མི་སྒེར་རིང་ལུགས་ངོས་ནས་བོང་རྫི་ལ་བློ་སྒོ་འབྱེད་པ།

དགུ་རོང་སྤུན་གྲོལ།

སྤྱིར་མི་རིགས་སོ་སོ་ལ་རང་རང་ལ་འཚམས་པའི་རིག་གནས་ཤིག་དང་། རིག་གནས་དེས་བསྐྱེད་པའི་པའི་འདུ་ཤེས་སམ་བག་ཆགས། བག་ཆགས་དེས་བསྐྲུན་པའི་ཉིན་རེའི་འཚོ་གནས་ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བ་རེ་ཡོད་པ་རེད་མོད། འོན་ཀྱང་། འཛམ་གླིང་ཤར་ནུབ་ཀྱི་སྐར་ཆེན་ལྟ་བུའི་སྐྱེས་བུ་མང་པོ་ཞིག་གིས་ཚོགས་སྤྱི་བཅོས་བསྒྱུར་དང་ཤེས་རྨོངས་གཙང་སེལ་བྱེད་པའི་ཐབས་ཀྱི་དམ་པ་སྟེ་དཔྱོད་ཤེས་ཀྱི་སྟོབས་ནུས་ལ་སྒུལ་ཤུགས་སྦྱིན་ཏེ་མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་བསྐྲུན། གོང་དུ་བཤད་པའི་སྐྱེས་བུ་ཁོང་ཅག་གིས་ཉིན་ནས་ཉིན་དུ་རིག་གནས་བློ་སྦྱོང་གི་ཟབ་ཚད་ཆེ་རུ་བཏང་སྟབས། གསལ་རིག་གི་ངོ་བོར་གནས་པའི་འཛིན་པ་ཡུལ་ལ་འཇུག་པའི་ཤེས་རྟོགས་ཀྱི་ཆ་ཤས་ཕྲ་ཞིང་ཕྲ་མོ་རྣམས་ཀྱང་གྱ་ནོམ་ཞིང་འཐུས་ཚང་བ་ཞིག་ཏུ་གྱུར་ཐུབ་པ་རེད། དེ་ལ་ཡང་རྐྱེན་མ་ཚང་བ་ཞིག་ག་ལ་ཡིན་ཏེ། རང་གི་རིག་གནས་དང་བར་ཐག་རིང་དུ་གྱེས་པའི་གཞན་གྱི་རིག་གནས་ལ་བློ་སྦྱོང་ཉམས་ཞིབ་དང་འབྲེལ་འདྲིས་ཚུར་ལེན་མཛད་དེ། ད་གཟོད་རང་གི་རིག་གནས་ཀྱི་ངོ་བོ་ཇེ་ལེགས་སུ་བཏང་བ་ཞིག་ཏུ་རེད་འདོད། སྔར་གྱི་ལོ་པན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ་བོད་རང་གི་རིག་གནས་ལ་མཛད་རྗེས་བླ་མེད་བཞག་སྟེ། བོད་ལ་འགྲོ་བ་མིའི་རིགས་ཀྱི་ཤེས་རྟོགས་ཀྱི་ཞིང་ས་ལྟ་བུའི་མཚན་ཉིད་རིག་པའི་རིག་ཚན་ཁྱད་འཕགས་ཤིག་བསྐྲུན་འདུག ལྷག་ཏུ་ཙོང་ཁ་པ་དབུས་སུ་ཕེབས་ཏེ་བོད་སྔ་རབས་པའི་མཁས་པ་རྣམས་དང་རྩོད་སྒྲུབ་མཛད་ནས་བོད་རང་ལ་ཡང་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ཤིག་གསར་དུ་འཁྲུངས། ཙོང་ཁ་པས་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ཤིང་དུ་གྱུར་པའི༼དྲང་ངེས་ལེགས་བཤད་སྙིང་པོ༽ལྟ་བུ་བརྩམས་ཐུབ་པའི་རྒྱུ་མཚན་དེ། ཁོང་ཉིད་ཨ་མདོ་ནས་དབུས་སུ་ཕེབས་ཤིང་། ལྷག་ཏུ་ནཱ་ལན་ཏྲའི་མཁས་པ་དག་གི་གསུང་སྒྲོས་ཁྱབ་ཡུལ་གཙོ་བོར་གྱུར་པའི་སྟོད་མངའ་རིས་སུ་འཚོ་གནས་བྱས་པའི་བོད་སྔ་རབས་པའི་མཁས་པ་རྣམས་དང་རིག་པ་བདར་བས། ཁོང་གི་རིགས་འབྲས་གཙོ་བོ་དེ་ཡང་བོད་སྔ་རབས་པའི་མཁས་པ་རྣམས་དང་འཕྲད་སྟབས་ཀྱིས་སྨིན་པར་གདོན་མི་ཟའོ།།

སྤྱིར་རིག་གནས་ཞེས་པ་ནི་སེམས་དྲན་པ་རབ་ཏུ་གནས་བྱེད་ཀྱི་ཐབས་དམ་པ་དེ་རེད་མོད། འོན་ཀྱང་རིག་གནས་རང་ལྡོག་དེ་གོང་དུ་བཤད་པའི་སྐྱེས་ཆེན་ཁོང་ཅག་གི་བསམ་གཞིག་གི་བར་གསེང་ནས་སྤྱི་ལྡོག་ཏུ་གྱུར་པ་ཡང་ཡོད་སྲིད། སྤྱི་ལྡོག་དེ་ཡང་བྱེ་བྲག་གི་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ནས་རང་ལྡོག་ཏུ་གྱུར་པ་ཡང་ཡོད་སྲིད་མོད། གཉིས་ཀ་ཕན་ཚུན་བལྟོས་བཅས་ཀྱི་རིག་གནས་སྣང་ཚུལ་ཞིག་ཡིན་སྟབས། དེ་ལ་ཧ་ལས་ཤིང་ཧང་སང་དགོས་དོན་གཞར་ཡང་མེད། དུས་ད་ལྟ་བོད་ཀྱི་རིག་གནས་འདི་ལྡོག་པ་འདི་གཉིས་ཀྱི་བར་གླགས་ན་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག་ལ། བོད་ཀྱི་ཕྱི་འགྲིམ་སློབ་གཉེར་བ་དག་ཀྱང་ལྡོག་པ་འདི་གཉིས་ཀྱི་བར་ན་མགོ་བོ་རྨོངས་ཤིང་རིག་པ་རྟུལ་བོར་གྱུར་ཡོད་ས་རེད།

