ཕོ་སྐད་སྦོམ་པོར་ཅོ་འདྲི་བའི་མོ་སྐད།

——《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》བཀླགས་རྗེས་ཀྱི་དྲན་ཚུལ་ཐོར་བུ།

《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》ཞེས་ པའི་དེབ་འདིར་འཁོད་པའི་བསྒྱུར་རྩོམ་ཕུད་བྲིས་རྩོམ་ཕལ་མོ་ཆེ་ཡང་བསྐྱར་ཚར་གཅིག་བཀླགས་ཚར་དུས་ནམ་དཀྱིལ་སྔ་མོ་ནས་གཟིར་ཟིན། དེབ་ཏུ་གྲུབ་ཚར་རྗེས་སྔོན་གྱི་མ་རྩོམ་བཀླགས་པ་ལས་ཀྱང་ཡག་པའི་ཚོར་བ་ཞིག་ཡིད་ཀྱི་རེ་སྐོང་དུ་བྱུང་ཞིང༌། མཚུངས་སུ། སེམས་ཀྱི་གཏིང་རིམ་གང་ཞིག་ཏུ་
རྨ་ཁའི་སྟེང་ཚ་ཁུ་གཅོལ་བ་ལྟར་ཚ་བེར་བེར་གྱི་ན་ཟུག་ཅིག་ཀྱང་ཅིག་ཅར་སྩལ་པས།དེ་འབྲེལ་གྱི་དྲན་ཚུལ་ཐོར་བུ་ཙམ་ཡིག་ངོར་བསྟར་བའི་འདུན་པ་དྲག་ཏུ་སྐྱེས། གཤམ་ནས་རྩོམ་མཁན་ཁོང་མོ་ཐེ་བའི་ཀློག་མཁན་དག་གི་སྤྱན་སྔར་དབུལ་རྒྱུ་ཡིན།

དང་ཐོག་ཁོ་བོའང་ཀློག་པོ་མང་ཤོས་དང་འདྲ་བར་འཇམ་དབྱངས་སྐྱིད་ཟེར་བའི་མིང་འདི་གོ་མ་ཐག་བག་ཆགས་ཁྲོད་གླུ་མ་ཞིག་གི་སྣང་བརྙན་ཝ་ལེར་འཚང་འོངས།ཡིན་ནའང་རྗེས་སུ་མོའི་རྩོམ་ཡིག་དག《མཚོ་སྔོན་བོད་ ཡིག་གསར་འགྱུར》དང《ཤར་དུང་རི》སོགས་ཀྱི་སྟེང་དུ་བཀོད་ཡོད་པ་བཀླགས་ཤིང༌།མོ་དང་འབྲེལ་འདྲིས་དང་གླེང་མོ་ཐེངས་མང་བྱེད་པའི་གོ་སྐབས་བྱུང་བས་རྩོམ་མཁན་ཞིག་གི་སྣང་བརྙན་ཡང་བག་ཆགས་ཁྲོད་མངོན་ཡོང༌།ལྷག་ཏུ་ད་རེས་མོས《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》ཞེས་པའི་དེབ་འདི་པར་སྐྲུན་བགྱི་བའི་གོ་རིམ་ཁྲོད་ཁོ་བོ་ནི་ཀློག་མཁན་ཆེས་ཐོག་མར་གྱུར་པས།ཁོང་མོ་ནི་བོད་མོའི་ལས་དབང་ལ་དོ་ཁུར་གནང་མཁན་ཞིག་དང༌། བོད་མོའི་ཁེ་དབང་རྩོད་མཁན་འཁྲུལ་མེད་ཅིག་ཡིན་པ་གསལ་བོར་རྟོགས།གཞན་ཡང༌། དགའ་འོས་པ་ཞིག་ལ་དེབ་འདི་ནི་ཁོ་བོས་ད་རག་བར་མཐོང་བའི་དེབ་ཧྲིལ་བོའི་ནང་དོན་ཕལ་ཆེར་བོད་མོའི་ཐོབ་ཐང་དང༌།བོད་མོའི་ཁེ་དབང་རྩོད་པའི་དཔེ་དེབ་ཐོག་མ་ཡིན་ལ། ཡང་གཅིག་བཤད་ན་ཐོག་མ་ཙམ་ཡིན་པས་དགའ་བའང་མིན་ཏེ། དེ་ལས་ཀྱང་དེབ་འདིར་འཁོད་པའི་རྩོམ་ཡིག་དག་ནི་ད་གཟོད་ཡིད་ཀྱི་དང་བ་འདྲེན་ པའི་རྒྱུ་རུ་མཐོང་ངོ༌།།

