དོ་རྒྱ་བསོད་ཚེ་ལགས་ཀྱིས་སློབ་གསོའི་ཐད་ཀྱི་དྲི་བར་ལན་བཏབ་ཡོད་པ།

གཅན་རྣམ་ཐར་གྱིས་འདོན་སྤྲོད་བྱས།

གཟའ་ཕུར་བུའི་ཉིན་གྱི་སློབ་རའི་འགྱུར་ཁུགས་ལེ་ཚན་བཅོས་སྒྱུར་ཐད་ཀྱི་བགྲོ་གླེང་།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ལ༢༠༡༠ལོའི་ཟླ༣པའི་ཚེས༡༡ཉིན་བཅར་འདྲི་བྱས་པ།

མདོ་འཛིན་པ་བཀྲ་ཤིས་དོན་གྲུབ།།ཡ། དགེ་རྒན་དེ་རིང་ཁྱོའི་བྲེལ་ཟིང་གི་བྱ་བའི་ཁྲོད་ནས་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་བཅར་འདྲི་འདི་དང་ལེན་བྱས་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

དགེ་རྒན་བསོད་ནམས་ཚེ་རིང་། འོ། དེ་སྐྱོན་མེད་པ་རེད།

མདོ་འཛིན་པ་བཀྲ་ཤིས་དོན་གྲུབ། དགེ་རྒན་བསོད་ནམས་ཚེ་རིང་ལགས། ཁྱོད་ལ་མཚོན་ན། ང་ཚོའི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་གྲོགས་པོ་རྙིང་བ་ཞིག་རེད། དགེ་རྒན་ཁྱོད་ནི་རྣམ་ཀུན་ང་ཚོའི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་གདན་ཞུ་བཅར་འདྲི་ལ་ཞུགས་པ་ཆེས་མང་བ་དང་། ང་ཚོའི་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་འདི་ད་བར་དུ་བསྒྲུབས་ནས་ལོ་ངོ་དྲུག་ལྷག་འགོར་ཡོད་པའི་རིང་འདིར། དགེ་རྒན་ཁྱོད་ལོ་རེ་རེ་ཐེངས་གང་མང་དུ་ང་ཚོའི་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་དུ་ཞུགས་ནས་སློབ་གསོའི་ཕྱོགས་ཀྱི་བགྲོ་གླེང་མང་པོ་བྱས་མྱོང་ལ། ད་དུང་དགེ་རྒན་ཁྱོད་ནི་མི་རིགས་སློབ་གསོ་ལ་དགའ་བ་དང་སློབ་གསོའི་ལས་དོན་ལ་བློ་དཀར་བ་ཡིན་པས། ངེད་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་ལ་ཉན་མཁན་མང་པོ་ཞིག་གི་སེམས་སུ་ཁྱོད་ཀྱིས་བག་ཆགས་ཟབ་མོ་མི་ཉུང་བ་བཞག་ཡོད་པ་རེད། དེར་བརྟེན། དེ་རིང་ཡང་ཁྱོད་ཀྱིས་འདི་ནས་གཟའ་ཕུར་བུའི་ཉིན་གྱི་སློབ་རའི་འགྱུར་ཁུགས་འདི་ཇི་ལྟར་བཅོས་སྒྱུར་བྱེད་པ་དང་ཇི་ལྟར་བསྒྲུབ་ན་བཟང་མིན་གྱི་ཕྱོགས་ནས་ཁ་བརྡ་ཞིག་བྱེད་རོགས།

