བོད་ཀྱི་ཆ་འཕྲིན་ལག་རྩལ་པ་ན་གཞོན་གླིང་སྨྱོན་ལགས་ལ་བཅར་འདྲི་བྱས་པ།

གླིང་སྨྱོན།

གླིང་སྨྱོན། དངོས་མིང་ལ་འབུམ་པ་རྒྱལ། ཨ་མདོ་རེབ་གོང་གི་མི་ཡིན། ཆུང་ངུའི་དུས་ནས་བོད་ཡིག་གཙོར་བྱས་སློབ་གྲྭ་ཆུང་འབྲིང་འགྲིམས། སྤྱི་ལོ༢༠༠༠ལོར་སྦྱངས་འབྲས་ལེགས་པོ་བླངས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གློག་ཤུགས་བཟོ་སྐྲུན་སློབ་གླིང་གི་དངོས་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་དངོས་ལུགས་རིག་པའི་ཕྱོགས་ལ་སློབ་གཉེར་བྱས། སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་རྩིས་འཁོར་དང་དྲ་རྒྱའི་ཤེས་བྱར་རང་སྦྱོང་བྱས་ཏེ་བོད་ཡིག་དྲ་ངོས་བཟོ་བར་སྤྲོ་བ་སྐྱེས། ༢༠༠༥ལོར་སློབ་མཐར་ཕྱིན་མ་ཐག་ཀན་སུའུ་བོད་ཡིག་བརྡ་འཕྲིན་ལག་རྩལ་ཀུང་ཟི་རུ་ལོ་ཕྱེད་རིང་ལས་ཀ་གཉེར། སྔ་རྗེས་སུ་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་ཀྱི་ལག་རྩལ་པའི་འགན་འཁུར་ནས་ལེགས་འགྲུབ་བྱུང༌། ད་ལྟ་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བའི་འགན་འཛིན་པ་དང་ཀྲུང་གོ་བོད་ཀྱི་དྲ་བའི་བོད་ཡིག་སྡེ་ཚན་ནང་དྲ་ངོས་ཇུས་འགོད་པ་དང་ལག་རྩལ་པའི་འགན་འཁུར་མུས་སུ་མཆིས་སོ།།

