དགུ་རོང་སྤུན་གྲོལ་ཁྱོད་ཀྱི་གདོང་ལྤགས་འདི་ལྟར་མཐུག་དོན་ཅི།

རིག་པའི་ཁུ་བྱུག

དེང་གི་སྤྱི་ཚོགས་སྟེང་དུ་དངོས་པོ་རྫུན་མ་དང་ཚོང་ཟོག་རྫུན་མ་བྲིན་ལ། མི་རྫུན་མ་དང་སྐད་ཆ་རྫུན་མ་ནི་དེ་ལས་ཀྱང་ཤིན་ཏུ་རབ་ཏུ་བྲིན།

དགུ་རོང་སྤུན་གྲོལ་གྱིས་བྲིས་རྩོམ་གཉིས་པར་བལྟས་རྗེས་ཕྲན་ལ་ཡི་མུག་གི་ཞོར་ཏུ་ཕངས་སེམས་ཞིག་ཀྱང་བཅོས་མིན་དུ་སྐྱེས་བྱུང་། ཡི་མུག་སྐྱེས་དོན་ནི་བྲིས་རྩོམ་དེར་སྒྲུབ་བྱེད་རྣོན་པོ་གཅིག་ཀྱང་མེད་པར་རྒན་ལགས་ལ་ཉེས་འདོགས་ཚད་བརྒལ་བྱས་པར་ད་དུང་ངོ་ཚ་མེད་པར་རྫུན་གྱི་རྔ་མ་འཇུ་འདོད་ཡོད་པ་དང་། ཕངས་སེམས་སྐྱེས་དོན་ནི་རང་ཅག་ངུ་ཡང་མི་ཐུབ་པའི་གནས་བབ་འདི་ལྟ་བུ་འོག་ཏུ་རང་ཉིད་ཆེན་པོར་རློམ་པའི་ཅོལ་ཆུང་ཚོས་ཤེས་རབ་ལྡན་པ་དང་འཇོན་ཐང་ཅན་གྱི་ཆེན་པོ་དག་ལ་དམའ་འབེབས་དང་ཟུར་ཟ་བྱས་ཏེ་ཁྲག་དཀྲིགས་རྣག་དཀྲིགས་བྱེད་པའི་ངང་ཚུལ་དེ་ཡིན་ནོ། །

