སློབ་གསོ་ནི་བྱིས་པར་རོགས་རམ་བྱས་ཏེ་ཁོ་ཚོར་འཚམ་པའི་འཚོ་ཐབས་ཤིག་རྙེད་པར་བྱ་བའོ། །

                                                                                        སན་ཁྲོན་ལེན།

      ངས་ཤེས་པའི་ཆེས་བཟང་བའི་སློབ་གསོ་ནི་བྱིས་པ་རེ་རེ་ལ་རོགས་པ་བརྒྱབ་སྟེ་ཁོ་ཚོ་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་རྙེད་པར་བྱས་ཏེ་ཁོ་ཚོའི་འདོད་མོས་དང་མཐུན་པའི་བྱ་བ་བྱེད་དུ་འཇུག་ཅིང་ཁོ་ཚོ་རང་ཉིད་ཀྱིས་དམིགས་པའི་འཚོ་བ་རོལ་དུ་འཇུག་པའོ།། འདི་ཙམ་གྱིས་ཆོག་སྟེ།མི་རེ་རེའི་ཚེ་སྲོག་ལ་མི་རང་ཉིད་ཀྱིས་འགན་ཁུར་བ་ལས་གཞན་སུས་ཀྱང་དེ་ཡི་ཚབ་བྱེད་མི་ཐུབ་ལ་ཐ་ན་སོ་སོའི་ཕ་མས་ཀྱང་ཚབ་བྱ་མི་ཐུབ།

ཁྱིམ་བདག་གིས་བྱིས་པར་སློབ་གསོ་ཇི་ལྟ་བུ་ཞིག་གཏོང་བ་ནི་ཁྱིམ་བདག་གིས་བྱིས་པ་མི་ཇི་ལྟ་བུ་ཞིག་དང་མི་ཚེ་ཇི་ལྟ་བུ་ཞིག་རོལ་པར་འཇུག་འདོད་པ་དེ་རེད།ཁྱིམ་བདག་ཅིག་ལ་མཚོན་ན།བྱིས་པར་སློབ་གསོ་གཏོང་སྟངས་ནི་ཁོ་པ་ཚོས་རང་གི་ཚེ་སྲོག་ལ་བཟུང་བའི་ལྟ་ཚུལ་རེད།གོ་སླ་བར་བཤད་ན།ཁོ་པ་ཚོས་ཅི་ཞིག་ནི་རྩ་ཆེ་བར་བསམ་པ་དེ་བྱིས་པ་ལ་ཐོབ་ཐབས་ཀྱི་སློབ་གསོ་གཏོང་བ་དེ་རེད།

སློབ་གསོ་ནི་མི་ཞིག་གི་གསོན་པའི་ལམ་ཀ་རྙེད་པར་བྱ་བའོ།།

དུས་རྒྱུན་ཁྱིམ་བདག་ལ་ལས་བདག་གིས་བྱིས་པར་སློབ་གསོ་བཟང་བོ་གཏོང་དགོས་པ་དང་ད་དུང་ཁྱིམ་བདག་ལ་ལས་ངེད་ཚང་གི་བྱིས་པར་སློབ་གསོ་ཇི་ལྟ་བུ་མཚམས་པར་བཤད། མ་ཟད་ཆེད་ལས་མཁས་པས་སློབ་གསོ་ནི་མི་ཞིག་གི་ཚེ་སྲོག་གི་སྒོ་འབྱེད་ལྡེ་མིག་རེད་སོགས་ཟེར། དེ་ན་དོན་དམ་པར་སློབ་གསོ་ནི་ཅི་ཞིག་རེད། སློབ་གསོ་ནི་ཇི་ལྟར་བྱིས་པར་རིག་གནས་བཟང་བོ་སློབ་ཏུ་འཇུག་པ་རེད་དམ།ཡང་ན་ནར་ལེགས་པོ་ཞིག་སོན་རྒྱུ་རེད།

བདག་གིས་བསམས་ན།སློབ་གསོ་ནི་འཚོ་བ་རེད།འཚོ་བ་ནི་ཐབས་གང་ཞིག་ལ་བསྟེན་ནས་གསོན་པ་དེ་རེད།དེ་ནི་ང་ཚོས་རྒྱུན་པར་བཤད་ཀྱིན་པའི་འཚོ་ཐབས་རེད།འོན་ཀྱང་།བདག་གིས་བསམ་ཚུལ་གཞན་ཞིག་ལ།འདི་ལྟར་བཤད་ཚེ་ཧ་ཅང་སྟབས་བདེ་སོང་བ་ལྟར་སྣང་།བདག་གིས་ཤེས་པའི་སློབ་གསོ་ལ་འདི་ལྟར་འབོད་པར་རིགས་ཏེ་ཐབས་གང་ཞིག་ལ་བརྟེན་ནས་རང་ཉིད་ཀྱི་ཚེ་སྲོག་རྒྱུན་བསྲེངས་པར་བྱེད་པའོ།།