སྐུ་ཞབས་གླིང་སྨྱོན་ལགས། ཁྱེད་བདེ་མོ།
གསར་འགོད་པ་བདེ་མོ།

ཐོག་མར་ཁྱེད་ཀྱིས་ངེད་དྲ་བའི་བཅར་འདྲི་དང་ལེན་བྱས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཁྱེད་རང་ལ་མཚོན་ན་བོད་ཀྱི་དྲ་ཚིགས་བཟོ་བའི་ལག་རྩལ་པ་ཐོག་མའི་གྲས་ཡིན་ཞིང་། ལོ་ངོ་འདི་དག་གི་རིང་ལ་དྲ་ཚིགས་ཀྱང་མང་པོ་ཞིག་བཟོས་མྱོང་འདུག དེ་ཡིན་ན་དུས་སྐབས་ནམ་ཞིག་ནས་ཁྱེད་ཀྱིས་དྲ་ཚིགས་ལས་མགོ་བརྩམས་པ་དང་། རང་གིས་བཟོས་པའི་དྲ་ཚིགས་ཐོག་མ། ད་དུང་རང་ཉིད་ཀྱིས་དྲ་བའི་ལག་རྩལ་རིག་གནས་ལ་བཟུང་བའི་ལྟ་སྟངས་ཀྱི་སྐོར་ནས་ཀུན་པོར་ངོ་སྤྲོད་རགས་ཙམ་བྱས་ན།
ང་རང་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོད་དུས་ཆེད་ལས་ནི་དངོས་ལུགས་རིག་པ་ཡིན་ལ། སློབ་ཞོར་དུ་རྩིས་འཁོར་ཤེས་བྱའི་ཕྱོགས་ལ་རང་སྦྱོང་བྱས་ནས་མཐར་ཕྱིན་ལ་ཉེ་དུས་བོད་ཡིག་གི་དྲ་ངོས་བཟོ་ཤེས་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས་པ་ཡིན། སྤྱི་ལོ༢༠༠༥ལོར་སློབ་མཐར་ཕྱིན་མ་ཐག་ཏུ་སློབ་ཆེན་དེ་གར་ཡོད་པའི་དོན་ཡོད་བོད་ཡིག་བརྡ་འཕྲིན་ལག་རྩལ་ཀུང་ཟི་རུ་ལོ་ཕྱེད་ཙམ་ལ་ལས་ཀ་རག་རྒྱུ་བྱུང་བ་དེ་ནི་གོ་སྐབས་ཡག་པོ་ཞིག་དང་། དེ་སྔ་རང་སྦྱོང་བྱས་པའི་ཤེས་བྱ་དག་དོན་དངོས་ཀྱི་ལག་ལེན་སྟེང་བཀོལ་སྤྱོད་བྱེད་པར་མཐུན་རྐྱེན་ལེགས་པོ་སྦྱར་བ་ཞིག་ཀྱང་ཡིན། སྐབས་དེར་བོད་རང་ལ་སྐད་ཡིག་དྲ་ཚིགས་ཤིན་ཏུ་ཉུང་བའི་ཁར་ལག་རྩལ་ཐད་ནས་ཤིན་ཏུ་སྐྱོ་བོ་ཆགས་ཡོད་སྟབས་བོད་ཀྱི་སྐད་ཡིག་དྲ་ཚིགས་ཀྱི་སྐད་འཇོག་ས་དེ་ནི་ཀུན་གྱིས་ཡ་མཚར་ཞིག་ཏུ་བརྩི་བཞིན་ཡོད་ལ། ང་རང་གི་སེམས་སུ་ཡང་དེ་ལྟ་བུའི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་བཟོ་ཐུབ་ན་ནི་ཤིན་ཏུ་བཟང་སྙམ་ནས་རྒྱ་རིགས་ལས་གྲོགས་ཤིག་དང་མཉམ་འབྲེལ་གྱིས་འཛམ་གླིང་སྟེང་ཆེས་ཐོག་མའི་བོད་ཡིག་གི་གླེང་སྟེགས་ཏེ་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དེ་བཟོས་ནས་འགྲུབ་པ་རེད། སྐབས་དེར་ལག་རྩལ་ཕྱོགས་ནས་གཙོ་བོ་རྒྱ་རིགས་གྲོགས་པོ་ཁོང་གིས་འགན་འཁུར་ལ་བདག་གིས་བོད་འགྱུར་གྱི་བྱ་བ་དང་བྱ་རིམ་བཟོ་བཅོས་ཐད་ལ་འགན་འཁུར་བ་ཡིན། གངས་ལྗོངས་གཞོན་ནུའི་གླེང་སྟེགས་ནི་སྐབས་དེར་བོད་ཡིག་གིས་བཟོས་པའི་གླེང་སྟེགས་ཐོག་མ་ཡིན་སྟབས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ཐོག་མར་བཟོ་དུས་སུ་དོན་ཡོད་བོད་ཡིག་མ་གཏོགས་སྤྱད་མེད་སྟབས་མཚོ་སྔོན་ཕྱོགས་ཀྱི་སྤུན་ཟླ་མང་པོའི་རེ་སྐུལ་ལྟར་རྗེས་སུ་པཎྜིཏ་བོད་ཡིག་ལ་ཡང་རྒྱབ་སྐྱོར་ཐོབ་པར་བཟོས་པས་སྤྱི་ཚོགས་སྟེང་སྙན་གྲགས་ཆེས་ཆེར་རྒྱས་པ་མ་ཟད། དྲ་སྟེང་ནས་བོད་ཡིག་སྤྱོད་མཁན་ཡང་མང་དུ་གྱུར་བ་ནི་ཤིན་ཏུ་དགའ་འོས་པའི་དོན་བཟང་ཞིག་ཡིན། ལོ་དེའི་ལོ་མཇུག་ཙམ་ལ་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་གྱི་ཐུགས་འདུན་ལྟར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་བཟོ་འགོ་བརྩམས་ཤིང་བདག་གིས་ལག་རྩལ་གྱི་འགན་འཁུར་བ་ཡིན། སྔ་རྗེས་སུ་མཆོད་མེ་དྲ་བའི་གླེང་སྟེགས་དང་མཆོད་མེ་པོད་ཁུག་སོགས་ཀྱང་ལེགས་འགྲུབ་བྱུང་སྟེ་རྩོམ་རིག་ལ་དགའ་མཁན་དག་གི་འདོད་པ་སྐོང་ཅི་ཐུབ་བྱས། སྐབས་དེར་བོད་ཀྱི་སྐད་ཡིག་དྲ་བས་ཀྱང་ཟིན་བྲིས་བཟོས་ཡོད་པས་དྲ་རྒྱའི་སྟེང་བོད་ཡིག་བཀོལ་སྤྱོད་ཐད་ནས་སྔ་ན་མེད་པའི་མཐོ་རླབས་གསར་བ་ཞིག་འཕྱུར་མགོ་བརྩམས་ཤིང་བོད་ཡིག་འདི་ཉིད་ཆ་འཕྲིན་གྱི་དུས་རབས་སུ་བསྐྱོད་པར་རྨང་གཞི་ལེགས་པོ་ཞིག་བཏིངས་པ་རེད། དེ་སྔ་སྤྱི་ཚོགས་སྟེང་བོད་ཡིག་སྦྱངས་ན་ཕན་ཐོགས་མེད་ཚུལ་དང་བཀོལ་སྤྱོད་བྱེད་ས་མེད་ཚུལ་སོགས་ཀྱི་གཏམ་ལ་དོན་དངོས་ཀྱི་ལག་ལེན་སྟེང་ནས་དགག་ལན་ཚ་ནན་ཞིག་གཏོང་ཐུབ་པ་བྱུང་བ་ནི་བདག་ཅག་དྲ་བའི་ལག་རྩལ་པ་དག་ལ་མཚོན་ན་གྲུབ་འབྲས་ལེགས་པོ་ཞིག་ཏུ་བརྩི་ཆོག