དེ་ནས་བྲིས་རྩོམ་དེར་འཁྱུགས་ཙམ་བལྟས་ན“མི་གཙང་བའི་སྣོད་དུ་བཅུད་ཅན་གྱི་ཟས་ཅི་ཞིག་བླུགས་ཀྱང་མི་གཙང་ཉིད་དུ་གྱུར་འགྲོ་བ་ཆོས་ཉིད་དུ་གྲུབ་པས་སོŹ ཞེས་པ་ཙམ་གྱི་གོ་བ་ཡང་མ་ལོན་པར Ÿཧྥེ་གླིངŹ(སྙིང་མ་རྗེ་འདི་ལŸཧྥེ་གླིངŹཞེས་བཤད་ན་འགྲིག་ནི་མ་རེད།འདིས་དོན་ཡང་གོ་མི་འདུག)དང Ÿརྒྱ་ནག”རིན་ཐང་ལྟ་ཚུལ་དང་མཛེས་དཔྱོད་ལྟ་ཚུལ(བོད ་པ ་ཅོལ་ཆུང་མང་པོ་སྐད་ཆ་འདི་ལྟ་བུ་བཤད་རྒྱུ་གོམས་ཡོད།)ཅིག་ལ་ཁ་བསྒྱུར་ནས་དགག་སྒྲུབ་ཚ་ནན་བྱ་རྒྱུ་ཡིན་ཞེས་བླུན་རྟགས་མཚརབོ་སྟོན་ཞོར་དུ། སྐབས་སུ་མ་བབ་པ། དོན་དང་མི་འབྲེལ་བ། དཔེར་ཡང་གསལ་བོར་མི་འགྲོ་བ“དྲང་ངེས་ལེགས་བཤད་སྙིང་བོ་ལས་དགག་བྱ་ངོས་འཛིན་ཚུལ”ཞིག་ལབ་སྟེ Ÿདགག་བྱ་ལབ་ན་ཁྱེད་ལ་ཤིན་ལྐོག་ཅིག་ཡིན་པས་མཚམས་འདི་ནས་བསྐྱུར་རྒྱུ་ཡིན”ཞེས་ཅི་ཞིག་ཤེས་མདོག་གིས་བརྗོད་བྱ་དང་ཐག་ཇེ་རིང་ཏུ་བཏང་ནས་གཞུང་ཆེན་མོའི་སྟོང་ཉིད་ལྟ་བུ་ཞིག་བཤད་རྩིས་སམ། ཡང་ན། ནང་བསྟན་གྱི་གཞུང་ལ་གོ་ཐོས་ཡོད་པའི་ཚུལ་གྱིས། Ÿཀུན་མཁྱེན་འཇམ་དབྱངས་བཞེད་པ་དང་རྡོ་སྦིས་དགེ་བཤེས། མ་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་སོགས་པ་ཡང་ཙོང་ཁ་པའི་དྲང་ངེས་ལེགས་བཤད་སྙིང་བོའི་དགག་བྱ་ངོས་འཛིན་སྐབས་སུ་ཕྱིར་བསྣུར་བརྒྱབ་སྟེ་དགེ་བཤེས་ཆེན་པོའི་མིང་བྱང་ཡང་ཐང་ལ་གཡུག་ཨེ་ཡོད་སྙམ་པའི་དོགས་པ་ཞིག་ཤུགས་ཀྱིས་འབྱུང་།Źཞེས་སོགས་བོད་གངས་ན་སྙན་གྲགས་ཆེ་བའི་དགེ་བཤེས་ཆེན་མོ་དག་གི་མཚན་དྲངས་ནས་རང་ཉིད་དེ་དག་མཉམ་པའམ། མཆོག་ཏུ་གྱུར་བའི་ཚུལ་གྱིས་སྐད་ཆ་ཆེན་པོ་བཤད་དེ་སྲིན་མོ་མི་བརྫུས་ཀྱི་ཚུལ་གྱིས་ཉི་མའི་དཀར་ངོགས་ནས་དགུ་རོང་སྤུན་གྲོལ་ཁྱོད་མི་རྫུན་མ་ཞིག་བྱེད་དོན་ག་རེ་ཡིན།

