མཐོ་སྒང་གི་འབྲོག་གླུ་སྙན་མོ།

མཐོ་སྒང་གི་འབྲོག་གླུ་སྙན་མོ།
ངོ་སྤྲོད་མདོར་བསྡུས།

26498E52-131A-4FF1-AB5F-80391F56E50F
གླུ་མ་མཚོ་མོ་ནི་1990ལོའི་ཟླ་10པའི་ཚེས་གཅིག་ཉིན་ཁམས་རྟའུ་གཡུ་ཁོག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་བོད་རང་གི་དམངས་གཞས་སྒྱུ་རྩལ་ལ་དགའ་པོ་ཡོད་པར་མ་ཟད། ན་ཆུང་བྱིས་པ་དག་གི་གྲས་ཀྱི་སྒྱུ་རྩལ་བ་ཆུང་ཆུང་ཞིག་ཀྱང་ཡིན། 2009ལོ་སྟེ། མོ་རང་མོ་ལོ་བཅུའི་ལང་ཚོའི་རྫོགས་པའི་དུས་ཚིགས་དེར་ན་ཆུང་གི་རྩེད་གླུ་ཞེས་པའི་གླུ་དབྱངས་ཆེད་བསྒྲིགས་ཤིག་ཏུ་ཕ་ཡུལ་གཡུ་ཁོག་ཅེས་པའི་གླུ་གཞས་ཤིང་འགྲེམ་སྤེལ་བྱས་ཏེ་སྒྱུ་རྩལ་གྱི་ལམ་ལ་ཐོག་མར་ཞུགས་ཤིང་། 2012ལོར་མོ་རང་གི་ཆེད་བསྒྲིགས་ཟེར་སྡེར་དང་པོ་༼གཡུ་གླིང་བུ། ༽འགྲེམ་སྤེལ་བྱས། མོ་རང་སྔ་གཞུག་ཏུ་བཙན་པོ་སྦྲ་ཁྱིམ་དང་། ཁམས་ཀྱི་ལོ་གསར་སྤྲོ་འཚོག་སོགས་བོད་ཀྱི་རིག་རྩལ་དགུང་ཚོགས་དུ་མར་མཉམ་ཞུགས་བྱས་ཤིང་། ཕ་སྐད་གཙང་མའི་སྙན་འཇེབས་ཀྱི་དབྱངས་རྟ་རེ་རེའི་ཁ་བ་ཅན་པའི་རི་ཆུ་ལུང་གསུམ་གྱི་མཛེས་པ་ངག་ལ་གྱེར་བས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་བླ་མེད་ཐོབས་བཞིན་ཡོད།
གླུ་གཞས་འདི་ནི་ཁོང་གིས་བླངས་བའི་འབྲོག་གླུ་སྙན་མོ་ཞིག་སྟེ། གླུ་གཞས་འདིས་ཁྱེད་ལ་མཐོ་སྒང་གི་མཁའ་དབུགས་གཙང་མ་རོལ་མྱོང་བྱེད་དུ་འཇུག་ཐུབ།

One thought on “མཐོ་སྒང་གི་འབྲོག་གླུ་སྙན་མོ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།