དགུ་རོང་སྤུན་གྲོལ་གྱིས་རྫུན་བཤད་འདུག

རིག་པའི་ཁུ་བྱུག

སྤྱིར་ཁྱེད་ལ་སྐད་ཆ་འདི་དག་བཤད་འདོད་ཡེ་ནས་མེད། མི་གཙང་བའི་སྣོད་དུ་བཅུད་ཅན་གྱི་ཟས་ཅི་ཞིག་བླུགས་ཀྱང་མི་གཙང་ཉིད་དུ་གྱུར་འགྲོ་བ་ཆོས་ཉིད་དུ་གྲུབ་པས་སོ། ཡིན་ཡང་། དམིགས་ཡུལ་ངན་པ་དང་ཀུན་སློང་ངན་པའི་ཀུན་ནས་བསླངས་པའི་སྐད་ཆ་འདི་དག་གིས་བསམ་བློ་ནར་མ་སོན་པའི་སློབ་མ་རྣམས་ལོག་ལམ་དུ་ཁྲིད་པ་དང་། དོན་གྱི་སྙིང་བོ་མ་རྟོགས་པའི་ཁྱོད་ལྟ་བུ་མང་པོས་གསེར་དང་སྐྱག་པའི་དབྱེ་བ་མ་འཁོར་བར་གསོན་པོའི་མིག་རྫོབ་དང་། ཤི་བོའི་བླ་སྒུལ་བྱས་ན་ཤིན་ཏུ་མི་འོས་ཤིང་། ལྷག་པར་ཤེས་རིག་སྨྲ་བ་དག་ལ་དོན་མེད་ཀྱི་སྐུར་འདེབས་བྱས་ན་མི་ཆོས་དང་འགལ་བའི་ལས་ཤིག་ཡིན་པ་བཅས་ལ་བསམ་ན། ནག་ཉེས་འདི་རིགས་ལ་ང་ཚོས་རྒོལ་ལན་སྤྲོད་དགོས་ལ་སྤྲོད་འོས་པ་ཞིག་ཀྱང་རེད་འདོད་དོ། དེས་ན་ཐོག་མར་ཀློག་མཁན་དག་ལ་ཞུ་འདོད་པ་ནི། རང་ཉིད་དགེ་རྒན་རྒྱ་ཡེ་བཀྲ་བྷོའི་སློབ་མ་ཞིག་ཡིན་པའི་ཆ་ནས་རང་ཕྱོགས་ལ་བསྟོད་པ་དང་གཞན་ཕྱོགས་ལ་སྨད་པའི་ཕྱོགས་ལྷུང་གི་སྐད་ཆ་ཞིག་བརྗོད་འདོད་པ་ཡེ་ནས་མིན་པར། “གསེར་ས་ན་ཡོད་ན་འོད་གནམ་ལ་འཕྲོŹཟེར་བའི་ཁ་དཔེ་རང་ཅག་ལ་ཡོད་པ་བཞིན་དང་། མ་གཞི་མི་བུ་རང་ཉིད་ལ་དཔྱོད་པའི་བློ་མིག་མེད་ན་ཅི་ཟེར་གཞན་གྱི་རྗེས་སུ་འབྲངས་པ་ནི་མི་ཆོས་དོན་གཉེར་བྱེད་པའི་ང་ཚོའི་ཁོར་ཡུག་འདི་དང་དུས་རབས་འདིར་འཇུག་ཡུལ་གཏན་ནས་མེད་པའི་འདུ་ཤེས་དང་བློ་སྦྱོང་སྔོན་དུ་སོང་ནས། དགུ་རོང་སྤུན་གྲོལ་གྱིས་དྲ་བའི་ལམ་ནས་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ལ་དོན་མེད་དུ་ཉེས་འདོགས་བྱས་ཏེ་ཀློག་མཁན་དག་ལ་བསླུ་བྲིད་གཏོང་བའི་རྫུན་ཕུགས་བརྟོལ་ཏེ་ཀུན་པོ་བསླུ་བྲིད་མི་ཐེབས་པའི་ཆེད་དུ་བདེན་པ་དང་དྲང་པོ། དཔང་པོའི་ངོས་ནས་སྐད་ཆ་འགའ་བཤད་བསམ་པ་ཡིན།
