རྩོམ་པ་པོ་སྐུ་ཞབས་མྱི་ཆེན་ལགས་ལ་བཅར་འདྲི་བྱས་པ།

མྱི་ཆེན།

རུས་མིང་ཤར་པང་འཆི་མེད་རྡོ་རྗེ། བཏགས་མིང་དགེ་འདུན་ཚུལ་ཁྲིམས་དང་རྩེ་སྨིན་གྲོལ། མྱི་ཆེན་སོགས་བེད་སྤྱོད་བྱས་མྱོང༌། ཆུང་དུས་ནས་བཟུང་ཆོས་ལུགས་རིག་གནས་ཀྱི་སློབ་གསོའི་འོག་རོང་བོ་དགོན་ཆེན་གྱིས་མཚོན་བོད་ཕྱི་ནང་གི་དགོན་ཆེན་ཁག་ལ་མཇལ་ཏེ་ཐོས་དོན་ཁ་ལག་ལ་བཏབ། གཞན་རྩོམ་ཡིག་ཐན་ཐུན་རེ་དང་སློབ་ཁྲིད་བསྐྱར་སྐོར་གྱིས་བྱིས་པ་དག་ལ་སེམས་དོན་གླེང་མྱོང༌། མི་ཚེ་ནི་སློབ་སྦྱོང་དང་མ་འབྲལ་བ་ཞིག་བྱས་ཏེ་ཕ་སྐད་རྣལ་མ་ཞིག་རྒྱག་ཐུབ་ན་སེམས་ཀྱིན་ཡོད་ལ།མཇུག་མཐའི་རེ་བ་ནི། ཆོས་སྲིད་གང་ཐད་ནས་བལྟས་ན་ང་ཚོར་མཁོ་བ་ནི་མྱི་དོན་གྱི་སློབ་གསོ་རེད་བསམ་གྱིན་ཡོད།