ཁྱེད་མི་སྒེར་ནས་བལྟས་ན་བོད་ཀྱི་དྲ་ཚིགས་ཀྱི་རྣམ་པ་དང་ཇུས་འགོད་སོགས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་དྲ་ཚིགས་དག་དང་བསྡུར་ན་ཚད་རིམ་གང་ཞིག་ན་འདུག
དེང་སྐབས་བོད་ཡིག་གི་དྲ་ཚིགས་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ནང་བཞིན་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག་ལ། སྐད་ཡིག་དང་རྩོམ་རིག ཆོས་ལུགས། གསོ་རིག གནས་སྐོར། དཔེ་འཕྲིན། ཁོར་ཡུག་སྲུང་སྐྱོབ། ཆ་འཕྲིན་ལག་རྩལ་སོགས་ཆེད་ལས་ཅན་དང་སྣ་འཛོམས་ཅན་དུ་ཡང་འགྱུར་བཞིན་འདུག དེ་ཡང་བོད་རང་གི་དྲ་ཚིགས་ཀྱི་རྣམ་པ་དང་ཇུས་འགོད་ཐད་ནས་ཐོག་མར་སྲོལ་རྒྱུན་གྱི་ཁ་དོག་གཙོར་བཟུང་འདུག་ལ་ཁྲ་ཁྲ་རིག་རིག་ཅན་དུ་གྱུར་ཡོད་སྟབས་དྲ་སྟེང་ལ་འཇུག་པའི་ལས་དང་པོ་བ་རྣམས་ཀྱིས་དེ་ནི་ཡག་པོ་ཞིག་ཏུ་བརྩི། རིམ་བཞིན་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་དྲ་བའི་རིག་གནས་ལ་ཆ་རྒྱུས་ཅུང་མངའ་བའི་ཀློག་པ་པོ་དག་གིས་དེ་ཙམ་མི་ལེགས་པར་འདོད་པ་རེད། བྱ་དངོས་གང་ཞིག་ཡིན་རུང་དེ་ལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡོད་པས་བོད་ཀྱི་དྲ་ཚིགས་ལ་མཚོན་ན་ཡང་དེ་ལས་མ་འདས་པར་ཁ་དོག་རྐྱང་བ་ཅན་དང་ཇུས་འགོད་སྟབས་བདེ་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་འདུག དྲ་ཚིགས་གང་རུང་ཞིག་སྤྱི་ཚོགས་སྟེང་སྙན་གྲགས་ཅུང་ཙམ་རྒྱས་པ་ཡིན་ཚེ་ཀློག་པ་པོ་ཇེ་མང་དུ་འགྱུར་བཞིན་ཡོད་ལ་ཁ་ཕྱེ་བའི་མྱུར་ཚད་ཅི་ཙམ་མགྱོགས་ན་དེ་ལ་བལྟ་འདོད་མཁན་དེ་ཙམ་གྱིས་མང་བ་ཡིན། དྲ་ངོས་ཇུས་འགོད་བྱེད་དུས་སུ་པར་རིས་ཀྱི་གྲངས་མང་ཚེ་ཁ་ཕྱེ་བའི་མྱུར་ཚད་ཤིན་ཏུ་དལ་ལ་ཡི་གེ་རྐྱང་པའི་དྲ་ངོས་ཀྱི་ཁ་ཕྱེ་བའི་མྱུར་ཚད་ནི་ཤིན་ཏུ་མགྱོགས་པོ་ཡོད། དེ་བས་པར་རིས་ཉུང་དུ་བཏང་ནས་ཡི་གེའི་གྲངས་མང་དུ་གཏོང་བ་དེ་ཡང་ཇུས་འགོད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་རེད། ད་ལྟའི་བོད་ཡིག་དྲ་ཚིགས་དག་ནི་ཇུས་འགོད་ཀྱི་ལག་རྩལ་ཕྱོགས་ནས་ད་དུང་རེའུ་མིག་(Teble)གི་དུས་རབས་སུ་ལུས་འདུག་པས་མི་རིགས་གཞན་དང་ཡང་ན་རྒྱལ་ཁབ་གཞན་དང་བསྡུར་ཚེ་ཆུ་ཚད་ཤིན་ཏུ་སྐྱོ་བོ་ཆགས་ཡོད། འཛམ་གླིང་སྤྱིའི་དྲ་ཚིགས་ཇུས་འགོད་ལག་རྩལ་ཐད་ལ་གཞིགས་ཚེ། DIV+CSSསྤྱད་ནས་ཇུས་འགོད་བྱེད་པ་ནི་ཚད་གཞི་ཅན་ཏུ་བརྩི་བཞིན་ཡོད་ལ་ལག་རྩལ་དེ་སྤྱད་ཚེ་བཟང་ཆ་ཞིག་ཡོད་པ་ནི་གློག་ཀླད་ཙམ་མ་ཡིན་པར་ལག་ཁྱེར་ཁ་པར་སོགས་ནང་ནས་དྲ་ངོས་ལ་བཅར་འདྲི་བྱེད་པར་མཐུན་རྐྱེན་ཆེ་ཤོས་སྦྱར་བ་དེ་ཡིན།