“རྡོ་གཡའ་མ་བཙིར་ཀྱང་ཆུ་མི་འབྱུང”ཞེས་པའི་ཁ་དཔེ་བཞིན་ཁྱོད་ཀྱིས་བྲིས་རྩོམ་དེར་ཡང་དང་བསྐྱར་དུ་ཅི་འདྲ་བཀླགས་ཀྱང་གང་ལྟར་བསམ་ཀྱང་ཕྲན་གྱིས་བཤད་པ་ལ་གནོད་བྱེད་དུ་འགྲོ་བ་དང་། སྒྲུབ་བྱེད་ཡང་དག་དང་ཁུངས་བཙན་དུ་འགྲོ་བ་གཅིག་ཀྱང་མི་འདུག་སྟེ་དཔེར་ན།“ ཁོ་བོས་གཏན་ནས་རྣ་ཐོས་ཚད་མར་མི་འཛིན་ཏེ་༢༠༠༨ ལོའི་སྟོན་ཁའི་ཉིན་ཞིག་གི་ཞོགས་པ་སྔ་མོར་རྒྱ་ཡེ་བཀྲ་བྷོའི་སློབ་འཁྲིད་ལ་ཕྱིན་པ་ཡིན། ཁོས་དུས་ཚོད་བཞིའི་རིང་ལ་སློབ་འཁྲིད་བྱས་རྐྱེན་ངེད་ཀྱི་རྐུབ་ཤ་ན་ཞིང་དབང་པོ་འཁྱམས་སོང་བས་སུན་སྣང་ཆེན་པོ་སྐྱེས་སོང་། ཁོང་གི་ཆེད་རྩོམ་དེའི་ནང་དུ་མཚམས་རེར་〝ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོ〞ཞེས་བཀོད་ཡོད་ཀི། འོན་ཀྱང་སློབ་འཁྲིད་བྱེད་སྐབས་ཡིག་ཚོགས་ལ་དོགས་མི་དགོས་པས་རྒྱ་བཀྲོལ་ནས་བཤད་ན་ལོས་ཆོག རེད་དེ་རྡོ་ཐོག་ནས་ཆུ་རྒྱུགས་པ་བཞིན་གལ་ལ་ཐུག་ཚེ་མ་མཐོང་མ་རིག་མདོག་མདོག་བྱས་ནས་ཤར་སེ་བུད་འགྲོ་གི། ཚིག་རྩུབ་པོའི་ངོས་ནས་བཤད་ན་གལ་ལ་ཐུག་ཚེ་ཕྱིར་བསྣུར་བརྒྱབ་པ་རེད།”ཅེས་སྒྲུབ་བྱེད་བཙན་པོ་ཡིན་སྙམ་པའི་རང་གི་མྱོང་ཚོར་ཉི་ཚེ་བ་ཞིག་བཤད་དེ། སློབ་ཐུན་བཞིར་ཉན་མ་ཐུབ་པར་རྐུབ་ན་ནས་སུན་སྣང་སྐྱེས་ཚུལ་དེས་རང་ཉིད་ལེ་ལོ་དང་རྣམ་གཡེང་ཅན་ཞིག་ཡིན་པའི་རང་འཚང་སྟོན་རྗེན་པར་སྟོན་ཞོར། “ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོ”ཞེས་དང་། “རྒྱ་བཀྲོལ་ནས་བཤད་ཆོག ” “ད་དུང་གལ་ལ་ཐུག་ཚེ་ཕྱིར་བསྣུར་བརྒྱབ་པ་རེད་”ཅེས་སོགས་བཤད་པ་ནི་དགུ་རོང་བ་ཁྱོད་བསམ་བློའི་རྒྱགས་ཕྱེས་སྟོངས་བའི་དབང་གིས་ཡིན་ཏེ། བོད་ཀྱི་འཆད་ཐབས་དང་རྩོམ་ཚུལ་སྔོན་ལྟར་དྲང་ཐིག་གཅིག་གི་སྟེང་ན་བསྡད་ཡོད་ནི་མ་རེད། སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་བསྟན་བཅོས་རྩོམ་ཚུལ་ཀྱང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དེ། གསལ་བྱེད་དཔེས་ངོ་སྤྲད་ན། དུས་རབས་ཉི་ཤུ་བའི་ཡར་སྔོན་གྱི་བོད་ཀྱི་བསྟན་བཅོས་ཕལ་ཆེར་གྱི་སྒྲིག་གཞི། དང་པོ་རྒྱ་གར་འཕགས་ཡུལ་དུ་མིའི་རིགས་ཀྱི་བྱུང་ཚུལ། བར་དུ་ཤཱཀྱའི་གདུང་རབས།དེ་ནས་སྟོན་པའི་འཁྲུངས་རབས། བསྟན་པའི་གཏད་རབས། ནང་ཆོས་དར་ཚུལ། དེ་ནས་བོད་དུ་འགྲོ་བ་མིའི་བྱུང་ཚུལ། བཙན་པོ་རིམ་བྱོན་གྱིས་ཆོས་ཕྱོགས་ཀྱི་མཛད་པ། བསྟན་པ་སྔ་དར་དང་ཕྱི་དར། བོད་བརྒྱུད་ནང་བསྟན་ཁག་མང་དུ་གྱེས་ཚུལ་ཏེ་མདོར་ན་ཆོས་འབྱུང་ཁོ་ན་བསྒྱུར་ཡོད་ནི་རེད། དེ་ནས་དུས་རབས་ཉི་ཤུ་བའི་ནང་དུ་དགེ་ཆོས་ཀྱིས《དེབ་དཀར》(“དཔྱད་རྩོམ”ཞེས་བརྗོད་ཀྱང་ཆོག་མོད། གསལ་བཤད་བྱ་རྒྱུ་ཡོད། )བརྩམས་པ་ནས་བོད་ཀྱི་བསྟན་བཅོས་རྩོམ་ཚུལ་ལ་འགྱུར་བ་བྱུང་འགོ་ཚུགས་པ་དང་། དུས་རབས་ཉེར་གཅིག་པའི་ནང་དུ་མཁར་རྨེའུ་བསམ་གཏན་གྱི《མདའ་དང་འཕང》ལྟ་བུ་སྔོན་མའི་བསྟན་བཅོས་དག་ལས་ཐོད་རྒལ་བྱུང་ཡོད་པ་རེད། དེ་བས་འདས་མ་ད་གསུམ་གྱི་བོད་ཀྱི་བསྟན་བཅོས་རྩོམ་ཚུལ་གཅིག་ནི་མ་རེད། འཆད་ཐབས་ཀྱང་དེ་བཞིན་ཡིན་པ་རེད། གཞན་རྒན་རྒྱ་ཡེ་བཀྲ་བྷོས་སློབ་དེབ་སྟེང་གི་དཀའ་གནད“མ་མཐོང་མ་རིག”གི་ཚུལ་གྱིས་སློབ་མའི་མགོ་སྐོར་མཁན་ཞིག་ཡིན་མིན་བོད་གངས་ཅན་ཀྱི་ཤེས་ལྡན་པ་དག་གིས་གསལ་བོར་མཁྱེན་ངེས་པས། ཁྱོད་ལ་གསལ་བཤད་བྱ་དོན་ཅི་ཡང་མེད་ལ་ངས་ཀྱང་འདི་ནས〝ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོ〞ཞེས་ཁྱོད་ལ་བཤད་པ་ཡིན། གོང་གི་ཁྱོད་ཀྱི་སྐད་ཆ་འདི་དག་ནི་དོན་གྱིས“མ་དགའ་ན་ཕ་མ་འདྲེ་རུ་མཐོང་། དགའ་བཏང་ན་སྐྱག་པའི་དྲི་མ་ཞིམ”ཞེས་པའི་དཔེ་རུ་སོང་ཡོད་པས་ན། རྣ་ཤེས་ཚད་མར་འཛིན་པའི་ཁྱོད་ཀྱི་བློ་ཚད་མར་མ་གྲུབ་པས་གོང་གི་འདི་དག“གནས་ལུགས་དོན་གྱི་ཕྱུག་པའི་སྒྲུབ་བྱེད་ཚད་མར”འཛིན་རྒྱུ་ཡིན་ཟེར་ན་དོན་གྱིས་སེང་གེའི་དབང་པོར་འབུ་ཐུག་འདུག་གོ

