གླུ་མ་ཚེ་དབང་ལྷ་མོས་བལ་ཡུལ་ས་འགུལ་ལ་ཕུལ་བའི་གཞས།

ང་ཚོ་མཉམ་དུ་ཡོད།
ཚིག སྨིན་དབུས་པོ།
རོལ་མོ་བ། གྲུ་བ་བསམ་འགྲུབ།
ལེན་མཁན། ཚེ་དབང་ལྷ་མོ།


ས་ཆེན་གྱི་གཡོ་འགུལ་གཅིག་གིས།
བལ་ཡུལ་ལ་ཆག་སྒོ་ཟོས་པ།
ཐུན་མོང་གི་ན་ཟུག་ཡིན་པས།
རྒྱང་རིང་ནས་གདུང་སེམས་བསྐྱེད་དེ།
གསོལ་འདེབས་དང་སེམས་ཤུགས་བཀྱགས་ཡོད།
བལ་ཡུལ་བ། སེམས་མ་ཕམ་དང་། ང་ཚོ་མཉམ་དུ་ཡོད།


འཇིག་རྟེན་ལ་རྟག་པ་མེད་ཚུལ།
སངས་རྒྱས་ཀྱིས་གསུངས་པ་ནང་བཞིན།
དེ་རིང་གི་སྡུག་བསྔལ་འདི་ཡིས།
ང་ཚོ་ལ་གནས་ལུགས་བསྟན་པས།
ལས་དབང་ལ་ཡིད་ཆེས་བསྐྱེད་ཡོད།
བལ་ཡུལ་བ། བློ་མ་ཕམ་དང་། ང་ཚོ་མཉམ་དུ་ཡོད།


དེ་རིང་གི་འཇིགས་སྐྲག་སྡུག་བསྔལ།
སྐྱོ་གདུང་དང་ཞེ་ཕམ་གཅོང་སྣང་།
ཤི་གསོན་གྱི་གྱེས་བྲལ་ཡོད་ཚད།
བློ་སྤོབས་ཀྱིས་དང་ལེན་གནང་རོགས།
བལ་ཡུལ་བ། དཔའ་མ་ཞུམ་དང་། ང་ཚོ་མཉམ་དུ་ཡོད།

1411849856

གླུ་མ་ཚེ་དབང་ལྷ་མོ་ལགས་ནི། ཕ་ཡུལ་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་ཡིན་ཞིང་། 2007ལོར་ནག་ཆུའི་སྐོར་བྲོ་དང་གནས་མཆོག་ལྷ་ས་འགྲེམས་སྤེལ་བྱས།  2008ལོར་ཁྲུང་ཆུན་ལྷོ་ནུབ་སློབ་ཆེན་གྱི་རོལ་མོའི་སློབ་གླིང་ནས་སློབ་སྦྱོང་བྱས། 2009ལོར་ཁྲུང་ཆུན་ན་གཞོན་གཞས་པའི་འགྲན་བསྡུར་ཁྲོད་དུ་ཨང་གཉིས་པའི་གྲུབ་འབྲས་བླངས།

སྔ་ཕྱིར་དགོང་ཚོགས་ཆེ་ཤོས་མང་པོའི་ནང་དུ་ཞུགས་ནས་རྒྱ་ཆེའི་ཉན་མཁན་མང་པོ་ཞིག་གི་ཁས་ལེན་ཐོབ་ཡོད་པར་མ་ཟད།  2012ལོར་རང་གི་ཆེས་ཐོག་མའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་གངས་རིའི་བུ་མོ་ཞེས་པ་འགྲེམས་སྤེལ་བྱས་པས། མིག་སྔར་རྒྱ་ཆེའི་ཉན་མཁན་དག་གིས་དགའ་བསུ་ཚད་མེད་བྱེད་བཞིན་པའི་བོད་ཀྱི་གཞས་མ་འཕགས་ཤོས་ཀྱི་གྲས་སུ་ཚུད་ཡོད།

qrcode_for_gh_24a680a08df5_430

11 thoughts on “གླུ་མ་ཚེ་དབང་ལྷ་མོས་བལ་ཡུལ་ས་འགུལ་ལ་ཕུལ་བའི་གཞས།

  1. ཟངས་དཀར

    ཚེ་དབང་ལྷ་མོའི་གཞེས་ལ་དགའ་པོ་ཞེ་དྲག་ཡོད་ཀྱང་དབྱིན་སྐད་ཀྱིས་བངས་བ་ལེགས་པོ་མཐོང་མ་སོང་། རྗེས་སོར་ཅི་ན྄ུས་ཀྱང་རང་སྐད་ཀྱིས་གཏོང་རོགས།