དགེ་རྒན་བསོད་ནམས་ཚེ་རིང། ཡ། ཆོག་གི ཐོག་མར་གཟའ་ཕུར་བུའི་ཉིན་གྱི་སློབ་རའི་འགྱུར་ཁུགས་ལེ་ཚན་འདི་སློབ་གསོ་ཡི་བགྲོ་གླེང་ཞིག་ཏུ་བསྒྱུར་བར་བསམ་བློ་སྐྱེས་པ་དང་མཉམ་དུ། དེ་ལག་ལེན་དུ་འདེབས་རྩིས་བྱེད་ཀྱིན་ཡོད་པའི་བྱ་བ་རླབས་ཆེན་ཞིག་གི་མགོ་བརྩམས་པ་ལ་ངས་འདི་ནས་བཀྲ་ཤིས་རྟེན་འབྲེལ་ཞུ། ད། དེ་དང་མཉམ་དུ་ངོ་མ་རེད། ད་འུ་ཅག་བོད་ཀྱི་སྤྱི་ཚོགས་འདིར་སློབ་གསོ་གླེང་བརྗོད་འདི་འདྲའི་ལེ་ཚན་ཞིག་ངོ་མ་མཁོ་བ་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད། དེ་རེད་ཟེར་དོན་ནི། སྔོན་ཆད་ལོ་རབས་བརྒྱད་ཅུ་བའི་ནང་དུ་བོད་ཀྱི་སྤྱི་ཚོགས་འདིར་རྩོམ་རིག་གི་མཐོ་རླབས་ཤིག་འཕྱུར་བ་རེད། དེ་རྗེས་ནས་དུས་རབས་གསར་བའི་མགོ་བརྩམས་མ་ཐག་གི་སྤྱི་ཚོགས་བགྲོ་གླེང་གི་མཐོ་རླབས་འཕྱུར་བ་རེད། ད་སྐབས་ཡིན་ན་ཁྱོད་ཚོའི་སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་འདི་མགོ་བརྩམས་ནས་ད་བར་དུ་ལོ་ངོ་དྲུག་ལྷག་འདིའི་ནང་དུ། ང་ཚོ་སློབ་གསོ་ལས་མཁན་གྱི་མི་སྣ་འདི་དག་ལ་རང་ཉིད་ཀྱིས་བཤད་ན་འདོད་པ་དང་། རང་ཉིད་ལ་བཤད་རྒྱུ་ཡོད་པའི་སློབ་གསོ་ལས་དོན་སྐོར་གླེང་བའི་གར་སྟེགས་འདི་འདྲ་ཞིག་བསྐྲུན་ནས་སློབ་གསོ་མཐོ་རླབས་ཤིག་འཕྱུར་དུ་བཅུག་པ་རེད། ཡིན་ནའང་། མཐོ་རླབས་ཤིག་འཕྱུར་བ་འདི་ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཧ་ཅང་འཚམས་པོ་ཞིག་གཏན་ནས་མ་རེད། དེའི་རྒྱུ་མཚན་གྱིས་ལེ་ཚན་འདི་བསྒྱུར་བཅོས་བྱེད་དགོས་པའི་ཐོག་མའི་བསམ་བློ་སྐྱེས་མཁན་དང་སློབ་གསོ་གླེང་བར་ལག་ལེན་དུ་འདེབས་རྩིས་བྱེད་མཁན་པ་ཁྱེད་ཅག་ལ་ངོ་མ་བཀའ་དྲིན་ཆེ་ཞུ། དེ་ཡིན་ན། བོད་རང་ལ་མཚོན་ནའང་། བོད་ལ་སྤྱི་ཚོགས་ཀྱི་སློབ་གསོ་བགྲོ་གླེང་འདི་མེད་པ་ཞིག་མ་རེད། སྔོན་ཆད་ནས་བཟུང《མཚོ་སྔོན་སློབ་གསོ》ལྟ་བུ་དང་། རླུང་འཕྲིན་དང་བརྙན་འཕྲིན་ལྟ་བུ་ནང་དུ་རེ་གཉིས་ཤིག་བཤད་ཀྱི་ཡོད་པ་རེད། 《མཚོ་སྔོན་སློབ་གསོ》ལྟ་བུར་མཚོན་ནའང་བོད་ཀྱི་སློབ་གསོ་གླེང་བའི་ཡིག་ཐོག་གི་བགྲོ་གླེང་ཡིན་པ་རེད། ཡིག་ཐོག་གི་བགྲོ་གླེང་འདིར་མཚོན་ན། བོད་ཁམས་སུ་ཡི་གེ་ཤེས་མི་ཤེས་གཉིས་ཀ་ཡོད་པ་དང་། དཔེ་ཆ་ཉོ་མི་ཉོ་གཉིས་ཀ་ཡོད་པ་རེད། དེ་བས《མཚོ་སྔོན་སློབ་གསོའི》་བགྲོ་གླེང་འདི་ཧ་ཅང་ཁྱབ་རྒྱ་ཆུང་བ་རེད། དེའི་འཕྲོར་ནང་དོན་གྱི་ཆ་ནས་ཀྱང་ཚད་བཀག་རང་བཞིན་ཚབས་ཆེ་བ་རེད། དེ་རྗེས་ནས་ངས་མིང་ཞིག་བཏགས་ན་གཟུགས་ལྡན་གྱི་བརྙན་འཕྲིན་བགྲོ་གླེང་འདི་རེད། བརྙན་འཕྲིན་གྱི་བརྡ་རྟགས་འདིའང་བོད་ཀྱི་ས་ཆ་གང་སར་ཐོན་མི་ཐོན་གཉིས་ཀ་ཡོད་ཀི བརྡ་རྟགས་དེ་ཡོད་རུང་བརྙན་འཕྲིན་ལ་ལྟ་མི་ལྟ་གཉིས་ཀ་ཡོད་ཀི། བོད་ཀྱི་རྒན་རབས་པ་དང་ཅུང་ལོ་ཆེ་བ་རྣམས་ནི་བོད་སྐད་བརྙན་འཕྲིན་ལ་བལྟ་རྒྱུ་དགའ་བ་དང་། ལོ་ཆུང་བྱིས་པ་དང་སློབ་ཆུང་སློབ་འབྲིང་གི་སློབ་མ་རྣམས་ནི་རྒྱ་སྐད་ཀྱི་བརྙན་འཕྲིན་ལ་བལྟ་རྒྱུ་དགའ་བོ་ཡོད་པ་རེད། དེའི་བར་ལའང་འགལ་བ་བྱུང་ཡོད། ཁྱེད་རླུང་འཕྲིན་གྱི་ནང་གི་བགྲོ་གླེང་འདིར་ངའི་སྒྲ་ལྡན་བགྲོ་གླེང་ཞེས་བཏགས་པ་ཡིན། སྒྲ་སྡུད་འཕྲུལ་ཆས་འདི་ཉོས་ན་གོང་སླ་བ་དང་། གང་ཡིན་སར་ཁྱེར་ན་སྟབས་བདེ་བ། མིག་བཙུམས་ནས་ཉན་ནའང་ཆོག་པ་རེད། ཉན་པ་པོ་སྒྱིད་ལུག་ཅན་ཞིག་གིས་ཀྱང་ཉལ་ནས་བསྡད་དེ་ཉན་ཆོག་པ་བཅས་ཕན་ཁེ་མི་ཉུང་བ་ཡོད་པ་རེད། གང་ལྟར་ཀྱང་། ན་ནིང་དོ་ཚིགས་འདིར་བོད་ཀྱི་སློབ་གསོ་བགྲོ་གླེང་གི་ཁོར་ཡུག་ལེགས་པོ་ཞིག་བོད་གངས་ཅན་གྱི་ལྗོངས་སུ་ཆགས་པར་བཅུག་ཡོད་ན་འདི་སུའི་བཀའ་དྲིན་ཡིན་ཟེར་ན། སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་དང་། དེ་དང་མཚམས་ལ་ལར་སློབ་གསོ་བགྲོ་གླེང་རེ་སྤེལ་བའི་གསུམ་བདུན་ལྔ་ཐད་གཏོང་ཁང་གཉིས་ཀྱི་མཛད་རྗེས་དང་ཁ་འབྲལ་ཐབས་མེད་པ་ཡིན། ངས་དེ་ལྟར་འདོད་པ་ཡིན། དེ་ཡིན་ནའང་ལེ་ཚན་འདི་ནི་འཐུས་སྒོ་ཇེ་ཚང་དང་། རྗེས་ཕྱོགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ང་རང་གིས་ལྟ་ཚུལ་འགའ་བཤད་ན་འདི་ལྟ་སྟེ།