ཚེ་སྲོག་གི་ཆེས་རྩ་བ་ནི་མཐའ་འབྲས་མིན་ལ་གོ་རིམ་ཡིན་པར་འདོད་ལ་ཚེ་སྲོག་གི་ཆེས་མཛེས་སྡུག་ལྡན་པའང་མི་རེ་རེས་སོ་སོའི་འདོད་འདུན་དང་འཚོ་ཐབས་ལ་བསྟེན་ཏེ་མི་ཚེ་རོལ་ཆོག་པ་དེ་རེད།

གལ་ཏེ་འཚོ་ཐབས་གང་ཞིག་ཚེ་སྲོག་གང་དང་མཚམས་ཚེ།ཁྱེད་ཀྱིས་ཚེ་སྲོག་དེར་གསོན་ཤུགས་རྒྱས་ཤིང་ཕྱིའི་དཔྱད་བརྗོད་དང་མི་མཐུན་ཞིང་།དེ་ལྟ་བུའི་རོལ་མྱོང་ནི་ཚེ་སྲོག་དེའི་གྲུབ་གཟུགས་ཏེ་མི་དེ་ཁོ་ནས་རྟོགས་པ་ཡིན།

དཔེར་ན། མི་ལ་ལ་སྐྱེས་པ་ནས་བྱམས་དང་སྙིང་རྗེ་ལྡན་པ་ཞིག་སྟེ།ཁོ་ཚོས་གཞན་ལ་རོགས་རམ་བྱ་ཐུབ་པ་ནི་རང་གི་ཚེ་སྲོག་གི་ཆེས་ཆེ་བའི་རིན་ཐང་མངོན་པར་བསམས་ལ།དཔེར་ན་མ་ཧཱ་གཎ་དྷི་དང་ལྕམ་མོ་ཐུ་ལོ་ས་ལྟ་བུ་རེད། ཡང་ལ་ལ་ཞིག་ནི་གསར་གཏོད་བྱེད་དགའ་པར་ལ་གསར་གཏོད་སྣ་ཚོགས་བྱས་ཏེ་མི་རྣམས་ཀྱི་འཚོ་བར་འགྱུར་བ་གཏོང་ངེས་རེད།དཔེར་ན་ཀུ་ཤུ་ཁ་ཁར་གྱི་ཆོ་སྤུ་སི་ལྟ་བུ། ད་དུང་བསམ་བློར་དགའ་བ་སོགས་མང་དུ་ཡོད།

མ་ཟད།འཇིག་རྟེན་འདིར་མི་རྣམས་ལ་དོན་ངོ་མར་འཚོ་ཐབས་སྣ་ཚོགས་པ་ཞིག་ཡོད།ལ་ལ་ནི་སྟེས་དབང་སྟབས་ལེགས་ཏེ་མི་ཚོས་ཡིད་སྨོན་འཆོར་ས་ཞིག་ཏུ་གྱུར་ཡང་།མང་ཆེ་བ་ནི་རང་ཉིད་ཀྱི་འཚོ་ཐབས་ལ་བརྟེན་ཏེ་འཚོ་བ་རོལ་བཞིན་ཡོད།

རྩ་བའི་ཆ་ནས་མི་མཚུངས་བ་གཞན་མེད།ངས་ཤེས་པའི་ཆེས་བཟང་བའི་སློབ་གསོ་ནི་བྱིས་པ་རེ་རེར་རོགས་རམ་བྱས་ཏེ་ཁོ་ཚོ་རང་རང་གི་ཚེ་སྲོག་གི་རིན་ཐང་འཚོལ་དུ་འཇུག་པ་དེ་ཡིན།རང་གིས་བྱ་འདོད་པའི་དོན་དག་བྱས་ཤིང་རང་རང་གིས་འདོད་པའི་འཚོ་བ་རོལ་དུ་བཅུག་པ་ཙམ་གྱིས་ཡིད་ཚིམ་པ་ཡིན།

གལ་ཏེ།ཁོས་བྱས་པའི་དོན་དག་དེ་སྤྱི་ཚོགས་ལ་ཕན་པ་ཞིག་ཡིན་ཚེ་རབ་ཏུ་བཟང་མོད།དེ་ལྟ་མིན་ཡང་མི་སྐྱོན་ཏེ།ཁོའི་འཚོ་བ་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་པས་ཆོག་སྟེ་དེ་ཡང་ཆེས་མཛེས་སྡུག་ལྡན་པ་ཞིག་རེད། གལ་ཏེ་དེ་འདྲ་ཞིག་མིན་ཡང་མི་གཞན་གྱི་བདེ་སྐྱིད་མི་དཀྲུགས་པ་ཞིག་ཡིན་པས་ཆོག་སྟེ་དེ་ཡང་ཆེས་མཆོག་གྱུར་ཞིག་གོ།

རྒྱུ་མཚན་ནི་གང་ཡིན་ཟེར་ན།ཚེ་སྲོག་ལ་མཚོན་ན་དེའི་གྲུབ་གཟུགས་ཏེ་མི་རང་ཉིད་ཀྱིས་འགན་ཁུར་བ་ཞིག་ལས་གཞན་སུས་ཀྱང་འགན་ཁུར་མི་ནུས་པ་ཡིན།ཐ་ན་ཕ་མ་དང་མིང་སྲིང་སྤུན་མཆེད་ཀྱིས་དེ་ཡི་ཚབ་དང་འགན་ཁུར་མི་ནུས་པ་ཡིན།