ཡང་དཔེར་ན“༢༠༡༠་ལོའི་ཁྱེད་ཅག་སྡེ་ཁག་གི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་སྒྲོག་སྤེལ་སྐབས་སུ་ཁྱེད་ཀྱི་སློབ་དཔོན་གྱིས་ཆོས་འཛིན་རྡོ་རྗེ་ལ་དྲིས་པའི་དྲི་བ་ནི་〝བོད་ཀྱི་རུས་མིང་འདོགས་སྟངས་ལ་རྒྱ་གར་བྲམ་ཟེའི་རིག་གནས་ཀྱི་ཤན་ཐེབས་ཨེ་ཡོད་〞ཅེས་པ་རེད། དེ་ལ་ཆོས་འཛིན་རྡོ་རྗེས་ལན་ཚ་བོ་ཞིག་བཏབ་པ་ནི་〝ལགས། དགེ་རྒན་ཁྱེད་ཀྱིས་འབུམ་རམས་པའི་ཆེད་རྩོམ་གྱི་ནང་འཁོད་པ་ལྟར་བྲམ་ཟེའི་རིགས་གནས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ཀི་ (ཚིག་ཇི་མ་ཇི་བཞིན་པར་མི་དྲན་མོད་དོན་དེ་འདྲ་ཡིན་པར་གདེང་ཚོད་ཡོད )ཞེས་བཤད།”ཅེས་པ་རེད། འདི་ནི་བདེན་གྱི་གཞན་ནི་རྫུན་ནོ་ཞེས་དབང་ཆེན་དཔོན་པོས་དབང་བཀོལ་བཀོལ་བྱེད་ཀི་མ་འདུག འདི་དྲི་བ་ཞིག་ཡིན་མིན་དང་། “དྲི་བ་ཞིག་ཡིན་ན་ངེས་པར་གནད་དོན་ཐག་གིས་ཆོད་པ་ཅིག་ཡིན་དགོས”ཞེས་པར“ གནད་དོན་ཞིག་ཐག་གིས་གཅོད་པ་ལས། གནད་དོན་ཞིག་བཙལ་ནས་རྙེད་ན་དགའ”ཞེས་པའི་ལེགས་བཤད་སྦྱིན་ཏེ་སླར་ཡང〝ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོ〞ཞེས་ཁྱོད་ལ་སྦྲོན་པ་ཡིན།