དེང་རབས་བོད་ཀྱི་ཕྱི་འགྲིམ་སློབ་གཉེར་བ་དག་གིས་ཁོང་ཅག་ནི་རིག་པའི་ཀློང་བརྡོལ་བའི་སློབ་དཔོན་ཆེན་མོ་དང་། སློབ་དཔོན་ཆེན་མོའི་གོ་སར་སྙེག་པའི་སྐྱེས་བུ་ཆེན་པོའི་གྲས་སུ་ཚུད་ཡོད་པར་སྙམ་ནས། ནམ་ཞར་ཡང་རང་ཉིད་ནི་ཚད་མའོ་སྙམ་པའི་བློ་བཏགས་པ་བ་དེས་བསླ་བྲིད་ཐེབས་ཀྱིན་ཡོད། དངོས་པོའི་གཤིས་ལུགས་ཀྱི་དབང་དུ་བྱས་ན། ཁྱེད་ཅག་ནི་དངོས་གནས་རིག་པའི་ཀློང་བརྡོལ་བའི་སྐྱེས་བུ་ཆེན་པོའི་གྲས་སུ་ཚུད་དགོས་ངེས་ཤིག་ཡིན་ཏེ། སྐབས་སུ་སྒེར་གཅོད་ཀྱི་བསམ་ཤུགས་དྲག་པོ་དེའི་འོག་ནས་བྱོལ་ཏེ་རིག་པའི་རྒྱལ་ཁམས་མྱུལ། ཁྱེད་ཅག་འགྲོ་སའི་ཡུལ་དེ་དག་ནི་གནའ་དེང་རིག་གནས་ཀྱི་རྨང་མཐུག་ཅིང་། དེང་རབས་ཚན་རྩལ་རིག་གནས་ཀྱི་གཟི་དཔལ་ལྷེམ་མེར་བཞད་པའི་རིག་གནས་ཀྱི་གྲོང་ཁྱེར་ཆེན་པོ་དག་རེད་ལ། ཁྱེད་ཅག་ཀྱང་རང་མི་རིགས་ཀྱི་ཆེད་དུ་རིག་གནས་དེ་དག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་དུ་ཕྱིན་པ་རེད། ཁྱེད་ཅག་གིས་ འཛམ་གླིང་སྒང་ལ་མིག་ཟུང་ཆེན་པོར་གཡང་ནས་བལྟས་ཚེ། ང་ནི་ཚད་མའོ་སྙམ་པའིའཁྲུལ་ཤེས་ཤིག་སྐྱེ་ངེས་ཡིན།

སྤྱིར་ཁྱེད་ཅག་གིས་གཞན་གྱི་རིག་གནས་ལ་བློ་སྦྱོང་ཉམས་ཞིབ་དང་འབྲེལ་འདྲིས་ཚུར་ལེན་གནང་སྟེ། བོད་ཀྱི་རིག་གནས་འདི་ལ་དུས་རབས་དང་མཐུན་པའི་སྲོག་དབང་གསར་ཞུགས་ཀྱི་བགྱི་བ་མཛད་དགོས་པ་ཞིག་ཏུ་མཐོང་མོད། ཁྱེད་ཅག་ཤར་ནུབ་གཉིས་ནས་འབྱོར་ལྡན་རྒྱལ་ཁབ་ཏུ་གྲགས་པའི་ཨ་རི་དང་འཇར་པན་དབྱིན་ཇི་ལྟ་བུར་ཕྱི་འགྲིམ་སློབ་གཉེར་དུ་ཕེབས་ཏེ། སློབ་གཉེར་གྱི་ཆེད་དུ་ཕྱི་ལ་འགྲིམ་ཡང་། ཁྱེད་ཅག་ལ་བོད་རང་གི་རིག་གནས་ཀྱི་མི་བོ་ཆེ་དམ་པ་སྟེ་ཙོང་ཁ་པ་དང་དགེ་ཆོས། ལུང་ཤར། རང་གྲོལ་ལྟ་བུའི་མཛད་རྗེས་ཅི་ཡང་སྟོན་རྒྱུ་མེད་པ་དེ་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་། ཐ་ན་རང་གི་མི་གཞི་ལེགས་པོ་ཞིག་ཀྱང་འཁྱོངས་མི་འདུག་པ་མ་ཟད། མི་གཞི་ཀུག་འཁྱོག་ཏུ་གྱུར་ནས་བོད་ཀྱི་སློབ་ཆེན་པ་རྣམས་བྲན་དུ་བཀོལ་ཞིང་བླུན་པོར་བསྒྱུར་གྱིན་འདུག ཕྱི་འགྲིམ་སློབ་གཉེར་པ་ཁྱེད་ཚོས་འཛམ་གླིང་རིག་གནས་ལ་མྱོང་རྒྱུས་ཟབ་མོ་ཡོད་པའི་སྒྲོབ་ཉམས་དོལ་ནས་ཕྱི་ལ་འགྲིམ་མྱོང་མེད་པའི་བོད་ནང་གི་རིག་གནས་པ་དང་ཤེས་ཡོན་པ་སུ་ཞིག་ཡིན་ཀྱང་། ཡོད་ཚད་རྒྱ་ནག་རིག་གནས་ཀྱི་སྐྱེད་འབྲས་དང་ལྷག་ཏུ་དམར་པོའི་དྲིལ་སྒྲོག་གིས་བསྐྱངས་པའི་དམར་སྲུང་པ་ཡིན་པར་བློ་ཐག་བཅད་དེ་ཉམས་ཞིབ་ཀྱི་ལས་ཀ་འདྲ་བོ་ཞིག་རྩོམ་གྱིན་ཡོད་ས་རེད། རེད་དེ། ཁྱེད་ཅག་གི་བྲིས་རྩོམ་ལ་བལྟས་ནས་འོངས་ན། བོད་རང་གི་སྐད་བརྡ་ལ་བྱངས་མེད་པ་དང་གཞན་གྱི་རིག་གནས་ལ་ངོ་འཕྲོད་ཀྱིན་མེད་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར། དེའི་ཕྱིར་ན། སངས་རྒྱས་ལ་ཀ་ཁ་སློབ་པའི་དཔེ་ལྟར། ལོ་གཉིས་ཀྱི་རིང་ལ་དབྱིན་ཡིག་སྦྱངས་ཤིང་དེ་ནས་རང་སྦྱོང་གིས་ཡར་སྐྱེད་བུད་པའི་དགུ་རོང་སྤུན་གྲོལ་ལྟ་བུས། ཕྱི་གླིང་གི་སློབ་ཆེན་གྲགས་ཅན་འགྲིམ་ནས་ཕྱི་ཡིག་གི་སྦྱངས་འབྲས་ཡག་པོ་འབྱོར་ཡོད་པའི་དེང་རབས་བོད་ཀྱི་ཕྱི་འགྲིམ་སློབ་གཉེར་བ་ཁྱེད་ཅག་ལ། ཕྱི་ཡིག་གི་མིང་བརྡ་རེ་འགའ་དང་དེའི་རིག་གནས་རྒྱབ་ལྗོངས་ངོ་སྤྲོད་བྱེད་པའི་འཇོན་ནུས་དབེན་ཡང་། ཕྱི་རྒྱལ་དུ་ལོ་ངོ་བཅུ་དྲུག་ལ་བསྡད་དེ་དབྱིན་ཡིག་སྦྱངས་ཀྱང་། ཕྱི་གླིང་གི་གཙོ་རྒྱུགས་མིང་བརྡ་རེ་འགའ་དང་དེའི་རིག་གནས་རྒྱབ་ལྗོངས་ལ་ཁྱོན་ནས་ངོ་འཕྲོད་ཀྱིན་མེད་པའི་སྣང་ཚུལ་འདི་མཐོང་ན། ང་ནི་ཧ་ལས་ཤིང་ཧང་སང་བའི་མི་ཚད། དགོད་སླ་ཡང་ངུ་ཡང་བྲོ་བའི་ཚོར་བ་སྐྱེན་པོ་ཞིག་སྐྱེས་བྱུང་། ཚོར་བ་སྐྱེན་པོ་འདི་སྐྱེད་བྱེད་ཀྱི་རྒྱུའི་ཚོགས་པ་ན་སྐུ་ཞབས་པད་མ་འབུམ (ཨ་རི)དང་བསོད་ནམས་ཚེ་རིང(དབྱིན་ཇི)དགེ་འདུན་རབ་གསལ(ཨ་རི) རྡོ་སྦིས་བློ་བཟང་ཡོན་ཏན(དབྱིན་ཇི) བཅས་རྐྱེན་དུ་མ་འདུས་ཡོད་མོད། འོན་ཀྱང་སྐབས་འདིར་འཇུག་བྱ་གཙོ་བོ་དེ་རྡོ་སྦིས་བློ་བཟང་ཡོན་ཏན་ནམ་བོང་རྗི་ཡིན།