སྐུ་ཞབས་མྱི་ཆེན་ལགས། ཁྱེད་བདེ་མོ།
ལན། བདེ་མོ་ཡིན།
ཐོག་མར་ཁྱེད་ཀྱིས་བྱ་བའི་བྲེལ་གསེང་བར་ནས་ངེད་དྲ་བའི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ།
ལན། ཁྱེད་ཅག་དྲ་བས་ང་ལ་མཐོང་ཆེན་པོས་གོ་སྐབས་འདི་སྤྲད་པར་དགའ་བསུ་ཡོད།
ཁྱེད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ལོ་ངོ་ག་ཚོད་འགོར་བ་དང་རང་གི་རྩོམ་རིག་བརྩམས་ཆོས་ལ་བཟུང་བའི་ལྟ་ཚུལ་སྐོར་ནས་རགས་ཙམ་གླེང་ན།
ལན། ངེད་རང་རྩོམ་འབྲིའི་ལས་ཀ་ཟེར་ན་འདྲ། གང་ལྟར་རྩོམ་ཡིག་འབྲི་མགོ་བརྩམས་ནས་ལོ་ངོ་བཅུ་ཕྲག་ལྷག་འགོར་ཞིང༌། རྩོམ་རིག་བརྩམས་ཆོས་ཐད་ཀྱི་ལྟ་ཚུལ་ཟེར་ན་བཤད་མི་ཤེས་མོད། འོན་ཀྱང་ད་ལྟའི་བར་དུ་རྩོམ་རིག་ནི་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བཟུང་ནས་འོངས་པ་ཡིན་ལ། སྐབས་ལན་རེར་རྩོམ་རིག་ནི་མི་ཚེའི་ཁྲོད་ཀྱི་དགའ་སྐྱོ་འདྲེས་མའི་གླུ་སྐད་ཅིག་ཏུ་མཐོང་གིན་ཡོད། གཞན་མི་སུ་ཡིན་ཀྱང་རང་ཉིད་ལ་འཚོ་བ་ཡོད་པ་ནས་རྩོམ་རིག་ཟེར་བའི་གླུ་སྐད་འདི་ཡང་ཡོད་ངེས་པའི་ལྟ་ཚུལ་རྒྱུན་ཏུ་འབྱུང་གི འདི་ནི་ངའི་ལྟ་ཚུལ་ཙམ་ཡིན།
རེད། ལོ་ངོ་འདི་དག་གི་རིང་ལ་ཁྱེད་ཀྱིས་བྲིས་པའི་བརྩམས་ཆོས་དག་ལས་རང་གི་འདོད་བློ་སྐོང་ཐུབ་པའི་བརྩམས་ཆོས་གང་གང་ཡོད།
ལན། ཧེ་ཧེ། ངས་ད་བར་དུ་བྲིས་བྲིས་ཚང་མ་རང་ཉིད་ཀྱི་ལས་བྱ་ལྟ་བུ་ཞིག་ཏུ་བཟུང་ནས་བྲིས་པ་ཡིན་པས་ཡིད་ཚིམ་པའི་རྩོམ་ཡིག་གཅིག་ཀྱང་འདི་རེད་ཅེས་མཛུབ་མོ་ཀེར་ས་མེད། འོན་ཀྱང་དེང་དུས་ཀྱི་དེབ་ཚགས་དག་གི་ཁྲོད་ཀྱི་རྩོམ་ཡིག་ཁ་ཤས་ལ་བལྟས་ན་ཅུང་ཡིད་སྤྲོ་བའི་རྩོམ་ཡིག་རེ་ཟུང་ཡོད་ངེས་མོད། ད་ལྟ་རེ་རེ་བཞིན་ངོ་སྤྲོད་བྱ་བསམས་ན་ཅི་ཡང་མི་དྲན་གི
རེད། རེད། བར་འདི་ནས་འདྲི་འདོད་པ་ཞིག་ལ་དགྱ་ནག་ལ་མཚོན་ན་བར་སྐབས་ཤིག་ཏུ་ཟིན་བྲིས་བྱུང་བ་ནས་བློ་སྒོ་འབྱེད་པའི་ལས་འགུལ་ཅིག་བྱུང་ཟེར་སྲོལ་འདུག་ལ། ཉེ་ལམ་འུ་ཅག་གི་ཟིན་བྲིས་པ་མང་དག་ཅིག་གི་འདུ་ཤེས་ཀྱི་ངོགས་ན་ཟིན་བྲིས་ནི་ལས་བྱ་འབྲི་ས་ཙམ་དང་ཡང་ན་དེ་འདྲའི་གཟབ་ནན་མི་བྱེད་པའི་ལས་ཀ་ཞིག་ཏུ་ངོས་འཛིན་གི་འདུག་པས། སྐུ་ཉིད་ཀྱིས་བལྟས་ན་དོན་འདིའི་གནད་ཀྱི་རྩ་བ་གང་ལ་ཐུག་འདུག་སྙམ།
