བོད་ཀྱི་གཅེས་ཕྲུག — 2016ལོའི་ཆེས་ཕུལ་དུ་བྱུང་བའི་གཞས་ཤིག

མི་རེ་རེ་ལ་རང་གི་འཚོལ་སྙེག་རེ་ཡོད། མི་རེ་རེ་ལ་རང་གི་དགའ་ཕྱོགས་རེ་ཡོད། ངེད་ཀྱི་ངོས་ནས།  དཔལ་ཆེན་དབང་རྒྱལ་ལགས་ཀྱིས་བླངས་པའི་གཞས་འདི་ནི། ཚིག་དང་དབྱངས། བརྙན་ཕབ། ཁ་དོག་སྣོན་འཕྲི། སྒྲིག་སྦྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་2016ལོའི་ཆེས་ཕུལ་དུ་བྱུང་བའི་གཞས་ཤིག་ཏུ་འདོད་པས། འདིར་ཆེད་དུ་འོས་སྦྱོར་བྱས་པ་ཡིན་ནོ།

——གཞོན་གསར་དྲ་བ།


640

དཔལ་ཆེན་དབང་རྒྱལ། ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་པའི་འབྲོག་ཕྲུག་ཅིག་ཡིན་ལ། ཁོའི་ཁྱིམ་ཚང་ཡང་འབྲོག་ཁྱིམ་ཕལ་མོ་ཆེ་གཞན་དག་དང་འདྲ་བར། ཁྱིམ་ཚང་གི་འཚོ་བ་དང་བདེ་སྐྱིད་ཀྱི་ཆེད་དུ། ཨ་མ་ལགས་གཡང་ཁྱིམ་དྲོན་མོ་སྲུང་མཁན་དང་ཨ་ཕ་ལགས་ནི་ཕྱི་ལ་འགྲིམས་མཁན་ཞིག་ཡིན།

640

    ཁོ་ཚང་ལ་མིང་སྲིང་བརྒྱད་ཡོད་ལ་ཁོ་ནི་སྤུན་གསུམ་པ་ཡིན། ལོ་ན་བཅུ་ལྷག་ལ་སོན་པའི་སྐབས་སུ་ཁོས་སློབ་སྦྱོང་གི་ལམ་བུ་གདམས་ཤིང་། རིམ་བཞིན་རོལ་མོ་དང་ཞེ་སྣང་བ་མཐུན་ཏེ་རོལ་མོ་བའི་ལམ་ཁར་ཞུགས་མགོ་བརྩམས།

22

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།