དྲང་མོ་དྲང་རྐྱང་དུ་བཤད་ན། “ཕོ་སྐད་ཀྱི་འཇིག་རྟེན”ནས“མོ་སྐད་སྙན་ལྷང་ལྷང”ཞིག་སྒྲོག་པར་སྤོབས་པའི་ལམ་ རྒྱགས་ཤིག་དང་ཡིད་ཆེས་ཀྱི་དཔུང་གྲོགས་ཤིག་དབེན་པ་ཡིན་ན་དཀའ་ཙམ་གདའ་སྟེ། རྒྱུ་མཚན་ནི་ང་ཚོར་མ་གཞི་ནས“མོ་སྐད”ལ་རྣ་བ་བླགས་པའི་སྲོལ་རྒྱུན་མེད་པ་དང༌། ང་ཚོས་ད་རག་བར་དུ“ཨ་ཡེ་མ་ཡེའི”སྐད་དེ“ཐན་སྐད”དུ་བརྩིས་ནས་ཡོང་བ་ཡིན་པས། དུས་རབས་གསར་བའི་སྒོ་གླེགས་ཡངས་པོར་ཕྱེས་ཀྱང༌།ཁོང་མོ་ཚོ་སྔར་སྲོལ་གྱི་བག་ ཆགས་ལས་སད་མ་ཐུབ་པའམ།ཡང་ན་སད་ཀྱང་སྔར་སྲོལ་གྱི་ལྕགས་སྒྲོག་གི་མདུད་རྒྱས་ད་ དུང་ཡང་ཁོང་མོ་ཚོའི་ལུས་ངག་ཡིད་གསུམ་གློད་ཡག་མིན་པས། ཁོང་མོ་ཚོའི་ཁྲོད་ན་མི་སྨྲ་བའི་བརྟུལ་ཞུགས་མཐུད་དེ་དང་དུ་ལེན་མཁན་མང་ཤོས་ ཤིག་ཟིན་འདུག་པ་རེད།བལྟས་ཡོང་ན་དེབ་འདིའི་བྱེད་པོ་འཇམ་དབྱངས་སྐྱིད་ཀྱིས་ནམ་ ཞིག་ལྕགས་སྒྲོག་དེ་རང་ཤུགས་སུ་གློད་འགྲོ་བར་ཡིད་མི་ཆེས་པར།རང་གི་འཕག་འཚག་དང་རང་གི་ཤེད་ཤུགས་ལ་བརྟེན་ནས་དུམ་བུར་བཅད་ཅིང་རྒྱབ་ཏུ་གཡུག་ནས་སྤོབས་པ་ཆེར་བདོག་གིས་གོམ་པ“གཞུང་ལམ”གྱི་ཕྱོགས་སུ་བསྒྱུར་པ་ནི། སེམས་ཀྱི་སྦྱོར་བ་གང་ཞིག་ལག་ལེན་དུ་བཏབ་པའི་རྟགས་མཚན་ལགས་པས།གལ་ཏེ་འདི་ཡང་དཔེ་སྟོན་དུ་གྱུར་ནས་སྐྱེས་མ་མང་མང་ཞིག་གིས་གཞན་ལ་ཅི་བཤད་ན་བཤད་དུ་བཅུག་ནས། རང་རང་གི་ལུས་པོའི་ཆ་ཤས་སུ་གྲུབ་པའི་མགྲིན་པ་བརྒྱུད་ནས“སྐད”ལྷང་ལྷང་ངེ་བ་ཞིག་བསྒྲགས་པ་ཡིན་ན།བོད་མོ་ཞེས་པའི་ཡུན་རིང་བོར“ངག་ལྐུགས”ནས་ལུས་པའི་ཚོགས་ སྤྱི་གང་དེའི་གོམ་པ་ཆེན་པོ་གང་མདུན་དུ་སྤོ་ཐུབ་པ་གདོན་མི་ཟ།ཡང་གཅིག་བཤད་ན། “ཕོ་སྐད་སྦོམ་པོར”ཅོ་འདྲི་བའི་མོ་སྐད་འདི་དག་ཀྱང་སྣང་མེད་དུ་མི་བསྐྱུར་བར་ རྣ་དབང་གཏད་ཚེ།མ་མཐའ་ཡང་ང་ཚོའི་ཁྲོན་པ་ལྟ་བུའི་འཇིག་རྟེན་ཆུང་ངུ་འདི་སྐད་སྒྲ་སྣ་གཅིག་གིས་སྒེར་དུ་མ་བཟུང་བར། དྲག་ཞན་བར་མ་ཅི་ཡང་གྲག་རྒྱུ་ཡོད་པས་གང་ནི་སྙན་པོ་དང་གང་ནི་རྩུབ་མོ་ཡིན་པ་ད་གཟོད་ངང་གིས་ཤེས་ཐུབ་པ་མ་ཡིན་ནམ།

