འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ན་གཞོན་གསར་བའི་ལམ་བུ།

གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་བཅར་འདྲི་བྱས་པ།

ལེ་ཚན། གཞོན་གསར་གླེང་སྟེགས། གདན་ཞུའི་སྐུ་མགྲོན། པདྨ་ཚེ་བརྟན།
བཅར་འདྲིན་མཁན། རྣོ་སྦྲེང་། བརྙན་ལེན་པ། ཀུན་དགའ།
བཅར་འདྲི་བྱེད་ཡུལ། གཙུག་ན་ཏོག་ཚང་།
གཙོ་སྒྲུབ། གཞོན་གསར་དྲ་བ།

 

2001112263

པདྨ་ཚེ་བརྟན། འཁྲབ་ཁྲིད་པ། སྒྲུང་གཏམ་དང་འཁྲབ་གཞུང་རྩོམ་པ་པོ། སྐད་གཉིས་ལོ་ཙཱ་བ།


   ཁོང་གིས་སྔ་ཕྱིར་གློག་བརྙན《རྩྭ་ཐང》དང་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།》《དྲི་མེད་ཀུན་ལྡན་འཚོལ་བ།》《ཁྱི་རྒན།》《གཡང་མདའ》《ཐར་ལོ》སོགས་ཕབ་སྐྲུན་བྱས་ཤིང་། རྒྱལ་སྤྱིའི་སྒྱུ་རྩལ་གློག་བརྙན་འཁྲབ་ཁྲིད་པའི་སྡེ་རུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས། རྒྱལ་སྤྱིའི་སྒྱུ་རྩལ་གློག་བརྙན་གྱི་ཞིང་ས་ཆེན་པོ་རུ་གངས་འདབས་ནས་ཆས་པའི་ཕོ་ཁྱོ་ཀ་ཞིག་གི་བརྩམས་ཆོས་སྣ་ཚོགས་ང་རྒྱལ་གྱིས་ཚུགས་ཐུབ་པ་ནི། འཁྲབ་ཁྲིད་པ་ཁོ་རང་གི་གཟི་བརྗིད་དང་ཆོལ་གསུམ་བོད་མིའི་གཅེས་ནོར་ཞིག་ཀྱང་ཅི་ལ་མིན།

1147803920

 འདིར་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་《ཐར་ལོ》གློག་བརྙན་ཁང་དུ་སྟོན་པར་བྲེལ་འཚུབ་ཀྱི་ཡོ་ལང་རྣམ་པར་རྒོད་པའི་དུས་སྐབས་ཤིག་ལ། ངེད་དྲ་བས་ཁོང་《གཞོན་གསར་གླེང་སྟེགས》སུ་གདན་འདྲེན་ཞུས་ཏེ། དྲ་གྲོགས་མང་པོ་ཞིག་གི་དྲི་བར་ལན་བསྐྱོན་དུ་བཅུག་ཡོད་པ་དང་། གློག་བརྙན་སྤྱིའི་འཕེལ་ཕྱོགས་དང་གནས་བབ། སྒོས་སུ་བོད་ཀྱི་གློག་བརྙན་ལམ་ཁ་སོགས་ཀྱི་ཐད་ནས་གཏམ་གླེང་མང་དུ་བྱས་ཡོད་པས། སྐུ་ཉིད་ཀྱིས་སོས་དལ་བག་ཕེབས་ཀྱི་སྒོ་ནས་ཁོང་གི་བཅར་འདྲི་འདི་ལ་གཟིགས་པར་དགའ་བསུ་ཞུ།

 མཐར་གློག་བརྙན་《ཐར་ལོ》རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་བསྐྱོད་དེ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།

876836331

 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།