རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པའི་སྐོར་ནས་*རྒྱང་འདྲི་ཞིག

སོ་རུ་དར་རྒྱས།

དྲི་བ། དང་བོར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས་ཞུ།

ལན། ངའི་མིང་ལ་སོ་རུ་དར་རྒྱས་ཟེར། མདོ་སྨད་རྔ་བ་རྫོང་གི་ཁོངས་གཏོགས་སོ་རུ་སྡེ་བར་སྐྱེས། ཆུང་དུས་ནས་སྔགས་གསར་རྙིང་གི་འདོན་ཆོས་སྤྱོད་མང་དུ་སྦྱངས་མྱོང་། ཕྱིས་སུ་རྔ་བ་ཀིརྟིའི་དགོན་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་བློ་འཛིན་དང་བསྡུས་གྲྭའི་སྐྱོར་དཔོན་བྱས། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་དུ་འབྱོར་ཏེ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བོད་ཀྱི་ཆོས་དང་རིག་གནས་སོགས་ལ་སྦྱངས་པ་རིམ་པར་བྱས་མཐར། ཕྱི་ལོ་ ༢༠༠༠ ལོར་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཐོབ། ཕྱི་ལོ་ ༡༩༩༩ ནས་སྔ་ཕྱིར་གྲྭ་ཚང་གི་དགེ་རྒན་གྱི་ལས་ཀ་དང་ཆབས་ཅིག དཔེ་དེབ་འགྲེམས་སྤེལ་བ་དང་དེའི་འགན་འཛིན། དུས་དེབ་སོགས་ཀྱི་རྩོམ་སྒྲིག་པ་བྱས། ཕྱི་ལོ་ ༢༠༠༥ ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་ལོ་བཞིའི་རིང་ཁུར་ཏེ་བོད་ཀྱི་ཆོས་དང་རིག་གནས། རྣམ་ཐར་སོགས་ཀྱི་དཔེ་དེབ་མང་པོ་ཞུ་སྒྲིག་གི་ལས་ཀ་གཉེར་བ་རྣམས་གྲྭ་ཚང་གིས་འགྲེམས་སྤེལ་བྱས་ཡོད་པ་རེད། དེང་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དགེ་རྒན་དང་སློབ་སྤྱི་གཅིག་ལྕོགས་ཀྱི་ལས་འགན་ཁུར་མུས་ཡིན།

དྲི་བ། ཁྱེད་རང་གི་དགའ་ཕྱོགས་སམ་གཙོ་བོའི་ཆེད་སྦྱོང་གི་རིག་གནས་ཅི་ཞིག་ཡིན་པ་དང་ཆེད་དེབ་དེ་འདྲ་ཡོད་དམ།

ལན། དགའ་ཕྱོགས་དངོས་གནས་དེ་བོད་ཀྱི་ཆོས་དང་རིག་གཞུང་ཡིན། ཚད་ལོངས་པའི་ནང་ཆོས་ཤིག་སྦྱོང་བའི་དམིགས་འདུན་ཆེ་ནའང་ཕྱོགས་མང་པོ་ཞིག་ལ་ལྟོས་དགོས་པས་དེ་བཞིན་མ་གྲུབ་པ་སོགས་ང་རང་ཉིད་ལ་ཐོབ་ན་རེ་བ་འགའ་གནད་ལ་མི་འགེལ་བ་འབྱུང་བ་འདི་ལས་བསོད་ཅིག་གིས་ཀྱང་ཡིན་རྒྱུ་རེད་བསམ་ནས་ཡོད། གང་ལྟར་ལྕང་སྐྱ་རོལ་བའི་རྡོ་རྗེས། ཐོབ་ཐོབ་རྣམ་གྲངས་མང་བོ་བསགས་བསགས་ནས།།རྒྱུད་ལ་སྦྱར་དུ་མེད་པའི་རྣལ་འབྱོར་བ།།གསུངས་པ་ལས་མ་འདས་པར། བོད་ཀྱི་རིག་གནས་བཅུ་ཟེར་དུས་རྒྱ་ཆེ་བ་ཞིག་རེད་དེ། ཡིན་ནའང་། དེ་དག་ཐམས་ཅད་ལ་ཁ་ཟིན་སྣ་ཟིན་གྱི་སྦྱངས་པ་མ་བྱས་པ་ཕལ་ཆེར་མེད་པ་འདྲ་བོ་ཡིན་ཏེ་རིག་པའི་གཞུང་ལུགས་འདིའི་ཐོག་ཆེད་སྦྱོང་བྱས་པ་ཡིན་ཞེས་གྲུབ་འབྲས་དམིགས་བསལ་བ་སྟོན་རྒྱུ་ཅི་ཡང་མེད།