ཐོག་མར་དུས་ཚོད་ཀྱི་ཆ་ནས་བཤད་ན། ལེ་ཚན་འདི་གཏོང་ཡུན་ནི་ཉིན་རེ་ཡི་ཉིན་གུང་གི་དུས་ཚོད་གཅིག་ནས་གཉིས་བར་དུ་རེད། དུས་ཚོད་གཅིག་གི་རིང་འདིར་སྔོན་ཆད་ཐོག་མར་སློབ་གསོ་བགྲོ་གླེང་ཐུང་བ་རེ་དང་། བློ་རིག་འགྲན་པའི་སྡིངས་ཀ་ཡོད་པ། དེ་རྗེས་ཕན་ཚུན་ལ་ལེགས་སྐྱེས་ཕུལ་བའི་ལེ་ཚན་བཅས་རེད། དེ་ཡིན་ན་ལེགས་སྐྱེས་སྐུར་ས་ནི་བར་སྣང་འཕྲིན་གྱི་ཕོ་ཉའི་ལེ་ཚན་ཡོད་པ་རེད། བློ་རིག་འགྲན་པའི་སྡིངས་ཀ་ནི་ནམ་རྒྱུན་སློབ་གྲྭ་སོ་སོ་ན་བྱ་འགུལ་དེ་སྤེལ་གྱིན་ཡོད། དེ་བས་སློབ་གསོ་རྐྱང་རྐྱང་གླེང་བའི་བགྲོ་གླེང་གི་དུས་ཚོད་ནི་ཇེ་རིང་དུ་བཏང་ནས་དུས་ཚོད་གཅིག་ལ་གཏོང་ཐུབ་རྒྱུ་ན་བཟང་གི་འདོད། འདི་དུས་ཚོད་ཀྱི་ཆ་ཡི་ལྟ་ཚུལ་རེད།

ནང་དོན་གྱི་ཆ་ནས། སློབ་རའི་འགྱུར་ཁུགས་འདི་སློབ་གསོ་བགྲོ་གླེང་གི་ལེ་ཚན་དུ་བཏང་བ་རེད། སློབ་རའི་འགྱུར་ཁུགས་འདིར་ལྟོས་ན་སློབ་གསོའི་བགྲོ་གླེང་ཆེ་ནི་རེད། སློབ་གསོ་བགྲོ་གླེང་ཆེ་བ་ཡིན་ན་ང་རང་གིས་བལྟས་ན་ཁ་ཕྱོགས་ནི་མང་པོ་ཡོད་པར་འདོད་པ་རེད།

དང་པོ་ནི་བགྲོ་གླེང་གི་ནང་དོན་སློབ་གྲྭ་ནས་སྤྱི་ཚོགས་ལ་ཁ་ཕྱོགས་དགོས། སློབ་གྲྭ་ནས་སྤྱི་ཚོགས་ལ་ཁ་མ་ཕྱོགས་ན། དེང་སྐབས་ས་ཆ་སོ་སོའི་སློབ་གྲྭ་མང་ཆེ་བ་ཞིག་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་ཏག་ཏག་རེད། དེས་ན་སློབ་གྲྭའི་ནང་དུ་སློབ་མའི་སྒྲ་སྡུད་འཕྲུལ་ཆས་བཟུང་ཡོད་མེད་གཉིས་ཀ་ཡོད་ནི་རེད། ཕལ་ཆེར་སློབ་མ་ཚོའི་ལག་ན་སྒྲ་སྡུད་འཕྲུལ་ཆས་བཟུང་མེད་པ་རེད། ཡིན་ཡང་སློབ་གྲྭས་ཉིན་གུང་སྐབས་སུ་རྒྱང་སྒྲོག་ལས་བོད་སྐད་རླུང་འཕྲིན་གཏོང་མི་གཏོང་གཉིས་ཀ་ཡོད། བཏང་རུང་དེ་ལ་ཉན་མི་ཉན་གཉིས་ཀ་ཡོད་པ་རེད། སྒྲ་སྡུད་འཕྲུལ་ཆས་འདི་ཉན་མཁན་གྱི་དཔུང་ཁག་མཐུག་པོ་དེ་སྤྱི་ཚོགས་སྟེང་ན་ཡོད་པ་རེད། དེ་བས་ངའི་སྤྱི་ཚོགས་ལ་ཁ་ཕྱོགས་དགོས་ཟེར་བ་ཡིན། སྤྱི་ཚོགས་ཀྱི་སྟེང་ན་གནད་དོན་ཅི་ཞིག་ཡོད་པ་རེད་ཟེར་ན། སློབ་གྲྭ་ལ་ཡོང་གི་མེད་པའི་སློབ་མ་དང་། སློབ་གྲྭ་ལ་ཡོང་ནའང་སློབ་བྱོལ་བྱེད་པའི་སློབ་མ། སློབ་བྱོལ་བྱས་རྗེས་རང་སྡེ་བའི་ནང་དུ་སོང་ནས་སྡེ་བ་ཚོ་བ་བར་ལ་གྱོད་ཁ་མཆུ་སྣ་འདྲེན་བྱེད་མཁན་དང་། ཆང་འཐུང་ཤོ་རྒྱག རྟ་འདེད་ཇག་པའི་ལས་ལ་ཞུགས་པའི་མི་སྣ་དེ་དག་ལ་ཕན་ཆེད་དགོན་པའི་བླ་མ་དང་སྤྲུལ་སྐུ། སློབ་གསོ་བ་ལ་སོགས་པ་གདན་དྲངས་ཏེ་སྤྱི་ཚོགས་ཀྱི་སྟེང་དུ་ཁ་ཕྱོགས་ནས་ཁ་བརྡ་དང་གོ་བསྐོན་སློབ་གསོ་གཏོང་དུ་འཇུག་རྒྱུ་ན་བཟང་བར་སྙམ།