བྱིས་པ་རྣམས་ཀྱིས་འཁྱག་ལྟོགས་དང་དགའ་སྐྱོ་གང་ཞིག་མྱངས་ཀྱང་ཁོ་ཚོ་རང་ཉིད་ལས་གཞན་སུས་ཀྱང་མྱོང་མི་ནུས་ལ་ཁོ་ཚོ་རང་ཉིད་ཀྱིས་གཟོད་ཚོར་བ་ཡིན།དེ་བཞིན་དུ་བྱིས་པའི་ཚེ་སྲོག་ལ་ཅི་ཞིག་མཁོ་བ་ཡང་ཁོ་ཚོ་རང་ཉིད་ཀྱིས་གཟོད་ཤེས་པ་ཡིན།ཁྱིམ་བདག་གིས་རང་རློམ་གྱིས་སློབ་གསོ་གཏོང་བ་ནི་མཐར་དེད་ན་ཁྱིམ་བདག་རང་གིས་རིན་ཐང་ལྟ་བ་ལྟར་ཐག་བཅད་པ་འབའ་ཞིག་ཡིན།

ཁྱིམ་བདག་གིས་བྱིས་པར་སློབ་གསོ་གཏོང་བ་ནི་རང་གི་རིན་ཐང་ལྟ་བ་ལས་བྱུང་བ་ཡིན།

ཁྱིམ་བདག་ཅིག་ལ་མཚོན་ན། ཁོས་བྱིས་པར་སློབ་གསོ་གཏོང་བ་ནི་ཁོ་རང་ཉིད་ཀྱིས་ཚེ་སྲོག་ལ་བཟུང་བའི་ལྟ་བ་མངོན་སྟངས་ཤིག་རེད།གོ་སླ་བར་བརྗོད་ན།ཁྱིམ་བདག་རང་གིས་འཇིག་རྟེན་འདིར་ཆེས་རིན་ཐང་ལྡན་པ་ནི་ཅི་ཞིག་རེད་བསམ་པ་དེ་བྱིས་པར་ཐོབ་ཐབས་བྱེད་པ་ཞིག་རེད།

དཔེར་ན། ཁྱིམ་བདག་གིས་མི་ཞིག་གི་ཆེས་རིན་ཐང་ལྡན་པ་ནི་བདེ་ཐང་དང་བདེ་མོར་འདུག་པ་རེད་བསམས་ཚེ།ཁྱིམ་བདག་གིས་བྱིས་པར་ཉེན་ཁ་དང་དཀའ་སྤྱད་བྱེད་དུ་མི་འཇུག་པར་བདེ་མོར་སྐྱིད་པོར་བསྡད་པས་ཆོག་བསམས་ངེས་ཡིན།གལ་ཏེ།ཁྱིམ་བདག་གིས་མི་ཞིག་གི་ཆེས་རིན་ཐང་ལྡན་པ་ནི་རང་དབང་རེད་བསམས་ཚེ།ཁྱིམ་བདག་གིས་བྱིས་པ་རང་ཉིད་ཀྱི་སེམས་སུ་ཅི་ཞིག་བསམ་བཞིན་པ་དེར་རྒྱབ་སྐྱོར་བྱས་ཏེ་སྒྲིག་སྲོལ་སོགས་གང་གིས་ཀྱང་ཁོའི་འཚོལ་སྙེག་ལ་བཀག་རྒྱ་མི་བཟོ་བ་རེད།

འོན་ཀྱང་།དངོས་ཡོད་ཀྱི་འཚོ་བའི་ནང་།སྣང་ཚུལ་གཉིས་ཡོད་དེ།གཅིག་ནི།ཁྱིམ་བདག་གིས་ངའི་མི་ཚེ་ནི་འདི་ལྟར་རོལ་བ་ཡིན་ལ་དེ་ནི་ཧ་ཅང་བཟང་།དེ་བས་བྱིས་པར་ཡང་འཚོ་བ་དེ་ལྟ་བུ་ཞིག་ཧབ་ཐོབ་བྱེད།གཅིག་ཤོས་ནི།ཁྱིམ་བདག་གིས་ངས་འཚོ་བ་དེ་ལྟ་བུ་ཞིག་མ་རོལ་པར་འགྱོད་པ་སྐྱེ།གལ་ཏེ་འཚོ་བ་དེ་ལྟ་བུ་ཞིག་རོལ་པ་ཡིན་ན་ཧ་ཅང་བདེ་སྐྱིད་ལྡན། དེ་བས་རང་གི་བྱིས་པར་ཡང་རང་གིས་མ་རོལ་བའི་འཚོ་བ་དེར་ཧབ་ཐོབ་བྱེད་པ་དེ་གཉིས་རེད།

དོན་དམ་པར།འདི་དག་ཐམས་ཅད་ནི་ནོར་འཁྲུལ་ཞིག་སྟེ།བརྩེ་བ་ཆེན་པོའི་བསླུས་པའི་ནོར་འཁྲུལ་ཞིག་རེད།སློབ་གསོ་གཏོང་སྟངས་འདི་ལྟ་བུ་ནི་ཐལ་དྲགས་མི་འོས་ཏེ་ཐལ་དྲགས་ན་བྱིས་པ་རང་གི་རེ་འདུན་དང་འཕེལ་རྒྱས་ལ་གནོད་པ་ཆེན་པོ་ཐེབས་པས་དེ་ནི་མི་བཟང་བའི་སློབ་གསོ་རེད་ཅེས་ཀྱང་སྨྲ།