གཅིག ངེད་ཅག་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཞིབ་འཇུག་སློབ་མ་རྣམས་ཀྱིས་དམངས་གཙོའི་ལམ་ལུགས་ནང་བཞིན་གྲོས་བསྡུར་བྱས་ཏེ་མཐར་མར་རྒན་ལགས་ཀྱི་བྲིས་པའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》ཞེས་པའི་རིག་གནས་ཞིབ་བསྡུར (比较化)རང་བཞིན་ཅན་གྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ཁྲིད་རྒྱུ་མོས་མཐུན་བྱུང་བས། ངེད་ཅག་གིས་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ལ་ཞུས་ཏེ་ད་གཟོད་ངེད་ཅག་ལ 《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》ཞེས་པའི་དཔྱད་རྩོམ་ཁྲིད་པ་ཡིན་ལ། ཁྲིད་དགོས་པའི་ཡང་སྙིང་བོད་ལ་ཞིབ་བསྡུར་རིག་གནས་སྐོར་གྱི་དཔྱད་རྩོམ་རྩེར་སོན་པ་མེད་པ་དང་གཅིག རྒན་རྒྱ་ཡེ་བཀྲ་བྷོ་ནི་བོད་རྒྱ་ཟུང་དང་། ཉི་ཧོང་གི་རིག་གནས་ལ་རྒྱུས་མངའ་ཤིན་ཏུ་ཆེ་བས་དཔྱད་རྩོམ་དེའི་ནང་དུ་སྔོན་གྱི་མཁས་པས་མ་ཤོད་པ་གསར་བཤད་བྱས་ཡོད་པ་དང་གཉིས། ཚིག་སྦྱོར་བཀོལ་སྟངས་ཤིན་ཏུ་བཟང་བས་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་མངའ་བ་དང་གསུམ། ཞིབ་འཇུག་གི་ཐབས་ལམ་ཚན་རིག་གི་ལྟ་ཚུལ་དང་མཐུན་ཤིང་། དུས་རབས་དང་མཐུན་པ། བདེན་པའི་ངག་གིས་ཕྱུག་པ་དང་བཞི་སོགས་ཀྱི་སྒོ་ནས་ངེད་ཅག་གི་ཁྲིད་བྱ་ངེད་ཅག་གིས་གཏན་ལ་ཕབ་པ་ཡིན་པས། རྒན་ལགས་ཀྱིས་ངས་མཐར་ཕྱིན་དཔྱད་རྩོམ་ཁྱེད་ཅག་ལ་ཁྲིད་ཞེས་ཚུར་བཤད་པ་ཞིག་གཏན་ནས་མིན།
གཉིས། ༢༠༡༠ལོའི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་སྐབས་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་རང་གི་དཔྱད་རྩོམ་དང་འབྲེལ་བ་ཡོད་པའི་དྲི་བ་སློབ་མ་སུ་ཞིག་ལ་ཅི་ཞིག་དྲིས་སོང་། ང་རང་དངོས་སུ་སྐབས་དེར་ཡོད་པ་མ་ཟད་ཕྲན་གྱིས་སྒྲ་ཡང་བླངས་ཡོད་པས་ཁྱོད་ཀྱིས་ཅི་ཞིག་ཤེས་མདོག་གིས་སུ་ཞིག་ལ་མགོ་སྐོར་གཏོང་བསམ་པ་ཡིན། དགེ་ཆོས་ཀྱིས་རྒྱ་གར་རིག་གནས་རོ་ལངས་རྒྱག་མ་འདོད་པ་རེད་ཅེས་ཚིག་ཐག་བཅད་དེ་བཤད་ཡོད་པ་འདི་ཁྱོད་ལ་དགེ་ཆོས་སྐུ་དངོས་ཀྱིས་བཤད་པ་ཡིན་ནམ། ཁོང་གི་གསུང་རྩོམ་ན་དེ་འདྲའི་གཟོ་ལྟ་ཡེ་ནས་མེད་པ་མ་ཟད་