སྙན་ངག་གྱེར་འདོན་ཆེད་བསྒྲིགས་འཕུར་སྐྱོད་ཀྱི་རྨི་ལམ་ཞེས་པ་འགྲེམ་ལ་ཉེ།

5

འདིར་གུས་པོ་རང་གིས་རྩོམ་འབྲི་དང་གྱེར་འདོན་བྱས་ཤིང་ལྷག་བསམ་རྣམ་པར་དཀར་བའི་གྲོགས་པོ་འགའ་རེའི་རོགས་རམ་དང་རྒྱབ་སྐྱོར་འོག་ཕབ་བསྐྲུན་བྱས་པའི་སྙན་ངག་གྱེར་འདོན་གྱི་ཆེད་བསྒྲིགས་ཟེར་སྡེར་《འཕུར་སྐྱོད་ཀྱི་རྨི་ལམ་》ཞེས་པ་འདི་མི་འགྱང་བར་ཚོང་རར་འགྲེམ་ལ་ཉེ་ཞིང་། འདིའི་ནང་དུ་རང་ཉིད་གྲྭ་པ་ཞིག་ཡིན་པ་དང་། ཐོན་རྫས་འདི་ཡང་མང་ཚོགས་སུ་དགྲམ་རྒྱུ་ཞིག་ཡིན་ངོས་ནས་སྒྱུ་རྩལ་རྐྱང་གཉེར་དང་། ཚིག་འཕྲུལ་གཙོར་འདོན་བྱེད་རྐྱང་མ་བྱས་པར་མིའི་རིགས་སྤྱི་སྒེར་གྱི་འཚོ་གནས་གནད་དོན་དང་འབྲེལ་བ་ཡོད་པའི་འཆར་སྒོ་འགའ་གོ་སླ་ཞིང་གཅོད་བདེ་བའི་རྩོམ་ཚན་དུ་བཅོས་ཏེ་གྱེར་འདོན་བྱས་ཡོད།སྐབས་འདིར་བདག་གི་མགྲིན་ལམ་ན་ད་དུང་བཤད་འདོད་པའི་སྐད་ཆ་ཞིག་ལྷག་ཡོད་པ་ནི།ཟེར་སྡེར་འདི་ནི་བོད་ལ་མཚོན་ན་ཆོལ་ཁ་གསུམ་ཀའི་སྐད་ཀྱིས་གྱེར་འདོན་བྱས་པ་ཐེངས་དང་པོ་དང་།གྱེར་འདོན་གྱི་རྒྱབ་བརྙན་ཆེད་དུ་ཕབ་བསྐྲུན་བྱས་པ་དང་འགྲོ་གྲོན་དང་དཀའ་ཚེགས་མང་ཙམ་བརྒྱབ་པའི་མི་སྒེར་གྱེར་འདོན་བརྩམས་ཆོས་ཐོག་མ་དེར་གྱུར་ཡོད་ནའང་།བྱེད་པོ་རང་ཉིད་མ་གཞིར་སྒྱུ་རྩལ་རྩོམ་རིག་གི་གོ་རྟོགས་དང་བྱང་ཚད་ཞན་པ་དང་།འུ་ཅག་བོད་ལ་གྱེར་འདོན་སྙན་ངག་སོགས་གྱེར་འདོན་རིག་གནས་ཀྱི་མ་ལག་ཆ་ཚང་བ་ཞིག་ད་དུང་གྲུབ་མེད་པ་དང་། གུས་པ་མི་རིགས་གཞན་པའི་རིག་གནས་ལ་རྒྱུས་ལོན་བྱས་ཚད་དམའ་དྲག་པ་བཅས་ཀྱི་རྐྱེན་ལས།འདིའི་རྩོམ་འབྲི་དང་བརྙན་ཕབ།སྒྲིག་སྦྱོར་སོགས་ཀྱི་རྒྱུད་རིམ་ཀུན་ཏུ་ཁ་ཕྱོགས་མི་རྙེད་པ་དང་གཞི་འཛིན་ས་མ་རག་པའི་དཀའ་ངལ་སྣོན་མར་བྱུང་བ་མ་ཟད།སྒྲིག་སྦྱོར་སོགས་གང་འཚམ་གྲུབ་ཟིན་པའི་སྐབས་འདིར་ཡང་བདག་གི་སེམས་ཁོང་ནི་ཡང་སྙིང་སྙན་ངག་གྱེར་འདོན་ཞེས་པ་འདི་ལྟར་ཕབ་བསྐྲུན་བྱེད་པར་འོས་སམ་དང་བརྙན་ལམ་ནས་སྙན་ངག་གི་རོ་བྲོ་ཇི་ལྟར་མཚོན་དགོས་སམ་སོགས་ཀྱི་འདྲི་ཚིག་དང་སོམ་ཉིས་ཁེངས་ཡོད་པས་ཁྱེད་རྒྱ་ཆེའི་གསན་གཟིགས་མཁན་དག་གིས་བསམ་གཞིག་དང་དགོངས་འཆར་ལྷུག་སྩོལ་གནང་བ་བརྒྱུད།ཕ་ཡུལ་གངས་རིའི་ལྗོངས་འདིར་རང་སྐྱ་ཐུབ་པའི་གྱེར་འདོན་རིག་གནས་ཀྱི་མ་ལག་ཅིག་འཛུགས་སྐྲུན་གྱིས་ཕྱོགས་ཟུར་དང་རྣམ་པ་མི་འདྲ་བའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པའི་རེ་སྨོན་ཡང་ཡང་ཞུ་བ་ལགས།

2015/12/5 གུས་བོད་ལྕེས་རྒྱ་ནག་སྤོས་ལྡན་ནས་མྱུར་སྟབས་ཀྱིས་ཕུལ།

སྡེབ་འཚོང་དང་སིལ་འཚོང་གི་འབྲེལ་གཏུག་བྱེད་ས།
18297063020
18942831367

6

 

One thought on “སྙན་ངག་གྱེར་འདོན་ཆེད་བསྒྲིགས་འཕུར་སྐྱོད་ཀྱི་རྨི་ལམ་ཞེས་པ་འགྲེམ་ལ་ཉེ།

  1. ཁ་བ།

    ངོ་མ་དགོད་སྐྱེད་རེད། གྲྭ་བའི་གླུ་གཞས་ཆེད་བསྒྲིགས། གྲྭ་བའི་སྙན་ངག་གྱེར་འདོན་ཆེད་བསྒྲིགས། གྲྭ་བའི་་་་་ ཁ་རྩང་དེ་རིང་གི་གྲྭ་བ་ཚོར་འཚོ་བའི་དཀའ་ཁག་མེད་པ་དང་གཅིག ཧ་ཅང་ཁོམ་དྲག་པ་དང་གཉིས། སྤྱི་ཚོགས་ཀྱི་གནོན་ཤུགས་མེད་གསུམ་སོགས་ཀྱིས། དམངས་ཁྲོད་ན་འདི་ལྟར་སྨྱོ་གར་འདྲ་མི་འདྲ་སྣ་དགུ་སྒྱུར་བཞིན་འདུག འདི་ནི་དོན་དངོས་ཆོས་ལུགས་པའི་རུལ་སུངས་དང་གད་སྙིགས་ཀྱི་ཐོན་རྫས་ཙམ་ལས་ཅིའང་མ་རེད། བོང་རྒན་མགོ་རིལ་འདི་ཚོས་ངོ་མ་ཉོག་བསྲེས་འུ། མགོ་རྔ་ཟེར་བ་ཞིག་ཁྱོན་ནས་མི་འདུག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།