བོང་རྫི་ཞེས་པ་ནི་རྡོ་སྦིས་བློ་བཟང་ཡོན་ཏན་གྱི་སྨྱུག་མིང་རེད། བསྡུས་མིང་ལ་རྡོ་སྦིས་བློ་ཡོན་ཡང་ཟེར། ཁོང་ནི་དབྱིན་ཡུལ་ནས་དངོས་གཞི་དང་ཞིབ་འཇུག་གི་བསླབ་གནས་གཉེར་ནས་ད་ལྟ་དབྱིན་ཡུལ་དུ་འབུམ་རམས་པའི་བསླབ་གནས་ལ་བརྩོན་གྱིན་ཡོད་པར་སྐད། ཁོང་གིས་དེ་སྔོན༼བོད་ཀྱི་དེང་རབས་རྩོམ་རིག་ལ་དཔྱད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས༽ཞེས་པ་ཞིག་བྲིས་ཡོད་པ་ཀུན་ལ་གསལ། དེར་བམ་ཀློག་ཐེངས་གཅིག་བྱས་རྗེས་ཁོང་གིས་རྩོམ་རིག་ཅེས་པ་ཤེས་ཀྱིན་མེད་པ་དང་། ལྷག་ཏུ་ནུབ་གླིང་གི་རྩོམ་རིག་ལ་མྱོང་རྒྱུས་མེད་པ་དེ་ཁོང་གི་བྲིས་རྩོམ་གྱི་སྟེང་ན་གསལ་ལྷང་ངེར་འདུག་པས། དེ་ལ་གཅིག་གཅིག་གཉིས་གཉིས་བྱས་ཏེ་འབྲི་འདོད་ཡེ་ནས་མ་བྱུང་ཐལ། རེད་དེ། ཁོང་ལ་གཅིག་འབྲི་དགོས་པ་ཞིག་ནི། ཁོང་གིས་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཞེས་པའི་བརྡ་དོན་དེ་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བར་ལོག་བསྒྱུར་བྱས་ཡོད་སྟབས། མི་སྒེར་རིང་ལུགས་ངོས་ནས་བོང་རྫི་ལ་བློ་སྒོ་ཞིག་འབྱེད་དགོས་པར་མཐོང་།