དེ་ལས་གཞན་ཁྱོད་ཀྱི་བྲིས་རྩོམ་དེར་འཕྱོན་མ་བཞིན་འུད་རྒྱག་པ་དང་། རང་ཉིད་མཁས་པ་ཡིན་སྙམ་པའི་ཅོལ་ཆུང་གི་སྒམ་ཚུགས་སྟོན་པ། མི་གཞི་ལ་དམའ་འབེབས་དང་ཟུར་ཟ། ཆང་གིས་བཟི་བ་ལྟར་ལབ་རྐྱང་བྱེད་པ་ལས་སྙིང་བོ་ཅི་ཡང་མེད་དེ་ཕྲན་གྱིས་དགུ་རོང་སྤུན་གྲོལ་ཟེར་བས་རྒན་རྒྱ་ཡེ་བཀྲ་བྷོ་ལ་ཉེས་འདོགས་དང་སྒྲོ་བཏགས་བྱས་ཡོད་པར་དཔང་པོར་བྱེད་བཞིན་ཡོད་པ་ལས། འབུམ་རམས་པའི་དཔྱད་རྩོམ་ཚད་ལྡན་ཡིན་མིན་དང་ཞིབ་འཇུག་སློབ་མ་རྣམས་ལ་ཡོན་ཏན་ཡོད་མེད་སོགས་བདག་གིས་རྩོད་དོན་མེད་པས་འབྲེལ་མེད་དོན་གཞན་ཁོ་ནའོ། དེ་ཡང་ཡིན་ཏེ“མི་གཙང་བའི་སྣོད་དུ་བཅུད་ཅན་གྱི་ཟས་ཅི་ཞིག་བླུགས་ཀྱང་མི་གཙང་ཉིད་དུ་གྱུར་འགྲོ་བ་ཆོས་ཉིད་དུ་གྲུབ་པས་སོŹཞེས་པ་དགུ་རོང་སྤུན་གྲོལ་ལ་མཚོན་ན་གདམས་ངག་རྨད་དུ་བྱུང་བ་ཞིག་གོ །

སྤྱིར་ཁྱོད་ཀྱི་སྐད་ཆ་རྫུན་མ་མ་ཡིན་པའི་དཔང་པོར་ཚད་ལྡན་གྱི་བདེན་དབང་བཙན་པོ་འཇོག་རྒྱུ་མེད་པས་ན་ཕྲན་གྱིས་དགུ་རོང་སྤུན་གྲོལ་གྱིས་གདོང་འབག་བཤུ་ཞེས་པའང་རྩ་བ་དེ་ལ་ཐུག་ཡོད་པ་ལས། ཁྱོད་ཀྱིས“བསམ་བློའི་བགྲོ་གླེང་དང་རང་ཉིད་ཀྱི་ལྟ་བ་བརྗོད་དེ་དགག་སྒྲུབ་བྱ”ཞེས་བདག་ལ་བརྗོད་ཀྱང་བདག་གིས་ཁྱོད་ལ“དགག་སྒྲུབ”བྱ་འདོད་མེད་གཏན་ནས་མེད་ཅིང་། ཕྲན་གྱི་བྲིས་རྩོམ་སྔ་ཕྱི་ཀུན་ཏུ་ཁྱོད་ཀྱི་སྐད་ཆ་རྫུན་རེད་ཅེས་ཐེར་འདོན་བྱེད་བཞིན་ཡོད་པ་ལས་དགག་སྒྲུབ་བྱ་བཞིན་མེད་པས། དགུ་རོང་སྤུན་གྲོལ་ཁྱོད་ཀྱིས་དོན་དང་མ་འབྲེལ་བ་ཞིག་ལབ་ཀི་མ་འདུག

