ཁོ་བསྟན་གྱི་གཞས་གསར།-བོད་དུ་སྐྱེ་བའི་སྨོན་ལམ།

 བོད་དུ་སྐྱེ་བའི་སྨོན་ལམ།

ཚིག་དང་དབྱངས། གཞས་པ།  ཁོ་བསྟན།


གངས་དཀར་རི་བོའི་འདབ་ནས་སྐྱེས་པ་ནས།།
ཕྱི་རོལ་ཆ་རྐྱེན་བཟང་ཡང་ངན་ཡང་ཆོག །
སྦྲ་ནག་འཚོ་བ་སྐྱིད་ཀྱང་སྡུག་ཀྱང་ཆོག །
ང་རང་བོད་པ་ཡིན་པས་སེམས་པ་དགའ།།
ང་ནི་བོད་ཡིན།
སྐྱེ་བ་ཕྱི་མར་ཡང་བོད་དུ་སྐྱེ་བར་ཤོག །


ཀ་ཁའི་གླུ་སྒྲ་ངག་ལ་གྱེར་བ་ནས།།
མཚན་དང་སྙན་གྲགས་ཡོད་ཀྱང་མེད་ཀྱང་ཆོག །
རྒྱུ་དང་ནོམ་པ་ཡོད་ཀྱང་མེད་ཀྱང་ཆོག།
ང་རང་བོད་པ་ཡིན་པས་སེམས་པ་དགའ།།
ང་ནི་བོད་ཡིན།
སྐྱེ་བ་ཕྱི་མར་ཡང་བོད་དུ་སྐྱེ་བར་ཤོག །


མཆོག་གསུམ་ཡུལ་ལ་ཐལ་མོ་སྦྱར་བ་ནས།།
ལུས་ཀྱི་ལང་ཚོ་ཡག་ཀྱང་རྩོག་ཀྱང་ཆོག །
ཐོབ་དང་གོ་ས་ཡོད་ཀྱང་མེད་ཀྱང་ཆོག །
ང་རང་བོད་པ་ཡིན་པས་སེམས་པ་དགའ།།
ང་ནི་བོད་ཡིན།
སྐྱེ་བ་ཕྱི་མར་ཡང་བོད་དུ་སྐྱེ་བར་ཤོག །


རྒྱང་ནས་ཐོན་ཞིང་རྒྱང་ལ་ཆས་པ་ཡི།།
ཡུལ་གྱར་འཚོ་བ་སྐྱིད་ཀྱང་སྡུག་ཀྱང་ཆོག །
མ་འོང་ལས་འཕྲོ་བཟང་ཡང་ངན་ཡང་ཆོག །
ང་ཚོ་བོད་པ་ཡིན་པས་སེམས་པ་དགའ།།
ང་ནི་བོད་ཡིན།
སྐྱེ་བ་ཕྱི་མར་ཡང་བོད་དུ་སྐྱེ་བར་ཤོག །

716BEADA-E97E-498A-B8D3-5CB2C9E0FDE1

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

3 thoughts on “ཁོ་བསྟན་གྱི་གཞས་གསར།-བོད་དུ་སྐྱེ་བའི་སྨོན་ལམ།

  1. ན་གཞོན།

    རེད་ཡ་བོད་ནི་ཡག་ན་སྡུག་ན་བོད་མིའི་ལས་དབང་ཡིན་པའི་ཆ་ནས་གཞན་གྱི་ཐེ་གཏོགས་དགོས་དོན་མེད། མི་ཁ་ཤས་ལོང་བ་རྒྱུགས་ཤར་འཐེན་པ་བཞིན་གང་བྱུང་གི་དོན་མེད་དགྲ་ལ་བསྟོད་པ་དང་གཉེན་ལ་ལྡང་ཁུལ་གྱི་སྐད་ཆ་འདྲ་མིན་བཤད་པ་ནི་བསམ་མེད་རང་ཡིན་ལ་ལས། དྲང་བདེན་དང་བློ་གཟུ་བོར་གནས་མེད་པ་གསལ་བོ་རེད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།