ཁོང་གིས་བྲིས་རྩོམ་དུ༼དུས་སྐབས་འདི་འདྲ་ཞིག་ལ་བོད་ཀྱི་རྙིང་བཞི་(四旧)སྟེ་། སེམས་ཀྱི་འཁྱེར་སྟངས་རྙིང་བ། རིག་གནས་རྙིང་བ། གོམས་སྲོལ་རྙིང་བ། སྤྱོད་པ་རྙིང་བ་བཅས་ལ་རྒོལ་བའི་ལྟ་བ་བྱུང་བ་དང། ལྟ་བ་འདི་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་གཙོ་བོའི་གྲས་ནི་ཞོགས་དུང་དང། མེ་ལྕེ་།འཇམ་དབྱངས་སྐྱིད་སོགས་རེད། ཕྲན་ཨ་རིའི་མཐོ་རིམ་གཙུག་ལག་བསླབ་གྲྭ་ཞིག་ཏུ་ཨ་རིའི་སྲིད་དོན་རིག་པ་དང་དཔལ་འབྱོར་རྣམ་བཤད་ཀྱི་གཞུང་ལུགས་སོགས་ལ་སློབ་གཉེར་བྱས་སྐབས། སྔོན་གྱི་་ཆོས་གྲོགས་ཤིག་གིས། “ད་ལམ་ཞོགས་དུང་ཟེར་བ་ཞིག་གིས་རྩོམ་མང་པོ་བྲིས་ཏེ། རིག་གནས་གསར་བརྗེ་སློང་གིན་འདུག་”ཅེས་བཤད་བྱུང། དེ་དུས་ཁོང་གིས་བྲིས་བའི་ཆེད་རྩོམ་དེ་དག་ཀློག་འདོད་ཀྱི་འདུན་པ་ཆེན་པོ་སྐྱེས་བྱུང་མོད། ཡུད་ཙམ་ཞིག་ལ་ཀློག་ཐུབ་པའི་སྐལ་བ་མ་བྱུང། དེའི་རྗེས་བོད་དུ་ལོག་ཏེ།ཞོགས་དུང་གིས་བྲིས་བའི་རྩོམ་ཐམས་ཅད་ལ་བལྟས་བ་ཡིན། རྩོམ་གྱི་འབྲི་སྟངས། སེམས་ཀྱི་འཆར་སྟངས་ཚང་མ་རིག་གསར་སྐབས་ཀྱི་རྙིང་གཏོར་སྐབས་ཀྱི་ལྟ་བ་ཞིག་ལས་གཞན་ཆེན་པོ་མཐོང་ཐུབ་མ་སོང་མོད།ནུབ་དུ་ཆབ་སྲིད་སོགས་ཀྱི་ལྟ་བ་སྟེ།མིའི་རང་བཞིན་གནས་རིགས་ཀྱི་(Individualism)ལྟ་བའི་མིང་ལ། མི་གཞིའི་དང་མི་སྒེར་གྱི་ཐོབ་ཐང་ཟེར་བ་སོགས་བཏགས་ནས། དོན་གྱིས་རྙིང་གཏོར་གྱི་ལྟ་བ་ཞིག་ལབ་བཞིན་པ་ལས་རྒྱུ་མཚན་ཅི་ཡང་མི་འདུག་བསམ་ནས་བཞག་པ་ཡིན། ༽ཞེས་འཁོད་འདུག

ད་ནི་བརྗོད་གཞིའི་དཀྱིས( Individualism མིའི་རང་བཞིན་གནས་རིགས་ཀྱི་ལྟ་བ)ལ་འཇུག་པར་བྱ་སྟེ། སྐུ་ཞབས་བོང་རྫི་ལགས་ཀྱིས་བསྒྱུར་པའི་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བ་ཞེས་པ་དེ་དབྱིན་ཡིག་གི་བརྡ་སྐད་དང་འབྲེལ་མེད་དོན་གཞན་ཞིག་རེད་པས་ཐོག་མར་དབྱིན་ཡིག་གི་བརྡ་སྐད་དེའི་ངོ་བོ་དང་མཚོན་དོན་བྱུང་འཕེལ་བཅས་རེ་རེ་ནས་སྤྲོ་བར་བྱ།

དང་པོ། དབྱིན་ཡིག་གི་བརྡ་སྐད་དེའི་ངོ་བོ་དང་མཚོན་དོན།

individualismཞེས་པའི་ཕྱི་མོའི་དོན་ནི་རྣམ་པ་དྲུག་སྟེ།

༡སྐྱེས་བུ་སྒེར་དང་མི་ངོ་སོ་སོས་རང་དབང་རང་བདག་གིས་ཐོབ་ཐང་དང་རང་དབང་གི་ཆེད་ཁྲིམས་རྩོད་ཞུ་གཏུག་བྱེད་པའི་སྤྱི་ཚོགས་སྟེང་གི་བྱ་བྱེད་ཅིག་དང་འདོད་ཚུལ་ཞིག་ལ་འཇུག

(1, a social theory advocating the liberty, rights, or independent action of the individual)

༢ བྱ་སྤྱོད་རང་དབང་དང་བསམ་བློ་རང་དབང་གིས་འཇུག་པའི་ཡིད་ཆེས་དང་། གོམས་འདྲིས། སྤྱི་ཁྲིམས་བཅས་ཀྱི་དོན་ལ་འཇུག

(2,the principle or habit of or belief in independent thought or action)

༣ སྤྱི་མཐུན་དང་ཐུན་མོང་གི་སྤྲོ་འདུན་ལས་མི་ངོ་སོ་སོའམ་སྐྱེས་བུ་སྒེར་གྱི་འདོད་མོས་གཙིགས་སུ་འཛིན་པ་སྟེ་རང་གཅེས་ཀྱི་སེམས་པའི་དོན་ལ་འཇུག

(3,the pursuit of individual rather than common or collective interests; egoism) ༤ སྐྱེས་བུ་སྒེར་གྱི་རང་གཤིས་དང་གཤིས་རྒྱུད་ལ་གོ ( 4,individual character; individuality)

༥ སྐྱེས་བུ་སྒེར་རམ་མི་ངོ་སོ་སོའི་ཐུན་མོང་མ་ཡིན་པའི་རང་བཞིན་ལ་འཇུག ( 5,an individual peculiarity) ༦ དྲུག་པ་འདི་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་ཚུད་འདུག་སྟེ། སྐྱེ་དངོས་དང་བེམ་རིགས་བྱེ་བྲག་པ་རྐྱང་པའི་དོན་ལ་འཇུག (6,Philosophy . a. the doctrine that only individual things are real)འདི་དག་སྤྱོད་སྒོ་ཆེས་ཆེ་བའི་དབྱིན་ཡིག་ཚིག་མཛོད(http://dictionary.reference.com/browse/individualismལས་དྲངས་ཏེ་