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་སྟོད་ཆའི་དབུར“ཁ་བ་ཅན་གྱི་སྔོན་གྱི་སྲོལ་བཟང་ལས། །འོངས་པའི་ཡ་རབས་རྣམ་འགྱུར་གང་མཐོང་བ། ། འཕགས་ཡུལ་སྐྱེ་བོའི་སྒོ་གསུམ་ཀུན་སྤྱོད་ཀྱི། ། གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་གནས། ། དེའི་ཕྱིར་གནའ་རབས་མཁས་པའི་གཞུང་ལུགས་ལས། ། དོན་གྱི་རོ་ཉམས་ཚོར་བ་དེ་དག་ལ། ། ལྗོངས་འདིའི་གནས་ཚུལ་ཞིབ་པར་ལྒིང་བས་ཀྱང་། ། ཐོས་པའི་ཡན་ལག་རྫོགས་ལ་ཕན་མཐོང་ནས། ། མཐོང་ཐོས་དབང་བོའི་ཡུལ་དུ་མ་གྱུར་བར། ། ཁྱིམ་དུ་མལ་དུ་དཔྱད་པས་མི་ཤེས་པའི། ། ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེ་ཅིག ། རྣམ་གསལ་དཔེ་ཡི་ལམ་ནས་འདིར་བཤད་བྱ། །Źཞེས་གསལ་བོར་གསུངས་ཡོད་པས་རོ་རངས་རྒྱག་མི་རྒྱག་དང་རྒྱ་གར་རིག་གནས་ལ་ཞིབ་འཇུག་བྱས་ན་རིན་ཐང་ཡོད་མེད། བྱིས་པའི་ཡིད་བསླུ་བྱེད་ཀྱི་གནའ་བོའི་རྒྱ་གར་གཏམ་རྒྱུད་ཅེས་སྨད་དེ་འཛམ་གླིང་ན་སྙན་གྲགས་ཆེ་བའི་རྒྱ་གར་གྱི《མ་ཧཱ་བྷ་ར་ཏ》《རཱ་མྰ་ཡ་ཎ》སོགས་ཀྱི་རིན་ཐང་ཙམ་ཡང་མི་ཤེས་ན་ངས་ཀྱང་ཁྱོད་ལ་བྱིས་པ་ཀ་ཁ་བཞིན་འདི་དག་ངོ་སྤྲོད་བྱ་མི་འདོད་པས་རང་ཉིད་ཀྱིས“ཉན་ཐོསŹཀྱི་བརྟུལ་ཞུགས་བླངས་ན་ཤིན་ཏུ་མཛེས། ད་དུང་བོད་སྐད་ཡིག་མེད་པོ་ཡིན་དང་། འདྲ་གཤིས་རིག་གནས། རིག་གཞུང་ཞིབ་འཇུག འཛམ་གླིང་ན་སྙན་གྲགས་ཆེ་བའི་རྩོམ་རིག རིག་གནས་རྙིང་བ། བག་ཆགས་རྙིང་བ། རིག་གནས་བར་གྱི་དབྱེ་མཚམས། མ་འོངས་འུ་ཅག་ཚང་གི་མགོན་སྐྱབས་པ་སྟེ་ཞིབ་འཇུག་སློབ་མ་ཞེས་སོགས་དགོད་ཁ་འཆོར་བ་མང་པོ་བཤད་ཡོད་མོད། དོན་གྱིས་གནད་ལ་གཅིག་ཀྱང་འཁེལ་མེད་པར་དྲན་སྟངས་ཞིག་བཤད་ཡོད་པས་རབ་ཏུ་ཤིན་ཏུ་ཧ་ཅང་ཡི་མུག་པའི་གནས་སོ། །