ཆེད་དེབ་ཟེར་དགོས་པ་རེད་དམ་ད་བར་སློབ་སྦྱོང་གི་བརྒྱུད་རིམ་དང་ལས་ཀའི་དགོས་མཁོར་དམིགས་ནས་བྲིས་པ། <<༧སྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་ཐམ་ལས་རྟགས་ཀྱི་བཤད་པ་>>དང། <<ཀིརྟིའི་མཚན་ཞབས་རིན་པོ་ཆེའི་རྣམ་ཐར།>> <<ས་པཎ་གྱི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་མཆན་འགྲེལ།>> <<བོད་ཀྱི་རིག་གནས་བཅུའི་བྱུང་བ།>> <<དཔྱད་བརྗོད་རྩོམ་ཡིག་གཅེས་བཏུས་>>བཅས་དཔེ་དེབ་ཁག་ལྔ་ཀིརྟིའི་བྱེས་པ་གྲྭ་ཚང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ནས་དཔར་བསྐྲུན་དང་འགྲེམས་སྤེལ་བྱས། ཁག་ཅིག་དཔར་ཐེངས་དང་པོ་རྫོགས་ནས་གཉིས་པ་པར་འགྲེམས་བྱེད་དགོས་པའི་རིགས་ཀྱང་བྱུང་ཡོད།

དྲི་བ། ད་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་ཚོགས་ཡུལ་གང་དུ་དུས་ཡུན་ཅི་ཙམ་རིང་འཚོགས་ཀྱིན་ཡོད་པ་རེད་དམ།

ལན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་༢༡ ནས་ཚེས་ ༢༧ བར་ད་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་འདི་སོག་པོའི་རྒྱལ་ས་ཨོ་ལན་བྷ་ཐུར་ལ་(Ulaanbaatar) ཉིན་ཧྲིལ་བོ་བདུན་རིང་འཚོགས་བཞིན་ཡོད་པ་རེད་ལ། དེ་རིང་ཚོགས་འདུའི་ཉིན་ལྔ་པ་དེ་ཆགས་ཡོད།

དྲི་བ། འདི་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་ཁྱེད་རང་དངོས་སུ་ཞུགས་ཐུབ་སྐབས་སེམས་ཚོར་གང་འདྲ་བྱུང་སོང་ངམ།