ལན།རེད། དངོས་གནས་བལྟས་ཡོང་ན་ང་ཚོས་ཟིན་བྲིས་ཟེར་བ་འདི་ལས་བྱ་ལྟ་བུ་ཞིག་གམ། ཡང་ན་གཟབ་ནན་དང་དེ་འདྲའི་དང་དོད་མི་བྱེད་པའི་རྩོམ་ཡིག་གམ་ཟིན་ཐོ་འབྲི་ས་ལྟ་བུ་ཞིག་ཏུ་མཐོང་འདུག འདིའི་རྩ་བ་གང་ལ་ཐུག་འདུག་ཟེར་ན། བཤད་དཀའ་མོ་འདྲ་རེད་དེ། འོན་ཀྱང་ངའི་ལྟ་ཚུལ་ཙམ་གླེང་ན། ང་ཚོས་ཟིན་བྲིས་ཟེར་བའི་གོ་དོན་ནམ་དགོས་དམིགས་མ་མཐོང་བས་ལན་པའམ་ཡང་ན་ང་ཚོ་ལས་གཞི་འདིར་གློ་བུར་དུ་འཕྲད་པའི་ཡིན་རྒྱུ་རེད་སྙམ་གི
ཁོ་བོས་ཀྱང་ཁྱེད་ཀྱིས་ཟིན་བྲིས་ལས་སྙན་ངག་དང་འབོལ་རྩོམ་སོགས་བྲིས་རྩོམ་མང་པོ་ཞིག་བཀླགས་མྱོང༌། དེ་ལས་བག་ཆགས་ཆེས་ཟབ་པ་ནི་ཁྱེད་ཀྱིས་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་བྲིས་རྩོམ་དེ་དག་རེད། འདིར་ཁྱེད་ཀྱིས་ཆོས་དང་སྲིད་གཉིས་ཀྱི་འགལ་འབྲེལ་གྱི་ཆ་ནས་ཡང་བསྐྱར་གནད་ཀྱི་དོན་པོ་རགས་ཙམ་གླེང་ན།
ལན།ཆོས་སྲིད་ཟུང་འབྲེལ་ཞེས་བཤད་འོང་དུས། ངའི་ལྟ་ཚུལ་ལ་གཙོ་བོ་སྲིད་དོན་རིག་གནས་པ་ཞིག་གི་འགན་འཁྲི་བཟུང་ནས་གླེང་གིན་ཡོད། བཙན་པོའི་རྒྱལ་རབས་འཐོར་ཤུལ་ནས་ད་བར་དུ་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ལ་ཆོས་དོན་གཙོ་བོར་བཟུང་ནས་སྲིད་དོན་ཕལ་བར་བཟུང་བའམ་སྲིད་དོན་གཡུགས་པའི་རྐྱེན་གྱིས་དོན་དག་གང་མང་ཞིག་ང་ཚོའི་མགོ་ཐོག་ཏུ་ལྗིད་ཏིག་གེར་ལྷུང་སོང་བ་འདི་རེད། མྱི་ཞིག་ལ་མཚོན་ན་རང་དོན་གཙོ་བོར་བཟུང་སྟེ་གཞན་དོན་བསྒྲུབ་རྒྱུ་ལས་རང་དོན་བསྐྱུར་ནས་གཞན་དོན་བསྒྲུབས་ན་དེ་འདྲའི་སྐྱིད་པོ་ཞིག་ཏུ་མཐོང་གི་མི་འདུག དེ་ཕྱིར་དམ་པ་ཆོས་ཟེར་བ་འདི་མི་སྒེར་གྱི་འཚོ་བའི་ནང་སྐྱིད་གྲོགས་སམ་སྐྱོ་གྲོགས་སུ་ཉར་རྒྱུ་ལས་སྤྱི་འབངས་ཡོངས་ཀྱི་འཚོ་བའི་བདེ་སྡུག་གི་གཞི་བཅོལ་སར་བཟུང་ན་མི་འགྲིག་གི