གཉིས་པ་ནི་སློབ་གྲྭ་ནས་ཁྱིམ་ཚང་ལ་ཁ་ཕྱོགས་པ། ཁྱིམ་ཚང་གི་སློབ་གསོ་འདི་སྤྱི་ཚོགས་ཀྱི་སྡེ་ཚན་ཆུང་ཆུང་ཞིག་རེད། འཇིག་རྟེན་ཁམས་ཀྱི་བུ་ཕྲུག་བཟང་མི་བཟང་ནི་ཁྱིམ་ཚང་གི་སློབ་གསོ་འདི་ལ་རག་ལས་ཡོད་པ་དང་། མི་རྒྱུད་ལ་རག་ལས་ཡོད། མི་རྒྱུད་དེ་ཡང་གཅན་རོང་བསྟན་འཛིན་གྱིས་གསུངས་པ་ལྟར་མཐར་གཏུགས་ན་ཁྱིམ་ཚང་གི་སློབ་གསོ་ཐོབ་མིན་གྱི་ཆ་རེད་ཟེར། དེ་ཡིན་ན། སློབ་གྲྭ་ནང་ནས་སློབ་མ་ཚང་མར་འདྲ་མཉམ་གྱི་སློབ་གསོ་བཏང་ནའང་ཁྱིམ་ཚང་གི་སློབ་གསོ་མི་འདྲ་བའི་དབང་གིས་བྱིས་པ་ལ་བཟང་ངན་ཤོར་འགྲོ། དེར་བརྟེན། ཁྱིམ་ཚང་གི་སློབ་གསོ་འདི་སློབ་རའི་འགྱུར་ཁུགས་ཀྱིས་གཙོ་བོར་བཟུང་ན་འགྲིག བགྲོ་གླེང་བྱེད་པའི་གནད་ཆེ་སར་འཇོག་དགོས་པར་འདོད། རྒྱུ་མཚན་ནི་ཁྱིམ་བདག་མང་ཆེ་བས་སྒྲ་སྡུད་འཕྲུལ་ཆས་ལ་ཉན་བཞིན་ཡོད་པ་རེད། དེང་སྐབས་བོད་ཁམས་ཀྱི་ཁྱིམ་བདག་མང་ཆེ་བའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བསམ་བློའི་གོ་རྟོགས་དང་། དངོས་པོ་ཉོ་ཕྱོགས་སོགས་ཇེ་རྒྱས་ཇེ་ལེགས་སུ་བྱུང་ཡོད་པ་རེད། ཡིན་ནའང་། ད་དུང་ཁྱིམ་བདག་དང་བུ་བུ་མོའི་བར་དུ་ཕན་ཚུན་ལ་ཁ་མི་གྲགས་པ་དང་། ཁ་གྲགས་རུང་ཕན་ཚུན་བར་ལ་བློ་མི་འཁེལ་བ་དང་སེམས་མི་གཏོད་པ། དེ་ཕན་ཆད་ནས་ཁྱིམ་བདག་གིས་སློབ་མར་དགོས་མཁོ་ཡོད་པའི་དཔེ་ཆ་རིགས་མི་ཉོ་བ། དཔེ་ཆ་ཞིག་ཉོ་བསམས་རུང་གང་ཉོ་དགོས་པ་ཤེས་ཀྱི་མེད། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་བྱིས་པ་ཨ་མའི་ཁོག་ན་ཡོད་པའི་དུས་ཀྱི་སློབ་གསོ་ཡོད། དེ་འདྲ་ཡོད་ན་འུ་ཅག་ལའང་བྱིས་པ་ཨ་མའི་ཁོག་ན་ཡོད་དུས་ཨ་མས་མི་གཞན་ལ་འཛིང་རེས་དང་རྡུང་རེས་བྱས་ན་མི་བཟང་བ་སོགས་ཀྱི་སློབ་གསོ་གཏོང་སྲོལ་ཡོད་པ་རེད། དེ་བས་བོད་རང་ལའང་ཨ་མའི་ཁོག་ན་ཡོད་པའི་བྱིས་པར་སློབ་གསོ་གཏོང་མཁན་དང་། བྱིས་པ་དང་སློབ་སྔོན་གྱི་སློབ་གསོ་གཏོང་ཤེས་པའི་སློབ་གསོ་མི་སྣ་བཙལ་ཏེ་རླུང་འཕྲིན་དུ་གདན་འདྲེན་ཞུས་ནས་བགྲོ་གླེང་བྱེད་དུ་བཅུག་ན་ལེགས། ཁྱིམ་ཚང་གི་སློབ་གསོ་གོང་འཕེལ་དུ་བུད་སོང་ན། བོད་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་ཐུབ་རྒྱུ་རེད་འདོད་ཀི དེ་བས་སློབ་གྲྭ་ནས་ཁྱིམ་ཚང་ལ་ཁ་ཕྱོགས་པ་འདི་བཤད་ནི་ཡིན།