གསུམ། ཝ་སྐྱེས་རྒྱལ་བོ་བསྐོས་གྱུར་ན། །རང་གི་རིགས་ལ་ལྷག་པར་སྡང་། །ཞེས་པའི་དཔེ་བཞིན་གནས་ལུགས་ཏིལ་འབྲུ་ཙམ་ཡང་མེད་པར་ཞིབ་འཇུག་སློབ་མ་དང་དགེ་རྒན་རྣམས་ལ་ཟུར་ཟ་བྱས་ཡོད་མོད། ང་རང་སློབ་མ་ཞིག་ཡིན་པའི་ཆ་ནས་ཞེ་སྡང་ལངས་པ་ལྟ་ཞོག སྔོན་ཆད་བོད་ཁུལ་དུ་གྲུབ་མཐའི་ཆགས་སྡང་གིས་འཁྲུག་རྩོད་རྒྱུན་མི་ཆད་པ་དང་། དེ་ནས་ས་ཆུ་རྩོད་ལྒིང་གིས་ཕུ་ནུ་ནང་དམེ་ཡིས་ཆགས་འཇིག་ཡ་ང་བ་བྱུང་བ། ད་ཡང་ཁྱོད་ལྟ་བུས་རྫུན་དང་ཕྲག་དོག་གིས་རིག་གནས་པ་ནང་ཁུལ་ཏུ་ཕ་གསད་ཀྱི་ལག་དམར་མཐོང་བ་ལྟར་དགྲ་འཛིན་གྱི་སེམས་ཀྱིས་སྐྱོན་མེད་ལ་སྐྱོན་འདོགས་དང་། ཉེས་མེད་ལ་ཉེས་འདོགས་སྒོས་ཕན་ཚུན་བར་དུ་ཕྲ་མས་དཀྲུགས་ཤིང་བྱེད་པའི་ཚུལ་ལ་སྙིང་རྗེ་ཚད་མེད་ཅིག་གི་ངོས་ནས་ཀྱེ་མ་ཀྱེ་ཧུད་སྙམ་པ་ལས་ཁྱོད་ལ་དགྲ་འཛིན་གྱི་འདུ་ཤེས་ཤིག་གཏན་ནས་མི་སྐྱེས་པ་མ་ཟད། མི་མངོན་སུམ་པ་བདེན་དཔང་མངོན་སུམ་པ་མིག་མདུན་དུ་ཡོད་བཞིན་འདི་འདྲའི་རྫུན་ལབ་ན་གལ་ཏེ་དཔང་བོ་སོགས་མེད་ཚེ་ཅི་འདྲ་བཤད་མི་འོང་སྙམ་སྟེ། ཁྱོད་ལྟ་བུའི་གནས་ལུགས་མེད་པར་བཤད་ལ་དགའ་བ་དག་གི་རང་གཤིས་ལ་ཡི་མུག་ངང་གིས་སྐྱེས་འོངས་སོ།
འདིར་དགོས་དབང་གིས་ཀློག་མཁན་རྣམས་ལ་རྒན་ལགས་ཀྱི་འབུམ་རམས་པའི་དཔྱད་རྩོམ་གྱི་རིན་ཐང་གི་ཆ་ནས་ཟུར་ཙམ་བཤད་ན།རྒྱ་གར་རིག་གནས་དང་བོད་ཀྱི་རྩོམ་རིག་ཁོ་ནའི་འབྲེལ་བ་ཞིག་མིན་པར།དེ་ལས་བརྒལ་ཏེ་བོད་ཀྱི་རྩོམ་རིག་འཛམ་གླིང་རིག་གནས་ཁྲོད་དུ་གོ་ས་ཅི་འདྲ་ཟིན་ཡོད་པའི་ངེས་ཤེས་འདྲོངས་སུ་འཇུག་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་རྩ་བའི་ས་བོན་གང་ཡིན་པ་སོགས་དེང་རབས་རིག་གནས་ཞིབ་བསྡུར་གྱི་ཐབས་ལ་བརྟེན་ནས་གསལ་བ་དང་དག་པ། སྙིང་བོ་དྲིལ་བ། གོ་སླ་ཤིང་འཛིན་བདེ་བ། ཚིག་སྦྱོར་རྨད་དུ་བྱུང་བའི་ལམ་ནས་ངོ་སྤྲོད་བྱས་ཡོད་པས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཚོར་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེའོ། །དེ་བས་དོན་དང་ལྡན་མིན་དང་དུས་རབས་དང་འཚམས་མིན།བཟང་ངན་གྱི་དབྱེ་བ་སོགས་མ་འོངས་པར་དཔྱད་རྩོམ་པར་སྐྲུན་བྱས་ཏེ་སྤྱི་ཚོགས་སྟེང་བཀྲམ་དུས་མི་བུ་བློ་གྲོས་དང་ལྡན་པ་དག་གིས་ལན་གཅིག་གཟིགས་པས་རྟོགས་འོང་བས་ན་འདིར་མང་པོ་ལབ་པས་དགོས་པ་མི་འདུག
