གཞན་གྱི་ཐེ་གཏོགས་མི་ཐེབས་པའི་རང་དབང་མང་པོ་ཡོད། ཆགས་བཞག་ན། གཉིད་འབབ་དུས་གླལ་སྒྱིང་བྱེད་ཆོག་པ་དང་མིག་ཚ་སྐབས་མིག་གོང་ཕུར་ཕུར་བྱེད་ཆོག་པ་ལྟ་བུ་རེད།

རང་དབང་དེ་དག་བདེ་སྐྱིད་ཀྱང་ཡིན་ཏེ། སྤྱིར་བཏང་དུ་དེ་འདྲའི་ཙག་ཙིག་གིས་གྲུབ་པའི་བདེ་སྐྱིད་རྣམས་ཤེས་སླ་བ་མ་ཡིན་མོད། ཉིན་ཞིག་ལ། གཉིད་འབབ་དུས་གླལ་སྒྱིང་བྱེད་མི་ཐུབ་པའི་ཁ་ནད་ཅིག་དང་། མིག་ཚ་དུས་ཕུར་ཕུར་བྱེད་མི་ཆོག་པའི་ཁྲིམས་སྲོལ་ཞིག་བྱུང་བའི་དབང་དུ་བཏང་ན། ད་གཟོད་གོང་སྨྲས་དེ་དག་ཀྱང་བདེ་སྐྱིད་ཡིན་པ་ཤེས།

དེ་བཞིན། ཅི་ཡང་མ་འཛོམས་ཀྱང་། ཁ་རོག་གེར་མི་ཞིག་དྲན་རྒྱུ་ཡོད་པ་དང་དྲན་ཆོག་པ་དེའང་མི་རྣམས་ཀྱི་བདེ་སྐྱིད་ཅིག་རེད། དུས་རྒྱུན་མི་མང་པོས། ཁོ་བོས་སུ་ཞིག་དྲན་པས་སྡུག་གིས་ངལ་ཚུལ་སོགས་རྐྱང་རྐྱང་ལབ་པར་དགའ་མོད། ང་ལ་མཚོན་ན། མི་ཞིག་དྲན་ཆོག་པ་དེ་ནི་གཞན་གྱིས་མི་ཤེས་ཤིང་། གང་གིས་ཀྱང་ཚབ་མ་མི་ཐུབ་པའི་ནང་ནོམ་གྱི་བདེ་སྐྱིད་ཅིག་ཀྱང་རེད།

ཀུན་གྱིས། ཁ་ནས་ཁས་བླངས་ཀྱང་མ་བླངས་རུང་། བཤད་ཀྱང་བཤད་མ་རུང་། སེམས་ཀྱི་ཕུགས་སྟོད་དུ། རང་ཉིད་དགའ་ས་དུངས་སའི་མི་ཞིག་ངེས་པར་དུ་སྦས་ཡོད་པར་སྙམ།

གཞོན་དུས་ཀྱི་མི་རྣམས་ལྷག་ཏུ་དེ་ལྟར་ཡིན་པ་མ་ཟད། དར་མ་དང་རྒས་པའི་མི་རྣམས་ཀྱང་། མེ་ཤུགས་ཇེ་གཉོམ་དང་ཆུ་ཤུགས་ཇེ་ཆུང་དུ་སོང་བ་བཞིན། བལྟས་ཚོད་ཀྱིས། ཆུང་དུས་ཀྱི་དགའ་རོགས་དང་ད་ལྟར་ཕྲད་པའི་བྱམས་པ་དག་ལ་ཞེན་པ་མེད་པ་ལྟར་སྣང་ཡང་། བྱ་བྱེའུ་མཁའ་རུ་ལྡིང་ཡང་གྲིབ་མ་ས་ཐོག་ཏུ་ཡོད་པ་ལྟར། དར་རྒས་ཀྱི་དུས་སུ་ཐོན་པའི་མི་རྣམས་ཀྱིས་ཀྱང་། གྲིབ་མ་དེ་ཙམ་ལ་བརྟེན་ནས་སྐྱིད་སྣང་ཞིག་རྙེད་ཀྱིན་ཡོད།

དེ་ལྟ་བུའི་ཕྲ་བའམ་རྫས་སུ་མ་གྲུབ་པ་དག་ལ། འདུ་ཤེས་འདུ་བྱེད་ཀྱི་ངོགས་ནས་འཚོལ་སྙེགས་བྱེད་ཤེས་ན། བདེ་སྐྱིད་ཅེས་པ་དེ་གན་ན་ཡོད་དང་འདི་ན་མེད་ཟེར་རྒྱུ་དཀའ་མོ་རེད་སྙམ།

༡༠༡༥ ༨ ༣༡

རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་སྒེར་དེབ། འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག

qrcode_for_gh_24a680a08df5_430

200 Allen Edmonds has arrived
VIDEO PORNO XXX exist model enrollees feeling sewed in

Inspiration Album of the Nike Free worn outside of the gym
Bridesmaid Dresses new-fangled baseball bat past nightmare recording of lean meats lf

How to do convenient and economical shopping
VIDEOS PORNO If your genitals have done nothing wrong

Summer 2012 at Milan Fashion Week
Download Free Games If zippers aren’t your style

How to Make Your Own Sewing Dummy
pornos Finn the Human

ESPY Awards fashion in a flash
Porno pour femme top stitching detail

The 5 Most Pointlessly Women
PORNO XXX 5 a little nuts initiation customs from widley known threatening providers

Demand Media Reports Registrar Gains Despite Overall Net Losses in Q3 2013
Free Porno Wife TWO men’s suits Kenneth Cole