བོད་ཀྱི་ཟློས་གར་གྱི་རིན་ཐང་དང་དེའི་གནས་བབ་སྐོར་གླེང་བ།

 

སྟོད་ཆ།

བོད་ཀྱི་ཟློས་གར་གྱི་རིན་ཐང་དང་དེའི་གནས་བབ་སྐོར་གླེང་བ།
གདན་ཞུའི་སྐུ་མགྲོན། ཨ་ལོ་རིན་ཆེན་རྒྱལ་པོ།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
བརྙན་ལེན་པ། རྨེ་བ་ཆོས་འཕེལ།
སྒྲིག་སྦྱོར་བ། པདྨ་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།

སྨད་ཆ།

བོད་ཀྱི་ཟློས་གར་གྱི་རིན་ཐང་དང་དེའི་གནས་བབ་སྐོར་གླེང་བ།
གདན་ཞུའི་སྐུ་མགྲོན། ཨ་ལོ་རིན་ཆེན་རྒྱལ་པོ།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
བརྙན་ལེན་པ། རྨེ་བ་ཆོས་འཕེལ།
སྒྲིག་སྦྱོར་བ། པདྨ་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།


357A3912 (2)

ཨ་ལོ་རིན་ཆེན་རྒྱལ་པོ།  ༡༩༦༦ལོར་རེབ་གོང་ཞོ་འོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ།རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ། ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཀྱི་ཟློས་གར་གྱི་ཚབ་མཚོན་རང་བཞིན་རྒྱུད་འཛིན་མི་སྣ།ཀྲུང་གོ་གྲང་ཉུང་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཚོགས་མི། དགེ་འདུན་ཆོས་འཕེལ་སློབ་གསོ་ཐེབ་རྩ་ཚོགས་པའི་ཀྲུའུ་ཞི་གཞོན་པ།

གངས་ལྗོངས་དམངས་སྲོལ་གླུ་གར་ཆེན་མོ《ཤམ་བྷ་ལའི་སྨོན་འདུན》གྱི་སྤྱིའི་ཇུས་འགོད་པ་དང་སྤྱིའི་འཁྲབ་ཁྲིད་པ། བོད་ཀྱི་ཟློས་གར་ཆེན་མོ《གསེར་གྱི་སྐྱ་རེངས》དང《ན་བཟང་གོང་མའི་སྐྱོ་གླུ》《སྐལ་བཟང་མེ་ཏོག་བཞད་པའི་དུས》སོགས་ཀྱི་འཁྲབ་ཁྲིད་པ། 《བོད་ཀྱི་ཟློས་གར་འཁྲབ་གཞུང་འཇིག་རྟེན་དགྱེས་པའི་མཆོད་སྤྲིན》ཞེས་པའི་གཙོ་སྒྲིག་གཞོན་པ། ༡༩༨༩ནས༡༩༩༡ལོའི་བར་ཧྲང་ཧེ་ཟློས་གར་སློབ་གླིང་དུ་ཟློས་གར་རྩོམ་རིག་སྐོར་ལ་གསབ་སྦྱོང་བྱས། ༡༩༩༧ནས༡༩༩༨ལོར་བར་པེ་ཅིང་རྒྱང་སྒྲོག་སློབ་གླིང་དུ་རིག་གནས་སྒྱུ་རྩལ་སྐོར་གསབ་སྦྱོང་བྱས། ༡༩༨༥ནས་བཟུང་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ། གླུ་ཚིག་འཁྲབ་གཞུང་སོགས་རྩོམ་རིག་བརྩམས་ཆོས་བརྒྱད་ཅུ་ལྷག་གཞུང་སྒེར་གྱི་དུས་དེབ་སྟེང་སྤེལ་ཅིང་། བརྩམས་ཆོས་སྐོར་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། སྔ་ཕྱིར《ཀྲུང་གོའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ངོ་སྤྲོད》དང《བོད་བརྒྱུད་ནང་བསྟན་ལྷ་རིས་གསལ་འགྲེལ》《གངས་ལྗོངས་གནའ་རྫས་འགྲེལ་བཤད》སོགས་དཔེ་དེབ་མང་དུ་བརྩམས། ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་ན་གཞོན་རིག་རྩལ་བྱ་བའི་སྤྱོད་ཡོན་གཉིས་ལྡན་གྱི་གཟེངས་རྟགས་ཐོབ། ༢༠༠༦ལོ་ནས་ད་ལྟའི་བར་དུ་དམངས་སྲོལ་གླུ་གར་ཆེན་མོ《རེབ་གོང་གི་མཚར་ཉམས》དང་ལོ་རྒྱུས་ཟློས་གར་ཆེན་མོ《སྲོང་བཙན་སྒམ་པོ》གཉིས་བརྩམས་ཤིང་། དེའི་ཁྲོད་ཀྱི《རེབ་གོང་གི་མཚར་ཉམས》ཞེས་པས༢༠༡༢ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་རྩལ་ལྷན་འཁྲབ་ཀྱི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་བླངས་ཤིང་། ༢༠༡༣ལོའི་ཟླ༡༠པར་སྐབས་བཅུ་བའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་པར་མ་ཟད། སྐབས་བཅུ་བཞི་བའི་བུན་ཧཱ་རྟགས་མའི་འགྲན་བསྡུར་ཁྲོད་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་དང་བུན་ཧཱ་འཁྲབ་གཞུང་རྩོམ་པ་པོའི་བྱ་དགའ་ཐོབ། ༢༠༡༥ལོར་བོད་ཀྱི་རྣམ་ཐར་ཟློས་ག་ཆེན་མོ《ཐང་སྟོང་རྒྱལ་པོ》ཞེས་པར་འཁྲབ་ཁྲིད་བྱས། ཁོང་གིས་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་ལོ་རྒྱུས་ཟློས་གར་ཆེན་མོ《སྲོང་བཙན་སྒམ་པོ》ཞེས་པར༢༠༡༤ལོར་སྐབས་བདུན་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་ཅིང་། ༢༠༡༥ལོར་ཀྲུང་གོ་རྒྱལ་ཁབ་ཀྱི་སྒྱུ་རྩལ་རོགས་དངུལ་རྣམ་གྲངས་སུ་བདམས་ནས་མི་འགྱངས་པར་སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ལྷན་འཁྲབ་འགྲན་བསྡུར་ཆེན་མོ་ཞུགས་འཆར་ཡོད་དོ། །

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།