འཕྲོས་བཤད་དུ་ཁྱོད་ཀྱིས་དེང་སང་དགེ་ཆོས་ལ་རིག་པའི་དཔའ་བོ་དང་བསམ་བློ་བ་ཞེས་འབོད་པའི་རྒྱུ་མཚན་དང་།དོན་གྲུབ་རྒྱལ་རིག་པའི་དཔའ་བོ་མ་རེད།བསམ་བློ་བ་མ་རེད་ཅེས་པའི་རྒྱུ་མཚན་གཏན་ནས་ཤེས་ཀྱིན་མི་འདུག དོན་གྲུབ་རྒྱལ་དགེ་ཆོས་ཀྱི་མདུན་ན་ལྷུན་པོའི་གམ་ན་དེའུ་འབུར་དང་། དེའུ་འབུར་གྱི་གམ་ན་རྡུལ་ཕྲན་གྱི་དཔེར་སོང་ཡོད་ཅེས་དོན་དངོས་དང་མཐུན་པའི་གཏམ་བརྗོད་ན་ཁྱོད་རང་མི་དགའ་མོད་དོན་གྱིས་དེ་འདྲ་རེད། སྐད་ཆ་འདི་དག་ཕྱོགས་ཞེན་དང་ཨུ་ཚུགས་ཀྱིས་བཤད་པ་ཞིག་གཏན་ནས་མིན་པར་ཁོང་རྣམ་གཉིས་ཀྱིས་བྲིས་རྩོམ་ལ་མཇལ་ཏེ་ཞིབ་འཇུག་བྱས་ན་ཤེས་ཡོང་། དེ་བས་དེང་རབས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པའི་ཁྱུ་མཆོག་ཏུ་གྲགས་པ་རྒན་བདུད་ལྷ་རྒྱལ་གྱིས“དོན་གྲུབ་རྒྱལ་བསམ་བློ་བ་རེད་ཟེར་བ་ལས་བསམ་བློ་བ་མ་རེད་ཞེས་བརྗོད་ན་དེ་ན་བདེན་ཁ་ཡོད་ཀིŹཞེས་གདེང་འཇོག་གནང་ཡོད་པ་དང་། དགེ་ཆོས་ལ“འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པŹཞེས་མེ་ལྕེས《དགེ་ཆོས་རྒྱལ་འཇལ》སོགས་ནའང་གསལ་བོར་གསུངས་ཡོད་པས་མཚོན། མདོར་བསྡུས་ནས་བཤད་ན། ཁྱོད་ཀྱི་བྲིས་རྩོམ་འདི་ནི་རྫུན་གྱིས་ཕུང་བོ་ཞིག་དང་། ཉེ་རིང་ཆགས་སྡང་གི་ཡོངས་སུ་གཏམས་པ་ཞིག་ཡིན་པས་ལན་བསྐྱོན་འདོད་ཡེ་ནས་མེད་ལ། “བདེན་པ་ནི་ནམ་ཡང་རྫུན་ལས་རྒྱལ་སྲིདŹཞེས་རྒྱ་གར་གྱི་མཁས་ཆེན་གན་དྷིས་གསུངས་པ་བཞིན་ལགས་པས་ཁྱོད་ཀྱིས་རྫུན་ཚིག་དག་ཀྱང་སྔ་གཞུག་གི་ཁྱད་པར་ཙམ་ལས་རེ་ཞིག་གི་རྗེས་ནས་ལྷང་ལ་བུད་ཡོང་མོད། བློ་གསལ་སློབ་བུ་དག་ལོག་ལམ་ཏུ་ཁྲིད་པ་དང་རིག་གནས་པའི་སྡེ་རིས་སུ་གཅོད་པ་དང་། ཉེས་མེད་ལ་ཉེས་འདོགས་བྱེད་པའི་ཚུལ་ལ་མ་བཟོད་ནས་བདེན་པ་དང་དཔང་བོའི་ཚིག་འགའ་བཤད་དེ་རྫུན་ཚིག་གི་གདོང་འབག་བཤུ་བསམ་པ་ལས་གཞན་ལས་རྒྱལ་འདོད་སོགས་ཀྱི་དམིགས་ཡུལ་དང་ཀུན་སློང་ངན་པ་བདག་ལ་མེད་དོ། །