  2. ལྡོང་སྐལ་བཟང་།

    ཁ་གསལ་བའི་སྙན་ངག་གི་མཆོད་པ།

    ཀ་ཁའི་ག་ངའི་ཀློང་ལ་ཁྱོད་རང་འཁྲུངས།།
    ཀ་ཁའི་སྲས་མོ་ཚེ་དབང་ལྷ་མོ་ཡིན།།
    ཀ་ཁ་ག་ངར་གྲུབ་པའི་སྙན་ངག་འདི།།
    ཀ་ཁའི་སྲས་མོ་ཁྱོད་ལ་དུང་བས་མཆོད།།

    གངས་རི་དཀར་པོའི་འདབས་ན་ཁྱོད་རང་འཁྲུངས།།
    གངས་རིའི་བུ་མོ་ཚེ་དབང་ལྷ་མོ་ཡིན།།
    གངས་རིའི་བུ་ཆུང་ང་ཡི་སྙན་ངག་འདི།།
    གངས་རིའི་བུ་མོ་ཁྱོད་ལ་དགའ་བས་མཆོད།།

    ཁ་བ་ཅན་གྱི་པང་ན་འཛུམ་གྱིས་འཁྲུངས།།
    ཁ་བའི་ལང་ཚོ་འཛིན་པའི་གངས་མོ་ལགས།།
    ཁ་བའི་མདངས་ལས་གཙང་བའི་སྙན་ངག་འདི།།
    ཁ་བའི་མེ་ཏོག་ཁྱོད་ལ་གསང་བས་མཆོད།།

    ལྡོང་སྐལ་བཟང་ནས།

  3. ལྡོང་སྐལ་བཟང་།

    ན་གཞོན་གསར་པའི་ནང་གི་ན་གཞོན་མ།།
    ན་གཞོན་ང་ཡི་སྙིང་གི་དུམ་བུ་ཡིན།།
    ན་གཞོན་ཁྱོད་ལ་དགའ་མཁན་མང་མོད་ཀྱང་།།
    ན་གཞོན་ཁ་ཁོག་མེད་པ་ང་ལས་སུ།།
    ལྡོང་སྐལ་བཟང་། ༢༠༡༥/༥/༡༧

  4. ལྡོང་སྐལ་བཟང་།

    བརྩེ་བས་བསྟེན་པའི་ལན་ཀན།

    ལྡོང་སྐལ་བཟང་།

    ཆུ་ཡི་ཟེགས་མའི་ངོགས་སུ་འཛུམ་མདངས་དཔྱང་།།
    མཁའ་ཡི་ཟླ་དཀར་ཁྱོད་ཀྱང་ཆུ་ལ་གཡེངས།།
    བདག་གི་སེམས་ཀྱི་བུ་མོའི་ལག་ཟུང་ཡང་།།
    ཆུ་བོ་འཁྱོར་གང་གཟེད་ནས་སུ་ལ་བཏེགས།།
    བརྩེ་དུང་ལན་ཀན་བསྙེས་ནས་ཆུ་ལ་སྒུག།
    ཐོད་ལག་ཉི་མར་གཏད་ནས་ཁྱོད་ལ་བལྟས།།
    བདག་དང་ཁྱོད་ཀྱིས་གཅིག་སྒུག་གཅིག་བལྟས་རེད།།

    ༢༠༡༥/༢/༢༤

  5. ལྡོང་སྐལ་བཟང་།

    འཇིག་རྟེན་སྟོད་ཁྲ་སྨད་ཁྲ།། ཅི་འདྲའི་ཁྲ་ཁྲ་ཡིན་ཡང་།། ཨ་ཅེ་ལྷ་མོའི་སེམས་པ།། གངས་རི་བཞིན་དུ་དཀར་རྐྱང་།། འཚོ་བ་ཕྱི་ཁྲ་ནང་ཁྲ།། ཅི་འདྲའི་ཁྲ་ཁྲ་ཡིན་ཡང་།། ཨ་ཅེ་ལྷ་མོའི་བརྩེ་བ།། མེ་དཔུངས་བཞིན་དུ་དམར་རྐྱང་།། ལྡོང་སྐལ་བཟང་།

  6. ཀུན་བཟང་རྡོ་རྗེ།

    ཚེ་དབང་ལྷ་མོའི་གླུ་གཞས་ཀྱི་མདུན་ལམ་ཡངས་ཤིང་ཆེ་བས།ཁོ་མོས་གཟུར་གནས་ཀྱི་གདམ་ཀ་དང་ཐོལ་བརྒལ་གྱི་འཚོལ་བསྙེག་ལ་ང་ཚོས་ཡིད་ཆས་བྱེད་དགོས།

  7. ལྡོང་སྐལ་བཟང་།

    འཇིག་རྟེན་མཛེས་པ་ཡོད་ཚད་བསྣམས་པ་དེ།།
    མི་ཡུལ་ལེགས་བྱས་ཡོད་ཚད་བསྡུས་པ་དེ།།
    ས་ཆེན་གོ་ལར་སྙན་པ་འཕུར་བ་དེ།།
    ཁམས་ཀྱི་སྲས་མོ་ཚེ་དབང་ལྷ་མོ་རེད།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།