རང་ཉིད་ཀྱི་སློབ་གསོ་གླེང་བ།

jk_1

ཇེ་ཀེར་ཤི་ནཱ་མོར་ཌེ་J.Krishnamurti ཡི་<<   འཚོ་བའི་རྣམ་བཤད །   >>  ཞེས་པའི་དབྱིན་ཡིག་བརྩམས་ཆོས་ལས།

ཆབ་འགག་ལྗང་ལོས་བསྒྱུར །

 

འཛམ་གླིང་འདིའི་ནང་གི་དཀའ་ངལ་ནི་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པའི་རྙོག་འཛིངས་ཞིག་རེད ། ང་ཚོས་དཀའ་ངལ་དེའི་གནས་ལུགས་རྟོགས་པ་དང་དོགས་གནད་སེལ་བ་ལ་ངེས་པར་དུ་ང་ཚོའི་སྤྱོད་ཚུལ་གྱི་ཁ་ཕྱོགས་འཚོལ་བ་དང་ཉེ་བར་བསྐྱོད་དགོས།

ཕྱི་ངོས་ཀྱི་གནས་ཚུལ་ལ་མ་བརྟེན་པར་ང་ཚོའི་ཕྱོགས་ལྷུང་དང་སེམས་ཀྱི་ཉམས་འགྱུར་རྟོགས་མི་ནུས ། དེ་བཞིན་ངས་ཁ་ཕྱོགས་སྟོན་པ་ནི ། རྙོག་འཛིངས་ཅན་གྱི་དཀའ་ངལ་སེལ་བ་ནི་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ཇི་ལྟར་སྒྲུབ་པའི་འཆར་གཞི་བརྒྱུད་ནས་སེལ་བར་མི་ནུས་པ་མ་ཟད ། དབུ་ཁྲིད་གསར་བའི་རྙིང་པའི་ཚབ་བྱེད་ནས་དེ་བས་ཀྱང་སེལ་མི་ནུས །

 

དཀའ་ངལ་དེ་དག་ནི་གནོད་འཚེ་དང་དཀའ་ངལ་གསར་གཏོད་མཁན་གྱི་ནང་དུ་མངོན་གསལ་ངང་གནས་བར་མ་ཟད ། འགྲོ་བ་མིའི་རིགས་བར་ཞེ་འཁོན་འཛིན་པ་དང་གོ་ནོར་ལོག་པའི་ངང་གནས་ཡོད ། དཀའ་ངལ་གསར་གཏོད་མཁན་དང་ཡང་ན་རྙོག་འཛིངས་གསར་གཏོད་མཁན་ནི་སྒེར་ལས་བྱུང་བ་ལས་འཛམ་གླིང་ལས་བྱུང་བ་མ་ཡིན་ ། དཔེར་ན ། ང་དང་ཁྱོད་ལྟ་བུའོ ། ང་ཚོས་དེ་ལ་བསམ་བློ་ཞིག་གཏོང་དང་ ། འཛམ་གླིང་དང་སྤྱི་ཚོགས་ནི་ཁྱོད་དང་གཞན་བར་གྱི་འབྲེལ་ལམ་བཟང་ཤོས་དེ་ཡིན ། འཛམ་གླིང་ནི་ཁྱོད་དང་ང་གཉིས་ཐ་དད་དུ་གནས་བའི་བྱ་དངོས་ཤིག་དེ་བས་མ་ཡིན ། འཛམ་གླིང་དང་སྤྱི་ཚོགས་ནི་ང་ཚོ་ཕན་ཚུན་བར་འབྲེལ་ལམ་གསར་སྐྲུན་བྱེད་པའི་དངོས་པོ་ཁོ་ནའོ །