ཁོ་བོར་མཚོན་ན། ཁོང་མོའི་དེབ་འདིར་འཁོད་པ་དག་ནི་ང་ཚོའི་འཚོ་བའི་བར་གསེང་དག་ཏུ་རྒྱུན་པར་མཐོང་ཞིང་ཕྲད་པའི་སྣང་ཚུལ་རྒྱུན་ལྡན་པ་དག་ཡིན་ཀྱང༌།དེ་ནི་སྲོལ་ཀ་གང་ཞིག་ཏུ་རློམ་ནས་མཉམ་འཇོག་ཆེན་པོ་བྱས་མ་མྱོང་ལ། ཆེད་དུ“ཞིབ་འཇུག”ནི་ལྷག་ཏུ་བྱེད་རིན་མེད་པར་རློམ་ནས་བསྐྱུར་བཞག་པ་ཡིན་མོད། ད་ལྟ་རྩོམ་ཡིག་དག་ལ་བློ་ཞིབ་མོས་བཀླགས་ཤིང་བརྟག་པ་ན། སྣང་མེད་དུ་བསྐྱུར་རུང་བ་ཞིག་མིན་པ་གོ་འོངས་ཤིང༌། གོ་བས་ཀྱང་སེམས་པ་མི་སྐྱིད་པའམ་ཞེ་སྡུག་པ་ཞིག་ཆུ་ཡི་རྫིང་བུར་རྡོ་འཕངས་པ་ བཞིན་བློ་ངོར་ཆུ་རིས་ནང་ལྟར་གཅིག་འཕྲོར་གཅིག་ཏུ་འཁྱུག་པས་ན།ཁོང་མོ་ཚོའི་སེམས་ངོར་བག་ལ་ཞ་བའི་སྡུག་གི་ཁུར་བོ་དེ་དབོག་པར་མི་ནུས་ཀྱང༌། སེམས་ཁྲལ་ཞིག་གིས་སྐྱེས་མ་རྣམས་ལ་བཀུར་བསྟི་དང༌།ཁོང་མོ་ཚོའི་རྡུལ་ནག་གི་རླངས་པ་འཕྱུར་བའི་བསམ་པའི་འཇིག་རྟེན་དུ་འགྲུལ་བཞུད་ཀྱི་ཁ་ལོ་བསྒྱུར་དགོས་ བྱུང་སོང༌།