མྱི་སྐྱོང་བའི་རིག་གནས་དང་མྱི་འདུལ་བའི་རིག་གནས་ཏེ་དམིགས་ཡུལ་མི་འདྲ་བའི་རིག་གནས་གཉིས་ཡར་རྒྱས་སུ་འགྲོ་དགོས་པའི་མིའི་སྤྱི་ཚོགས་ཧྲིལ་བོའི་ནང་མཉམ་སྐྱོད་བྱེད་ཐབས་རྩ་བ་ནས་ཡོད་མདོག་ཁ་བོ་མ་རེད། ཆོས་ལུགས་རིག་གནས་འདི་ང་ཚོའི་སྤྱི་ཚོགས་ནང་གཏན་ནས་མི་དགོས་ཀི་ཟེར་གྱི་མེད། ཆོས་ལུགས་ཀྱི་གོ་གནས་མི་སྒེར་སོ་སོའི་ཁོར་ཡུག་དེར་རང་འཇགས་སུ་བཞག་སྟེ། ད་གཟོད་སྲིད་དོན་རིག་གནས་གཙོ་བོར་གཉེར་དགོས་ཟེར་བ་ཡིན། མི་ཁ་ཤས་ནས་སྔོན་ཐོན་རྒྱལ་ཁབ་མང་བོར་ཆོས་སྲིད་གཉིས་ཀ་ཡོད་པ་དང་སྲིད་དཔོན་ཚོས་ཀྱང་ཆོས་སྒྲུབ་ཀྱིན་ཡོད་པའི་འུར་རྒྱག་པ་དེ་དག་ནི་ང་ཚོས་གླེང་གིན་པའི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་སྐབས་ཀྱི་གོ་བ་ལེན་ཚུལ་དང་རྦད་དེ་ཐ་དད་རེད། ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཚན་རིག་མཐུན་ཚུལ། ཞིབ་འཇུག་གི་རིན་ཐང་ཆེ་ཚུལ་གླེང་བ་འདི་དག་ནི་ངས་གླེང་གིན་པའི་ལྟ་ཚུལ་འདི་དང་གཏན་ནས་ཁ་ཁ་རེད། ད་དུང་སྲིད་དོན་རིག་གནས་པ་ཞིག་ལ་མཚོན་ན་དམ་པ་ཆོས་ཟེར་བ་འདི་ཞོར་ཟས་ལྟ་བུ་ཞིག་ཏུ་ངོས་བཟུང་ན་ཡག་པོ་འདུག
རེད། རེད། ད་རུང་དྲི་བ་ཞིག་ཡོད་པ་ནི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་ཆོས་ལུགས་པ་དག་གིས་སེམས་ཅན་རིས་མེད་དུ་སྒོམ་དགོས་པས་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ཡོད་མི་ཉན་པ་དང༌། དུངས་ཞེན་གྱི་ངོས་ནས་བཤད་ན་་ཆོས་ལུགས་པ་དག་ལ་ཡང་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཟབ་མོ་ཡོད་པས། དོན་དངོས་སུ་ཆོས་ལུགས་པས་ལམ་ཁ་འདི་གཉིས་ལས་གོམ་ཁ་གང་ལ་སྤོས་ན་འགྲིག་གི་རེད།
ལན།
དུངས་ཞེན་ཟེར་ན་འདྲ། གང་ལྟར་ང་ཚོའི་ད་ལྟའི་གནས་བབ་འདིར་བལྟས་ཡོང་ན་ཆོས་ལུགས་པ་ཚོས་མི་རིགས་རང་ལུགས་ཀྱི་ལྟ་གྲུབ་འདིའི་སྟེང་ནས་བསམ་བློ་བཏང་ན་རེད་བསམ་གྱིན་ཡོད། གཞན་ངེད་ནས་ཆོས་ལུགས་པ་དང་ཆོས་པ་གཉིས་ལ་ཁྱད་པར་འབྱེད་ཀྱིན་ཡོད། སེམས་ཅན་རིས་མེད་དུ་བལྟས་ཏེ་བྱམས་བརྩེ་སྒོམ་ཐུབ་མཁན་ཞིག་སྤྱི་ཚོགས་འདིའི་ཉེ་སར་བཏུད་དེ་གཞན་ཕན་སྒྲུབ་ན་ཁེ་དང་གྱོང་གང་ཡོད་སུས་ཀྱང་བཤད་དཀའ་བའི་ཚད་རེད།
ངས་འདིར་ཆོས་ལུགས་པ་ཟེར་བ་ནི་རབ་བྱུང་གི་སྡེ་ལ་བཤད་པ་ཡིན། གལ་ཏེ་ཁྱེད་ཀྱིས་བཤད་པའི་ཆོས་པ་དག་གིས་མི་རིགས་རིང་ལུགས་ཀྱི་ལས་ཀ་བདམ་ན་མ་གྱུར་སེམས་ཅན་ཞེས་པའི་ཆོས་ལུགས་ཀྱི་རྩ་དོན་ལ་རྡོག་བརྫིས་བཏང་ཡོད་པས་འདིར་འགྲེལ་བཤད་ཅི་ལྟར་གནང་ན་འགྲིག