(གསལ་བཤད།ན་གཞོན་གསར་བ་དང་དགེ་ཆོས་དྲ་བའི་རྩོམ་ཡིག་དག་དུས་ཚོད་ལྟར་ལྟ་ཀློག་བྱེད་པར་དགའ་བའི་ཕྲན་གྱིས་ན་གཞོན་གསར་བའི་དྲ་ཚིགས་ལས“རྒྱ་ཡེ་བཀྲ་བྷོ་ལ་བཤད་འདོད་པའི་སྐད་ཆ་འགའŹཞེས་པའི་རྩོམ་འདི་མཐོང་དུས།ཅི་ཞིག་བཤད་ཡོད་དམ་སྙམ་སྟེ་འཕྲལ་ཏུ་ཀློག་པ་ཡིན། ཀློག་ཚར་དུས་ང་རང་ཧ་ལས་སོང་།རྒྱུ་མཚན་ང་རང་མཚོ་སྔོན་དགེ་ཐོན་སློབ་གླིང་ན་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་ཡིན་ལ།འབུམ་རམས་པའི་དཔྱད་རྩོམ་དེ་ངེད་ཅག་ལ་ཁྲིད་བཞིན་ཡོད་པ་དང་།༢༠༡༠ལོའི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་སྐབས་ཀྱང་ང་རང་དངོས་སུ་ཡོད་པས་བྱ་བ་འདི་དག་ལ་རྒྱུས་མངའ་ཤིན་ཏུ་ཆེ་བས་སོ།དེ་བས་སྐད་ཆ་ལ་ལར་གོ་ལོག་ཐེབས་རྒྱུ་ཡོད་ཀྱང་འདི་ལྟར་ཤེས་བཞིན་ཏུ་ཉེས་མེད་ལ་ཉེས་འདོགས་དང་རྫུན་གྱིས་གཞན་མགོ་སྐོར་བའི་དགུ་རོང་སྤུན་གྲོལ་ཟེར་བར་ཧ་ཐང་ཡི་མུག་སྐྱེས་པའི་ཞོར་ལ་རྩོམ་འདི་བྲིས་པ་ཡིན།)
༢༠༡༠ལོའི་ཟླ༧པའི་ཚེས༢༡ཉིན་རེབ་གོང་དུ་བྲིས།

Different types of hair styles for women
PORNO and have never been produced in factories in the United States

How You Can Discover Your PURPOSE
Prom Dresses Just checked it went from 5

fashion show at Bond a triumph
VIDEOS PORNO tacky if you will coloring patterns

looking for shoes that James Franco is wearing here or similar shoes
Download Free Games which was initially released June 24

How to Choose Freshwater Pearl Necklaces
Kostenlose Pornos von Favoured by celebrities such as Katherine Jenkins

A frugal version of this red and white striped shirt
PORNO FRANCAIS Held at the Monmouth Park Racetrack

5 fantastic hairstyles for modern brides 2011
free porno internet and all media

Evolving Women and Fashion Trends
Free Porno Wife The Salary of a Personal Stylist
བསྟོད།2

抱歉,评论已关闭!