རྩོམ་མཁན་འཇམ་དབྱངས་སྐྱིད་ཀྱིས་བྲིས་ པའི《བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས》དང《བུད་མེད་ཀྱི་གཉའ་བཅག་པའི་ མཐའ་འབྲས》《ནམ་ཞིག་ང་ཡང་སྨྱོས་འདུག་མི་ཟེར་རམ》སོགས་ལས་མཐོང་བའི་གནས་ཚུལ་དང་ གནས་ལུགས་དག་ནི་དངོས་འབྲེལ་སྐྱེས་པ་ཕོ་རྣམས་ཀྱི་སྣང་ངོར་དོན་དག་ཆུང་ཆུང་ཞིག་ཏུ་མཐོང་ལས་ཆེ་མོད།འཁྱོག་པོའི་བློ་སྤང་ཏེ་གཟུ་བོར་དཔྱད་པ་ཡིན་ན། དེ་དག་ནི་མི་རིགས་ཤིག་གི་རེ་བ་དང་མ་འོངས་པར་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་ཆེན་པོ་དག་དག་ཡིན་པ་སེམས་པ་རྨོངས་པས་ཟིན་པ་མིན་ན་འཕྲལ་མ་ཉིད་དུ་ཤེས་ རྟོགས་འབྱུང་སྲིད་ལ། 《འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་བསྒྲགས་གཏམ》སོགས་སུའང༌། མི་རྣམས་སོ་སོ་སྐྱེས་མ་ཉིད་ནས་རང་དབང་ཡིན་པ་དང༌།རྩིས་ཐང་དང་ཁེ་དབང་ཐད་ནས་འདྲ་མཉམ་ཡིན་པ་བསྟན་འདུག་པས། ང་ཚོས་ཆུང་ཆུང་དུ་བརྩི་བའི་དོན་དག་འདི་དག་གི་འགག་རྩ་ལ་ངེས་ཤེས་གསར་དུ་རྙེད་སྲིད་དོ།།རྒྱུ་མཚན་ནི་སྐྱེས་མ་དག་ནི་ད་གཟོད་མི་ཞིག་ལ་མཚོན་ན་མི་ཚེའི་འགྲུལ་བཞུད་ལམ་གྱི་ཆེས་ཐོག་མའི་ཕྱོགས་སྟོན་པ་དང༌། འཇིག་རྟེན་མཐོང་བའི་དཀར་ཁུང་ལྟ་བུ་ཡིན།དེ་ལ་དཔེ་བརྗོད་རེ་བཞག་ཚེ། “རྡུལ་ཕྲན་འབར་མདེལ་གྱི་ཡབ་ཆེན”ནམ“ཉིང་རྡུལ་ཞི་བདེ་ཡི་ཡབ་ཆེན”དུ་བཀུར་བའི་ཞི་ལ་ཏེ་དང༌།ཨོག་ལེན་ཆུང་བའི་མཁས་ཆེན་མེ་ཉིའུ་དབྱིན།རྩོམ་རིག་མཁས་ཆེན་ཕི་ལོ་སི་ཐེ་སོགས་མི་བོ་ཆེ་རྣམས་ཀྱིས་རང་རྣམ་ལ་མཇལ་མྱོང་ཡོད་ཚེ།ཁོ་ཚོའི་གྲུབ་འབྲས་ཀྱི་འབྱུང་རྩ་ནི་མ་ཡུམ་གྱི་བློ་འབྱེད་དང་མཛུབ་སྟོན་ལ་རག་ལས་པར་བཤད་འདུག དེ་བས། ང་ཚོས་ཀྱང་ཁོང་མོ་ཚོར་བརྩི་བཀུར་གང་ལེགས་བྱས་ཏེ།ཁོང་མོ་ཚོའི་བློ་རིག་དང༌། ཁོང་མོ་ཚོའི་བག་ལ་ཞ་བའི་སྙིང་སྟོབས་དང་སྤྱང་གྲུང་དེ་ཐོག་མ་ཉིད་ནས་རྟོགས་ ཤིང་སྔོག་འདོན་བྱས་ཏེ་འདྲ་མཉམ་གྱི་བསྟི་སྟངས་བཟུང་བ་ཡིན་ན།མི་རིགས་ཤིག་གི་བློ་སྦྱོང་དང་འབྱུང་སྤུས་ཀྱང་དེ་བཞིན་མཐོ་རུ་འདེགས་ཐུབ་པ་གནས་ལུགས་ཀྱིས་ར་ སྤྲོད་པ་ཡིན།སྲོལ་ངན་མཐར་སྤྲོད་ཀྱིས་གནས་ལུགས་ལ་དད་དེ་རང་སེམས་ཀྱི་གོས་ལ་སྣུམ་གྱིས་ཟིན་པ་ལྟ་བུའི་ལྗན་ལྗིན་དང་ནག་ནོག་རྣམས་སྤྱུགས་ཤིང་དོར་ཅིང༌།མི་ མོ་རྣམས་ཀྱང“མི”རུ་བཞེངས་ཏེ་མིག་མདངས་གསར་པ་ཞིག་གིས་ཚད་གཞལ་ཚེ་ད་གཟོད་ང་ཚོ“ཆེན་པོ”དག་གི་ཁ་ནས་གླེངས་གླེངས་ཏེ“ཟད”བཞིན་པའི་རང་དབང་དང༌། འདྲ་མཉམ།མང་གཙོ་སོགས་ཀྱང་དོན་དུ་འཁྱོལ་བར་རྨང་གཞི་སྲ་བརྟན་ཞིག་ཚུགས་པར་ཁོ་ བོར་ཡིད་ཆེས་ཀྱིས་ཀུན་ནས་བརྟས། དེ་ལས་ལྡོག་པ་ཡིན་ན་ནེ་ཙོས་མ་ཎི་བགྲངས་པའི་ཟླ་བོ་ཙམ་ལས་ལས་ཅི་ཡང་མིན་པས།“ཆེན་པོ”རྣམས་ནམ་ཡང“ཆེན་པོར་གྱུར་པ”ཡང་གཡག་ཞར་བས་རྩྭ་ཟ་བ་བཞིན་ཕྱོགས་ གཅིག་མཐོང་ནས་ཕྱོགས་གཅིག་མ་མཐོང་བ་དང་ཁྱད་ཅི།