ལན། སྤྱིར་བཏང་ང་རང་ཉིད་ལ་མཚོན་ན། འདི་འདྲའི་སྡིངས་ཆ་ཆེན་པོ་ཞིག་ནས་ཆ་ཤས་བླངས་པ་ཐེངས་དང་བོ་ཡིན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཟེར་དུས། མ་མཐོང་རྒྱང་ནས་གྲགས་ཆེ་བ་ཙམ་མིན་པར་བོད་ཀྱི་རིག་གཞུང་ལ་རེ་བ་ཆེ་བའི་བོད་དང་ཕྱི་རྒྱལ་གྱི་མི་རིགས་སོགས་ཆེད་མཁས་པའམ་ཡང་ན་ཆེད་སྦྱོང་བྱས་པའི་དཔྱོད་ལྡན་པ་མང་བོ་མཐོང་དུས་དགའ་སྤོབས་སྐྱེ་དགོས་པ་ཞིག་རེད། འོན་ཀྱང་། དེ་དག་གིས་མཉམ་འཇོག་དང་ཞིབ་འཇུག་གི་བརྒྱུད་རིམ་སོགས་མཐོང་ཐོས་སྐབས། ད་ལྟའི་བར་ང་རང་གིས་བོད་ཀྱི་རིག་གནས་སྣ་ཚོགས་པར་ཐོས་སྦྱང་བྱས་ཤིང་དེའི་སྐོར་གྱི་རྩོམ་ཡིག་སྣ་ཚོགས་པ་རེ་སྤེལ་ཡོད་པ་འདི་དག་ལ་ཞན་ཆ་དང་ནོར་འཁྲུལ། འཐུས་སྒོ་མ་ཚང་བའི་ཕྱོགས་རེ་ཡོད་པའི་ཚོར་སྣང་ཞིག་ཀྱང་བྱུང་། ད་ལམ་ཚོགས་འདུའི་སྐབས་རིགས་ཚན་ཕྱོགས་བགོས་བྱས་པ་དང། བོད་རིག་པའི་མིང་ཞིག་ཁུར་ནས་ཚོགས་འདུ་ཞིག་ཚུགས་ཀྱི་ཡོད་ནའང་ཚོགས་འདུ་དབུ་འབྱེད་སྐབས་བོད་སྐད་ཐོག་ཚིག་གཅིག་ཀྱང་གསུང་བཤད་གནང་མཁན་གོ་སྒྲིག་མེད་པ། རིགས་ཚན་ཕྱོགས་ཁག་ཕྱེས་པ་འགའི་རེའུ་མིག་ནང་རྩོམ་ཡིག་གི་མིང་དང་མིའི་མིང་གཉིས་ཀ་དབྱིན་ཡིག་ཐོག་བཀོད་པ། རྩོམ་ཡིག་གི་མིང་གཅིག་པུ་བོད་ཡིག་ཐོག་བཀོད་ཡོད་ནའང་རྩོམ་པ་པོའི་མཚན་ཆ་ཚང་དབྱིན་ཡིག་ཐོག་བཀོད་པ་ལ་བོད་ཕྱི་ནང་གཉིས་ཀའི་མཁས་པ་མང་པོས་རང་ཉིད་བོད་པ་ཞིག་ཡིན་ཕྱིན་རྩོམ་ཡིག་གི་མིང་ཙམ་མ་ཟད་སོ་སོའི་མིང་ཡང་བོད་ཡིག་ཐོག་མ་བྲིས་ན་ལེགས་པོ་མི་འདུག་ཅེས་དགོངས་ཚུལ་ཤུགས་ཆེན་གསུང་གིན་འདུག རིགས་ཚན་ཕྱོགས་བགོས་དང་གྲ་སྒྲིག་བྱེད་སྟངས་འདི་ལ། དཔེར་ན། བོད་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་ཕྱི་རྒྱལ་གྱི་མི་རེ་ཚོགས་ཆུང་གི་གཙོ་སྐྱོང་བར་བསྐོས་པ། དེབ་སྐྱེལ་ཞུ་སར་ཐོན་དུས་ཟླ་ཤས་གོང་ནས་ཐོ་འགོད་ཞུས་པའི་བགྲོ་གླེང་གཏམ་བཤད་བྱེད་མི་འགར་སོ་སོའི་མཚན་བཀོད་པའི་སྐེ་འདོགས་མེད་པར་གསར་དུ་གྲ་སྒྲིག་བྱེད་དགོས་པ་སོགས་ཞན་ཆ་ཅུང་རེ་འདུག་ནའང་མི་བརྒྱ་ཕྲག་འགའ་ལ་གྲ་སྒྲིག་བྱ་དགོས་པས་དེ་འདྲ་ཞིག་ཡོང་ཡང་ཡོང་གི་མ་རེད་མོད། དངོས་གནས་མཁས་བརྒྱ་འགྲན་གླེང་ཟེར་བ་འདི་ཡིན་རྒྱུ་རེད་བསམ་པ་ཞིག་ཀྱང་བྱུང་།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་འདིའི་ཐོག་ཕེབས་པ་ཕལ་མོ་ཆེ་གང་འཚམ་སློབ་སྦྱོང་ཡོད་མཁན་ཤ་སྟག་ཡིན་པར་མ་ཟད་སྤུས་དག་མིན་ལ་མ་ལྟོས་པར་རང་སོ་སོའི་རྩོམ་ཡིག་གི་རྒྱུ་ཆ་འདེམས་སྒྲུག་ཐད་འབད་བརྩོན་ངེས་ཅན་གནང་ཡོད་པ་བགྲོ་གླེང་གཏམ་བཤད་སྐབས་གསལ་བོར་མཐོང་ཐོས་བྱུང་།

