པདྨ་ཡི་གཞས་གསར། བཀྲ་ཤིས་ལུང་བའི་ཕུགས་ལ།

2094426701      གཞས་པ་པདྨ་ལགས་ནི། དཀར་མཛེས་ཁུལ་བྲག་མགོ་རྫོང་གི་ཡིན་ཞིང་། 2002ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན། 2003ནས་ད་ལ་ཐུག་གི་བར་དུ་གླུ་གཞས་སྒྱུ་རྩལ་གྱི་ཐད་ལ་འབད་འབུངས་བྱས། ཚབ་མཚོན་གླུ་གཞས་ལ། 《ཨ་རོ་ཡ》 《སྐལ་བཟང་མེ་ཏོག 《མཐིང་སྨུག་སྦྲ་ཆུང》 (གླུ་འདི་ནི་ཚེ་དབང་ལྷ་མོ་དང་མཉམ་ལེན་བྱས) སོགས་ཡོད།

བཀྲ་ཤིས་ལུང་བའི་ཕུགས་ལ།
ཚིག ཚེ་རྡོ།
དབྱངས། དམངས་ཁྲོད།


བཀྲ་ཤིས་ལུང་པའི་ཕུགས་ལ།
གསེར་གྱི་ཆུ་རྒྱན་བབས་བྱུང་།
ཆུ་ཆེན་ཟམ་ཆེན་བཙུགས་མེད།
བྱ་ཡིས་དགའ་སྟོན་མགྲོན་འབོད།
ཆུ་ལ་ཟམ་པ་བརྒྱ་ཡོད།
ཟམ་ཆེན་ཟེར་བ་གཅིག་ཡིན།
དུང་བ་སེམས་ཀྱི་མདུད་པ།
ཆུ་ཡི་སྟེང་གི་རླབས་ཡིན།
མཚོ་སྟོད་ངང་བ་གསེར་མགོ
ཟམ་ཆེན་བརྒྱུད་ནས་ལོག་བྱུང་།
ཆུ་དང་ཉ་མོ་ངེད་གཉིས།
སྐྱེས་སྔོན་ལས་ཀྱི་འཕྲོད་བྱུང་།

qrcode_for_gh_24a680a08df5_430

One thought on “པདྨ་ཡི་གཞས་གསར། བཀྲ་ཤིས་ལུང་བའི་ཕུགས་ལ།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།