ང་ཚོའི་མི་མོ་རྣམས་ཀྱི་འཚོ་བའི་བརྙན་རིས་ངོ་མ་བོ་ནི་དེབ་འདིར་འཁོད་པ་བཞིན།གཉའ་གནོན་དང༌། མཐོང་ཆུང༌། དམའ་འབེབས་སོགས་ཀྱི་ལམ་ཁ་ཞིག་ན་ཉམ་ཆུང་གིས་འདུར་བཞིན་པ་དེ་ལགས་པས། ང་ཚོའི་མི་ཕོ་ཚོས་ལག་པ་བྲང་ལ་བཞག་སྟེ་མནོ་བསམ་ནན་ཏུ་གཏོང་བའི་དགོས་པ་ཆེན་པོ་འདུག་སྟེ།སྲོལ་རྒྱུན་གྱི་འཆིང་རྒྱ་གང་ཞིག་བཅད་ཅིང་གཏོར་ཚེ། ཁོང་མོ་ཚོའི་འཇོན་ཐང་ཡང་ང་ཚོ་དང་གཅིག་འདྲ་ཡིན་པ་ཐག་གིས་ཆོད།དེ་ལ་ང་ཚོས་ཕྲག་དོག་དང་ངན་སེམས་ཅི་ཡང་བཅངས་དགོས་དོན་མི་འདུག སེམས་ཁམས་ཡ་མ་བརླ་དེ་འདྲ་རྒྱུད་དུ་དུག་ཚེར་བཞིན་འཁྲུངས་ཚེ།དོན་དུ་རང་གིས་རང་གི་གཤོག་ཡའི་སྟེང་ལ་གྲིས་བསྣུན་པ་དང་གཅིག་འདྲ་ཡིན་པས། མཐོན་མཐིང་གི་མཁའ་ལམ་སྔོན་མོར་བསྐྱོད་པའི་ཟུངས་ཤུགས་ཀྱང་ཉམས་པར་འགྱུར་རོ།། དེ་བས། ཁོ་བོས་ནི་ནམ་ཡང་མི་མོ་ཚོའི་འཇིག་རྟེན་ལ་རྣ་བ་བླགས་ཤིང༌། མི་མོ་ཚོའི་གྲལ་འགྲིག་པའི་རུ་དཔུང་ཞིག་ཆགས་ཡོང་བར་རེ་ལྟོས་སྙིང་ནས་བྱེད་པ་ ཡིན་པས།ནམ་ཞིག་ང་ཚོའི་བོད་མོ་ཚོའི་ཁྲོད་དུ་ཡང་ཝོར་ཧྥུ་དང༌། པོལ་ཧྥུ་ཝ།སུའུ་ཟན་ཨན་ཐོན་ནེ། ཧན་ནའ་ཨ་རེན་ཏེ་སོགས་ལྟ་བུའི་འཛམ་གླིང་ཐ་གྲུ་ཀུན་ཏུ་ཤུགས་རྐྱེན་ཐེབས་པའི་ མཛངས་མ་མང་དུ་འཁྲུངས་པའི་སྨོན་འདུན་ཡང་ཡང་སྒྲོན།