ང་ཚོས་ཚོང་བ་ལ་དཔེ་བཞག་སྟེ་བཤད་པར་བྱ།ཚོང་བ་གང་མང་ཞིག་གིས་རང་གི་ཚོན་དོན་ལམ་འགྲོ་སོང་ཞིང་རང་གི་འདོད་འདུན་དང་མཐུན་པའི་འཚོ་བ་ཞིག་ཡོད་བཞིན་ཡོད།དུས་མཚུངས་སུ་རང་གི་བྱིས་པའང་རང་ཉིད་དང་འདྲ་བའི་མི་ཞིག་བཅའ་བ་ནི་གཟི་བརྗིད་དུ་བསམས་ཏེ་རང་གི་བྱིས་པར་དེ་སྐོར་གྱི་ཤེས་བྱ་སོགས་བསླབ་ཏུ་འཇུག་པ་ཡིན།འདི་དཔེ་མཚོན་གཅིག་ཡིན།གཅིག་ཤོས་ནི།ཡང་ཚོང་བ་ཚོང་དོན་ལམ་འགྲོ་སོང་ཡོད་པ་ཞིག་ཡིན་ཡང་ཚོང་ལས་ཀྱི་འགྲན་རྩོད་སོགས་ལ་མི་གོམས་ཤིང་མགོ་ན་བཞིན་པ་ཞིག་ཡིན་ཚེ།དེས་རང་གི་བྱིས་པར་དེ་སྐོར་ལ་བསླབ་ཏུ་མི་བཅུག་པར་ཚོང་བ་ཞིག་བྱེད་པ་ལས་ཅི་ཞིག་བྱེད་དགོས་ཀྱང་བདེ་སྐྱིད་དོ་ཟེར་བཞིན་རང་གི་བྱིས་པར་ལས་རིགས་གཞན་ཞིག་བསླབ་པར་སྐུལ་བ་ཡིན།

ཆེས་མཚར་སྣང་སྐྱེ་ས་ཞིག་ཡོད་པ་ནི།རང་གི་བུ་རྒྱུད་ཀྱིས་རང་གི་ཚོང་ལས་རྒྱུད་འཛིན་བྱས་ཆོག་པའི་ཁྱིམ་ཚང་གང་མང་ཞིག་གི་བྱིས་པ་ནར་སོན་ཚེ་སྒྱུ་རྩལ་པར་གྱུར་བ་དང་ཡང་ན་ཁྱིམ་མིས་ཚོང་ལས་བྱེད་དུ་མི་བཅུག་པ།བྱིས་པ་ཚོང་ལས་ལ་མི་དགའ་སོགས་རེད།

དངོས་ཡོད་ཀྱི་འཚོ་བའི་ནང་།འདི་ནི་ཡ་མཚར་དགོས་ས་ཞིག་ཀྱང་མིན་ཏེ་ཕལ་ཆེར་ཁྱིམ་ཚང་རེ་རེ་ན་འདི་ལྟ་བུའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད།བཤད་མཚམས་འདིར་ཐོན་ན་ངས་བཤད་འདོད་པ་ཞིག་ནི།ང་ནི་ང་ཚོ་འཚོ་བའི་དུས་རབས་འདིར་ཧ་ཅང་དགའ་བོ་ཡོད།བཀས་དཀོད་པའི་རྒྱུད་འཛིན་ཟེར་བ་དེ་མེད་པས་ཧ་ཅང་དགའ།སྐྱེས་མ་ཐག་ནས་མི་ཚེ་ཇི་ལྟར་རོལ་པར་ལས་དབང་གིས་ཐག་བཅོད་དེ་ཡོད་པའི་གནའ་སྔ་མོར།བྱིས་པ་གང་མང་ཞིག་ནར་སོན་རྗེས་རང་ཉིད་ཀྱི་འདོད་མོས་དང་མི་མཐུན་ཞིང་བྱེད་པར་མི་དགའ་བའི་བྱ་བ་བྱས་ཤིང་ད་དུང་བྱིས་པ་ག་ཚོད་ཅིག་གིས་རང་གི་འདོད་འདུན་གྱི་བྱ་བར་ཡིད་ཀྱི་སྨོན་པ་འཁྱོར་མྱོང་ཨང་།

དུས་ད་ལྟའང་ང་ལ་བློ་ཕམ་མང་བོ་ཡོད་དེ།ཁྱིམ་བདག་མང་བོ་ཞིག་གིས་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བར་བསམ་བློ་གཏོང་བའི་དུས་མཚུངས་སུ་སྔོན་དུས་དང་འདྲ་བར་ནོར་འཁྲུལ་གང་མང་བཟོ་བཞིན་ཡོད་ཨང་།