ལན། ངས་གླེང་གིན་པའི་ཆོས་ལུགས་པ་ཚོ་མི་རིགས་རང་ལུགས་ཀྱི་ལྟ་གྲུབ་འདིའི་སྟེང་བསྐྱོད་ན་ཡག་པོ་རེད་སྙམ་གི གཞན་ཆོས་པ་ཞིག་ལ་མཚོན་ན་མར་གྱུར་སེམས་ཅན་ཟེར་བའི་ལྟ་གྲུབ་འདིའི་སྟེང་ཤར་སྐྱོད་བྱ་དགོས་ཤིང་ཤར་སྐྱོད་བྱེད་ཀྱིན་ཡང་ཡོད། གལ་ཏེ་ལྟ་གྲུབ་འདིའི་སྟེང་ཤར་སྐྱོད་བྱེད་མ་ཐུབ་ཚེ་ཆོས་ཀྱི་དགོངས་པ་དང་འགལ་བར་མ་ཟད་ཆོས་པ་ཞེས་པའི་ཐ་སྙད་འདིའང་དོར་ཚར་བ་རེད། ད་དུང་ཆོས་ལུགས་པ་ལ་རབ་བྱུང་བས་མ་ཁྱབ་པར་མ་ཟད་ཆོས་པ་ལའང་དེས་མ་ཁྱབ་པར་བདག་གིས་འདོད་དོ། །
ཆོས་ལུགས་པ་དང་ཆོས་པའི་ཁྱད་པར་བགར་ཏེ་ཆོས་ལུགས་ཡང་དག་མིན་དང༌། ཡང་ན་ཆོས་པ་དང་ཆོས་ལུགས་པ་ལ་རབ་བྱུང་བའི་ཁྱབ་མ་ཁྱབ་དེ་ངས་ཤེས་འདོད་པ་གཙོ་བོ་མ་རེད་མོད། དེ་ལྟར་ཞིབ་ཆ་ཕྱེ་ན་འགྲིག་ས་རེད། སྐབས་འདིར་ངས་ཤེས་འདོད་པ་ཆེས་གཙོ་བོ་ནི་རང་རེའི་བོད་ན་མ་གྱུར་སེམས་ཅན་ཁ་ནས་གླེང་བ་ལས་ལག་ལེན་དུ་ཐོབ་པའི་ཆོས་ལུགས་པ་རྣམ་དག་བརྒྱ་ཆའི་ག་ཚོད་ཅིག་ཡོད་པ་དེ་རེད། འདིའི་སྐོར་ནས་ཁྱེད་ཀྱིས་ལྟ་ཚུལ་ཞིག་གསུང་ན།
ལན། ཧེ་ཧེ། གོང་གི་ཁྱབ་མཐའ་དེའི་ཤུགས་ནས་ངའི་འདོད་པའི་ཆོས་པ་དང་ཆོས་ལུགས་པའི་གོ་དོན་ཞིག་ཚང་མས་མཐོང་ཨེ་ཡོང་བསམ་པ་ཡིན་པས་དགོངས་དག ད་ཐེངས་ཀྱི་དྲི་བ་འདིར་ལན་འདེབས་ཁེགས་པོ་ཞིག་རེད། ངས་གླེང་གིན་པའི་ཆོས་པ་ནི། དཔེར་ན། འབྲོམ་སྟོན་པ་དང་རྗེ་མི་ལ། ཕྱིས་ཀྱི་འཇམ་མགོན་ཙོང་ཁ་བ་དང་རྫ་དཔལ་སྤྲུལ་ལྟ་བུ་རེ་ཟུང་ལས་གློ་བུར་དུ་མཚན་བྱང་འདྲེན་རྒྱུ་མི་དྲན་པས་བརྒྱ་ཆའི་གང་ཙམ་ཞིག་ཟིན་ཡོད་པའང་ཞོར་ལ་རྟོགས་མི་ཡོང་ངམ། མར་གྱུར་སེམས་ཅན་ཁ་ནས་གླེང་མཁན་བརྩིས་པས་མི་ལང་བས་ལན་འདི་ཙམ་གྱིས་འཐུས་པར་བྱའོ། །
རེད། སྐབས་འདིར་ང་ལ་དྲི་བ་གཞན་ཞིག་ཡོད་པ་ནི་ཉེ་སྔོན་ཁྱེད་ཀྱིས་བུད་མེད་ཀྱི་ཐོབ་ཐང་སྐོར་ནས་མང་པོ་གླེང་གི་འདུག སྣང་ཚུལ་འདི་ལ་མི་ལ་ལ་ཞིག་གིས་གྲྭ་བ་ཚོས་བུད་མེད་ཀྱི་དོན་དག་གླེང་བ་ནི་སྐྱེས་པ་ཞིག་ཕོ་ཡི་སྤྱོད་ཁང་དུ་མ་སོང་བར་མོ་ཡི་སྤྱོད་ཁང་དུ་འཛུལ་བ་དང་འདྲ་བོ་འདུག་ཅེས་ཚ་འདྲི་གཏོང་གི་འདུག་པས་འདིར་ཉིད་ལ་བསམ་ཚུལ་ག་རེ་ཡོད།