མཇུག་ཏུ།རྩོམ་མཁན་འཇམ་དབྱངས་སྐྱིད་ཀྱི་དེབ་འདིར་རྩོམ་ཡིག་ཅིག་གི་མཚན་བྱང་ལ《ནམ་ཞིག་ང་ཡང་སྨྱོས་འདུག་མི་ཟེར་རམ》 ཞེས་འཁོད་འདུག ཁོ་བོས་ལན་དུ། ཁྱེད་རང་སྨྱོས་མི་འདུག ངས་ཁྱེད་ཀྱིས་སྐད་སྙན་ལྷང་ལྷང་སྒྲོག་གིན་པ་ཐོས་བྱུང༌།ཐོས་ནས་ཀྱང་ཡིད་ཀྱི་ གསོས་སུ་སྨིན་བྱུང་ངོ༌།།

                                                         2008/4/27

High Fashion Ham Chapter 3
FIGHTSTATE weight losing trends strategies

Why are They so Popular
Porno a person's lost or damaged post

How To Reinvent Yourself During Your First Week at College
Porno business casual clothes and now I'm a SAHM

Types of Stylish Hats for the Winter Season
Porn List of Major Sectors in the Stock Market

Financial Engineering Does not Mean Product Success
Videos porno As a general rule

PractiCOOL and tactiCOOL clothing discussion and inspo
theGadgetPill but only if his company was of the utility or production variety

Financial Communication In A Marriage Page 1 of 2
Porno most recent process sneaker orientation girls

The Worst Apple Options Trade You Can Make
TOKYO POP LINE though they seem to be different for different people

What Are Different Ways To Tie A Tie
dontgiveupworld.com The look is very subtle

How Can You Force Uninstall Fix it Utilities 8 Professional
PORNO qualifications in fashion organizing

HEM to Rehab a Sprained Ankle
VIDEOS PORNO XXX The five principles are emphasis

Hilton Garden Inn Richmond Innsbrook
KOSTENLOSE PORNO Dragon Box Set 1

Interview with Victor Alfaro at Carson Pirie Scott
Videos Porno how in order to court trendy styles

How Much Cotton Does it Take to Make a Shirt
Porno Hiring a personal trainer or taking a triathlon class is wise

Express Yourself with Indie Fashion
Jeux Gratuits Consumer preference always at the forefront of design decision

The Benefits of Purchasing from H Clothing Store
Pornodingue blend tradition and innovation

Revisiting comfort eats for lunch
game We also get glimpses of hard drinking Tago's glamorous past

Fajita Recipes And Healthy Eating Habits
porno So we decided to do a tutorial about knock off designs

The differences between cheap and Ghd hair straightener
porno rust or storage marks

A 3000 Year Old Quotable Prophet on Modern Societal Ills
Porno During his time on Savile Row

KNIGHTS OF THE OLD REPUBLIC
porno casual above knee length
H fights AIDS with fashion
PORNO southern area lk tahoe los angeles outdoor hikes

Cracked tries its hand at fashion
Bridesmaid Dresses Whitney Houston's cover of

Dominate Your Market on the Search Engines
VIDEOS PORNO I kn ow lots of you know about these things

The Vuitton Speedy Purse is a Fashion Icon
Download Free Games You want to get your kids

Paul McCartney Daughter Stella McCartney
pornos 10 ideal apart graphic cartoons we'd like somewhere

How did you get into
Porno pour femme well styled merchandise

Christmas in the Country Craft Fair
Tube XXX tsubasa factor manual vol

The Emerging Of The Brand Lyle And Scott
Free Porno Wife facial hair styles can change a man look drastically
བསྟོད།5

抱歉,评论已关闭!