དེ་ཡང་གསལ་བོར་བཤད་ན། བདག་གིས་བདེན་པ་སྐྱོང་འདོད་ཡོད་པ་ལས་འཕྱོན་མ་ལྟར“ཉན་ཐོས”དང“མིག་ཤེལ་ལྗང་ཁུ Źཞེས་དམའ་འབེབས་ཀྱི་འཛིངས་རེས་བྱ་འདོད་ཡེ་ནས་མེད། བདག་གིས་གནས་ལུགས་ཞིག་བཤད་དེ་མངོན་སུམ་གྱི་གདོང་འབག་རྫུན་མ་དེ་བཤུ་འདོད་པ་ལས་གཞུང་ཆེན་མོའི་དགག་བྱ་ལྟ་བུ་ཟབ་གནད་ཀྱི་གསང་དོན་ཞིག་བཀྲོལ་འདོད་གཏན་ནས་མིན། བདག་གིས་རྒྱུ་འབྲས་བློ་མིག་གི་ངོས་ནས་དྲང་བདེན་སྐྱོང་བསམ་པ་ལས་ཁྱོད་ལྟར་རྫུན་ཚིག་གི་རི་བོ་བརྩིགས་ནས་དབྱེན་དཀྲུགས་བྱ་འདོད་ཡེ་ནས་མིན། བདག་གིས་བདེན་རྫུན་གྱི་འཁྲུན་ཐག་གཅོད་བསམ་པ་ལས་དཔལ་འབྱོར་དང་བརྡ་འཕྲིན། ཚན་རྩལ་ལ་སྦྱར་ཏེ་སྐད་ཆ་སྦོམ་པོས་ཉི་མ་གཏོང་འདོད་པ་གཏན་ནས་མིན།

མཐར་མར་ང་རང་ཧ་ཅང་ཡི་མུག་པ་དང་། ཕངས་སེམས་སྐྱེས་པའི་ངང་ནས་དགུ་རོང་སྤུན་གྲོལ་ལ་སྐད་ཆ་ཞིག་བཤད་འདོད་པ་ནི། རྒྱ་ནག་པ་ཡུས་ཅེ་ཡིས“འཇིག་རྟེན་སྟེང་ཆེས་བཟོད་སྒོམ་བྱེད་མི་ཐུབ་པ་ནི་སྐད་ཆའི་སྙིགས་རོ་རེད”ཅེས་པ་ལྟར། ཕྲན་གྱིས“འཇིག་རྟེན་སྟེང་བཟོད་སྒོམ་བྱེད་མི་ཐུབ་པ་ནི་མི་རྫུན་མ་དང་སྐད་ཆ་རྫུན་མ”ཡིན་ལ། དགུ་རོང་སྤུན་གྲོལ་གྱིས་ཤེས་རིག་ལྡན་པའི་མི་བུ་ཆེན་པོ་དག་ལ་ཉེས་མེད་ཉེས་འདོགས་སྒོས་ངན་ཁག་འགེལ་བ་དང་། དྲ་ལམ་བརྒྱུད་ནས་ཕྲག་དོག་གི་བསམ་སྦྱོར་ངན་པས་མདུང་རྩེ་བསྟད་དེ་གནོད་པ་སྐྱེལ་བ་ནི་ངེད་ཅག་དཔང་པོར་གནས་པ་དག་ལ་མཚོན་ན“དབྱི་རག་གི་འཇིགས་སྐུལ་རིང་ལུགས་པས་མགལ་རྫས་བཀད་པ”ལས་ཀྱང་ཆེས་ཆེར་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་ཡིན་པའི་ངོས་ནས་ཀློག་མཁན་དག་ལ་མགོ་སྐོར་མི་ཐེབས་པའི་ཐབས་སུ་དཔང་པོའི་ཚིག་འགའ་བཤད་པ་ཡིན། དེ་ལ་དགུ་རོང་སྤུན་གྲོལ་གྱི་བྲིས་ལན་གཉིས་པར་སྤྱིར་ཁོང་གི་བདེན་དབང་བཙན་པོ་རྣམས་བཤད་དགོས་ནའང“བདེན་དཔང་ཆེན་པོ”དང“གནས་ལུགས་ཁུངས་བཙན”ཅི་ཡང་བཤད་རྒྱུ་མེད་པ་མཐོང་བས་དོན་གྱིས་རྫུན་ཕུགས་བརྟོལ་སོང་བ་རེད། དེ་བས་རིག་པའི་ཁུ་བྱུག་གིས་ན་གཞོན་གསར་བའི་དྲ་ངོས་ཀྱི་ཀློག་མཁན་ཀུན་ལ་ད་ནས་བཟུང“དཔང་ལན”འབྲི་མཚམས་བཞག་པ་ཡིན་ཞེས་སྙན་སྒྲོན་ཞུས་པ་ཡིན་ནོ། །

༢༠༡༠ལོའི་ཟླ༧པའི་ཚེས༢༥ཉིན།

བསྟོད།4

དཔྱད་མཆན་སྤེལ།