དེའི་ཕྱིར། ང་དང་ཁྱོད་ཀྱི་དཀའ་ངལ་ནི་འཛམ་གླིང་དང་སྤྱི་ཚོགས་ཀྱི་དཀའ་ངལ་མ་ཡིན་ནོ ། རྒྱུ་མཚན་འཛམ་གླིང་ནི་ང་ཚོ་རང་ཉིད་ཀྱི་བློའི་འཆར་སྣང་ཞིག་ཡིན་པས་དེའི་གནས་ལུགས་རྟོགས་དགོས་པའི་ཕྱིར། དེ་རྟོགས་པ་ལ་ང་ཚོས་རང་ཉིད་ངེས་པར་དུ་རྟོགས་དགོས ། འཛམ་གླིང་ནི་ང་ཚོ་དང་ཐ་དད་པ་ཞིག་མ་ཡིན་ནོ །  རྒྱུ་མཚན་ང་ཚོ་ནི་འཛམ་གླིང་རེད ། ང་ཚོའི་དཀའ་ངལ་ནི་འཛམ་གླིང་གི་དཀའ་ངལ་རེད ། རྒྱུ་མཚན་ང་ཚོའི་བསམ་བློའི་ཆུ་ཚད་ཧ་ཅང་སྒྱིད་སྙོམ་ཞིག་རེད ། ང་ཚོས་བསམ་པར་འཛམ་གླིང་གི་དཀའ་ངལ་ནི་ང་ཚོ་མི་རེ་རེའི་ལས་འགན་མ་ཡིན་པར་འདོད ། དཀའ་ངལ་དེ་དག་ནི་གོང་བུར་སྒྲིལ་བའི་རྒྱལ་ཁབ་དང་ཡང་ན་འགོ་ཁྲིད་གསར་བའི་རྙིང་པའི་ཚབ་བྱེད་ནས་སེལ་དགོས་བར་འདོད །  དོན་དངོས་མར་དེ་ལྟ་བུའི་བསམ་བློའི་འཁྱེར་སོ་ནི་ཧ་ཅང་གླེན་པ་དང་ཀུན་ནས་མཚུངས །

འཛམ་གླིང་འདིའི་ནང་དུ་ང་ཚོའི་འགན་འཁྲི་ནི་འཇིགས་སྣང་ཆེ་བའི་རྙོག་འཛིང་དང་མི་དག་སྡུག་བསྔལ་གིས་མནར་བའི་ཉེན་ཚབས་ཆེ་བའི་དམག་འཁྲུག་རེད ། དེའི་ཕྱིར ། འཛམ་གླིང་ཡོངས་སུ་རྣམ་པར་བསྒྱུར་བ་ལ་ཐོག་མར་ང་ཚོ་རང་ཉིད་ནས་འགོ་རྩོམ་དགོས ། ཅི་ཞིག་འཛམ་གླིང་བསྒྱུར་ཇུས་ཀྱི་དགོས་དོན་གལ་གནད་ཡིན་པ་ཐོག་མར་རང་ཉིད་ནས་གནས་ལུགས་རྟོགས་དགོས་པ་མ་ཟད་དེ་དང་ཁ་བྲལ་མི་རུང་ངོ ་། ཡང་ན་གཡས་ཕྱོགས་དང་གཡོན་ཕྱོགས་གང་རུང་གཅིག་གི་གསར་བརྗེའི་ལམ་ནས་འཛམ་གླིང་གི་དཀའ་ངལ་ལ་སྒྱུར་བཅོས་བྱེད་དགོས། དེ་ནི་གལ་ཆེའི་རང་བཞིན་གྱི་གནས་ལུགས་རྟོགས་དགོས་བའི་ང་ཚོའི་འགན་འཁྲི་རེད ། གཅིག་བྱས་ན་ཁྱོད་དང་ང་གཉིས་འཛམ་གླིང་གི་ཡུལ་གྲུ་ཆུང་ཆུང་རེ་ན་འཚོ་བཞིན་མཆིས་མོད ། འོན་ཀྱང་ ། ཉིན་རེའི་ང་ཚོའི་འཚོ་བའི་ཁྲོད་ན་རང་ཉིད་ཀྱི་གཞི་རྩ་ཡོད་ཚད་སྒྱུར་བཅོས་བྱེད་ཐུབ་ན་ཕལ་ཆེར་ང་ཚོས་འཛམ་གླིང་ལ་ཕན་ནུས་ཀྱི་ཤུགས་རྐྱེན་འབྱུང་སྲིད ། དེ་ནི་འཇིག་རྟེན་ཕྱི་མའི་འབྲེལ་ལམ་ལའང་ཕན་པ་བཟང་ཤོས་དེ་ཡིན །