བསྒྱུར་པ་ཞིག་ཡིན།

གཉིས་པ་དབྱིན་ཡིག་གི་བརྡ་སྐད་དེའི་བྱུང་འཕེལ།

Individualismཞེས་པའི་དབྱིན་ཡིག་གི་བརྡ་སྐད་འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་མཐའ་གསར་འཛུགས་པ་སྐུ་ཞབས་རོ་བྷེ་ཏྲི་ཨོ་བེན (Robert Owen)ལགས་ཀྱི་རྗེས་འཇུག་པ་དག་གིས༡༨༣༠ ཐམ་པའི་ནང་ལ་ཚིག་དོན་འགྱུར་བའི་རང་བཞིན་གྱིས་ངོ་སྤྲོད་གནང་། སྔོན་གྱི་སྤྱི་ཚོགས་རིང་ལུགས་པ་རོ་བྷེ་ཏྲི་ ཨོ་བེན་གྱིས་སྤྱི་མཐུན་དང་ཐུན་མོང་གི་ལྟ་ཚུལ་གཞིར་བཅོལ་བའི་སྤྱི་འགྲོས་ལ་དགག་གཞག་སྤྲོས་ནས་ཚོགས་སྤྱི་དང་ཐུན་མོང་ལས་མི་ངོ་སོ་སོའམ་སྐྱེས་བུ་སྒེར་གྱི་འདོད་མོས་གཙིགས་སུ་འཛིན་པའི་གྲུབ་མཐའ་ཞིག་གསར་གཏོད་མཛད་དེ། དེ་ནི་མི་སྒེར་རིང་ལུགས་སུ་གྲུབ། དབྱིན་ཡིག་གི་བརྡ་སྐད་ནིindividualism ཞེས་པ་འདི་རེད། འདི་ལ་ད་དུང་ཡོངས་ཁྱབ་རིང་ལུགས་ཡང་ཟེར(universalism) ཚོགས་སྤྱི་དང་ཐུན་མོང་ལས་མི་ངོ་རང་ཉིད་ལ་གཅེས་ཤིང་ཆགས་པའི་སེམས་བྱུང་དེ་ནི་འགྲོ་བ་མི་ཡོངས་ལ་ཁྱབ་ཡོད་སྟབས། མི་སྒེར་རིང་ལུགས་ལ་ཡོངས་ཁྱབ་རིང་ལུགས་སུ་བསྙད་པའི་རྒྱུ་མཚན་ཡང་དེ་ཡིན་པ་རེད། རྗེས་སུ་དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་༼རང་དབང་རྣམ་བཤད༽ཀྱི་རྩོམ་པ་པོ་མིལ(John Stuart Mill)གྱིས་རང་དབང་རིང་ལུགས་ཀྱི་ལྟ་བའི་གཞུང་ཤིང་དུ་དྲངས་པས་ཡོ་རོབ་གླིང་དུ་ཤུགས་རྐྱེན་ཆེན་པོ་ཐེབས། རིང་ལུགས་འདི་གཞི་གྲུབ་པ་ནས་བཟུང་ཡོ་རོབ་གླིང་གི་སྐྱེས་ཆེན་སྐོར་ཞིག་གིས་སྐྱེས་བུ་སྒེར་གྱི་རང་དབང་དང་ཐོབ་ཐོང་དེ་མི་ངོ་སོ་སོའི་རྩ་བའི་འདོད་མོས་ཏེ་རང་ཐག་རང་གཅོད་ཀྱི་ཐོང་ཐང་དང་རང་དབང་ལ་སྦྱར་ནས་བདེན་པ་བདར་ཞིང་། ལུགས་གནས་བཙལ་མྱོང་། དེང་རབས་ཀྱི་རང་དབང་རིང་ལུགས་པའི་ཚད་མའི་སྐྱེས་བུ་བྷུར་ལེན(Isaiah Berlin)གྱི༼རང་དབང་གི་བརྡ་དོན་གཉིས༽ “Two concepts of Liberty”ཞེས་པ་རུ་མི་སྒེར་རིང་ལུགས་ཀྱི་ལྟ་གྲུབ་གཞི་ལ་བཞག་སྟེ། སྐྱེས་བུ་སྒེར་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་རང་དབང་བླ་རུ་བཀུར་ནས། མི་ཞིག་ཡིན་ཚེ་ཚོགས་པ་དང་སྒྲིག་གཞི་གང་ལ་ཡང་མི་བསྟུན་པར་འགྲོ་བ་མི་ཡོངས་ལ་ཁྱབ་པའི་ཚོར་འདུ“རང་གཅེས་པར་འཛིན་པ”སྟེ། རང་གི་ཁེ་ཕན་དང་རང་གི་ཐོབ་ཐང་། རང་གི་རྩིས་ཐང་གཅེས་སྲུང་བྱེད་ངེས་ཡིན་པར་ཚུལ་གསུམ་གྱི་རིགས་པ་ཕྲ་མོས་ཞིབ་པར་དཔྱད་འདུག