གསུམ་པ་ནི་སློབ་གྲྭ་ནས་དགོན་པ་ལ་ཁ་ཕྱོགས་པ། 《སློབ་རའི་འགྱུར་ཁུགས》་ཀྱི་ལེ་ཚན་ཟེར་བའི་ཚེ་འདི་ཚད་བཀག་རང་བཞིན་གྱི་དབང་གིས་སློབ་ར་ནང་ནས་མ་གཏོགས་གཞན་ནས་ཞུགས་ན་མི་ཆོག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། དོན་ལ་དགོན་པ་ནང་ནས་ཞུགས་ན་མ་ཆོག་པ་དེ་མ་རེད། བོད་ཀྱི་སློབ་གསོ་འདིའི་ཆུ་མགོ་དགོན་པ་ལ་ཐུག་ཡོད་ནི་རེད། དེས་ན་སློབ་གྲྭ་གཅིག་པུ་ལ་ཁ་ཕྱོགས་ན་མི་འགྲིག་པ་རེད། བོད་གངས་ཅན་གྱི་སློབ་གསོ་འདི་གལ་ཏེ་གོར་གོར་ཞིག་ཡིན་པའི་དབང་དུ་བཏང་ན་དེའི་ཉིས་ཆ་གཅིག་ནི་དགོན་པའི་སློབ་གསོ་རེད། དགོན་པའི་སློབ་གསོ་འདི་ཡིན་ན་དགོན་པའི་ནང་གི་སྒྲིག་ལམ་དང་། དགོན་པའི་བཤད་སྲོལ་འདུག་སྲོལ། དགོན་པའི་བཅའ་ཁ་ཕྱག་ལེན་བཅས་དགོན་པའི་གྲྭ་བ་དང་། སློབ་གྲྭའི་སློབ་མ། མང་ཚོགས་ལ་ཅི་འདྲའི་ཕན་པ་ཡོད་པ་བཤད་དགོས་པ་རེད། བོད་ཀྱི་སློབ་མ་རྗེས་རབས་པ་འདི་རྣམས་ཇི་ལྟ་བུ་ཞིག་ཏུ་སྐྱེད་བསྲིང་བྱེད་དགོས་ཟེར་ན། བོད་སྐད་བཤད་ན་བོད་སྐད་རྐྱང་རྐྱང་བཤད་ཤེས་པ། རྒྱ་སྐད་བཤད་ན་རྒྱ་སྐད་རྐྱང་རྐྱང་བཤད་ཤེས་པ། དབྱིན་སྐད་བཤད་ན་དབྱིན་སྐད་རྐྱང་རྐྱང་བཤད་ཐུབ་པ་དགོས། དེའི་འཕྲོ་ནས་ཚན་རིག་གི་ལྟ་ཚུལ་ཅན། ཆོས་ལུགས་ཀྱི་དད་མོས་ཅན་དེ་འདྲ་ཡིན་ན་འགྲིག་གི་འདོད། དེར་བརྟེན་སློབ་གྲྭ་ནས་དགོན་པ་ལ་ཕྱོགས་ན་འགྲིག་འདོད་པ་རེད།

བཞི་བ་ནི་གྲོང་ཁྱེར་ནས་གཞི་རིམ་ལ་ཁ་ཕྱོགས་དགོས། གྲོང་ཁྱེར་ནས་གཞི་རིམ་ལ་ཁ་ཕྱོགས་པ་ཟེར་བ་ནི། བོད་ལ་ཕལ་ཆེར་གྲོང་ཁྱེར་ཟེར་བ་ཞིག་མེད་པའི་ཚད་རེད། གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་དེ་ན་ཤེས་ཡོན་ཅན་ཁ་ཤས་མ་གཏོགས་མེད་ཀི ཤེས་ཡོན་ཅན་དེ་དག་ལ་ལག་ལེན་གྱི་རང་བཞིན་མེད་ལ་ཤོག་ངོས་ཀྱི་ཡོན་ཏན་མ་གཏོགས་ཆེན་པོ་ཆེན་པོ་ཞིག་གི་ལག་ལེན་དངོས་ཀྱི་ཡོན་ཏན་ཞན་ནི་རེད། དེ་དག་ལ་དབྱིན་ཡིག་དང་རྒྱ་ཡིག་གི་དཔེ་ཆ་དག་ལ་བལྟས་ནས་ཤེས་རྒྱ་དང་མཐོང་རྒྱ་ཧ་ཅང་མང་ནི་རེད། ཡིན་ཡང་བོད་ཀྱི་དོན་དངོས་ཁྲོད་དང་བོད་ཀྱི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དང་། གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་འཚོ་བ་དང་དགོན་པའི་འཚོ་བ་བཅས་ལ་དེ་འདྲ་རྒྱུས་མངའ་ཡོད་མཁན་མེད་པ་རེད། དེའི་ནང་ནའང་རྒྱུས་མངའ་ཡོད་མཁན་ཁ་ཤས་ཡོད་ཀྱི་རེད། གཏན་ནས་མེད་པ་མ་རེད། ཡིན་ཡང་ཤེས་ཡོན་ཅན་ཚང་མར་རྒྱུས་མངའ་མེད་པ་རེད། གྲོང་ཁྱེར་གྱི་ཤེས་ཡོན་པ་ནི་བསམ་བློའི་ལྟ་ཚུལ་དང་བརྡ་འཕྲིན་གྱི་སྣ་འདྲེན་དུ་འགྱུར་བ་ལས་ལག་ལེན་དངོས་ཀྱི་ཁྲོད་ལ་གོ་མི་ཆོད་ཀི འོ་ན། བོད་ཀྱི་སློབ་གསོ་འདི་འཕེལ་རྒྱས་སུ་འགྲོ་ཐུབ་མིན་དང་། བོད་ཀྱི་སློབ་གསོ་འདི་ཁྱབ་གདལ་དུ་གཏོང་ཐུབ་མིན། མི་རབས་རྗེས་མ་གསོ་སྐྱོང་བྱེད་ཐུབ་མིན་བཅས་ལ་དམིགས་ནས་ཡིན་གཅིག་མིན་གཉིས་ཀྱིས་གཞི་རིམ་ལ་ཞིབ་འཇུག་བྱས་ཏེ་གོམ་པ་སྤོ་དགོས། དེའི་རྒྱུ་མཚན་གྱི་རྒྱུན་ཏུ་གདན་ཞུ་སྐུ་མགྲོན་ནི་གཞི་རིམ་ལ་ཁ་ཕྱོགས་ནས་བཙལ་དགོས།