བོད་རིག་པ་ཟེར་དུས་གངས་རི་ར་བས་བསྐོར་བའི་བོད་ཀྱི་ལྗོངས་ཆེན་པོའི་ཕྱིའི་སྣོད་དང་ནང་བཅུད་གཉིས་ཀ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱོད་ཐུབ་པའི་དམིགས་འདུན་བཟུང་སྟེ་ཉམས་ཞིབ་ཀྱིས་རྒྱུན་གནས་ཐབས་ལ་འབད་བཞིན་ཡོད་ནའང་བོད་མི་ཆ་ཤས་ལེན་མཁན་ཆེས་ཉུང་ཉུང་རེད། ད་ལན་བགྲོ་གླེང་གསུང་བཤད་བྱེད་མཁན་མི་གྲངས་བཞི་བརྒྱ་ལྷག་ཅིག་འདུག དེའི་ནང་བོད་མི་ལྔ་བཅུ་དྲུག་ཅུ་ཟེར་དུས་བརྒྱ་ཆ་ཉི་ཤུ་ཡང་ཟིན་ཡོད་མེད་འདིས་བོད་རིག་པ་ཕྱི་གླིང་བ་ཚོའི་འཚོ་རྟེན་དུ་འགྱུར་བཞིན་པ་ཕྱི་གསལ་ནང་གསལ་རེད། ང་རང་ཚོ་བོད་རིགས་རྩོམ་པ་པོ་དང་དཔྱོད་ལྡན་པ་རྣམས་ཀྱིས་ཚོགས་འདུ་འདི་འདྲའི་སྐབས་བརྗོད་བྱ་གསར་བ་ཞིག་འཚོལ་ཞིབ་བྱས་པའི་ཆེད་རྩོམ་མིན་ན་མི་འགྲིག་པའི་དགོངས་ཚུལ་ཡོད་ཀྱང་། དོན་དངོས་ཐོག་དེ་འདྲ་མིན་པར་ལོ་མང་རིང་ངམ་མི་ཚེའི་ནང་གང་ལ་སྦྱངས་པ་དང་ཆེད་ལས་ཀྱི་སྐོར་ཞིག་རྩོམ་ཡིག་གི་ངོ་བོར་བསྒྱུར་ནས་བཤད་ན་འགྲིག་པ་དེ་འདྲ་རེད།

དེ་ནས་བོད་ནས་ཕེབས་པའི་མཁས་པ་རྒན་གཞོན་མང་པོས་བོད་ཡིག་དང་བོད་སྐད་གཅིག་གྱུར་སྐོར་ལ་དོ་སྣང་དང་གཏམ་བཤད་ཀྱང་མང་དུ་བྱས་པའི་རང་བཞིན་གྱིས་རྟོག་སད་ཤིག་ཀྱང་ཡོད་པ་འདི་གྲུབ་འབྲས་ངེས་ཅན་རེ་ཐོན་བཞིན་ཡོད་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་།