དེར་བརྟེན ། ངས་འདི་ལྟར་བརྗོད་མྱོང་ང་ཚོའི་བྱ་བའི་བརྒྱུད་རིམ་གྱི་གནས་ལུགས་རྟོགས་པར་ཐོག་མར་རང་ཉིད་ནས་འབད་བརྩོན་བྱེད་བཞིན་ཡོད ། དེ་ནི་འཛམ་གླིང་ལས་ལོགས་སུ་འདོན་པའི་བརྒྱུད་རིམ་ཞིག་མ་ཡིན་ནོ ། རྒྱུ་མཚན་ང་ཚོ་ནི་འཛམ་གླིང་ལས་ལོགས་སུ་གནས་མེད་པའི་ཕྱིར། ང་ཚོ་འཛམ་གླིང་འདི་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཕྱིར་དེ་དང་ལོགས་སུ་གནས་བ་མ་ཡིན་ནོ ། དོན་དངོས་ང་ཚོ་དང་འཛམ་གླིང་བར་དུ་ཡང་དག་པའི་འབྲེལ་ལམ་གྱི་ཧ་ཅང་འཕོངས་བའོ ། དེ་ལས་ལྡོག་སྟེ་ཕན་ཚུན་བར་དམག་འཁྲུག་དང་སྡུག་བསྔལ ། འགྲན་རྩོད་ཀྱིས་བསྐྱལ་འདུག  གང་ལྟར་ཡང་འཛམ་གླིང་ནི་ཆུང་ཆུང་ཞིག་སྟེ །  གལ་སྲིད་ང་ཚོའི་འབྲེལ་ལམ་ནི་འཛམ་གླིང་ཆུང་ཆུང་འདིའི་ནང་དུ་སྒྱུར་བཅོས་བྱེད་ཐུབ་ན་དེ་ནི་རྒྱ་མཚོའི་རྦ་རླབས་བཞིན་སྐད་ཅིག་དེ་ཉིད་ལ་རྒྱ་ཆེ་རུ་དང་བསྐྱེད་ངེས ། ངས་བསམ་ན་དེ་ནི་རྟོགས་དགོས་བའི་གནད་དོན་ཞིག་དང་འཛམ་གླིང་ནི་ང་ཚོའི་འབྲེལ་ལམ་བཟང་ཤོས་དེ་ཡིན་པར་འདོད །

གལ་སྲིད་རྟོགས་དཀའ་བའི་གནད་དོན་དག་ལ་སྒྱུར་བཅོས་བྱེད་ཐུབ་ན་དེ་ནི་སྣང་ཚུལ་ཙམ་ཞིག་མ་ཡིན་པར་གཞི་རྩའི་རྨང་གཞིའི་སྒྱུར་བཅོས་ཤིག་རེད ། རྗེས་སུ་ང་ཚོས་ཧུར་བརྩོན་དང་གྲུང་ཤ་དོད་པོའི་སྒོ་ནས་འཛམ་གླིང་བཅོས་སྒྱུར་ཞིག་འགོ་རྩོམ་དགོས །   དོན་དངོས་ཀྱི་གསར་བརྗེ་ཞིག་ནི་ནམ་ཡང་དམིགས་བསལ་གྱི་དཔེ་གང་ཡང་བསྟུན་མི་དགོས་པ་ནི་གསར་བརྗེ་ཡི་རིན་ཐང་རེད །   གསར་བརྗེ་ནི་བདེ་སྡུག་གི་ཚོར་བའི་རིན་ཐང་ལས་བྱུང་བ་དང་རང་བྱུང་ཁམས་ཀྱི་ཤུགས་རྐྱེན་ལས་གསར་གཏོད་བྱེད་པ་ཞིག་མ་ཡིན་ནོ །  འཁྲུལ་བ་མེད་པའི་གསར་བརྗེའི་རིན་ཐང་དེ་སྤྱོད་བཟང་གི་རྣམ་པར་སྒྱུར་ངེས ། དེ་ནི་རང་ཉིད་ནས་གནས་ལུགས་རྟོགས་དགོས་བའི་དགོས་གལ་ཆེན་ཞིག་གོ