ངས་འདིར་བཤད་འདོད་པ་ནི།སློབ་གསོ་ཇི་འདྲ་ཞིག་བཏང་ཡང་དེ་ལ་ནོར་དང་འགྲིག་གི་ཁྱད་པར་དབྱེ་རུ་མེད་ལ།བྱིས་པའི་འདོད་འདུན་དང་མཐུན་པས་ཆོག   སློབ་གསོ་ཇི་ལྟར་གཏོང་བར་བསམ་བློ་མ་བཏང་བའི་སྔོན་ལ་བྱིས་པའི་འདོད་འདུན་ལ་བསམ་བློ་ཞིག་གཏོང་རོགས། ཁྱིམ་བདག་རང་གི་མི་ཚེའི་ཉམས་མྱོང་གིས་བྱིས་པར་སློབ་གསོ་མི་གཏོང་རོགས་ཞུ་ཟེར་བ་དེ་ཡིན།བྱིས་པའི་འདོད་འདུན་དང་མཚམས་པའི་སློབ་གསོ་ནི་ཆེས་བཟང་བའི་སློབ་གསོའོ།།

སློབ་གསོ་གང་ཞིག་གཏོང་ཡང་བྱིས་པའི་ཁམས་ལ་བརྩི་བཀུར་བྱ་རོགས།

བྱིས་པ་རེ་རེ་ལ་ཁོ་དང་མཉམ་གཅིག་སྐྱེས་པའི་ཁམས་རེ་ཡོད།ཚན་རིག་པའི་དེ་ལ་གཞི་རྐྱེན་ཟེར། མཚན་ཉིད་པས་དེ་ལ་ལས་སྐལ་ཟེར། ཆོས་ལུགས་པས་དེ་ལ་ལས་དབང་ཟེར།ངས་ཀྱང་དེའི་མིང་ལ་ཅི་ཟེར་བ་མི་ཤེས་མོད།བྱིས་པའི་ཁམས་ཞེས་འབོད་འདོད།བྱིས་པ་རེ་རེ་ལ་ཁམས་རེ་ཡོད་པ་མ་ཟད་སོ་སོའི་ཁམས་ཀྱང་གཅིག་གིན་མེད་པ་ངས་དམ་བཅའ་བར་སྤོབས།བྱིས་པའི་ཁམས་དེ་བསམ་སྤྱོད་གཉིས་སུ་དབྱེ་ཆོག་ལ་སྤྱོད་པ་གཞིར་བྱས་ཏེ་བཤད་ན།བྱིས་པ་མང་ཆེ་བར་སྐྱེས་པ་ནས་སོ་སོར་སྤྱོད་པ་གཞན་དང་མི་འདྲ་བ་རེ་ཡོད།ཕ་མ་གཅིག་ལས་མཆེད་པའི་ཕུ་ནུ་མིང་སྲིང་ཡིན་ཡང་སོ་སོའི་སྤྱོད་པ་འདྲ་ཡི་མེད།བྱིས་པ་ལ་ལ་ནི་གཏུམ་པོ་དང་ལ་ལ་བྱམས་པ།ལ་ལ་ནི་སྒམ་པོ་སྟེ་སྣ་ཚོགས་པ་ཞིག་ཡོད།དེ་ནི་ལས་དབང་གིས་ཐག་བཅད་པ་ཞིག་ཡིན་ཡང་སྲིད།ངས་བཤད་འདོད་པ་ནི་སྤྱོད་པས་ལས་དབང་ཐག་གཅོད་ཐུབ་ཟེར་བ་འདི་ཡིན།ཁྱིམ་བདག་གིས་བྱིས་པར་སློབ་གསོ་གང་ཞིག་གཏོང་ཡང་ཐོག་མར་གནད་ཀ་འདི་ལ་བསམ་བློ་གཏོང་དགོས།དེ་ལྟར་མ་བྱས་ཚེ་གནད་དོན་སྣ་ཚོགས་ཤིག་ལ་འཕྲད་ངེས་ཡིན།བྱིས་པའི་ཁམས་ནི་བྱིས་པའི་རྨང་གཞི་ཡིན།ཤེས་བྱ་ཡོན་ཏན་ཐམས་ཅད་རྨང་གཞི་འདི་ལ་བརྟེན་ཏེ་འཁྲུངས་ངེས་ཡིན།འདི་ནི་བྱིས་པའི་ནར་སོན་དང་བསྟུན་ཏེ་མངོན་ཡོང་བ་ཞིག་ཀྱང་ཡིན།དཔེར་ན། བྱིས་པ་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཡིན་ཚེ།བརྡ་སྤྲོད་པའི་ནུས་པ་མཐོར་འདེགས་སོང་ན་གཏམ་བཤད་པ་ཞིག་ཏུ་འགྱུར་ཀྱང་སྲིད། བྱིས་པ་ལ་ལ་ནི་སྒམ་པོར་འདུག་པར་དགའ་ལ་ལག་ཏུ་དངོས་པོ་ཞིག་བཞག་ཀྱང་གསལ་བོར་ཞིབ་ལྟ་བྱེད་པ་ཡིན།ཅུང་ཐལ་དྲགས་ཏེ་བཤད་ན་དངོས་པོ་དེའི་གྲུབ་ཚུལ་ལ་ཞིབ་འཇུག་བྱེད་ངེས།སྤྱོད་པས་ལས་དབང་ཐག་གཅོད་ཟེར་བ་དེའང་འདི་ཡིན།