མདོར་ན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་འདིའི་ནང་ཆ་ཤས་ལེན་མཁན། རྒྱ་གར། རྒྱ་ནག ཉི་ཧོང་། ཨོ་སུ་ཊི་ལིའི་ཡ། སུད་སི། ཁ་ན་ཊ། ཧྥ་རན་སི། སོག་པོ། ཨ་རི། འཇར་མན། ལྷོ་ཀོ་རི་ཡ། ར་ཤི་ཡ། དབྱིན་ལན། ཐེ་ཝན་སོགས་ངའི་ཤེས་ཚོད་ཙམ་རང་ལ་རྒྱལ་ཁབ་འདི་དག་ནས་བོད་རིགས་ཡིན་མིན་གྱི་མཁས་པ་དང་ཉམས་ཞིབ་པ་མང་པོ་ཞིག་ཕེབས་འདུག བོད་མི་རྒྱ་གར། ཉི་ཧོང་། ཨ་རི། ཧྥ་རན་སི། ར་ཤི་ཡ། བོད། ཁ་ཎ་ཊ། དབྱིན་ཇི། བལ་ཡུལ་བཅས་ནས་མི་སྣ་ལྔ་བཅུ་དྲུག་ཅུ་ལྷག་ཅིག་ཕེབས་འདུག་པར་གཞིགས་ན་བོད་ཀྱི་རིག་གཞུང་འདི་ལ་དོན་དག་གང་ཅིའི་ཐད་ནས་ཞིབ་འཇུག་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་འདི་ཉིད་ཀྱིས་བོད་ཀྱི་རིག་གཞུང་གི་ནུས་པའམ་ཁྱབ་ཚད་ཆེ་རུ་འགྲོ་བར་ཕན་ཐོགས་ཡོང་རྒྱུ་རེད་སྙམ་པའི་སེམས་ཚོར་སྐྱེས། (གོ་སྒྲིག་པའི་ངོས་ནས་རྒྱལ་ཁབ་ཁག་སུམ་ཅུ་སོ་དྲུག་ནས་མི་སྣ་ཡོད་ཚུལ་གླེང་གིན་འདུག)

དྲི་བ། ཐེངས་འདིའི་ཚོགས་ཆེན་གྱི་བགྲོ་གླེང་གནང་ཕྱོགས་དང་ཁ་ཕྱོགས་གང་འདྲ་ཞིག་རེད་དམ།

ལན། བགྲོ་གླེང་གནང་ཕྱོགས་དེ་ད་ཐེངས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུའི་ཐོག་བོད་མི་གཅིག་པུ་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་གི་མི་བཞི་བརྒྱ་ལྷག་ལ་བགྲོ་གླེང་གཏམ་བཤད་བྱེད་པའི་གོ་སྐབས་ཡོད་པས་རིགས་ཚན་ཕྱོགས་བགོས་དང་ཚོགས་ཆུང་སོ་སོར་གཙོ་སྐྱོང་བྱེད་མཁན་གྱི་མི་སྣ་ཡང་སྔོན་མ་ནས་གྲ་སྒྲིག་བྱས་འདུག་པ་དང་། བགྲོ་གླེང་གི་དུས་ཡུན་རིང་ཤོས་དུས་ཚོད་ཕྱེད་ཀའི་རིང་རེད། དེ་ཡིན་པས་བགྲོ་གླེང་བྱེད་མཁན་ཕལ་མོ་ཆེས་མ་ཟིན་བྲིས་འདུག་པ་ལས་སྙིང་བསྡུས་བྱས་ཏེ་གསུང་བཤད་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་གིན་འདུག

