བོད་ཀྱི་སློབ་གསོའི་ངོས་ཀྱི་གནད་འགའ་གླེང་བ། (བརྙན།)

སྟོད་ཆ།

སྨད་ཆ།


བོད་ཀྱི་སློབ་གསོའི་ངོས་ཀྱི་གནད་འགའ་གླེང་བ།
གདན་ཞུའི་སྐུ་མགྲོན། ནག་ཀྱཱ་བ་ཤ་བོ་ཚེ་རིང་།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
བརྙན་ལེན་པ། རྨེ་བ་ཆོས་འཕེལ།
སྒྲིག་སྦྱོར་བ། ཀླུ་མོ་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།
357A3893

ནག་ཀྱཱ་བ་ཤ་བོ་ཚེ་རིང་ནི། མདོ་སྨད་རེབ་གོང་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས་ཤིང་། ༡༩༩༥ལོའི་ཟླ༧པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་སློབ་མཐར་ཕྱིན།ཆེད་རྩོམ《རོ་སྒྲུང་དང་ཏུང་ཧོང་ལས་ཐོན་པའི་གནའ་བོའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཁག་གཅིག་གི་འབྲེལ་བའི་སྐོར་ཐོག་མར་གླེང་བ》ཞེས་པ《ཀྲུང་གོ་བོད་ཀྱི་ཤེས་རིག》སྟེང་བཀོད་པར་མ་ཟད། བོད་ཁམས་རང་བཞིན་གྱི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས《བོད་ཀྱི་གནའ་བོའི་ཡིག་རྙིང་ཞིབ་འཇུག》ཏུ་བདམས་ལ། ཆེད་རྩོམ་འདི་ཉིད་འཇར་ཕན་གྱི་ཡི་གེ་རུའང་བསྒྱུར་ཡོད།
༡༩༩༨ལོའི་ཟླ༧བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་མཐར་ཕྱིན། ཁོས་རྒྱ་ཡིག་གིས་བྲིས་པའི་དཔྱད་རྩོམ《གེ་སར་སྒྲུང་གི་དམངས་སྲོལ་གྱི་རབ་དབྱེ་འགའ་བརྗོད་པ》ཞེས་པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་དབྱང་ཨེན་ཧོང་ལགས་ཀྱིས་བསྔགས་བརྗོད་ཚད་མེད་གནངས། ཆེད་རྩོམ《གེ་སར་སྒྲུང་ལས་བླའི་རིག་གནས་སྐོར་རགས་ཙམ་བརྗོད་པ》པ་ལ་བོད་ཀྱི་ཤེས་རིག་སྨྲ་བ་ཁྲུན་ཆིན་དབྱིན་སོགས་ཀྱིས་དགའ་བསུ་ཐོབ།
༢༠༡༢ལོའི་ཟླ༢བར་ཕྱི་རྒྱལ་དུ་སློབ་འགྲིམས་སུ་བསྐྱོད། དབྱིན་ཇིའི་རཱེན་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་གཙོ་ལ་ཉམས་ཞིབ་མཛད། དབྱིན་ཇིའི་སློབ་གྲྭ་ཆུང་འབྲིང་ཁག་ནས་སློབ་གསོ་དོ་དམ་དང་སློབ་གསོའི་སྒྲིག་གཞི། ཁོར་ཡུག སློབ་ཁང་སློབ་ཁྲིད། དགེ་སློབ་བར་གྱི་བྱ་འགུལ། སློབ་མའི་སེམས་ཁམས་དང་འཚོ་བ་སོགས་ཀྱིས་མཚོན་པའི་སློབ་གསོ་ལ་ཡུལ་དངོས་རྟོག་དཔྱོད་གནངས། གཞན་ཡང་ཅན་ཆའོ་དང་ཉིག་ཅིན་སློབ་ཆེན་སོགས་ས་གནས་དང་གྲོང་ཁྱེར་བཅོ་ལྔ་ཙམ་ལ་བསྐྱོད་དེ་ཡོ་རོབ་གླིང་གི་ཤེས་རིག་ལ་འཚོལ་ཞིབ་མཛད།
ད་ལྟ་ཁོས་མདོ་སྨད་རེབ་གོང་རྫོང་གི་སློབ་དཔྱོད་ཁང་དུ་སློབ་གསོའི་བྱ་བ་གཉེར་བཞིན་ཡོད།

One thought on “བོད་ཀྱི་སློབ་གསོའི་ངོས་ཀྱི་གནད་འགའ་གླེང་བ། (བརྙན།)

  1. ལྷ་མོ

    རྒན་ལགས་ཀྱིས་སློབ་གསོའི་ངོས་ནས་བགྲོ་གླེང་གནད་དུ་ཐིངས་ཞིང་དོན་སྙིང་ལྡན་པ་ཞིག་བྱས་འདུག བཀའ་དྲིན་ཆེ། གཞོན་གསར་ཚང་གིས་ མུ་མཐུད་འདི་འདྲ་སྤེལ་ན་དངོས་གནས་ཡག་པོ་རེད། ཕན་ཐོགས་ཆེན་པོ་འདུག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།