ལན། ཧེ་ཧེ། ངོ་མའི་དྲི་བ་འདི་ནི་ང་ལ་མི་མཛའ་བ་ཞིག་ཡིན་ན་ཐང་གི འོན་ཀྱང་ཀུ་རེ་དང་འབྲེལ་ནས་གླེང་ན། ང་ནི་བུད་མེད་ལ་སྤྲོ་སྣང་ཆེ་ཤོས་ཀྱི་མྱིའི་རིགས་སུ་གཏོགས་པ་ཞིག་ཡིན་སྟབས། ནམ་རྒྱུན་བུད་མེད་ཚོར་རྒྱབ་སྐྱོར་དང་འདོད་ཕྱོགས་གླེང་གིན་ཡོད་པས་ཚང་མས་ཅི་ཟེར་ལ་སྣང་དོགས་བྱེད་ཀྱིན་མེད། དེའི་སྟབས་ཀྱིས་བུད་མེད་ཚོའི་ཐོབ་ཐང་གླེང་ཞོར་སྐད་ཆ་རེ་བཤད་ན་སྐྱིད་པོ་ཞིག་ཀྱང་རེད། ཧེ་ཧེ། ལྷག་པར་དུ་མི་སྐྱ་ཚོ་ལས་ང་ལྟ་བུའི་གྲྭ་རྒོད་མང་ཆེ་བས་བུད་མེད་ཀྱི་སྐྱོན་ཆ་ལས་བཟང་ཆ་མཐོང་གིན་འདུག་པས་ཁོ་ཚོའི་ཐོབ་ཐང་གི་ཐད་ནས་ཀྱང་གླེང་ན་སྐྱོན་མི་འདུག གོང་གི་ཚ་འདྲི་གཏོང་མཁན་དེ་དག་གིས་བྱེ་བྲག་གི་ཆ་ནས་བསམ་བློ་གཏོང་གིན་ཡོད་པ་འདྲ་ཞིང་ངེད་ནས་རང་ཉིད་མྱི་ཞིག་ཡིན་སྟབས་སྤྱིའི་ཆ་ནས་བསམ་བློ་བཏང་སྟེ་གླེང་ཁུལ་བྱས་པའང་ཡིན་ནོ། །
ཧེ་ཧེ་ འདིའི་སྐོར་ན་ད་དུང་ཁ་བརྡ་བྱེད་རྒྱུ་སྐོར་ཞིག་ཡོད་མོད། དུས་ཚོད་ཀྱི་དབང་གིས་དེ་རིང་འདི་རུ་མཚམས་འཇོག གཞན་ཆེས་མཐའ་མཇུག་གི་དྲི་བ་ཞིག་ཡོད་པ་ནི་མི་མང་པོ་ཞིག་གིས་གྲོགས་པོ་ནི་གྲོགས་པོ་དང་ལྟ་ཚུལ་ནི་ལྟ་ཚུལ་དུ་ངོས་འཛིན་གྱིན་འདུག་ལ། ཡང་སྐོར་ཞིག་གིས་གྲོགས་པོ་དང་ལྟ་ཚུལ་གཞི་གཅིག་ཏུ་བསྲེས་ཏེ་རྩོམ་རིག་གི་གར་སྟེགས་སྟེང་ན་སྐྱུག་བྲོ་བའི་ལས་ཀ་མང་པོ་བྱེད་ཀི་འདུག ཁྱེད་ཀྱིས་བལྟས་ན་ལྟ་ཚུལ་དང་གྲོགས་པོ་གཉིས་གཞི་གཅིག་ལ་བསྲེས་ན་འགྲིག་གམ།
ལན། རེད་རེད། གྲོགས་པོ་སྒྲིག་སྟངས་ལ་སྣ་ཚོགས་ཤིག་ཡོད་པས་ལྟ་ཚུལ་མཐུན་མི་མཐུན་གཉིས་ཀ་ཡོད་ལ། གྲོགས་པོ་ཚང་མ་ལྟ་ཚུལ་གཅིག་ཏུ་སོང་ཚེ་ང་ཚོར་འཕེལ་རྒྱས་ཟེར་བ་ཞིག་ཡོང་ཐུབ་མེད། དེ་བས་གྲོགས་པོ་ཡིན་ན་ལྟ་ཚུལ་ཀྱང་གྲོགས་པོར་འགྱུར་དགོས་པའི་ངེས་པ་མེད་པར་འདོད་དོ། །
མཐར་ཁྱེད་ཀྱིས་བཅར་འདྲི་དང་ལེན་བྱས་པ་ལ་ཡང་བསྐྱར་བཀའ་དྲིན་ཞུ་བ་དང་ཆབས་གཅིག་རྗེས་སོར་ཡང་དུས་ཚོད་ཀྱི་ཁོམ་གསེང་བར་ནས་ངེད་ཅག་གི་བཅར་འདྲི་དང་ལེན་བྱེད་པའི་རེ་བ་ཞུའོ།།
ལན། ལགས་སོ་ཞུ་རྒྱུ་ལས་གཞན་ངེད་རང་ལ་ལྟ་ཚུལ་འདོན་པའི་གོ་སྐབས་ཤིག་སྤྲད་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞལ་དྲོ།