བགྲོ་གླེང་གི་ཁ་ཕྱོགས་བོད་རིག་པ་ཟེར་དུས་བོད་ཀྱི་ཕྱིའི་སྣོད་དང་ནང་བཅུད་གཉིས་ཀའི་སྐོར་གང་ཞིག་གླེང་ན་འགྲིག་གི་འདུག ནང་ཆོས། བོན་ཆོས། སྨན། རྩིས། ཡིག་གཟུགས། བརྡ་སྤྲོད། སྙན་ངག ས་ཁམས། ས་བཀྲ། ལོ་རྒྱུས། གློད་ཀླད་ཀྱི་ཤེས་བྱ། ཡུལ་ལུང་ངོ་སྤྲོད། སྐད་སྒྱུར་དང་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་སོགས་བོད་དང་འབྲེལ་བའི་རིག་གཞུང་གི་ཕྱོགས་ཡོངས་ནས་གླེང་སློང་བྱེད་ཀྱི་འདུག

དྲི་བ། ཐེངས་འདིའི་ཚོགས་འདུའི་སྟེ་ཁྱེད་རང་ལ་བགྲོ་གླེང་བྱེད་པའི་གོ་སྐབས་ཐོབ་ཡོད་དམ། ཡོད་ན་ཅི་ཞིག་གི་སྐོར་གསུངས་པ་ཡིན།

ལན། ད་ཐེངས་ཀྱི་ཚོགས་འདུ་འདིའི་ཐོག་ང་རང་ཉིད་ལ་བགྲོ་གླེང་གཏམ་བཤད་བྱེད་པའི་གོ་སྐབས་ཐོབ་པ་རེད། དེ་ལ་ངས་བོད་བརྒྱུད་ནང་བསྟན་ལས་འབྱུང་བའི་ཐུགས་དམ་གྱི་རྣམ་གཞག་<ཤི་རྗེས་ཀྱི་གསང་བ་ལ་དཔྱད་པའི་གཏམ་>ཞེས་ནང་བའི་ཆོས་སྤྱི་དང་ཡང་སྒོས་གསང་བ་སྔགས་ཀྱི་རྒྱུད་སྡེ་བཞི་ལས་བླ་མེད་དང་ཆེས་ཤིན་ཏུ་འབྲེལ་ཆེ་བ་སྐུ་གསུམ་ལམ་ཁྱེར་གྱི་རྣམ་གཞག་ངོ་སྤྲོད་ཕྱོགས་ཙམ་བྱེད་རྒྱུའི་འབད་བརྩོན་བྱས་ཏེ་དེ་སྐོར་གྱི་ཆེད་རྩོམ་ཞིག་ཀྱང་བྲིས་པ་ཡིན། འོན་ཀྱང་ཚོགས་འདུའི་ཐོག་རྩོམ་ཡིག་དེ་ག་རང་སྒྲོག་སྦྱང་མ་བྱས་པར་ནང་དོན་རགས་ཙམ་ཞིག་སྤྱི་བཤད་བྱས་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་གང་འཚམ་ལེན་ཐུབ་པར་འབད་བརྩོན་བྱས་པ་ཡིན། ཐུགས་དམ་བཞུགས་ཚུལ་གྱི་རྣམ་གཞག་འདི་དེང་སྐབས་གསར་དར་ཞིག་མིན་པར་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་དང་། བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ་བྱུང་ཡོད་ཚུལ་དཔེར་མཚོན་ཉུང་ཙམ་རེ་བཅས་བཤད་ནས་བགྲོ་གླེང་གཏམ་བཤད་ཀྱི་མགོ་བཙུགས་པ་ཡིན།

དྲི་བ། ཁྱེད་རང་གི་དགོངས་ཚུལ་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཟེར་བ་འདིར་སྤྱི་མཚུངས་ཀྱིས་ཆོས་ལུགས། སྨན་རྩིས། ཡིག་གཟུགས། བརྡ་སྤྲོད་སོགས་ཕྱོགས་མང་བོ་ཞིག་ནས་གླེང་སློང་བྱས་པ་འདི་ཡག་པོ་རེད་སྙམ་གྱིན་འདུག་གམ། ཡང་ན། བོད་ཀྱི་རིག་གནས་སྣ་གཅིག་ཁོ་ནའི་སྟེང་ནས་གླེང་སློང་བྱ་ཐུབ་ན་ཡག་པོ་རེད་བསམ་གྱིན་འདུག རྒྱུ་མཚན་ཅིའི་ཕྱིར།