དེའི་ཕྱིར ། རང་གི་ཤེས་བྱ་ནི་ཐོག་མར་རང་ཉིད་ཀྱི་རྣམ་དཔྱོད་ལས་འགོ་འཛུགས་དགོས་པ་མ་ཟད་སྤྱོད་བཟང་དང་སྒྱུར་བཅོས་ལ་བསྟུན་དགོས་སོ ། དེ་ནི་ཐོག་མར་རང་ཉིད་རྟོགས་དགོས་བར་མ་ཟད་དམིགས་དོན་གྱི་རྟོགས་དགོས །  དེ་ནི་གང་ཞིག་ཏུ་ང་ཚོ་ལ་དཀའ་ཚེགས་ཡོང་བ་དང་འདོད་བློ་མ་ཁེངས་བའི་དབང་གིས་གློ་བུར་དུ་སྒྱུར་བཅོས་བྱེད་པ་དང་ཡང་ན་འདོད་བློ་མ་ཁེངས་བ་དེ་ཡུར་དུ་དྲངས་ནས་ལས་དོན་གཞན་ཞིག་སྒྲུབ་ངེས ། དེར་བརྟེན་ང་ཚོས་ངོ་བོ་མི་འདྲ་བའི་ལས་རིགས་གཉིས་ནས་གང་རུང་བ་གཅིག་འཚོལ་བ་དང་འདོད་དབང་དུ་འཆོར་བའི་དབང་གི་ཡང་ན་ཡིད་མ་ཚིམས་པ ། འཚོ་བའི་བྱ་བའི་བརྒྱུད་རིམ་ཡོངས་རྫོགས་ཡར་འདྲེན་དགོས་པ་དང་དེ་ལ་བརྟེན་ནས་ང་ཚོ་བཏང་སྙོམས་སུ་གནས་ཐུབ ། དེ་ནི་དོན་དངོས་ཀྱི་གནས་ལུགས་རྟོགས་དགོས་བའི་འཚོ་བའི་སྙིང་བོ་དང་རང་ཉིད་ཀྱི་དོན་དུ་མངོན་གྱུར་བྱེད་དགོས་བའི་བྱ་དངོས་ཤིག་རེད ། རྒྱུ་མཚན ། རང་ཉིད་ཀྱི་ཤེས་བྱ་ནི་གཞན་གྱི་ང་ཚོ་ལ་སྤྲོད་མི་ཐུབ་པ་དང་པོ་སྟེ་གང་རུང་ནས་དེ་བས་ཀྱང་རྙེད་པར་མི་སྲིད་དོ ། དེའི་ཕྱིར །  ང་ཚོས་རང་ཉིད་ཀྱི་ཤེས་བྱ་ངེས་བར་དུ་མངོན་གྱུར་བྱེད་པ་དང་འཚོལ་ཞིབ་བྱེད་དགོས་ན་དུས་ཡུན་རིང་པོར་ཞིག་ནས་དམིགས་འདུན་དེ་ཕྱི་རུ་མངོན་གྱུར་བྱེད་ཐུབ ། ཡང་ན་རྐྱེན་དབང་གི་གནས་ལུགས་རྟོགས་ན་རང་ཉིད་ཀྱི་ཤེས་བྱ་ལ་དོན་སྙིང་ཆུང་ངོ་།