ཁྱེད་རང་ལ་མཚོན་ན་དྲ་བའི་ལག་རྩལ་པ་མ་ཟད། དྲ་བའི་དོ་དམ་ཕྱོགས་ནས་ཀྱང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། དྲ་ཚིགས་ཀློག་པ་པོ་སྟེ་མཛད་སྤྱོད་པ་མང་དག་ཅིག་གིས། མཛད་སྤྱོད་བྱ་ཡུལ་གྱི་ཕར་ནང་གི་ལས་གཉེར་བ་དག་གི་དཀའ་ཁག་དང་གནས་བབ་འདང་རྒྱག་ཨེན་ཙམ་ཡང་མེད་པར་སྡིགས་དམོད་དང་གཏོར་བརླག་གཏོང་གིན་པའི་སྣང་ཚུལ་དག་ལ་བཤད་འདོད་པའི་སྐད་ཆ་ག་འདྲ་ཡོད།
སྣང་ཚུལ་དེ་ནི་སྐད་ཡིག་ཟིན་བྲིས་དང་མཆོད་མེ་པོད་ཁུག་ལ་མཚོན་ན་མངོན་གསལ་དོད་པོ་ཞིག་རེད། བདག་ཅག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་ཆ་ནས་རྩ་ཁྲིམས་ལ་བརྩི་སྲུང་བྱ་དགོས་རྒྱུ་ནི་ཀུན་གྱིས་ལོས་ཤོས། འོན་ཏེ་མི་ལ་ལ་ཞིག་གིས་ནི་གནས་བབས་ལ་མི་བལྟ་བར་སྐད་ཆ་བཤད་རྒྱུར་ཤིན་ཏུ་དགའ། གལ་ཏེ་ཁྲིམས་འགལ་གྱི་བརྗོད་བྱ་དག་མྱུར་དུ་མ་བསུབ་ཚེ་སྤྱི་བདེ་ཅུའུ་ནས་དྲ་ཚིགས་ཀྱི་སྒོ་བརྒྱབ་འགྲོ་བས་དོ་དམ་པས་སྤྱིའི་གནས་བབས་ལ་གཞིགས་ཏེ་མི་བསུབ་ཐབས་མེད་ཆགས་ཀྱིན་ཡོད། ཡིན་ཡང་མཛད་སྤྱོད་པས་དེ་ལ་རྒྱུས་ལོན་གང་ཡང་མི་བྱེད་པར་སྨྲ་བརྗོད་རང་དབང་མེད་ཚུལ་ལ་ཁ་གཡར་ནས་དྲ་བའི་དོ་དམ་པར་སྡིགས་དམོད་དང་དྲ་ཚིགས་ཀྱི་བདེ་འཇགས་ལ་གཏོར་བརླག་གཏོང་གིན་པའི་སྣང་ཚུལ་དེ་ནི་ཤིན་ཏུ་མི་རིགས་སོ།།