ལན། རིག་ཚན་བྱེ་བྲག་པ་ཞིག་བཤད་བསྡད་ན་སྤྱི་ཡོངས་ཀྱི་འདྲ་མཚུངས་རང་བཞིན་མང་དུ་འབྱུང་བས། ཉན་ཞིབ་གནང་མི་རྣམས་ཉོབ་སྣང་འབྱུང་བར་མ་ཟད་བོད་ཀྱི་རིག་གཞུང་གི་ཟབ་ཚད་དང་རྒྱ་ཆེ་བའི་ཚོར་སྣང་བསྐྲུན་མི་ཐུབ་པས་ཕྱོགས་གཅིག་མ་ཡིན་པར། སྤྱི་ཡོངས་ནས་གླེང་བ་ཡག་པོ་རེད་བསམ་གྱིན་འདུག རྒྱུ་མཚན་ཡང་དེ་ཡིན།

དྲི་བ། ད་ཐེངས་ཀྱི་*རྒྱང་འདྲིའི་གོ་སྐབས་འདི་བརྒྱུད་དེ་ཐེངས་འདིར་ཚོགས་འདུར་བཅར་ཐུབ་ཡོད་མེད་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་མཁས་པ་དང་ཉམས་ཞིབ་པ། རིག་པ་སྨྲ་བ་དག་གིས་གཙོས་བོད་ཀྱི་སྤྱི་ཚོགས་སུ་སེམས་གཏམ་ག་རེ་ཞུ་འདོད་ཡོད་དམ།

ལན། བོད་རིག་པའི་ཕྱོགས་ལ་ཉམས་ཞིབ་བྱེད་པའི་མཁས་པ་དང་ཆེད་ལས་པ་ཕྱི་རྒྱལ་བ་ཚོས་ལོ་གཅིག་གཉིས་རིང་བོད་ཡིག་བོད་སྐད་སྦྱངས་པ་དང། ཡུལ་ལུང་བྱེ་བྲག་པ་ཞིག་ལ་ཕྱིན་ནས་རང་གི་ཆེད་ལས་དང་འབྲེལ་བའི་སྐོར་འདྲི་ཞིབ་རེ་ཟུང་བྱས་པ་ཙམ་གྱིས་མཐའ་སྡོམ་བྱེད་པ་འདི་སྤོབས་སེམས་བསྐྱེད་དེ་བསྐྱར་ཞིབ་ཕྱོགས་ཙམ་བྱས་པ་ཞིག་མངོན་གསལ་དོད་པོ་འདུག་པར་མ་ཟད། ཆོས་དང་ཆོས་བྱེད་མཁན་གྱི་རྣམ་པ་འདྲེས་སྐྱོན་བྱས་ནས་བཤད་པ་ཆེས་ཤིན་ཏུ་རྒྱུན་འབྱམས་ཡོད་པས་འདི་རིགས་གཟབ་དགོས་པར་མཐོང། བོད་མི་རིགས་གཙང་མ་ཡིན་པའི་རིགས་པ་སྨྲ་བ་རྣམས་ལའང་གཞེན་བསྐུལ་ཞུ་རྒྱུར། ད་སྔོན་མ་གླེང་བའི་རིགས་འཚོལ་ཞིབ་ཀྱིས་བགྲོ་གླེང་གཏམ་བརྗོད་གནང་ན་རིམ་གྱིས་ཆུ་ཐིགས་བསགས་པའི་རྒྱ་མཚོ་རུ་གྱུར་ཏེ་སྣ་འཛོམས་ཀྱི་རིག་གཞུང་གི་བང་མཛོད་དུ་འགྱུར་བར་མཐོང་བས་འདི་རིགས་ལ་དགོངས་པ་རེ་བཞེས་ན་ལེགས་སྙམ་ཞེས་ཞུ་འདོད་བྱུང་།