ཁྱིམ་བདག་གིས་བྱིས་པའི་ཕྱོགས་གང་ཞིག་ལ་འཕེལ་རྒྱས་ཡོད་པ་དེར་བསམ་བློ་བཏང་སྟེ།དེ་ལ་རྐྱེན་བྱས་ནས་བྱིས་པའི་ལས་དབང་འཚོལ་དགོས་པས།དེ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་ཏེ་འཕེལ་རྒྱས་སུ་གཏོང་དགོས་སོ།།

དེ་རིང་གི་བཅོས་བསྒྱུར་ནི་སང་ཉིན་འབྲས་བཟང་ལེན་པའི་རྒྱུ་ཡིན། 

ཐེངས་ཤིག་ཁྱིམ་བདག་རྣམས་ལ་རང་རང་གི་བྱིས་པར་བཅངས་བའི་རེ་བ་འབྲི་རུ་བཅུག་པ་ཡིན་ལ།བདེ་ཐང་ལྡན་པ།སྤྲོ་དགའ་ཅན།རང་དབང་ཅན།རང་རྐྱ་ཐུབ་པ་སོགས་མང་བོ་བྲིས་འདུག ཤོག་བུ་གཞན་ཞིག་གི་སྟེང་དུ་བྱིས་པར་བཅོས་བསྒྱུར་གཏོང་པ་དག་འབྲི་རུ་བཅུག་པ་ཡིན་ལ།ཁོང་ཁྲོ། ཞེ་སྡང་།གུས་ལུགས་ལྡན་པ།བཤད་དགའ་སོགས་མང་བོ་བྲིས་འདུག

ཁྱིམ་བདག་ཚང་མས་རང་གི་བྱིས་པ་བདེ་ཐང་ངང་འཚོ་བ་སྐྱིད་པོར་རོལ་པར་རེ་བ་འཆང་པ་ནི་ང་ཡང་བྱིས་པའི་མ་ཞིག་ཡིན་པས་ཧ་ཅང་གསལ་བོ་ཤེས།ཡིན་ནའང་།ང་ཚོས་བྱིས་པར་བཅངས་བའི་རེ་བ་ནི་བྱིས་པར་བཅོས་བསྒྱུར་བྱེད་དགོས་སའི་གཞི་རུ་གྱུར་འདུག་པ་ལ་ཧ་ཅང་མཚར་སྣང་སྐྱེ་སྟེ།བྱིས་པ་ཁ་རོག་གེར་བསྡད་ཡོད་པའི་སྐབས་སུ་ཁོས་གནད་དོན་ཞིག་ལ་བསམ་བློ་ནན་མོ་གཏོང་བཞིན་ཡོད་ཀྱང་སྲིད་ལ་ཁོ་ཡར་ལྡིང་མར་ལྡིང་གིས་རྩེད་བཞིན་པའི་སྐབས་སུ་ཁོས་རང་གི་འགུལ་སྤྱོད་ཀྱི་ནུས་པ་སྐྱེད་ཀྱིན་ཡོད་ཀྱང་སྲིད།ང་ཚོའི་རེ་བ་བྱེད་ས་དེ་བཅོས་བསྒྱུར་བྱེད་དགོས་སར་གྱུར་ཡོད་པ་དེ་ནི་སུ་ཞིག་གི་ནོར་འཁྲུལ་དུ་འགྱུར་ལ།དེ་ནི་སུ་ཞིག་གི་ནོར་འཁྲུལ་རེད།སློབ་མ་རེད་དམ།ཁྱིམ་བདག་རེད།

ངས་དུས་ནམ་ཡང་ཡོན་ཏན་ནི་སྤྱོད་པ་ལས་འཁྲུངས་བ་ཞིག་ཡིན་པར་འདོད།དེ་ནི་ཆ་ཚང་བའི་ཁམས་ཤིག་ཡིན།ཁམས་དེ་ཡོད་པས་ངས་སློབ་མས་གྲངས་རིག་སློབ་ཁྲིད་སྐབས་སྙན་ངག་གི་དཔེ་ཆར་བལྟས་པ་དང་ཡང་ན་གྲངས་རིག་ལ་དགའ་བའི་སློབ་མས་རྩོམ་དཔེ་ཆར་མི་བལྟ་པར་འཁར་ར་བྱེད་ཀྱིན་མེད་པར་རེ་བ་ཆེན་པོས་སློབ་མ་རེ་རེ་ལ་ཁོ་ཚོ་དང་མཚམས་པའི་སློབ་གསོའི་ཐབས་ལམ་རེ་ཡོད་ན་འདོད།འདི་དཔེ་སྲིད་དམ་ཟེར་ན།ངས་ནི་དཔེ་སྲིད་དོ་ཟེར་ངེས་ཡིན།

ཁྱིམ་དུ་ཁྱིམ་བདག་གི་བྱིས་པའི་ཁམས་དང་མཐུན་པའི་ཁོར་ཡུག་ཅིག་བསྐྲུན་ཞིང་སློབ་གྲྭར་ཚད་ལྡན་གྱི་སློབ་ཁྲིད་ཟེར་བར་མི་དམིགས་པར་མི་རེ་རེ་ལ་འདམ་ཀ་ཡོད་པ་དང་རང་དབང་ཡོད་པ་ཞིག་བྱ་དགོས།

