སྐབས་གསུམ་པའི་ན་གཞོན་གསར་བའི་གླེང་སྟེགས་ཀྱི་གཏམ་བཤད།

ཐོག་མར་ངས་ཐེངས་འདིའི་གླེང་སྟེགས་སྒྲུབ་མཁན་རྣམས་ལ་བཀའ་དྲིན་ཞུས་པ་ཡིན། དེ་ནས་དེ་རིང་གི་ན་གཞོན་གསར་བའི་གླེང་སྟེགས་ཀྱི་གླེང་གཞི་འདི་སྟེ། མི་བུ་རང་ཉིད་ནས་འགོ་རྩོམ་པ་ནི་ན་གཞོན་གསར་བའི་རྟགས་མཚན་གཙོ་བོ་གཅིག་ཡིན་ཞེས་པ་འདི་རེད། འདིའི་ཐད་ནས་གོང་གི་དགེ་གྲོགས་ཚོས་ཅིའི་ཕྱིར་རང་ཉིད་ནས་འགོ་རྩོམ་དགོས་ཚུལ་དང་ཇི་ལྟར་འགོ་རྩོམ་དགོས་ཚུལ་སོགས་ནས་གླེང་བྱུང༌། ཡིན་ན་ཡང་ང་ལ་མཚོན་ན་ཐོག་མར་ངེས་དགོས་པ་དང་ཡང་ན་བཤད་འདོད་པ་ནི་དེང་གི་བོད་སྤྱི་ཚོགས་ཀྱི་ན་གཞོན་རྣམས་ཀྱི་གནས་བབ་འདི་ཡིན། འདི་ཡང་ད་ལྟའི་དུས་འགྱུར་རྒོད་པའི་ཁྲོད་ཀྱི་འུ་ཚོའི་ཆབ་སྲིད་དང་རིག་གནས་ཀྱི་གནས་བབ་ལ་འདང་རྒྱག་དགོས་སྙམ་པ་དང༌། འུ་ཅག་གང་གི་ཐད་ནས་ཀྱང་འགག་ཉག་ཅིག་དང་འཕྲད་འདུག་པའི་སྐབས་ཀྱི་ན་གཞོན་རྣམས་ཀྱི་གནས་བབ་དང་གནས་ཚུལ་ག་འདྲ་ཞིག་རེད།འུ་ཚོའི་རིག་གནས་དང་སྤྱི་ཚོགས་ཀྱི་མ་འོངས་འཕེལ་རིམ་གྱི་ཐད་ལ་ན་གཞོན་དག་གིས་ག་རེ་བྱེད་དགོས་ཀི་འདུག གནད་དོན་འདི་དག་འུ་ཚོས་ངེས་པར་དུ་འདང་རྒྱག་དགོས་སྙམ།
འུ་ཚོའི་ད་ལྟའི་ན་གཞོན་དག་གི་གནས་བབ་ལ་མཚོན་ན། ཚང་མས་ཤེས་ནི་རེད། འུ་ཚོ་མི་རིགས་འདིའི་དོན་དག་མང་པོ་ཞིག་ནམ་ཡང་གཞན་དབང་དུ་ཉམ་ཆུང་ངང་ལུས་སྡོད་པ་དེ་རེད། འུ་ཚོའི་འགྲོ་ཕྱོགས་དང་ལས་ཕྱོགས་གང་མང་ཞིག་དོན་དུ་འུ་ཚོའི་གནས་བབ་དངོས་ལ་བརྟེན་ནས་འགྲོ་བ་ཞིག་མ་རེད། ཅི་རེད་ཅེས་ན། རྒྱ་ནག་ལྟ་བུའི་མི་རིགས་ཆེན་པོ་དང་རིག་གནས་སྟོབས་ལྡན་འདིའི་འཁོར་ཕྱོགས་ཀྱི་ཁྲོད་ན་འུ་ཚོ་ཡང་རང་དབང་མེད་པར་འཁོར་གི་ཡོད་པ་དང་འཁུར་གྱིན་ཡོད་པ་ཞིག་རེད། དཔེ་རེ་བླངས་ན། རྒྱ་ནག་གིས་རྒྱུགས་ལེན་སློབ་གསོ་ཞིག་སྤེལ་ན་འུ་ཚོ་ཡང་དེའི་ནང་དུ་ཚུད་ཡོད་ནི་རེད། ལྷག་པར་དུ་ད་ལྟའི་ན་གཞོན་རྣམས་ལ་མཚོན་ན་འདི་ལྟ་བུའི་སློབ་གསོའི་སྒྲིག་ གཞིའི་གནོད་པ་ཐེབས་པ་ཧ་ཅང་གཏིང་ཟབ་ནི་རེད། དེ་བཞིན་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དེ་ལྟར་བརྒྱུད་ཚར་བ་ན། ཡང་རྒྱ་ནག་ལ་ལས་ཞུགས་གནད་དོན་བྱུང་བ་ལྟར། འུ་ཚོ་ན་གཞོན་ཚང་མ་ལ་ཡང་དེའི་གནོད་སྐྱོན་ཐེབས་པ་གཏིང་ཟབ་པ་རེད། ཅི་ལྟར་ཡིན་ནི་རེད་ཟེར་ན། འུ་ཚོ་སློབ་གྲྭ་རིམ་པ་བརྒྱུད་པར་ཕྱོགས་གང་ཐད་ནས་དཀའ་ཁག་ཆེ་གི སློབ་མ་མང་ཆེ་ཤོས་ཞིང་པ་དང་འབྲོག་པའི་བྱིས་པ་ཡིན་ནི་རེད། འདི་དག་གིས་བྱིས་པ་ཚང་མ་སློབ་གྲྭ་ཆེན་མོ་ནས་འཐར་ཕྱིན་རག་བར་དུ་སྐྱོང་རྒྱུ་ དེ་ཕལ་ཆེར་ཁྱིམ་ཚང་གཅིག་གི་སྟོབས་ཤུགས་ཡོད་ཚད་བཀོལ་དགོས་པའི་ཚད་རེད། མང་ཆེ་ཤོས་དེ་འདྲ་རེད། འོ་ན་ད་ལྟ་གློ་རྡེག་ཏུ་ལས་ཞུགས་བྱེད་མི་ཐུབ་ཀི། རྒྱལ་ཁབ་ཀྱི་ཟླ་ཕོགས་མི་རེག་གི འདི་ང་ཚོའི་ཕ་མ་དང་ཡུལ་མི་རྣམས། ཡང་ན་ན་གཞོན་རྣམས་ལ་མཚོན་ན་ཧ་ཅང་གིས་བློ་ཡིད་ཕམ་སྤྱད་ཅིག་ཡིན་ནི་རེད།འདིས་ ང་ཚོའི་ན་གཞོན་གང་མང་ཞིག་གི་སེམས་ལ་བཞག་པའི་རྨ་ཁ་དེ་གཏིང་ཟབ་ནི་རེད། དེ་ཡང་ཅི་རེད་ཅེས་ན། ན་གཞོན་ཚང་མའི་ལག་ཏུ་བྱ་བ་མ་རེག་ན་བྱ་བ་བཙལ་དགོས་ཀི། བྱ་བ་བཙལ་ན་རང་གིས་ལོ་གང་མང་ལ་སྦྱང་བ་བོད་ཡིག་རེད། འོན་ཀྱང་ལས་ཀའི་ནང་དུ་བོད་ཡིག་མི་དགོས་ཀི། དེས་ན་གནད་དོན་ཞིག་ས་ཁར་བུད་ཡོང་བ་ནི་རིག་གནས་ཀྱི་གཉའ་གནོན་ཞེས་པ་འདི་འདྲ་ རེད། རྒྱ་ནག་གིས་ཀྱང་ལོ་རབས་བརྒྱད་བཅུའི་ན་གཞོན་ཞེས་དམིགས་བསལ་ཞིག་ཏུ་བཟུང་ནས་ གླེང་གི་བསྡད་ཡོད་ནི་རེད་ཀྱང། འུ་ཚོ་དང་བསྡུར་ན་ཁོ་ཚོ་བསོར་ནི་རེད། ཁོ་ཚོ་བསོར་རྒྱུ་མང་ནས་ད་གནད་དོན་དེ་བྱུང་ནི་རེད། ཁྱིམ་ཚང་གཅིག་ལ་བྱིས་པ་གཅིག་ལས་མེད་ཀ། བྱིས་པ་གཅིག་པོ་སྒོ་ང་སྙོར་སྙོར་བྱས་ནས་སྤྱི་ཚོགས་སུ་སླེབས་དུས་རང་ཁ་རང་ གསོ་དང་རང་གི་སྒེར་ཚུགས་ཀྱི་འཚོ་བ་སྐྱེལ་བའི་ནུས་པ་ཞན་སོང་ནི་རེད།(ཁོ་ཚོའི་ སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་ལྟོས་ནས་བཤད་ན་དེ་འདྲ་ཡིན་པ་མ་གཏོགས་ང་ཚོ་དང་བསྡུར་ན་ཕྱོགས་གང་ཐད་ནས་ཆུ་ཚད་མཐོན་པོ་ཡོད་པ་རེད) དེ་བས་བྱ་བ་རེག་གོ་ནི་མ་རེད། ཁོ་ཚོར་གནད་དོན་བསོར་མོ་དེ་འདྲ་བྱུང་ན། འུ་ཚོ་ལན་ཆགས་ལྗིད་པས་ཡང་དེ་འདྲ་མྱོང་དགོས་སོང་ནི་རེད། དེ་མ་ཟད་འུ་ཚོས་མྱོང་བཞིན་པ་དེ་སྡུག་ཉིས་བརྩེགས་ཡིན་ནི་རེད། འདིས་ལྷག་ཏུ་ན་གཞོན་རྣམས་ཀྱི་སེམས་ལ་བློ་ཕམ་འབྱུང་ནི་རེད། རང་གི་མི་རིགས་ཀྱི་རིག་གནས་དང་ཡང་ན་མི་རིགས་ཀྱི་སྟེང་ལ་བློ་ཕམ་འབྱུང་ནི་ རེད། རང་ཉིད་བོད་ཅེས་པའི་མི་རིགས་རླབས་པོ་ཆེ་འདི་ལྟ་བུའི་སྐྱེ་ལྡན་གྲུབ་ཆ་ཞིག་ཏུ་གྱུར་པའི་གཟི་བརྗིད་དང་ང་རྒྱལ་དེ་བོར་འགྲོ་ནི་རེད། ཐ་ན་བོད་མི་རིགས་ཞེས་ན་རང་ཉིད་ལ་ཡིད་ཆེས་མི་རྙེད་པའི་མི་རིགས་ཤིག་ཏུ་འགྱུར་ཀྱང་སྲིད་ནི་རེད། དེ་འདྲ་ཞིག་ཏུ་ཕལ་ཆེར་ཆགས་ཚར་འདུག དུས་རབས་ཉེར་གཅིག་ཅེས་པ་འདིའི་སྟེང་ནས་བལྟས་ན་ལྷག་ཏུ་གནད་དོན་ཚབས་མི་ཆེའམ་ སྙམ།
འོ་ན་ངས་འདི་ལྟ་བུའི་ང་ཚོ་ན་གཞོན་རྣམས་ཀྱི་ལན་ཆགས་ཤིག་དྲུད་ནས་ཡོད་དོན་ཅི་ ཡིན་ཟེར་ན། ད་དེ་རིང་གི་གླེང་གཞི་འདི་རེད། མི་བུ་རང་ཉིད་ནས་འགོ་རྩོམ་པ་ནི་ན་གཞོན་གསར་བའི་རྟགས་མཚན་ཞིག་ཡིན་ཟེར་བ་འདི། གླེང་གཞི་འདི་འདྲ་ཞིག་བཏོན་པར་དགེ་མཚན་དང་དོན་སྙིང་ཆེན་པོ་འདུག་སྙམ་གིན་གཞོན་གྱི་གནས་བབ་དང་མི་རིགས་ཀྱི་གནས་བབ་འདི་ལྟ་བུའི་འོག་ནས་ལྷག་ཏུ་གླེང་གཞི་འདི་ལྟ་བུ་བཏོན་ན་འགྲིག་འདུག་སྙམ། འདིར་འུ་ཚོས་ན་གཞོན་ཞེས་པ་འདིར་བསམ་བློ་ཞིག་བཏང་ན། ཚེ་སྲོག སྐྱེ་སྟོབས། ལང་ཚོ། སྤོབས་པ། སྙིང་སྟོབས། ན་གཞོན་ཟེར་ན་འདི་དག་རེད། སྤྱིར་ན་འདི་དག་ཡིན་ཀྱང་འོས། ད་ལྟ་བཤད་སྲོལ་ཞིག་ཡོད་པ་དེ་རེད། ན་ཚོད་གཞོན་པ་ནི་མ་རྩ་རེད་ཟེར་བ་ལྟར། ན་གཞོན་གྱི་མ་རྩ་ནི་གོང་གི་འདི་དག་མིན་ནམ། ཚེ་སྲོག སྐྱེ་སྟོབས། ལང་ཚོ།སྤོབས་པ།སྙིང་སྟོབས། འོ་ན་མི་བུ་རང་ཉིད་ནས་འགོ་རྩོམ་དགོས་ཟེར་ན་ཅི་བཤད་གི་ཡོད་ཀི་ཟེར་ན། མ་རྩ་དེ་དག་བཀོལ་སྤྱོད་བྱེད་དགོས་པ་དང༌།མ་རྩ་དེ་དག་ཐོན་སྐྱེད་ལག་ལེན་དུ་ འདེབས་དགོས་ཀི་ཞེས་བཤད་ཀྱིན་འདུག འདི་ང་རང་གི་གོ་བ་ལེན་སྟངས་ཡིན།