གཞན། དྲིས་ལན་རྣམས་ཚོགས་འདུའི་བར་གསེང་དག་ནས་ཕུལ་དགོས་བྱུང་སྟབས་ནོར་འཁྲུལ་གྱི་ཆ་ཡོད་ན་དགོངས་པ་མ་འཚོམས་ཞུ་རྒྱུ་ཡིན།བཀྲ་ཤིས་བདེ་ལེགས།

*རྒྱང་འདྲི་བ། རྡོ་རྗེ་ཚེ་རིང་། སྤྱི་ཚོགས་མེ་ལོང་སྤྱིའི་འདོན་ཐེངས་༡༤༤པར་བཀོད་ཟིན།

གསལ་ཞུ།

*རྒྱང་འདྲི་ནི། དྲི་བ་འདྲི་ཡུལ་སྐུ་དངོས་ཀྱི་མདུན་དུ་དངོས་སུ་མ་བཅར་བའི་ཐོག་ནས་དྲ་རྒྱ་བརྒྱུད་དེ་བཅར་འདྲི་བྱས་པའི་དོན་ལ་གོ་བར་བྱ།

Why Louis Vuitton Is a Hit in the Replica Handbag Scene
FIGHTSTATE what to avoid

Guidelines on Buying Quality Sunglasses Online
Porno A runway trend that's been embraced in subtle ways like shoes

What Are the Education Requirements to Be a Fashion Designer
Porno They're lovely names

Fashion Star winner Kara Laricks
Porn One thing that made me happy is that Cameron

London Fashion Week images and video
Videos porno You can get

Things to Do in Primm
theGadgetPill shinny or brushed

What Are Different Ways To Tie A Tie
Porno They just started their own line of clothing

Dawgs PREMIUM WOMAN'S Z SANDALS WITH RUBBER SOLE CASUAL SHOES NAVY
TOKYO POP LINE Ecco Women's Casual Pitch Hydromax Golf Shoe White

Unlocked Meizu M8 Dual Band GSM 900
dontgiveupworld.com I'm asking you gals

Let Gucci Icon Bit Tote in Rainbow Colors Light Up Your Style
PORNO Look preppy chic in shorts

Give Freedom to your Expression with Trendy Dresses
VIDEOS PORNO XXX We cannot stress enough how much of a different world this was

Classic accessories for the perfect little black dress
KOSTENLOSE PORNO OutlookFor the third quarter of 2012

The Perfect Home and Patio Furniture for an Upscale Home
Videos Porno Garnish with fresh mint leaves

10 Coach New Parker Perforated Op Art Shoulder Bag
Porno preppy attire traits

Use in Solar Thermal Technology for Energy Generation
Jeux or perhaps something along the lines of

Maison Plaisir Xtreme Series Edition
Pornodingue Dansko Men's Wil Clog37

Comfortable and Stylish Platform Clogs
game compared to the

Any Benefit to the Buyer
porno what to pack for only a 7

Moncler Jas is uw beste weddenschap
porno naturally we all have different tastes

Old Fashion Sweet Potato Pie Recipe
Porno advisable hobby product meant for 7 months historic

Washing it makes it go into an unworkable state
porno Christiansen got into toys
How to Apply Avril Lavigne Makeup
VIDEO PORNO XXX women were expected to be more formal

How important is the diamond certificate
Prom Dresses I don't know what fantasy world you're living in

Bryan Ferry dapper as he gets CBE
PORNO luxury concept atmosphere range

CRIMES OF THE BLACK CAT
Free Games so the B

Wild Sexy Girls from Fashion Tube
Kostenlose Pornos von go for sleeveless tops with a high neckline

Liberty Forge Golf Course Hotels
free xxx Guide to a Basic Wardrobe

A Fashion Gemstone Jewelry Favorite
PORNO XXX but no matter what

A frugal version of this kind of cardigan
Free Porno Wife Regular use will soften them in time
བསྟོད།2

抱歉,评论已关闭!