ལྔ་བ་ནི་བོད་ནས་འཛམ་གླིང་ལ་ཁ་ཕྱོགས་པ། བོད་ཀྱི་སློབ་གསོ་འདི་དགོན་པའི་སློབ་གསོ་ནས་བརྒྱུད་ཡོང་བས། འཇིག་རྟེན་མི་ཆོས་ཀྱི་སློབ་གསོ་སྐོར་འདི་ཉུང་བ་རེད། བོད་ལ་འཇིག་རྟེན་མི་ཆོས་ཀྱི་སྐོར་ཉུང་དོན་ཅི་རེད་ཟེར་ན། བོད་ཀྱི་མདོ་རྒྱུད་གང་གི་ནང་ན་འཇིག་རྟེན་མི་ཆོས་མེད་པ་མ་རེད། ཡོད་པ་རེད། བོད་ལ་འཇིག་རྟེན་མི་ཆོས་སྐོར་གྱི་གསུང་རབ་དང་དཔེ་ཆའང་གཏན་ནས་མེད་པ་རེད་ཟེར་ན་མེད་ནི་མ་རེད། ཡོད་ཀྱང་ཆེས་ཉུང་བ་དང་བཙལ་ན་མི་རྙེད་པའི་ཚད་ལ་སླེབས་ཡོད་པ་རེད། དེའི་རྒྱུ་མཚན་གྱི་འཇིག་རྟེན་མི་ཆོས་ཕྱོགས་ནས་ནུབ་གླིང་ཕྱོགས་ཀྱི་སློབ་གསོ་སྨྲ་བའི་སྡེ་ཁག་དང་། རྒྱ་ནག་གི་སློབ་གསོ་སྨྲ་བའི་སྡེ་ཁག་ནི་བོད་ཀྱི་མི་ཆོས་སློབ་གསོ་ལས་ཅུང་ཙམ་འབུར་དུ་ཐོན་ཡོད་པ་རེད། ང་ཚོས་དེ་དག་གི་སྔོན་ཐོན་བསམ་བློ་དང་། ལྟ་ཚུལ། བསམ་པའི་འཁྱེར་སོ། སྒྲུབ་ཕྱོགས་སྒྲུབ་སྟངས་བཅས་ཀྱི་ཆེད་དོན་བགྲོ་གླེང་བྱེད་དུ་བཅུག་སྟེ་ཁྱབ་སྒྲོག་བྱེད་ཀྱི་ནའང་བཟང་སྙམ་པ་རེད།

དྲུག་པ་ནི་སློབ་དཔོན་ནས་དགེ་རྒན་ལ་ཕྱོགས་པ། སློབ་དཔོན་ཟེར་བ་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ལ་ཟེར། དགེ་རྒན་ཟེར་བ་ནི་གཞི་རིམ་གྱི་དགེ་རྒན་ལ་ཟེར་བ་ཡིན། ལྟོས་ས་ལྟོས་འཇོག་གིས་བཤད་ན། ཤེས་བྱ་ཡོན་ཏན་ཅན་གྱི་དགེ་རྒན་ནི་སློབ་གྲྭ་ཆེན་མོ་ནང་ན་ཡོད་པ་རེད། གཞི་རིམ་གྱི་དགེ་རྒན་ཚང་མ་ནི་ཡོན་ཏན་མེད་པའི་ཚད་ལ་བཞག་ཡོད་པ་རེད། གཞི་རིམ་གྱི་དགེ་རྒན་ཚང་མ་ལ་ཡོན་ཏན་མེད་པའི་དབང་གིས་བོད་འདི་ནི་ཚད་འདི་ལ་ལྷུང་བ་རེད། གལ་ཏེ་གཞི་རིམ་གྱི་དགེ་རྒན་ཚང་མ་ཡོན་ཏན་ཅན་ཏག་ཏག་ཡིན་རྒྱུ་ན། བོད་ཀྱི་སློབ་གསོ་འདི་འཕེལ་རྒྱས་ཅུང་མགྱོགས་རྒྱུ་རེད། དེའི་དབང་གིས་སློབ་གྲྭ་ཆེན་མོའི་དགེ་རྒན་མང་ཤོས་ཤིག་གིས་ཤེས་བྱ་ཡོད་ཚད་ཁོའི་ཤེས་པར་འདོད་པ་རེད། གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་ཅིག་ཡིན་ན། སྐད་ཡིག་ཅིག་ཡིན་ན། སློབ་གསོ་ཡིན་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཡིན་ན། ལྗོངས་རྒྱུ་ལྟ་སྐོར་གྱི་ཤེས་བྱ་བཅས་ཐམས་ཅད་ཁོ་ཚོས་ཤེས་པ་ཡིན་མདོག་དེས་ཡོད་ཚད་ཀྱི་ཚབ་བྱེད་མི་ཉན་པ་རེད། གཞི་རིམ་ས་ཁུལ་ན་དེ་ཤེས་མཁན་ཡོད་མེད་རེ་རེ་བཙལ་ཏེ་ཐམས་ཅད་མཁྱེན་པ་ནས་བྱེ་བྲག་མཁྱེན་པའི་མི་སྣ་དེ་གསོ་སྐྱོང་བྱེད་དགོས། སློབ་རའི་འགྱུར་ཁུགས་ལ་དེ་གསོ་སྐྱོང་བྱེད་པའི་འགན་ཁུར་མེད་ནའང་། དེ་གསོ་སྐྱོང་བྱེད་པའི་ནུས་པ་དང་ལྷག་བསམ་ཡོད་པ་རེད། འུ་ཅག་ཚང་མས་ད་བར་དུ་སློབ་གསོ་བསྒྲུབས་ནས་ལོ་ངོ་ལྔ་བཅུ་དྲུག་ཅུ་དང་ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་གི་རིང་དུ་བསྒྲུབས་ཡོད་མོད། འོན་ཀྱང་བོད་ལ་ད་ལྟའི་བར་དུ་སློབ་གསོ་བ་ཡོད་མེད་ཀྱི་སྐོར་དྲིས་ནའང་དེ་ནི་བཤད་ཐུབ་མི་ཐུབ་པའི་ཚད་ན་ཡོད་པ་རེད། བོད་ལ་སྔོན་ཆད་ཡོད་ཚད་མཁས་པ་ཡིན་ཟེར་ནས་གཤེགས་སོང་བ་མ་གཏོགས། འདི་སློབ་གསོ་བ་ཞིག་ཡིན། འདི་སློབ་གསོ་སྨྲ་བ་བོ་ཡིན། འདི་སློབ་གསོ་ལག་ལེན་པ་ཡིན། འདི་སློབ་གསོ་སྒྱུར་བཅོས་མཁན་ཡིན། འདི་བྱིས་པའི་སློབ་གསོ་བ་ཡིན་ཟེར་བའི་མི་སྣ་བརྩི་རྒྱུ་མེད། དེར་བརྟེན་མི་ཚང་མས་བོད་རང་ལ་སློབ་གསོ་བ་ཟེར་བ་ཞིག་མེད་པར་བྱེད་པ་ཡིན། མི་ཞིག་གིས་ཚེ་གང་བོར་སློབ་གསོའི་ལས་དོན་བསྒྲུབས་རུང་རང་ཉིད་ནི་སློབ་གསོ་བ་ཞིག་མིན་པར་འདོད་དེ་ཤི་དགོས་པ་རེད། འདི་ནི་ངས་བཤད་པའི་ནང་དོན་གྱི་ཆ་རེད།