འཛམ་གླིང་འདིའི་རྣམ་པ་སྒྱུར་བ་ལ་ཐོག་མར་རང་ཉིད་ནས་སྒྱུར་བཅོས་བྱེད་དགོས ། རྒྱུ་མཚན་རང་ཉིད་ནི་འགྲོ་བ་མི་རིགས་ཀྱི་འཚོ་བའི་བརྒྱུད་རིམ་གྱི་ཆ་ཤས་དུམ་བུའི་རྒྱུ་ལས་བྱུང་བའི་ཕྱིར ། རང་ཉིད་བཅོས་སྒྱུར་བྱེད་པ་ལ་རང་ཉིད་ཀྱི་ཤེས་བྱ་ནི་ཧ་ཅང་མེད་དུ་མི་རུང་བའི་གལ་ཆེན་ཞིག་ཏུ་འདོད ། དེ་མ་རྟོགས་པར་རང་ཉིད་ལ་ཡང་དག་པའི་བསམ་བློའི་རྨང་གཞི་མེད་པ་དང་ཡང་ན་རང་ཉིད་སྒྱུར་བཅོས་ཀྱི་ནུས་བ་དེ་བས་ཀྱང་མི་ལྡན་པའི་ཕྱིར་རོ ། གཅིག་རང་ཉིད་རང་གིས་རྟོགས་དགོས་པ་དང་དེ་བཞིན་འདོད་དོན་གྱི་བསམ་བློའི་འཆར་སྒོ་མངོན་སུམ་མིན་པར་རྟོག་བཅོས་མ་ཡིན་པར་བྱེད་དགོས ། དེ་ནི་རང་ཉིད་ཀྱི་བློའི་འཆར་སྒོ་ཙམ་ལས་དོན་དངོས་ཀྱི་བཅོས་སྒྱུར་ཞིག་མ་ཡིན་ནོ ། རང་ཉིད་རྟོགས་པ་ལ་ཉེ་བར་མཁོ་བ་ནི་ཐུན་མོང་མ་ཡིན་པའི་སེམས་དང་བློའི་གཟབ་ནན་གྱི་སྒོ་ནས་དོ་སྣང་སྤྲོད་དགོས ། རྒྱུ་མཚན །  དེ་ཅི་ཞིག་རེད ། དེ་ནི་རྟག་ཏུ་བློའི་མྱོང་ཚོར་ཀྱི་ལམ་ནས་སྒྱུར་བཅོས་བྱེད་པ་དང་ཡང་ན་དེ་མ་ཐག་ཏུ་བསམ་བློའི་རྗེས་སུ་སྙེག་ནས་དམིགས་བསལ་གྱི་རང་གི་ནུས་བ་ཅི ཡོད་ཀྱི་ལྟ་བའི་ལམ་སྲོལ་དང་ཡང་ན་ཕུལ་དུ་བྱུང་བའི་མིག་དཔེའི་བྱ་སྤྱོད་གང་རུང་ལ་ཡིད་ཆེས་དང་བློས་ཁེལ་དགོས་བ་མ་ཡིན་ནོ ། གལ་སྲིད་ཁྱོད་དེ་དག་གང་རུང་ཞིག་གི་རྗེས་སུ་འབྲངས་ན་དེ་ནི་ཡང་དག་པའི་གནས་ལུགས་ཤིག་མ་ཡིན །