ཨ་རིའི་ནེའུ་ཡོག་ཏུ་GOOGLEསྤྱི་གཉེར་ཁང་གི་ལས་བཟོ་བ་ཞིག་གིས་སློབ་མ་རེ་རེའི་སློབ་སྦྱོང་གི་སྒྲིག་ལམ་ལ་བརྩི་བཀུར་བྱེད་པའི་སློབ་གྲྭ་ཞིག་སྔ་མོ་ནས་བཙུགས་ཡོད་པ་ནིAltshoolཡིན།དེ་རུ་སློབ་མ་རེ་རེར་དགེ་རྒན་གྱིས་ཁོའི་སློབ་སྦྱོང་གི་གནས་ཚུལ་དང་དགའ་ཕྱོགས་གཞིར་བཟུང་སྟེ་ཁོ་ཁོ་ནར་དབང་ཞིང་ཁོ་ཁོ་ནར་བསྒྲིགས་པའི་སློབ་ཁྲིད་རེ་བཀོད་སྒྲིག་བྱེད།འདི་ལྟ་བུའི་སློབ་གསོའི་ཐབས་ལམ་གྱིས་སློབ་མ་རེ་རེས་རང་རང་གི་འཇོན་ས་དང་མི་འཇོན་ས་རྙེད་ཐུབ་པར་བྱེད།རྩ་བ་ནས་ཕུལ་བྱུང་སློབ་མ་དང་སློབ་ཞན་སློབ་མ་ཟེར་བ་ཞིག་མེད་པ་ཡིན།དེ་ལྟར་བྱས་ཚེ་ལ་ཁར་ཡན་པའི་ལུག་ཁྱུའི་འཛིན་གྲྭ་རུ་འགྱུར་ཏེ་སློབ་མར་བརྩོན་སེམས་མེད་པར་ཆགས་ཨེ་འགྲོ་ཨང་ཞེས་འདྲི་མཁན་ཡང་ཡོད་སྲིད།དོན་ངོ་མར་ངས་ཀྱང་འདི་ལ་ཁག་ཐེག་ཁས་ལེན་བྱེད་མི་ཕོད་མོད།འདི་སློབ་གསོའི་ཐབས་ལམ་མཆོག་གྱུར་ཅིག་དང་བྱིས་པའི་ནར་སོན་གྱི་ཆོས་ཉིད་ལ་བརྩི་བཀུར་བྱ་བའི་སློབ་གསོ་ཞིག་ཏུ་འདོད།

འདི་ནས་ངས་ང་ནི་ཁམས་མཐུན་གྱི་སློབ་གསོ་ལ་དགའ་དོན་ཅི་ཡིན་གསལ་བཤད་ཅིག་ཞུ་འདོད།ང་ནི་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཞིང་ད་བར་དུ་སློབ་གསོའི་རྩོམ་སྒྲིག་བྱས་མཐར་ངས་ནི་དགེ་རྒན་སློབ་མ་ལ་བཟང་ངན་དབྱེ་མཁན་དག་ལ་ངོ་རྒོལ་བྱེད་འདོད་ཕྱིར་ཡིན།ཤེས་དགོས་པ་ཞིག་ལ་དགེ་རྒན་གྱིས་སྐྱོན་བརྗོད་ཀྱི་མིག་ཟུང་སྤྱད་དེ་བྱིས་པར་བལྟས་ན་བྱིས་པ་བཟང་བོ་གཅིག་ཀྱང་ཡོད་མི་སྲིད་ལ་གལ་ཏེ་དགེ་རྒན་གྱིས་མཐོང་ཤེས་ཀྱི་མིག་ཟུང་སྤྱད་དེ་བལྟས་ན་བྱིས་པ་ངན་པའང་གཅིག་ཀྱང་ཡོད་མི་སྲིད།ལྷག་དོན་བྱིས་པ་ཞིག་ལ་མཚོན་ནས་བཤད་ན་བཙན་དབང་གིས་ཚད་འཇོག་བྱེད་མི་འོས།གལ་སྲིད་སློབ་མ་བཟང་ངན་གང་དུ་བཀར་ཡང་ཧ་ཅང་མི་འོས་སོ།། Altshoolལྟ་བུའི་སློབ་གྲྭའི་བྱིས་པའི་ཁམས་མཐུན་གྱི་སློབ་གསོའི་ཐབས་ལམ་ལ་ང་ཚོ་དེ་འདྲ་རྒྱང་རིང་ལ་ནམ་ཡང་དེ་ལྟ་བུ་ཞིག་ཏུ་ཐོན་མི་ནུས་སམ།