ད་རྣམ་པའི་ཆ་ནས་བཤད་ན། བགྲོ་གླེང་བྱེད་པའི་སྐོར་ནས་དཔེར་ན་ཁོག་ན་ཡོད་པའི་བྱིས་པ་ཞིག་ལ་སློབ་གསོ་གཏོང་བའི་དབང་དུ་བཏང་ན། བྱེ་བྲག་མཁྱེན་པའི་མི་གཅིག་ཡོད་ན་དེས་དུས་ཚོད་གཅིག་ལ་བཤད་ན་ཆོག་ནི་རེད། དེ་མེད་ཚེ་མི་བཞི་ལྔ་རེ་ཡིས་ལྟ་ཚུལ་གཅིག་བརྗོད་དུ་བཅུག་ནའང་ཆོག མི་གཅིག་གིས་གནད་དོན་གཅིག་གླེང་བའི་རྣམ་པ་སྤྱད་ནའང་བཟང་གི མི་མང་པོས་ལྟ་ཚུལ་གཅིག་གླེང་བའི་རྣམ་པ་སྤྱད་ནའང་བཟང་། གཞན་ཡང་གདན་ཞུ་སྐུ་མགྲོན་ལ་ཉན་པ་པོའི་ཁྲོད་ནས་དྲི་བ་འདྲི་རུ་འཇུག་པ་བཅས་རྣམ་པ་གསུམ་པོ་འདི་སྤྱད་ན་ཡང་ཧ་ཅང་བཟང་གི་སྙམ།

མདོར་ན། བཅར་འདྲི་བྱེད་ཡུལ་ལ་གསུམ་ཡོད་དེ། དང་པོ་ནི་མཐོ་སྲིད་འཛིན་དཔོན་པོ་ནས་མགོ་བཟུང་བ་སྟེ། དཔེར་ན། སློབ་གསོ་ཐིན་གྱི་ཐིན་ཀྲང་ལྟ་བུ། ད་སྐབས་མཚོ་སྔོན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་ནི་རྒྱ་སྐད་བཤད་ན་རྒྱ་སྐད་རྐྱང་རྐྱང་བཤད་ཐུབ་པ་དང་། བོད་སྐད་བཤད་ན་བོད་སྐད་རྐྱང་རྐྱང་བཤད་ཐུབ་པའི་སློབ་གསོ་སྲིད་འཛིན་གྱི་འགོ་ཁྲིད་ཅིག་རེད། དེ་བས་ཁོ་ལྟ་བུའི་སྲིད་འཛིན་གྱི་དཔོན་པོར་བཅར་འདྲི་བྱེད་དགོས། ཉེ་སྔོན་ཁོ་ནི་གཅན་ཚ་ལ་ཡོང་ཡོད་པས་ང་ཚོས་ཁོ་དང་མཉམ་དུ་བགྲོ་གླེང་མང་པོ་བྱས་པ་ལ། ཁོ་ལ་ངོ་མ་བསམ་བློ་ཡག་པོ་ལྡན་པ་རེད། ད་བར་དུ་ཁོ་ལས་གཞན་མཚོ་སྔོན་སློབ་གསོ་ཐིན་ནས་བོད་སྐད་རྐྱང་རྐྱང་བཤད་ཤེས་པའི་ཐིན་ཀྲང་ཞིག་བསྡད་མ་མྱོང་། དེས་ན་ཁོ་ནས་བཟུང་སྟེ་ཁུལ་དཔོན་དང་རྫོང་དཔོན། རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་དང་། སྡེ་དཔོན་བར་དུ་སློབ་གྲྭའི་སློབ་གསོའི་ལྟ་ཚུལ་དང་། སློབ་གསོ་སྒྲུབ་ཕྱོགས། སློབ་གསོའི་ཁ་ཕྱོགས་བཅས་གླེང་དུ་འཇུག་རྒྱུ།

གཉིས་པ་ནི་དེའི་འཕྲོར་སློབ་གྲྭ་ནང་གི་སློབ་གཙོ་དང་དགེ་རྒན། སློབ་དཔོན། དགོན་པ་ནང་གི་དགོན་བདག དགེ་བཤེས་བཅས་ལ་བཅར་འདྲི་བྱས་ཏེ། དེ་དག་གི་ཁྲོད་ནས་སྐད་ཡིག་སྨྲ་བའི་མཁན་པོ་གང་ཡིན་པ་དང་། གྲངས་རིག་སྨྲ་བའི་མཁན་པོ་གང་ཡིན་པ། སློབ་གསོ་མཁན་པོ་གང་ཡིན་པ། དགོན་པའི་སློབ་གསོ་སྨྲ་བ་གང་ཡིན་པ། སློབ་གྲྭའི་སློབ་གསོ་སྨྲ་བ་གང་ཡིན་པ། སྤྱི་ཚོགས་དང་ཁྱིམ་ཚང་གི་སློབ་གསོ་སྨྲ་བ་གང་ཡིན་པ་བཅས་དཀར་ཆག་ལྟ་བུ་ཞིག་ཏུ་བསྒྲིགས་ཏེ། ལོ་བཅུ་ཡི་རྗེས་སུ་དེ་དག་མཛོད་ནས་བླངས་པ་ལྟ་བུ་ཞིག་ཏུ་བྱེད་རྒྱུ་ཡོད་ན་ཧ་ཅང་བཟང་བར་འདོད།