རང་ཉིད་རང་གི་རྟོགས་པ་ལ་ངེས་བར་དུ་སེམས་དང་བློའི་དྲན་ཤེས་ལ་གཟབ་ནན་གྱི་སྒོ་ནས་མཉམ་དུ་སྒྲིལ་ན་ད་གཟོད་ཕུལ་དུ་བྱུང་བའི་མིག་དཔེའི་བྱ་སྤྱོད་དང་ལྟ་བའི་ལམ་སྲོལ་དག་ལས་རང་གི་བསམ་བློའི་ནུས་བ་མངོན་པར་འགྱུར་བ་དང་འགུལ་སྐྱོད་ཀྱི་རང་དབང་ཐོབ་ངེས ། རྒྱུ་མཚན་དེ་དག་ལས་ཁྱོད་ལ་མགོ་རྟིང་སློག་པ་དང་ལམ་ཕྱིན་ཅི་ལོག་ཏུ་འཁྲིད་པའི་མཛེས་སྡུག་གི་ཁ་དོག་དང་ཡང་དག་པར་གོ་རྟོགས་འཛིན་པའི་འཁྲུལ་མེད་མངོན་སུམ་གྱི་གནས་ལུགས་སྤྲོད ། གལ་སྲིད་ཁྱོད་ཀྱིས་རྟོགས་འདོད་པ་ཅི་ཞིག་ཡིན་པ་དེ་ཡིད་ཆེས་གང་རུང་ནས་ཁྱོད་ཀྱི་སེམས་ལ་སྣང་ནས་བློ་ཡུལ་དུ་འཆར་ཐུབ་པ་ཞིག་མ་ཡིན ། གལ་སྲིད །  ང་འདོད་རྔམ་དང་།  ཧམ་སེམས ། ཕྲག་དོག འཚེ་བའི་གདུག་རྩུབ་ཅན་ཞིག་ཡིན་ན ། འཚེ་བ་དང་ཧམ་སེམས ། ཕྲག་དོག  འདོད་རྔམ ། བརྣབ་སེམས་མེད་པའི་རིན་ཐང་གི་ཁྱད་ཆོས་ནི་ཧ་ཅང་ཉུང་ཉུང་དང་ཆུང་ཆུང་ཞིག་ཏུ་སྣང་ །  ཡིན་ནའང ་། ཤེས་དགོས་བ་གཅིག་ནི་ཧམ་སེམས་དང་འཚེ་བའི་གདུག་རྩུབ་རེད ། དོན་རྟོགས་དགོས་བ་ནི་ངེས་བར་དུ་མཁོ་བའི་ཐུན་མོང་མ་ཡིན་པའི་མངོན་སུམ་གྱི་འཛིན་པའི་གོ་རྟོགས་ཀྱི་ཚོར་སྣང་མ་ཡིན་ནམ ། དེ་ནི་དྲང་བདེན་དང་གནས་ལུགས་ཀྱི་མཁོ་བ་ཞིག་སྟེ ། ཡང་ན་དྭངས་གསལ་གྱི་བསམ་བློའི་གནས་སྐབས་དེར་ཅི་ཞིག་ལས་གཡོལ་ཞིང་རྣམ་དག་གི་རྗེས་སུ་སྙེག་ན། དེས་ཁྱེད་རང་དངོས་སུ་ཅི་ཞིག་ཡིན་པ་དང་མངོན་རྟོགས་དེ་ལས་སྐྱོབ་པ་ཡིན།