གསུམ་པ་དབྱིན་ཡིག་གི་བརྡ་སྐད་དེའི་མཚོན་དོན་བྱེ་བྲག་ཏུ་བཤད་པ།

Individualismཞེས་པའི་བརྡ་སྐད་འདིའི་རང་ལྡོག་ནས་གོང་དུ་དོན་ཚན་དྲུག་ལ་འཇུག་པར་དྲངས་ཡོད། དོན་ཚན་དྲུག་པོའི་མཚོན་དོན་གཅིག་ཏུ་བསྡུས་ན། སྐྱེས་བུ་སྒེར་གྱི་འདོད་མོས་ཏེ་རང་ཐག་རང་གཅོད་ཀྱིས་འཇུག་པར་སྤྲོ་བའི་སེམས་འདུན་ཞིག་གི་དོན་དུ་འདུས། རང་ཐག་རང་གཅོད་ཀྱིས་འཇུག་པར་སྤྲོ་བའི་སེམས་འདུན་དང་བསམ་པའི་འཁྱེར་སོ་དེ། འགྲོ་བ་མི་སྤྱི་ལ་ཁྱབ་ཅིང་ཡོངས་ལ་རང་ཆས་སུ་གྲུབ་ཡོད་སྟབས། དེ་ནི་ མ་ལག་ཚང་ཞིང་རིང་དུ་གནས་པའི་བསམ་པའི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད་པས་ན། རང་ཐག་རང་གཅོད་ཀྱི་འདོད་མོས་དེ་རིང་དུ་གནས་པའི་སྲོལ་དང་ལུགས་སུ་གྲུབ་པས་མི་སྒེར་རིང་ལུགས་སུ་གྲགས། མི་སྒེར་རིང་ལུགས་ཀྱི་མཐར་ཐུག་གི་འབབ་སྟེགས་གང་རེད་ཅེ་ན། ཆོས་ལུགས་ཀྱི་ཀུན་སྤྱོད་སྒྲིག་གཞི་དང་སྲིད་གཞུང་གི་བཀའ་དབང་བཙན་པོ། སྤྱི་ཚོགས་ཀྱི་ཚོགས་སྡེ་ངོས་ཀྱི་སྒྲིག་གཞི་ལ་ཁག་དཀྲི་ནས་བཙན་གྱིས་སྐྱེས་བུ་སྒེར་ལ་སྒྲིག་གཞི་དེ་དག་ཁས་ལེན་དམ་བཅའ་བྱེད་དུ་འཇུག་པའི་སྦྱོར་བའི་ལྡོག་ཕྱོགས་སུ་འགྲེང་སྟེ། སྐྱེས་བུ་སྒེར་གྱི་འདོད་མོས་ཏེ་རང་ཐག་རང་གཅོད་ཀྱིས་འཇུག་ཅིང་། སྐྱེས་བུ་སྒེར་གྱི་ཐོང་ཐང་དང་། རྩིས་ཐང་། རང་དབང་གཅེས་པར་སྲུང་རྒྱུ་དེ་རེད། སྤྱི་མོས་སྲིད་ཁྲིམས(སྤྱི་དམངས་ཀྱིས་དང་ལེན་བྱ་རུང་བའི་སྲིད་གཞུང་གི་ཁྲིམས)དང་དམངས་གཙོའི་སྲིད་གཞུང་གི་གདག་པར་བྱ་བ་ནི། རང་ཐག་རང་གཅོད་བྱེད་པའི་སྐྱེས་བུ་སྒེར་གྱི་ཐོབ་ཐང་འགན་སྲུང་ཁག་ཐེག་བྱ་རྒྱུ་དེ་ཡིན་པ་རེད། དེ་བས་ན། མི་ངོ་རེ་རེ་དང་སྐྱེས་བུ་སྒེར་གྱི་ཐོབ་ཐང་ནི་མི་སྒེར་རིང་ལུགས་ཀྱི་རྩ་བའི་གྲུབ་ཆ་ཡིན་པར་མ་ཟད། སྤྱི་མོས་སྲིད་ཁྲིམས་ཀྱི་སྲོག་ཤིང་ཡང་ཡིན་པ་རེད། མི་སྒེར་རིང་ལུགས་ནི་དེ་འདྲའི་རྩ་ཆེ་ཞིང་བྱིན་ཆེ་བའི་བསམ་བློ་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཡིན་སྟབས། རང་དབང་ལ་མོས་པའི་སྐྱེས་བུ་གྲངས་མེད་ཅིག་གིས་མི་སྒེར་རིང་ལུགས་སྲོག་སྙིང་དུ་བཟུང་ཡོད། མི་སྒེར་རིང་ལུགས་པ་དག་གིས་རང་ཐག་རང་གཅོད་ཀྱིས་རང་གི་ཐོབ་ཐང་རྩོད་པ་དང་། རང་ཐག་རང་གཅོད་ཀྱིས་རང་གི་རྩིས་ཐང་སྲུང་བ། རང་ཐག་རང་གཅོད་ཀྱིས་རང་གི་ཁེ་ཕན་དམིགས་སུ་འཛིན་པ་ཡིན། མི་སྒེར་རིང་ལུགས་པ་དག་སྤྱི་མོས་སྲིད་ཁྲིམས་ལྟར་མི་རིགས་རྒྱལ་ཁབ་ལ་བློ་མཉེས་པ་ཡིན་མོད། འོན་ཀྱང་། སྲིད་གཞུང་གི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་སྒྲིག་གཞིས་བསྡམས་གཅུར་འོག་དབང་པོ་ལྔའི་སྤྱོད་སྒོར་འཇུག་པར་ཁས་ལེན་ཡེ་ནས་བྱེད་སྲོལ་མེད། མི་སྒེར་རིང་ལུགས་པའི་ལྟ་བའི་མགོ་ཁུངས་ཧྥ་རན་སིའི་བློ་འབྱེད་བསམ་བློ་པ་རོའུ་སོའི༼སྤྱི་ཚོགས་གན་ཆིངས༽(Social Contract )ལ་གཏུགས་ཡོད་པ་རེད། རོའུ་སོས“ཡོངས་སུ་ཁྱབ་པའི་རང་དབང་ནི་མི་བུའི་གཉུག་གཤིས་ལས་གྲུབ་པ་ཡིན་སྟབས། མི་བུའི་ཐོག་མའི་ཁྲིམས་ནི་སྤྱི་དམངས་ཞིག་ལ་མངའ་བའི་མི་བུ་རང་ཉིད་ཀྱི་རང་དབང་གཅེས་སྐྱོང་བྱེད་རྒྱུར་ཁག་ཐེག་བྱེད་དགོས་པ་དེ་ཡིན་པ་དང་། མི་བུའི་ཐོག་མའི་ལྟ་སྐྱོང་དག་ནི་མི་བུ་རང་ཉིད་ཀྱིས་རང་ལ་བསམ་ཤེས་བྱེད་པ་དག་རེད། གང་མྱུར་གྱིས་མི་བུ་ཁོ་རང་བརྡར་ཤ་གཅོད་བྱེད་ཀྱི་བློ་རིག་རྒྱས་པའི་དུས་ལ་སླེབས་པའི་ཚེ། མི་བུ་ཁོ་ནི་རང་ཐག་རང་གཅོད་བྱེད་པའི་ཡང་དག་པའི་ཁྲིམས་དཔོན་གཅིག་པུ་ཡིན་པས་ན་རང་ཉིད་ཀྱི་མགོན་དང་བདག་པོ་རུ་གྱུར་པ་རེད།”ཅེས