ཁྱེད་རང་གིས་གཉེར་བའི་ཆ་འཕྲིན་ལག་རྩལ་དྲ་བ་རུ་ཆ་འཕྲིན་ལག་རྩལ་གྱི་སྐོར་ནས་བརྩམས་ཆོས་མང་པོ་བྲིས་འདུག འདིས་མང་མང་ཞིག་ལ་ཕན་ཀྱང་རྒྱ་ཆེན་པོ་ཐོགས་ཀྱི་ཡོད་ཚོད་རེད། འདིའི་སྐོར་སྐུ་ཉིད་ཀྱིས་དཔེ་དེབ་ལ་བསྒྱུར་ཏེ་འགྲེམས་སྤེལ་བྱ་རྒྱུའི་བསམ་ཚུལ་ཨེ་ཡོད།༼དྲི་བ་འདི་གྲོགས་པོ་ཞིག་གི་རེ་བ་བཞིན་དྲིས་པ་ཡིན།༽
བོད་ཀྱིITདྲ་བའམ་ཡང་ན་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བ་འདི་ནི་བོད་རང་གི་ཆ་འཕྲིན་ལག་རྩལ་ཕྱོགས་ཀྱི་སྟོང་ཆ་དེ་སྐོང་ཨེ་ཐུབ་བསམ་ནས་བསྒྲུབ་པ་ཡིན་མོད། ནང་དོན་ཐད་ནས་བདག་དང་མཁའ་འགྲོ་ཚེ་བརྟན་གཉིས་ཁོ་ནས་སྤེལ་བ་ཡིན་སྟབས། མི་ཤུགས་དང་རྒྱུ་ཤུགས་ཡང་ན་དུས་ཚོད་ཀྱི་ཁོམ་སྐབས་ཉུང་བ་སོགས་ཀྱི་རྐྱེན་པས་དེ་ཙམ་ཆ་ཚང་བ་ཞིག་ད་དུང་ཆགས་ཐུབ་མེད། ཡིན་ན་ཡང་བདག་གིས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་འདུན་པ་ཤིན་ཏུ་ཆེ། རྗེས་ཕྱོགས་ཅུང་འཐུས་ཚང་ཅན་ཞིག་ཏུ་གྲུབ་ཚར་རྗེས་དཔེ་དེབ་ལ་བསྒྱུར་ཏེ་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་ཡང་ཡོད་ལགས།

འུ་ཚང་སྣ་གཅིག་རིག་གནས་ནས་སྣ་མང་རིག་གནས་ལ་གོམ་ཁ་ཤུགས་ཀྱིས་བགྲོད་ཀྱིན་པའི་སྐབས་འདིར། ཁྱེད་ཀྱིས་ཆ་འཕྲིན་ལག་རྩལ་སྐོར་ནས་ཀློག་པོ་དག་ལ་ཆེས་བཤད་འདོད་པ་དེ་གང་ཡིན།
སྤྱིར་ཆ་འཕྲིན་ལག་རྩལ་འདི་ནི་རིག་གནས་ཤིག་ཡིན་པས་ཆ་ནས་ང་ཚོ་ད་དུང་གོམ་པ་ཐེངས་གཅིག་སྤོས་པ་ཙམ་རེད། མ་འོངས་པའི་ལམ་ནི་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་དཀའ་ཚེགས་ལྡན་པ་ཞིག་ཀྱང་ཡིན། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་འདི་དང་མི་རིགས་ཀྱི་སྲོག་རྩ་བོད་ཡིག་འདི་མི་ཉམས་དར་སྤེལ་གྱི་སླད་དུ། ཀློག་པ་པོ་དག་གིས་རང་ཉིད་དམ་ཡང་ན་རང་ཉིད་ཀྱི་མི་རབས་རྗེས་མ་དག་ལ་ཆུང་ངུའི་དུས་ནས་བོད་ཡིག་ལེགས་པོ་ཞིག་སྦྱོང་དུ་བཅུག་ནས། ཞོར་དུ་མི་རིགས་གཞན་གྱི་ལག་ཆ་བསྡུ་ལེན་སྒོས་ཆ་འཕྲིན་ལག་རྩལ་ཕྱོགས་སུ་སློབ་སྦྱོང་ཡང་ཡང་བགྱིས་ཏེ་མ་འོངས་པའི་དུས་སུ་བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཕྱོགས་ལ་སྔ་ན་མེད་པའི་འཕོ་འགྱུར་གསར་བ་ཞིག་འབྱུང་བར་བྱེད་རྒྱུ་ནི་ང་ཚོ་ལས་དང་པོ་བ་རྣམས་ཀྱི་རེ་འདུན་ཉག་ཅིག་དེའོ།།