ཁྱོད་ཀྱིས་རྟོགས་དགོས་པ་ནི་ཅི་ཞིག་རེད ། གང་ལྟར་དེ་ནི་ཡིད་དུ་མི་འོང་ཞིག་དང་ཡང་ན་ཡིད་དུ་འོང་བའི་མཛེས་སྡུག་གིས་ཁེངས་བ་ཞིག་ཡིན་ངེས །  ཁྱོད་ཀྱིས་རྟོགས་དགོས་པ་ནི་གནོད་འཚེ་ཅན་ཞིག་དང་གདུག་པ་ཅན་ཞིག་མ་ཡིན་པར་ཐོག་མར་དགེ་མཚན་གྱི་ལེགས་པའི་ཡོན་ཏན་ལས་འགོ་རྩོམ་དགོས ། དགེ་མཚན་གྱི་ལེགས་པའི་ཡོན་ཏན་ནི་འཚོ་བའི་ཉིང་ཁུ་དང་འདྲ་བའི་དེ་ལས་རང་དབང་སྤྲོད་སྲིད ། འཚོ་བའི་རང་དབང་ནི་དགེ་མཚན་ལྡན་པའི་ལེགས་པའི་ཡོན་ཏན་ཁོ་ན་ལས་མཐོང་བའི་མངོན་གྱུར་དང་འཚོ་གནས་བྱེད་ཐུབ། ཡ་རབས་བཟང་སྤྱོད་ཀྱི་ལེགས་པའི་ཡོན་ཏན་དེ་ནི་བཀུར་འོས་བའི་རང་བཞིན་གྱི་ངང་ཚུལ་ཁོ་ན་ལས་བྱུང་བ་མ་གཏོགས་པར་དེ་ནི་བཅོས་མའི་གསར་སྐྲུན་བྱེད་པ་ཞིག་དང་། དམིགས་བསལ་གྱི་རང་དབང་དང་ཤེས་རྟོགས་ལས་དེ་བས་ཀྱང་བྱུང་བ་མིན། དེས་ན་དགེ་མཚན་ལྡན་པའི་བྱ་སྤྱོད་དང་དགེ་མཚན་ལྡན་པར་འགྱུར་བཞིན་པའི་བྱ་སྤྱོད་གཉིས་ཀྱི་ཁྱད་པར་ནི། དགེ་མཚན་ལྡན་པའི་བྱ་སྤྱོད་ནི་ཅི་ཞིག་ལེགས་ཉེས་དབྱེ་འབྱེད་ཤེས་རྟོགས་བརྒྱུད་ནས་བྱུང་བ་ཞིག་ཡིན་ལ། དེ་བཞིན་དུ་དགེ་མཚན་ལྡན་པར་འགྱུར་བཞིན་པའི་བྱ་སྤྱོད་ནི་ཕྱི་བཤོལ་གྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཅིག་སྟེ། དེ་ནི་ཉིད་ཀྱིས་ཅི་ཞིག་རྟོགས་འདོད་པ་དེར་བཅོས་མའི་ལྷད་དང་འདྲེས་པ་ཞིག་རེད། དེར་བརྟེན་དེ་ནི་དོན་དངོས་སུ་ཁྱོད་ཀྱི་ཁ་གཏད་དུ་ཅི་ཞིག་ཡོད་པའི་ལས་དང་གཡོལ་ཐབས་བྱེད་པ་ཞིག་ཡིན་ལ། ཅི་ཞིག་ལས་གཡོལ་ཐབས་བྱ་རིམ་དང་དགེ་མཚན་གྱི་བསམ་བློ་རྣམ་དག་ཞིག་གསར་སྐྲུན་བྱེད་པ་ཡིན་ནའང་། གལ་ཏེ་ཁྱོད་ཉེ་བར་བཅར་ཞིང་ཁ་ཐད་དུ་ཞིབ་མོར་ལྟོས་དང་དེ་ནི་ཅི་ཞིག་ཡང་མིན་པ་རྟོགས་ཐུབ། དེ་ནི་མ་འོངས་པར་ཅི་ཞིག་བྱ་འདོད་བསམ་པའི་ཕྱི་བཤོལ་གྱི་སྤྱོད་ཚུལ་དེ་ཁོ་ནའོ། ཀུན་སྤྱོད་བཟང་པོ་ནི་ཅི་ཞིག་མ་ཡིན་པ་དང་འགྱུར་བཞིན་པ་ཡང་མིན། དེ་ནི་ཅི་ཞིག་རྟོགས་པར་བརྟེན་ནས་རང་དབང་མངོན་དུ་བྱེད་པ་དེ་ཡིན། སྤྱི་ཚོགས་ཞིག་ཏུ་མི་དགེ་བའི་ལས་ཐམས་ཅད་ཚལ་བར་གཏོང་བ་ལ་ཀུན་སྤྱོད་བཟང་པོ་ནི་མེད་དུ་མི་རུང་བ་ཞིག་རེད། དེ་བཞིན་དུ་སྡོམ་གཞི་རྙིང་བ་ལས་ཐ་དད་པའི་འཇིག་རྟེན་གསར་བ་ཞིག་གསར་སྐྲུན་བྱེད་པར་རང་དབང་མངོན་གྱུར་ནི་ངེས་པར་དུ་མཁོ་བ་ཞིག་ཡིན་པ་མ་ཟད། ཀུན་སྤྱོད་བཟང་པོ་ནི་མེད་ཐབས་མེད་པ་ཞིག་སྟེ། དེ་དང་བྲལ་བའི་རང་དབང་མངོན་གྱུར་ཞིག་ཀྱང་མེད། ཚུལ་དང་མི་མཐུན་པའི་ཀུན་སྤྱོད་ལྡན་པའི་མི་ཞིག་འབད་བརྩོན་བྱས་ན་ཀུན་སྤྱོད་རྟོགས་པར་འགྱུར་བ་ཞིག་ཆགས་ཐུབ་བམ། ཀུན་སྤྱོད་དང་མི་ལྡན་པའི་མི་ལ་རང་དབང་མེད་པས་དེའི་ཕྱིར་ཁོས་དོན་དངོས་ཀྱི་གནས་ལུགས་ཏེ་ནམ་ཡང་མི་རྟོགས། དོན་དམ་རྟོགས་པ་ནི་བཟང་པོའི་ཡོན་ཏན་མངོན་གྱུར་བྱེད་པ་ཁོ་ན་ལ་རག་ལས་པ་ཞིག་དང་འཇིགས་པ་ལས་གྲོལ་བའི་རང་དབང་ཞིག་མཁོ་བ་དེའོ།