གསུངས་ཡོད། དསྐབས་འདིར་མི་སྒེར་རིང་ལུགས་ཀྱི་ངོ་བོ་དང་མཚོན་དོན་བྱུང་འཕེལ་བཅས་གླེང་ནས་འོངས་ཚེ། སྐུ་ཞབས་བོང་རྫི་ལགས་ཀྱིས་མི་སྒེར་རིང་ལུགས་ལ་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བར་བརྗོད་པ་དེ་མཁས་པའི་སྒྲོབ་ཉམས་ཀྱིས་བཟི་བས་པཎ་ཏྲི་ཏས་ཐུགས་མཉམ་མ་བཞག་པ་འདྲ་ཨེ་ཡིན་ནམ། དངོས་གནས་དགོད་བྲོ་བ་ཞིག་ནི། བོང་རྫི་དབྱིན་ཇི་ལུང་པར་བསྡད་ནས་ལོ་མང་འགོར་ཡང་ད་དུང་དབྱིན་ཡིག་ཏུ་ཡོངས་སུ་གྲགས་པའི་མི་སྒེར་རིང་ལུགས་ཀྱི་བརྡ་དོན་ངོ་ཤེས་ཀྱིན་མེད་པ་དེ་རེད། དེས་ན་སྐུ་ཞབས་བོང་རྫི་ལགས་ལ་བཀའ་འདྲི་ཞིག་ཞུས་ན། individualismཞེས་པ་མི་སྒེར་རིང་ལུགས་ཀྱི་བརྡ་དོན་མིན་ཚེ། དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་བརྡ་སྐད་གང་རེད་ལགས། སྐུ་ངལ་ལ་མ་འཛེམས་པར་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་བརྡ་སྐད་ཅིག་དྲངས་ནས་ངོ་སྤྲོད་རེ་གནང་རོགས། ཁོ་བོས་ཇི་ལྟར་འཚོལ་ཞིབ་བྱས་ཀྱངindividualismཞེས་པ་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བའི་མིང་ལ་འཇུག་པར་ཡེ་ནས་རྙེད་མ་བྱུང་། གཅིག་བྱས་ན་ཁོ་བོར་བློ་སྐྱེད་རག་སྲིད། ཁྱེད་ཀྱིས་མི་སྒེར་རིང་ལུགས་ཀྱི་བརྡ་སྐད་གང་ཡིན་མ་ཤེས་པར་ད་དུང་ཞོགས་དུང་སོགས་ཀྱིས“མིའི་རང་བཞིན་གནས་རིགས་ཀྱི་(Individualism)ལྟ་བའི་མིང་ལ། མི་གཞིའི་དང་མི་སྒེར་གྱི་ཐོབ་ཐང་ཟེར་བ་སོགས་བཏགས”ཡོད་པ་ཇི་ལྟར་ཧ་གོ་སོང་། འབུམ་རམས་པ་ཁྱེད་ཀྱིས་རང་དབང་རིང་ལུགས་ཀྱི་ལྟ་དགོངས་སྤྱོད་གསུམ་ལ་བློ་སྦྱོང་ཇི་འདྲ་མཛད་ཡོད་ལགས། མ་འོངས་པར་བོད་ལ་རང་དབང་དམངས་གཙོའི་ཉི་ཟེར་འཕྲོ་བའི་ཚེ་ན། རང་དབང་ལུང་པ་ན་འཚོ་ཞིང་གནས་པའི་སྐུ་ཞབས་ཁྱེད་ཀྱིས་དམར་སྲུང་དམག་མི་ཚོར་རང་དབང་དམངས་གཙོའི་གོ་རྟོགས་ཅི་འདྲ་ཞིག་སྤྲོད་རྩིས་ཡོད། ཤུགས་རྒྱོབས་མ་གཏོགས། ཁྱེད་ཀྱི་བོང་བུ་ཞོགས་དུང་སོགས་ལ་རང་དབང་དམངས་གཙོའི་ཤེད་ཤུགས་རྒྱས་ཏེ། བོང་བུའི་རྫི་བོ་ཁྱེད་རང་ལ་ཁྲ་ཡིས་གཞུས་སྲིད། དེ་དུས་ཁྱེད་ཀྱི་མགོ་བོར་ན་ཟུག་དྲག་པོ་སྐྱེས་ནི་རེད་ལ། བོང་རྫིའི་གོ་ཐོབ་ཤོར་ནས་རང་ཉིད་བོང་གཟུགས་སུ་འགྱུར་སྲིད། དངོས་པོའི་གནས་ཚོད་ཀྱིས་ད་ལྟའི་དུས་ནས་ཁྱེད་ཀྱིས་བོང་རྫིའི་གོ་ཐོབ་ཤོར་ཏེ་རང་ཉིད་བོང་གཟུགས་སུ་འགྱུར་བར་ཉེར་བསྡོགས་རྩོམ་གྱིན་གདའ། དེ་གང་གིས་ཤེས་ཐུབ་ཅེ་ན། ཁྱེད་ཀྱིས་བྲིས་པའི་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བ་ཞེས་པའི་སྐབས་ནས་བསྟན་པའི་མིའི་རང་བཞིན་གནས་རིགས་ཞེས་པ་ཡང་ས་སྟེང་ས་འོག་ལྟ་བུའི་འབྲེལ་མེད་དོན་གཞན་ཞིག་རེད། དེ་ནི་ལྷ་དབང་ཕྱུག་གི་ཕོ་མཚན་དང་དཔལ་ལྡན་ལྷ་མོའི་མོ་མཚན་ལྟ་བུ་རེད། འོ་ན། ཁྱེད་ཀྱིས་འབྲེལ་མེད་དོན་གཞན་གྱི་བརྡ་སྐད་དེ་དག་གང་ཞིག་ནས་དྲུད་ནས་འོངས་པ་ཡིན། ཏག་ཏག་མིའི་རང་བཞིན་གནས་རིགས་ཞེས་པ་དེ་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ལས་ཏོག་ནས་ཁྱེད་ཀྱིས་རང་གི་སྐད་ཆར་བཅོས་པ་ཡིན་སྲིད། བོད་ཀྱི་མཚན་ཉིད་རིག་པའི་གཞུང་དུ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་བསྟན་ཡོད། ཐེག་ཆེན་སྒྲུབ་པའི་རྟེན་ལ་ངོ་བོའི་སྒོ་ནས་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་སུ་དབྱེ་ཡོད་པ་དང་། དེ་དག་ལ་སེམས་ཙམ་པ་དང་དབུ་མ་བས་འདོད་ཚུལ་མི་འདྲ་བ་རེ་ཡོད་པ་རེད། དབུ་མ་བས་སེམས་ཅན་གྱི་རྒྱུད་ཀྱི་གློ་བུར་བའི་དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་ལ་དྲི་མ་མ་ཞུགས་ཤིང་། དེའི་ཆོས་ཉིད་ལ་རང་བཞིན་གནས་རིགས་སུ་འདོད། ཞིབ་ཏུ་ཤེས་འདོད་ན༼རྒྱུད་བླ་མ༽དང༼མདོ་སྡེ་རྒྱན༽ ༼ཉན་ས༽ ༼ཆོས་བཅུ་བའི་མདོ༽ལ་སོགས་པར་གཟིགས་པར་འཚལ། འདིར་ཡིག་ཚོགས་ལ་དོགས་པར་རྒྱས་པར་མི་སྤྲོ།