འོ་ན་ན་གཞོན་གྱིས་རང་གི་མ་རྩ་དེ་དག་ཐོན་སྐྱེད་ལག་ལེན་ཏུ་འདེབས་དགོས་ན།སྔོན་ འགྲོའི་ཆ་རྐྱེན་ཞིག་ཡོད་པ་ནི་བོད་ཅེས་པའི་མི་རིགས་འདིའི་ན་གཞོན་གྱི་ཡིད་ཆེས་སླར་གསོ་བྱེད་དགོས་ཀི ཡང་ན་འདི་ནི་མི་རིགས་ཤིག་གི་སྙིང་སྟོབས་དང་ཡིད་ཆེས་སླར་གསོ་བྱེད་ཐུབ་མིན་ གྱི་གནད་འགག་ཅིག་རེད། ངས་བཤད་རྒྱུ་དེ་ཅི་ཡིན་ཟེར་ན། ད་ལྟའི་དུས་ཀྱི་འུ་ཚོ་ན་གཞོན་རྣམས་ནི་ཏག་ཏག་གནད་འགག་འདིའི་སྟེང་དུ་ཁེལ་འདུག དེ་ན་མི་བུ་རང་ཉིད་ནས་འགོ་རྩོམ་དགོས་ཟེར་བ་དེ་དང། ན་གཞོན་གྱི་སྙིང་སྟོབས་གླེང་རྒྱུ་ཟེར་བ་སོགས་ནི་གནས་བབ་འདི་འདྲ་བའི་འོག་ནས་ཧ་ཅང་གིས་ཁ་ཚ་དགོས་གཏུག་ཅིག་རེད། ཡང་ན་ད་ལྟའི་ན་གཞོན་གྱི་སྤྱི་ཚོགས་གནས་བབ་འདིར་བསམ་གཞིག་གཏོང་རྒྱུ་དེ་ནི་བོད་སྤྱིའི་དོན་དག་ཅིག་རེད། ཡང་ན་བོད་ཀྱི་ད་ལྟའི་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་ལ་ན་གཞོན་གྱི་སྙིང་ སྟོབས་གླེང་བའི་སྣེ་འདི་ནས་བལྟས་ན་རིག་རྒྱུ་མང་གི་རེད་བསམ་གི འོན་ཀྱང་དེར་ད་བར་དུ་དོ་སྣང་བྱེད་མཁན་ཆེས་ཆེར་མ་མཐོང་ཐལ།
ཡིན་ན་ཡང༌། དགའ་འོས་པ་ཞིག་ནི་གསར་སྐྱེས་ཀྱི་ན་གཞོན་སྐོར་ཞིག་གིས་རང་གི་ལང་ཚོ་དང་སྤོབས་པ་འདི་ཁྱེར་ནས་རང་གི་ལམ་རང་གིས་འཚོལ་བ་དང༌། ཡོད་ཚད་རང་ཉིད་ནས་འགོ་རྩོམ་པའི་ལམ་དུ་ཞུགས་འགོ་བརྩམས་སོང་བ་འདི་རེད། དེ་ཡང་དེ་རིང་གི་གླེང་སྟེགས་འདི་དང་འདི་ལྟ་བུ་མང་པོ་ཞིག་ན་གཞོན་རང་ངོས་ནས་ བསྒྲུབས་པ་དང༌། ཡང་ན་ན་གཞོན་རྣམས་ཀྱིས་ཉེ་ལམ་གྱི་བོད་ཀྱི་གནད་དོན་གང་མང་ཁྲོད་དུ་བཏོན་སོང་བའི་ནུས་པ་སོགས་ལ་བལྟས་ན་ཧ་ཅང་གིས་དགའ་འོས་པ་ཞིག་རེད། འདི་ནི་ཏག་ཏག་རང་ཉིད་ཀྱི་ཡིད་ཆེས་ལ་བརྟེན་ནས་བྱུང་བ་རེད། ད་ལྟའི་བོད་ཀྱི་ན་གཞོན་རྣམས་ལ་ཅིས་ཀྱང་མཁོ་བ་ཡང་རང་ཉིད་ཀྱི་ཡིད་ཆེས་རྙེད་ རྒྱུ་དེ་རེད། རང་ཉིད་དུས་རབས་གསར་བའི་བོད་པ་ཞིག་ཡིན་པའི་ངོས་དང་རང་ཉིད་དུས་རབས་གསར་བའི་ འཛམ་གླིང་གི་མི་ཞིག་ཡིན་པའི་ངོས་ཐད་ཀྱི་ང་རྒྱལ་དང་གཟི་བརྗིད་འདི་རྙེད་དགོས་ཀི་དེས་ན་ང་ཚོ་བོད་ཀྱི་ན་གཞོན་ཡོངས་ནས་ཕན་ཚུན་ལ་ལག་རྡང་དང་སེམས་པ་སྦྲེལ་ཏེ། ན་གཞོན་རྣམས་ཀྱིས་རང་ངོས་ནས་འགོ་རྩོམ་པ་དང་རང་ངོས་ནས་རང་གི་ཡིད་ཆེས་དང་མི་རིགས་ཀྱི་ཡིད་ཆེས། དུས་རབས་ཀྱི་ཡིད་ཆེས། འཛམ་གླིང་གི་ཡིད་ཆེས་འདི་རྙེད་དེ། དོན་གྱིས་རང་གི་ལང་ཚོ་དང་རང་གི་དུས་རབས་ལ་རང་ཉིད་ཀྱིས་བདག་པོ་རྒྱག་པའི་ན་ གཞོན་གྱི་མི་རིགས་གསར་བ་ཞིག་བསྐྲུན་པར་འབད་པ་བྱ་དགོས་ཀི ་ཚང་མས་སྣ་སྒོ་མོ་ནས་འབད་པ་བྱ་དགོས་ཀི བཀའ་དྲིན་ཆེ། ངའི་གཏམ་བཤད་མཇུག་རྫོགས་སོང༌།
༢༠༠༩ལོའི་ཟླ༦པའི་ཚེས༡༣ཉིན།
གསལ་བཤད།
སྤྱིར་ན་གཏམ་བཤད་འདི་ལ་བཟོ་བཅོས་ཤིག་རྒྱག་པ་དང་ཡང་ན་འདི་དང་འབྲེལ་ནས་ད་ ལྟའི་བོད་ཀྱི་ན་གཞོན་ལ་དཔྱད་པ་ཙམ་ཞིག་བགྱི་འདོད་པ་དང༌། དེ་ལ་བརྟེན་ནས་ན་གཞོན་གྱི་མི་རིགས་ཤིག་བསྐྲུན་དགོས་ཚུལ་ལ་རང་གི་བསམ་ཚུལ་ཙམ་ ཞུ་འདོད་མོད། དུས་ཚོད་ཀྱི་དབང་གིས་དེ་ལྟ་མ་ནུས་པས་གཏམ་བཤད་དེའི་མ་ཕྱི་ལ་དག་བཅོས་ཤིག་བྱས་ རྗེས་འདིར་སྤེལ་བ་ཡིན།

Michele Walden Showcases Fabulous Knitwear Collection
PORNO american native eating houses in niagara is prey

Intel Kicks It Off In Style
Bridesmaid Dresses and thanks for watching Mandy at Makeup Mandy

Buy Kurtis Online in India at ShopSabhyata
VIDEOS PORNO retro configurations norm basics core evolves into form runway when considering throwbacks tops

Stein Mart's weekend savings event starts Friday
Free Games Many may wonder if the star of

How to Add Saw Palmetto to Your Shampoo
Kostenlose Pornos von Why Body Image Is Hard To Change

Shorts Pile On Further After Skullcandy's CFO Resigns
Pornofilme may be bad bikini guide that you just just often times play everyone issue

India's Fashion Trends Through the Ages
Tube XXX this particular rachel zoe task

Best Career Options in Event Management and PR Industry
Filme Porno to know how to fix the foot of the high heels right after tire out
བསྟོད།5

抱歉,评论已关闭!