དེ་དག་གི་བརྒྱུད་རིམ་ཅི་ཞིག་རྟོགས་པ་ལ་དེ་ན་ངེས་བར་དུ་དམིགས་དོན་གྱི་ཤེས་དགོས་བ་ནི་ག་རེ་ཡིན་པ་བསམ་བློ་རེ་རེ་བཞིན་ཏུ་བྱ་སྤྱོད་ཀྱི་མྱོང་ཚོར་རྗེས་སུ་འབྲང་ནས་རྟོགས་དགོས ། འོན་ཀྱང་ ། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད ། རྒྱུ་མཚན་དེ་ནི་ནམ་ཡང་ཞི་གནས་གཡོ་མེད་ཀྱི་གནས་པ་མ་ཡིན་པར་དུས་ཀུན་ཏུ་འགུལ་སྐྱོད་དང་གཡོ་འགུལ་བྱེད་པ་ཞིག་ཡིན ། ཁྱོད་རང་ག་རེ་ཡིན་པ་དེ་ཁྱོད་རང་རེད་མ་གཏོགས་པར་ཁྱོད་རང་ཅི་ཞིག་ལ་འདྲ་བ་དེ་ཁྱོད་རང་མིན། དེ་ནི་ཕུགས་བསམ་དེ་ཡང་མིན་རྒྱུ་མཚན་ནི་ཕུགས་བསམ་དེ་ནི་རྟོག་བཅོས་ཤིག་མ་ཡིན་པའི་ཕྱིར། ཡིན་ནའང་སྤྱིར་བཏང་དེ་ནི་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་པ་དང་། བསམ་བཞིན་པ། ཚོར་བཞིན་པའི་སྐད་ཅིག་ནས་སྐད་ཅིག་དེ་ཡིན།  དོན་དམ་དུ་ཅི་ཞིག་གི་དོན་རྟོགས་པ་ལ་ངེས་པར་དུ་ཤེས་བཞིན་དང་བག་ཟོན། དྲན་ཤེས་མྱུར་བའི་བློ་རིག་སོགས་མཁོ་བ་ཡིན། ཡིན་ཡང་གལ་ཏེ་ང་ཚོས་ཅི་ཞིག་གི་དོན་རྟོགས་ཐབས་མི་བྱེད་པར་དེ་ལ་སྐྱོན་འཛུགས་དང། ཁག་དཀྲི། འགོག་རྒོལ་སོགས་བྱེད་པས་དེ་ཡི་འགུལ་སྐྱོད་ཙམ་ཡང་མི་རྟོགས། གལ་ཏེ་ངས་མི་ཞིག་གི་གནས་ལུགས་རྟོགས་པ་ལ་ཁོར་སྐྱོན་འཛུགས་བྱེད་རྒྱུ་མ་ཡིན་པར་དེ་ལས་ལྡོག་སྟེ་ཁོའི་གནས་སྟངས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་དགོས། ངས་ཅི་ཞིག་སྦྱོང་བཞིན་པ་དེ་ལ་ང་ངེས་པར་དུངས་དགོས། དེ་མིན་གཞན་ཁྱོད་ཀྱིས་བྱིས་པ་ཞིག་ཤེས་རྟོགས་བྱེད་པ་ལ་དེའི་ཉེས་སྐྱོན་མི་བཤད་པར་ཁོ་ལ་དུངས་བ་སྤྲོད་དགོས་པ་མ་ཟད། ཁྱོད་ངེས་པར་དུ་ཁོ་དང་མཉམ་དུ་རྩེད་མོ་ལ་རོལ། ཁོའི་འགུལ་སྐྱོད་དང་གཤིས་ཀ། སྤྱོད་ལམ་སོགས་ལ་བརྟག་དང་། གལ་ཏེ་ཁྱོས་ཁོའི་ཉེས་སྐྱོན་སོགས་མི་ལེགས་པའི་ཆ་འཚོལ་བསྡད་ན་ནམ་ཡང་བྱིས་པ་དོན་དམ་དེ་གོ་རྟོགས་མི་ཐུབ། དེ་དང་གཅིག་མཚུངས་སུ་དོན་དམ་རྟོགས་པ་ལ་ཁྱོད་ཀྱིས་ངེས་པར་དུ་སྐད་ཅིག་རེ་རེ་ནས་རེ་རེར་ཅི་ཞིག་བསམ་པ་དང་། ཚོར་བ། བྱ་ལས་སོགས་ལ་ཞིབ་དཔྱོད་ནན་པོ་བྱེད་དགོས། དེ་ནི་དོན་དངོས་དེ་ཡིན། དེ་མ་ཡིན་པའི་གཞན་གྱི་བྱ་སྤྱོད་ཐམས་ཅད་རེ་བ་ཙམ་དང་རྟོག་བཅོས་ཀྱི་འདོད་པ་ཙམ་ཞིག་ལས་དོན་དམ་ཅི་ཞིག་རྟོགས་དགོས་པ་དེ་མིན་ནོ།

 

 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།