ཕྱི་ནང་རིག་གནས་ལ་ཀློང་བརྡོལ་ཡོད་ཟེར་བའི་སྐུ་ཞབས་ཁྱེད་རང་གིས་མ་ཤེས་ཤེས་མདོག་གིས་སྐད་ཆ་དེ་ལྟར་བཤད་པ་དང་རྩོམ་དུ་དེ་ལྟར་བྲིས་པར། བློ་ཕངས་ཆེན་པོ་ཡོད། འདི་ལྟར་མུ་ནས་བགྱི་བ་མཛད་ན་ཁྱེད་ཀྱི་འབུམ་རམས་པའི་མིང་བྱང་སར་ཟག་ངེས་རེད། གོང་དུ་དབྱིན་ཡིག་ཚིག་མཛོད་དག་ལ་ཐོ་གཏུག་ཅིང་རང་དབང་རིང་ལུགས་ཀྱི་ལྟ་བར་ཁུངས་བཅོལ་ནས་ཁྱེད་ལ་ངོ་སྤྲོད་གསར་བ་རེ་བྱས་ཡོད་པས། མི་སྒེར་རིང་ལུགས་ཀྱི་ངོས་ནས་དན་དན་ཁྱེད་ལ་བློ་སྒོ་འབྱེད་སྲིད། མ་ཟད། མིའི་རང་བཞིན་གནས་རིགས་ཀྱི་སྐོར་ནས་ཀྱང་མདོ་ལས་གསུང་ཚུལ་དང་བསྟན་བཅོས་ལས་འགྲེལ་ཚུལ་གཞི་ལ་བཞག་ནས་དཔེ་ཀློག་གི་དམིགས་སྒོ་བསྟན་ཡོད། ཁོམ་སྐབས་ཀྱི་དུས་ཚོད་བཙལ་ནས་ངའི་བསླབ་སྟོན་དག་ལ་འབད་པ་གནང་ན་མི་སྒེར་རིང་ལུགས་དང་རང་བཞིན་གནས་རིགས་ཐད་ནས་ངེས་ཤེས་འདྲོང་ངེས་ཡིན་ལགས། དཔེ་ཀློག་དང་བསམ་གཞིག་ལེགས་པར་བགྱིས་ནས་དམར་སྲུང་དམག་མི་ཚོ་ལ་བགྲོ་གླེང་གནང་དང་ཁོང་ཅག་གིས་ཁྱེད་ལ་བློ་བསྐྱེད་མི་དམན་པ་སྟེར་ངེས་ཡིན། ཁོ་བོས་སེམས་ན་ཁྱེད་རང་མིའི་རང་བཞིན་གནས་རིགས་དང་རང་གཤིས་གཉིས་ལ་གོ་འཛོལ་ཤོར་ཏེ་དེ་གཉིས་ངོ་འཕྲོད་ཀྱིན་མེད་པའི་སྣང་བ་བྱུང་བས་གོང་དུ་མིའི་རང་བཞིན་གནས་རིགས་གསེད་དགྲོལ་བྱས་ཡོད། དེའི་ཕྱིར་ན། གཅིག་ཤེས་ཀུན་གྲོལ་གྱི་ལམ་ལ་འཇུག་ཐུབ་པར་སྨོན།

གསལ་བཤད། ཁྱེད་ཀྱིས་ཁོ་བོའི་བྲིས་རྩོམ་འདི་འཕྲི་སྣོན་བྱས་ཏེ་དབྱིན་ཡིག་ཏུ་བསྒྱུར་ནས་རང་ཉིད་ཀྱི་ངོ་སོ་ལེན་ཐབས་སུ་ཡེ་ནས་བསྒྱུར་མི་རུང་། གཞན་ཁྱེད་རང་དྲ་འབུའི་སྐྱེས་པ་བླངས་ནས་ལོ་མང་འགོར་ཡང་། ད་ལོ་གཞི་ནས་སྨྱུག་མིང་ཞིག་ཁྱེར་ནས་འོངས་པས་ན་དགའ་ནས་ཡོད། དེ་བས་སྦྱར་བྱང་སྤེལ་སྐབས་ཀྱང་སླར་ཡང་དྲ་འབུའི་སྐྱེ་བ་མ་བླངས་ན་ཡག

Holiday Collector Edition Doll is a Must Have
PORNO Although some designers are household names

PREMIA INDIA RUNWAY WEEK SUCCESSFULLY COMPLETED
Prom Dresses As much as I love The Matrix

Kinky Boots The Tall and Sexy Boots in Trend
PORNO Therefore it is always a wise idea to make your own sewing patterns

Kate Middleton Fashion Style is
Free Games flaps that fall on either side of the saddle

Would you wear Rob Kardashian
Kostenlose Pornos von For Cognac and Spirits

Suited For Change DC Insider Fashion Sale Tuesday
free xxx John Varvatos Star USA Men's Wire Lace Boot42

Navy Is The Hue To Turn To For Spring
PORNO XXX almost all of whom called the taper

3 Ways to Design Your Own Fashion Shawl
Darmowe Porno Volume 5 also had two colored character sheets
བསྟོད།7

抱歉,评论已关闭!