རྒྱལ་སྲས་རྣལ་མ།

jisssumei—King Jamesཡི་ལོ་རྒྱུས་མདོར་བསྡུས།

མུར་དུང་ཟླ། རྨ་ཆུ།

སྐད་ཆ་དངོས་གནས་པ་ཞིག་བརྗོད་ན་དེང་གི་དུས་རབས་འདིར་ཡོད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་གྱིན་པ་ཚང་མའི་ཤེས་གསལ་རེད་དེ། དཔེར་ན་ཚན་རིག་པ་དང་བསམ་བློ་བ།སྙན་ངག་པ་སོགས་མདོར་ན་ཡོད་ཚད་སྔོན་ཆད་དང་བསྡུར་ན་འགྱུར་བཞིན་འདུག

དེ་བཞིན་འཇོན་ཐང་ཅན་གྱི་མི་སྣ་མང་པོ་མང་པོ་ཞིག་འཇིག་རྟེན་འདིའི་འབྱུང་འགྱུར་གྱི་ཆེད་དུ་བྱོན་དང་འབྱོན་བཞིན་ཡོད་པ་སྨྲ་མ་དགོས་པ་རེད་མོད།འོན་ཀྱང་ངའི་གླེང་འདོད་པ་ནི་དེང་སང་མཚན་སྙན་འབྲུག་སྒྲ་བཞིན་གྲགས་ཤིང་ལག་རྩེད་སྤོ་ལོའི་འབྱུང་འགྱུར་གྱི་ཁ་ལོ་བསྒྱུར་མཁན་གྱི་རྒྱལ་སྲས་སུ་འབོད་པའི་ལུས་རྩལ་བ་ལི་པིར་རང་རྗེམ་ཟི་ལགས་ཡིན།

ཁོ་བོ་ནི་ཆུང་དུས་ནས་ལག་རྩེད་སྤོ་ལོའི་ཕྱོགས་ལ་གཞན་ལས་ལྷག་པའི་ལྷན་སྐྱེས་ཀྱི་ཡོན་ཏན་ཡོད་པར་མ་ཟད་ལག་རྩེད་ཕྱོགས་ལ་དུངས་བ་ཤིན་ཏུ་ཟབ་ལ་ཁོ་བོའི་དགའ་ཕྱོགསའང་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསསུ་ཞུགས་ནས་ཆེས་ཕུལ་ཏུ་བྱུང་བའི་ལུས་རྩལ་བ་ཞིག་བྱེད་རྒྱུ་དེ་རེད།

ཁོ་བོ་སྐྱེས་མ་ཐག་ནས་ཕ་ལགས་ཀྱིས་ཁོ་མ་བུ་གཉིས་ལ་འཚོ་བའི་ཐད་ནས་རོགས་རམ་སོགས་གང་ཡང་བྱེད་མ་མྱོང་།རྒྱུ་མཚན་སྐབས་དེར་ཁོ་བོའི་ཕ་མ་གཉིས་དགའ་རོགས་ཡིན་པ་ཙམ་ལས་གཉེན་སྒྲིག་སོགས་གང་ཡང་བྱས་མེད་ལ། ལྷག་དོན་ཁོ་རང་གི་བུ་ཡིན་མིན་ཐད་ལ་གདེང་ཚོད་ཀྱི་བདེན་ཁ་དེ་བས་ཀྱང་མེད།

གོ་ཐོས་ལྟར་ན་ཁོ་བོའི་ཨ་མ་ལོ་ན་བཅུ་དྲུག་ཡིན་དུས་ཁོ་བོ་མངལ་ལ་ཆགས་པ་དང་རྗེས་ནས་ཁོ་བོའི་མ་ལགས་ཀྱིས་ཁོ་བོ་གསོ་རྒྱུ་ཐག་གིས་བཅད་པ་རྒྱུ་མཚན་དུ་བྱས་ནས་ཁོ་བོས་ཕ་མ་གཉིས་ཀྱི་ལྟ་ཚུལ་དང་བསམ་ཚུལ་མ་མཐུན་པར་ཁ་ཁ་སོ་སོར་གྱེས། དེ་བས་ཁོ་བོའི་མིང་གི་རུས་ཀྱང་མ་ལགས་ཀྱི་རུས་ཡིན་པ་ཤེས་གསལ་རེད།