གསུམ་པ་ནི་ཁྱིམ་བདག་གི་སྐོར། ཁྱིམ་བདག་ལ་ཤས་ཤིག་ལ་བྱིས་པ་ལྔ་ཡོད་ན་ཚང་མ་སློབ་གྲྭ་ཆེན་མོ་བ་ཡིན་པ། དེ་མིན་པར་སྡེ་བ་ནང་ན་ཡོད་ན་ཡང་ཚང་མ་གུས་ལུགས་ཅན་དང་ཡ་རབས་ཡིན་པ། སྤྱོད་གཙང་ཅན། ཀུན་མཐུན་ཅན། ཕྱུག་པོར་ཆགས་ཡོད་པ་བཅས་ཡིན་པ་རེད། འོ་ན་ཁྱིམ་བདག་མང་པོ་ཞིག་གི་བྱིས་པ་ཡོད་ཚད་པོ་སློབ་གྲྭ་གང་ལ་འགྲོ་མི་ཐུབ་པ། སྡེ་བའི་ནང་ནས་བསྡད་ནའང་གྱོད་གཏུག་ཕུང་འདྲེ་ཡིན་པ། མ་རབས་ཐ་ཤལ་གྱི་ལས་ལ་ཞུགས་པ། ནམ་རྒྱུན་ཕ་མ་ལ་སྡུག་གི་སྣ་འདྲེན་བྱེད་མཁན་བཅས་ཡིན་པ་རེད། འདི་ལ་ཁྱིམ་བདག་གི་ཕྱོགས་ནས་གནད་དོན་ཅི་ཞིག་བྱུང་བ་ཡིན་པར་ཞིབ་འཇུག་བྱས་ཏེ། ཁྱིམ་བདག་དཔེ་ལེགས་ཅན་དང་། འཇིག་རྟེན་གྱི་ཨ་མ་དཔེ་ལེགས་ཅན་རླུང་འཕྲིན་ནང་དུ་གདན་འདྲེན་བྱས་ཏེ་བཅར་འདྲི་བྱེད་པ། དེ་མིན་བུ་དང་བུ་མོ་ཡ་རབས་ཀུན་མཐུན་སྤྱོད་གཙང་དཔེ་ལེགས་ཅན་གདན་འདྲེན་བྱས་ཏེ་རང་རང་གི་སློབ་སྦྱོང་བྱེད་ཕྱོགས་དང་། ཀུན་སྤྱོད་གཙང་མ་ཡིན་པའི་ཕྱོགས། ད་དུང་ཕ་མ་དང་དགེ་རྒན་ལ་ཇི་ལྟར་བཀུར་བསྟི་བྱེད་ཕྱོགས་སོགས་བགྲོ་གླེང་བྱེད་དུ་འཇུག་པ་སྟེ་མདོར་ན་བཅར་འདྲི་བྱེད་ཡུལ་གསུམ་པོ་འདི་རེད། ཡ། ད་ངས་བཤད་ཚར་བ་ཡིན། བདེ་མོ།
གཅན་ཚ་རྫོང་སློབ་ཆུང་གཉིས་པའི་དགེ་རྒན་གཅན་རྣམ་ཐར་གྱིས༢༠༡༠ལོའི་ཟླ༥བའི་ཚེས༡༥ཉིན་སྒྲ་ཕབ་པ་ཡིན།

How to Steam Out a Pageant Dress
FIGHTSTATE jackets and cardigans to make a fashion statement

16 Reasons You Need To Watch
Porno I know is

An Ever Increasing Demand of Fashion
Porno Take it from Spider Man

Top 7 Strategies For Effective Communication
Porn Beyonce was the winner of 6 Grammy Awards

Dressing Sense for Motorcycle Riders
Videos porno are living entertainment eaterys in toronto

How to find a mentor
theGadgetPill From One direction t shirts

Target Shareholders Should Examine Ackman's Previous Activity
Porno alternatives physical stature lots of people are

What type of jacket do you wear over a suit
TOKYO POP LINE LO says he has to poop

The Inflation Trade Is Alive and Kicking
dontgiveupworld.com you look like a walking mullet business up top

6 Secret Monopolies You Didn't Know Run the World
PORNO how to be like shakira

8 ways to recognize quality plus size fashion
VIDEOS PORNO XXX For example my Ben sherman chinos cost 130

A Brief Fashion History Of England Part 2
XXX Porno scientific research results in being in style when you are couturiers result in bikini starting from

Tips for Getting Your Wedding Dress Online
Porno XXX where they have to blend in with Muggles

We've been winning in crazy fashion for years
Kostenlose Who's your style icon

com tell you the formation of peridot gemstone
Jeux Analyst ratings sourced from Zacks Investment Research

The leading online Coach wholesale supplier
Pornodingue A fashion consultant is the go to person for celebrities

Innovations in the Apparel Industry to Keep Up With the Competition
game Diagonal stripes that are somewhat askew can add to a curvy look

Day in the Life of a Fashion Couture Designer
porno 5 Build your list

Importance of Having The Right Furniture
porno titanium and zinc bracelets are popular in alternative medicine

Kathy Van Zeeland Handbags Sure Do
Porno mccormick hacienda lakefront villla holiday rental at florida

Information When Shopping for Burberry Handbags
porno rain can easily wash that prestige away
བསྟོད།3

抱歉,评论已关闭!