[འོས་སྦྱོར]ང་ཚོས་དཔལ་འབྱོར་ལ་དད་མོས་བྱེད་འོས།

རྣོ་སྦྲེང་།

འུ་ཚོའི་གཙོ་རྒྱུགས་རིག་གནས་ཀྱིས་འདོད་ཡོན་ནི་སྤང་བྱར་འདོད། རྒྱུ་མི་རྟག་རྫ་མགོའི་ཟིལ་བ་འདྲ་བའི་གནས་ལུགས་རབ་དང་རིམ་པ་བཤད། ཡིན་ནའང་འདོད་ཡོན་གྱི་སྤྱི་ཚོགས་སུ་འཚོ་བའི་མི་ཞིག་ཡིན་ཚེ། འདོད་ཡོན་དང་ཐད་ཀར་ཁ་འབྲལ་ཐབས་མེད་པས་འདོད་ཡོན་ལ་བརྩི་བཀུར་དང་། བརྩོན་ལེན། འདོད་ཡོན་སྒྲུབ་པའི་གཞུང་ལུགས་དང་ལག་ལེན་ལ་སློབ་སྦྱོང་བྱེད་དགོས།

     སུ་ཞིག་གིས་རྒྱུ་མི་རྟག་པའི་རྫ་མགོའི་ཟིལ་བ་ཡིན་པའི་གནས་ལུགས་བཤད་དུས་ཀྱང་། མིའི་ལོ་ཚོད་དང་བསྟུན་ནས་བཤད་ན་འཚམ་པ་ལས། ལོ་ཆུང་བྱིས་པ་ནས་དར་མའི་བར་ཡོད་དོ་ཅོག་ལ་འདོད་ཡོན་སྤང་དགོས་ཚུལ་དང་། འཁོར་བ་ལ་སྙིང་བོ་མེད་པའི་གནས་ལུགས་རྒྱ་ཆེན་པོ་བཤད་ཚེ།

   ཆུང་ས་ནས་བཤད་ན། མི་ཞིག་གིས་དཔལ་འབྱོར་སྒྲུབ་པ་དང་དཔལ་འབྱོར་ལ་དོ་དམ་བྱེད་ཐབས། དཔལ་འབྱོར་ལ་བརྩི་བཀུར་བྱེད་སྟངས་སོགས་ཀྱི་འདུ་ཤེས་ལ་ཡང་ཤན་ཤུགས་ཐེབས་ཏེ་སྒྱིད་ལུག་གི་གཤིས་ཀ་རང་བཞིན་གྱིས་ཆགས་འགྲོ་བས།

  འུ་ཚོའི་སྤྱི་ཚོགས་ཀྱིས་འཁོར་བ་ལ་སྙིང་བོ་མེད་པའི་གནས་ལུགས་རྟོགས་མ་ཐུབ། དཔལ་འབྱོར་ཅན་གྱི་སྤྱི་ཚེགས་སུ་ཡང་སྙེག་མ་ཐུབ་པར། བར་མ་སྐབས་ན་མགོ་གཡུག་འཁོར་ནས་ཡོད་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་སྣང་།

  དེ་ནི། རང་རེའི་སྐད་ཀྱིས་བཤད་ན། ཆོས་ཆོས་མ་འཁྱོངས། འཇིག་རྟེན་འཇིག་རྟེན་མི་འགྲུབ་ཟེར་བའི་དོན་ཨེ་ཡིན་སྙམ།

    དེ་བས། ང་ཚོས་དཔལ་འབྱོར་གཙོ་རྒྱུགས་སུ་གྲུབ་པའི་མིའི་འཚོ་བའི་པང་རུམ་ནས། དཔལ་འབྱོར་སྒྲུབ་སྟངས་ལ་སློབ་སྦྱོང་བྱེད་པ་དང་། དཔལ་འབྱོར་གྱི་རང་བཞིན་ལ་བརྩི་བཀུར་བྱེད་པ། དཔལ་འབྱོར་ནི་སྤང་བྱ་མ་ཡིན་པར་བླང་བྱ་ཡིན་པའི་རིག་གནས་ཀྱི་འདུ་ཤེས་རྒྱུ་ལ་ངོས་སུ་འཇུག་རྒྱུ་ནི་ཤིན་ཏུ་འགངས་ཆེ་བར་མཐོང་།

                             

བསྟོད།1

དཔྱད་མཆན་སྤེལ།