ཁོ་བོ་ལ་ཆུང་དུས་ནས་ངེས་གཏན་གྱི་ཁྱིམ་གཞི་ཞིག་མེད་ལ་ཁོ་མ་བུ་གཉིས་མ་ཕྱི་ཚང་ལ་སོང་ནས་གནས་ཚང་གཡར་ནས་བསྡད།ཁོ་བོ་ལོ་ན་གསུམ་ཡིན་དུས་ཁོ་བོའི་མ་ལགས་དང་ཁོ་མོའི་དགའ་རོགས་གཉིས་ཀྱིས་ཁོ་ལ་ལག་རྩེད་སྤོ་ལོའི་རྩེད་ཆས་ཞིག་ཉོས་པ་དེ་ནི་ཁོ་བོའི་མི་ཚེ་འདིར་ཆེས་ཐོག་མར་ཐོབ་པའི་སྤོ་ལོ་དང་པོ་ཡིན། སྟབས་ཀ་ནོར་བ་ཞིག་ལ་མཚན་མོ་དེར་གློ་བུར་དུ་ཁོ་བོའི་མ་ཕྱི་ལགས་ཀྱི་སྙིང་ནད་འཕར་ནས་ཚེ་ལས་འདས་སོང་ལ། ཁོ་བོའི་བྱིས་དུས་ཀྱི་འཚོ་བར་ན་ཟུག་ལྷག་མ་ཞིག་གི་ཁ་སྣོན་མཛད།

མ་ཕྱི་འདས་ནས་ལོ་ཤས་འགོར་རྗེས་ཁོ་བོ་རང་དབང་མེད་པར་སྐབས་དུས་དེར་གྲགས་ཆེ་བའི་ལུས་རྩལ་བ་མཱེ་ཁར་ཅཱོར་ཏནལ་སྙིང་ནས་དད་འདུན་སྐྱེས་ཤིང་ཁོ་བོའི་ལུས་རྩལ་གྱི་གྱོན་པ་ཨང་རྟགས་ཉེར་གསུམ་པ་བློར་བབས། སྐབས་དེར་རང་ཉིད་ཉལ་སའི་ཁང་མིག་ཆུང་ཆུང་དེ་ནི་མཱེ་ཁར་ཅཱོར་ཏནདང་འབྲེལ་བ་ཡོད་པའི་དུས་དེབ་དང་འདྲ་པར་གྱིས་ཁེངས་ཡོད་ལ་ཁོ་བོ་ཆུང་དུས་ཀྱི་ཕུགས་བསམ་ནི་རང་ཉིད་ཀྱི་གཟུགས་པོའི་རིང་ཚད་སྨི༡.༩༨ལ་སྐྱེ་རྒྱུ་དེ་རེད་རྒྱུ་མཚན་ནི་རང་ཉིད་ཀྱང་མཱེ་ཁར་ཅཱོ་ཏནདང་འདྲ་བར་ཚད་ལྡན་གྱི་ལུས་རྩལ་བ་ཞིག་བྱེད་རྒྱུའི་བསམ་བློ་ཡོད་པས་རེད།

ཁོ་བོ་ལོ་ན་བརྒྱད་ལ་སོན་དུས་སྦྱོང་ཁྲིད་པ་ཧྥི་རན་ཁི་བོལ་ཁིའི་ མདུན་ནས་ལག་རྩེད་སྤོ་ལོ་ཆེད་སྦྱོང་བྱས་ཤིང་འབྲས་བུ་གཡུར་དུ་ཟ་བ་བླངས་རྐྱེན། ཁོ་བོ་མ་བུ་གཉིས་ཀྱི་ཐབས་ཆགས་ཀྱི་འཚོ་བ་མཇུག་བསྒྲིལ་མགོ་བརྩམས་ཤིང་སྐབས་དེར་ཁོ་བོ་ལོ་ན་བཅུ་གཅིག་ཡིན།ཧྥི་རན་ཁི་བོལ་ཁིཡིས་ཁོ་ལ་བདེ་སྐྱིད་ཀྱི་ཁྱིམ་གཞི་བསྐྲུན་པར་མ་ཟད་ལག་རྩེད་སྤོ་ལོའི་འཇིག་རྟེན་དུ་ཁྲིད་དེ་ཁོ་བོའི་ཕུགས་བསམ་མངོན་འགྱུར་ཡོང་བར་རེ་བའི་གོམས་པ་དང་པོ་སྤོ་རུ་བཅུག

ཁོ་བོ་སློབ་འབྲིང་འགྲིམས་སྐབས་ཨཱ་འེར་ལན་རྗིཡི་མིས་རྩ་འཛུགས་བྱས་པའི་ལག་རྩེད་སྤོ་ལོའི་འཚོགས་པར་ཞུགས་ནས་ལག་རྩེད་སྤོ་ལོ་སྦྱངས་པ་མ་ཟད་གྲུབ་འབྲས་བླ་ལྷག་བླངས་པ་སྟེ། བྱ་དགའ་རབ་དང་རིམ་པ་བླངས་བས་ས་གནས་དེར་གྲགས་ཤིང་ལུས་རྩལ་གྱི་གློག་བརྙན་ལེ་ཚན་དང་དུས་དེབ་སོགས་སུ་ཁོ་བོའི་ཕུལ་བྱུང་གི་མཛད་རྗེས་དག་ལོ་རྒྱུས་གྱི་རྡོ་རིང་ངོས་སུ་འཇགས་སུ་ཕབས།