to Fall Fashion 2009 for Less
FIGHTSTATE Rub your eyes and read this

Fowler's Mill Golf Course Reviews
Porno I suppose if one truly can afford such a handbag

The Best Babies Kids Fashion Clothes
Porno When these shoes are initially put on and worn

Modeling agencies help plus size models
Porno And then there

Great Wolf Lodge water park in Grapevine
Videos porno was a small plastic doll

Top Designer Louis Vuitton Handbags
theGadgetPill Turn the dough over

How's my tie bar placement
Porno but they can also drape in really lumpy ways

back to school trends 2013
TOKYO POP LINE I'll send it out

Jersey Shore starts her own fashion line
dontgiveupworld.com oscar wilde about the suffragettes

Complete Collection 2 2008 Edition
PORNO Follow 0Reader Feedback 23 commentsGo to last comment

Teen Choice Awards 2011 Fashion
VIDEOS PORNO XXX Stephen Fry and Alan Rickman

Team Peterson is Changing the Face of Motorcycle Hillclimb
KOSTENLOSE PORNO how to put on a higher cap

Support Breast Cancer Awareness Month This October with These Stylish Products
Porno XXX versatile profession and can work as hair stylists

Screen Printed Matt and Gloss Glitter Heat Applied Transfers
XXX Porno SummationThe company has still much room to grow in the coming years

Dumbbell Workout for Rapid Fat Loss
Jeux You actually can't fail with this particular

On the red carpet at the 39th Deauville American Festival
Porno Guilana Rancic of the Fashion Police panel of four begged to differ

H The Ikea of Retail Apparel Is a Hit With U
Cool Math Games It is one of the smartest ways to wear your scarf

Information on LIC Competitive Exams
porno has custom fit over one million customers

How to Compare Staple Sizes
porno is the biggest selling herbicide in the world

Fashion Trends That Are Making a Comeback
Porno of color to your khakis

Star Hotels in Downtown Scottsdale
porno Heartened by modern women all over the world
How to buy boys tuxedos
PORNO come to an end garment for less

Lake Forest Golf Practice Center Hotels
Prom Dresses Shoes are an essential part of the techno scene

JC Penney Labor Day Sale with super hot buys
VIDEOS PORNO hijab way rules

Funky and bold is the tagline for fashion this year
Download Free Games final result out of geek glasses in the fashion this amazing technology

Coco meets high fashion video
pornos trend is generally unusual

Christian Dior handbags preview fall winter 2010 2011
Pornofilme whether at your local shopping mall or online

Top 10 Secrets of Replica Watches Success
Tube XXX He's been spitting at us for a week or 2 now

Life of a Fashion Icon
Darmowe Porno I've sold over 400 watch straps
བསྟོད།5

抱歉,评论已关闭!