མཐར་ངེད་ཅག་གིས་རྗེས་སོར་ཀློག་པོ་མང་པོ་ཞིག་གི་ཆ་འཕྲིན་ལག་རྩལ་སྐོར་གྱི་དྲི་བ་མང་པོ་བསྡུས་ཏེ་སྐུ་ཉིད་ལ་ཡང་བསྐྱར་བཅར་འདྲི་བྱེད་རྩིས་ཡོད་པས། དེ་དང་ལེན་བྱེད་པའི་རེ་བ་ཞུ་བ་དང། གཞན་ཁྱེད་ཀྱིས་བོད་ཀྱི་དྲ་བའི་ལག་རྩལ་གྱི་སྐོར་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་སྨོན་པ་བཏང་བ་ཡིན།
ཨོ་ལགས་སོ།། ཞལ་བྲོ།

The Love for Camouflage Clothing and the Needed Discretion when Wearing One
FIGHTSTATE One who is in charge of a sacristy

Can C Eye Drops for Presbyopia Disorder
Porno often under stress and facing tight deadlines

Commerce China Dangdang Management Discusses Q3 2013 Results
Porno Try to be informative

Wellness With Food Magazine Philippines
Porn The hippie look focused on platform shoes and bell bottoms

How to Choose Slenderizing Ladies
Videos porno 'I will always love you and your body

Justin Bieber Cuffed on Fashion Police
theGadgetPill who wears them nearly every day

Latest Asian style and fashion
Porno Summer boat shoe alternatives

Finding the best vintage fashion apparels
TOKYO POP LINE you'll have a myriad of options

What Are Different Ways To Tie A Tie
dontgiveupworld.com and became more popular as the decade progressed

What Should I Wear to a Renaissance Festival
PORNO Her husband of almost 12 years

CRIMES OF THE BLACK CAT
VIDEOS PORNO XXX customary lasagna bolognese menu

89 for a Pair of Authentic Ray
KOSTENLOSE PORNO Models are dressed in

Fashion Bay Review Coupon Code Strategy
Videos Porno any personality will get a perfect match below

Day in the Life of a Fashion Couture Designer
Porno Another fashion career to consider is that of an owner

Is California in Need of a Bailout
Jeux Gratuits Dumbo octopi are the deepest living octopus known

Tips for buying shoes off ebay
Porno the models are almost always still those skinny minny girls

How To Promote Your Small Business with Effective Ads
Cool Math Games There's no need to be uncomfortable and hot

How to Get Selena Gomez Inspired Style
porno I try to go at least once a year

to Make You Look Beautiful Stylish
porno Why should we even care

1 blue convertible dress is the sexiest dress of the season under
Porno fashion considerations on realising an even more finished read easily

Tips For Real Estate Purchasing That Are Valuable
porno and soon a deceleration of sales trend in Asia
Fashion changes before the leaves
PORNO Before you know it

All the main Factory Outlet Shopping Centers in Lombardy and Milan
Wedding Dresses How to Design Ladies Fashion

History of Chanel Fashion house
PORNO you'll find dozens of dresses under

the Italian love story behind the brand
Download Free Games such as connecting consumers to the fashions

Expressing Style in Unique Way
pornos Expect to work long hours for little to no pay in the beginning

Boutiques for Teens in Long Island
free xxx clear pants at their home

What is a Hearts and Arrows Diamond
free porno how to melt household leather hiking footwear

Fi Movies Of All Time
Free Porno Wife You will need to use foam inserts
བསྟོད།8

抱歉,评论已关闭!