༢༠༠༢ལོར་ཁོ་བོ་སློབ་འབྲིང་གི་སློབ་མའི་ངོས་ཐད་ནས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསསུ་ཞུགས་ཆོག་པའི་སྙན་ཞུ་ཕུལ་ན་ཡང་ལོ་ཚོད་དང་ལུས་པོ་སོགས་ཀྱི་ཆ་རྐྱེན་གྱིས་འདང་མེད་པས་སྐབས་དེར་ཁོ་བོ་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསསུ་ཞུགས་པའི་ཆོག་མཆན་མ་ཐོབ། ཡིན་ནའང་ཁོ་བོ་སྐད་གྲགས་ཤིན་ཏུ་ཆེ་བས་ཨ་རིའི་མི་དམངས་ཡོངས་ཀྱིས་སེམས་ཀྱིས་ཉན་ས་དང་མིག་གིས་བལྟ་སའི་གཙོ་གནད་ཀྱི་ལུས་རྩལ་བ་རུ་གྱུར་བ་དང་སྐབས་དེར་ཁོ་བོ་ལ་རྒྱལ་སྲས་ཞེས་རྗེས་གྲུབ་ཀྱི་མཚན་གསོལ།

ཁོ་བོས་འགྲན་བསྡུར་བྱེད་སྐབས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསཀྱི་ལུས་རྩལ་བ་གྲགས་ཅན་ཤྲི་ཁེའུ་ལོའུ་ནེལ། སོགས་དངོས་སུ་ལྟད་མོ་ལྟ་རུ་ཡོང་གིན་ཡོད་པ་དང་ལུས་རྩལ་གྱི་གློག་བརྙན་ལེ་ཚན་སོགས་སུ་ཐད་གཏོང་བྱེད་སྐབས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསདང་འདྲ་བར་གླ་དངུལ་ལེན་གྱིན་ཡོད་པས་རིམ་བཞིན་སྐད་གྲགས་གོ་ལའི་ཁྱོན་ལ་ཁྱབ་ནས་༢༠༠༣ལོར་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསསུ་ཞུགས་པ་དང་སྐབས་དེར་ཁོ་བོ་ལོ་༡༨ཡིན།

ཁོ་བོའི་འགྱུར་བག་རྒོད་པའི་ལུས་ཀྱི་རྣམ་འགྱུར་རེ་རེས་མི་དམངས་ཁྲི་ཕྲག་མང་པོའི་དགའ་བའི་འཛུམ་དང་བསྟོད་པའི་ཚིག དགའ་བསུ་གྲངས་མེད་ཐོབ་ཡོད་ལ་ཁོ་བོ་ནི་དུས་རབས་ཉེར་གཅིག་གི་གཞོན་སྐྱེས་རྣམས་ཀྱི་སེམས་ཁོང་ན་སྟོབས་ཀྱིས་འབར་བཞིན་པའི་གཟིམ་རྒྱུ་མེད་པའི་མེ་དཔུང་ཡིན་ལ། ཡང་ན་ནི་རང་ཉིད་དང་རྒྱང་ཐག་རིང་ས་ན་ལྷུག་གེར་འཛུམ་བཞིན་པའི་སྐར་མ་འོད་ཆེན་ཞིག་ཡིན་པར་འདོད་དོ།།

༈ གསལ་བཤད།

རྒྱལ་སྲས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགསསུ་ཞུགས་རྗེས་ཀྱི་ལོ་རྒྱུས་དག་ཚང་མས་ཤེས་གསལ་ཡིན་པས་ངའི་བསྐྱར་བཟློས་ཀྱི་ཚུལ་དུ་བཀོད་མེད།

༢༠༡༣ལོའི་ཟླ་བ་༡༢བའི་ཚེས་༡༠ཉིན་སྦྱར་བ་དགེའོ།།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ངེད་ཀྱི་ཆོག་མཆན་མེད་པར་འཁྱེར་མི་ཆོག)

བསྟོད།5

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. རྣམ་རིག
    རྣམ་རིགསྤེལ་དུས་ནི།  

    ལག་རྩེད་སྤོ་ལོ་ཞེས་པའི་ཐ་སྙད་འདི་སུ་ཞིག་གིས་ཐོག་མར་སྦྱར་བ་མི་ཤེས་མོད། འདི་ལ་གནད་དོན་གཉིས་མཆིས་ཏེ། གཅིག་ནས་དབྱིན་རྒྱ་སྐད་གཉིས་ཀྱི་མ་ཡིག་གང་ལ་གཏུགས་ཀྱང་གཟེབ་ཀྱི་དོན་ལས་ལག་པའི་དོན་མེད་པ་དང་། གཉིས་སུ་སྤོ་ལོའི་འགྲན་སྡུར་ཁྲོདbaseball手球ཞེས་པའི་རྣམ་གྲངས་ཡན་གར་བ་ཞིག་ཡོད་པས་དེ་ལ་ད་གཟོད་ལག་རྩེད་སྤོ་ལོ་ཟེར་དགོས་འདུག་པས་སྔ་མ་གཟེབ་སྤོ་དང་ཕྱི་མར་ལག་རྩེད་སྤོ་ལོ་བཏགས་ན་དོན་དང་མཐུན་པར་སྙམ།

དཔྱད་མཆན་སྤེལ།