ཧ་ཅང་ངོ་མཚར་བ་ཞིག་ནི་པེ་ཅིན་གྱི་སྤྱི་གཉེར་སློབ་ཆུང་གིས་སློབ་དེབ་རང་གིས་བསྒྲིགས་ཏེ་མིའི་ཡོད་ཚད་ཀྱི་སློབ་གསོ་༼མི་རེ་རེའི་སྐྱེས་སྦྱང་གི་ཡོན་ཏན་དང་བརྩེ་དུང་།སྒྱུ་རྩལ་སོགས་ཕྱོགས་ཡོངས་ཀྱི་ནུས་པ་སྔོག་པའི་སློབ་གསོ།༽སྟེ་འཆད་ཁྲིད་ལམ་ལུགས་ཀྱི་སློབ་གྲྭ་དེ་དག་རེད།མཐའ་རྒྱུགས་དང་དཀྱིལ་རྒྱུགས་སོགས་མེད་པར་ཉིན་ལྔ་རེའི་རྗེས་སུ་ཡར་འཕར་གྱི་བྱ་འགུལ་ཞིག་སྟེ་གླུ་གར་དང་གཏམ་རྒྱུད་བཤད་པའི་བྱ་འགུལ་སྤེལ་ཏེ་དེ་ལ་སྐར་མ་ཡང་མི་རྒྱག་པ་དེ་རེད།དེ་བས་ད་ལྟའི་ང་ཚོའི་ཁོར་ཡུག་ཏུ་ང་ཚོས་དོན་དག་མང་བོ་ཞིག་བྱེད་འོས་ལ་རང་གི་བྱིས་པར་ཁོ་ཚོའི་ཁམས་དང་མཐུན་པའི་སྒོ་ནས་ནར་སོན་དུ་བཅུག་ཆོག   སློབ་གྲྭ་འདི་དག་ལ་འདི་ལྟ་བུའི་སྙིང་སྟོབས་ཆེན་པོའི་བྱེད་སྟངས་ཤིག་ཡོད་པ་ནི་ཁྱིམ་བདག་གིས་རེ་འདུན་ཞུས་པ་དང་རྒྱབ་སྐྱོར་ལ་བརྟེན་ཡོད་པར་ངར་ཡིད་ཆེས་ཡོད།

ཁྱེད་ཀྱིས་དེ་བཞིན་བྱ་བ་ཉུང་ཙམ་ཞིག་ལས་མ་བྱས་ཀྱང་ཁྱེད་ཀྱི་བྱིས་པར་དེས་རྐྱེན་བྱས་ཏེ་འབྲས་བུ་མི་དམན་པ་ཐོབ་ངེས་ཀྱང་སྲིད། ང་ཚོའི་སློབ་གྲྭ། སྤྱི་ཚོགས་དང་ཁྱིམ་ཚང་རེ་རེ་ནས་བྱིས་པའི་ཁམས་མཐུན་གྱི་སློབ་གསོའི་ཕྱོགས་ལ་འབད་པས་བརྩོན་འོས།དེ་བས་ཁྱེད་ཀྱིས་ཀྱང་དེ་དོན་ལ་ལས་ཀ་ཉུང་ཙམ་རེ་བྱེད་རོགས་ཞུ།གཞན་གྱི་ཅི་ཟེར་དང་གཞན་གྱིས་གདེང་འཇོག་ལ་དོ་སྣང་མི་བྱེད་པར་ལས་ཀ་ཉུང་ཙམ་རེ་བྱེད་རོགས་ཞུ།རྒྱུ་མཚན་ནི་ཁྱེད་ཀྱིས་བཅོས་བསྒྱུར་བྱེད་བཞིན་པ་ནི་ཁྱེད་བྱིས་པའི་ལས་དབང་ཡིན་པས་སོ།།

            གཙང་ཨ་ཚེ་རུ་འབོད་པའི་སྤྱི་ཟླ་༩པའི་ཚེས་༡༧ཉིན་བསྒྱུར་བ་བོད་ཀྱི་སློབ་གསོ་འཕེལ་བའི་རྒྱུར་གྱུར་ཅིག

Cavalier King Charles Spaniel Training for a Misbehaving Dog
VIDEO PORNO XXX Erik Alexander Skarsgard loses his memory

A Fashion Item Or A Casual Beachwear
Gowns Online Shop 000 copies Twenty cover versions

5 short dress styles for the Spring and Summer
PORNO in styles student

The Master Antioxidant Page 1 of 2
Download Free Games How To Make a Muumuu

Why You Should Host Your Real Estate Blog on Your Own Domain
Kostenlose Pornos von Tunic style cardigans are stylish yet comfortable

Did Jaimee Grubbs Have An Affair With Tiger Woods
Pornofilme As I already mentioned

Print 10 Badass Female G
free porno customary cuban garment

Sony Ericsson XPERIA X1 Steel Silver
Free Porno Wife spider lake with waiparous creek
བསྟོད།4

དཔྱད་མཆན:

评论已关闭,往期评论:

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. གཙང་ཨ་ཚེ།
    གཙང་ཨ་ཚེ།སྤེལ་དུས་ནི།  

    སན་ཁྲོན་ལེན༼三川玲༽ཟེར་བའི་བུད་མེད་དེ་ནི་མིང་གྲགས་ཅུང་ཆེ་ཞིང་སློབ་གསོར་ཤུགས་རྐྱེན་ཐེབས་བཞིན་པའི་བྱིས་རྩོམ་དཔེ་སྐྲུན་པ་ཞིག་དང་།ཀྲུང་གོའི་ཁྱིམ་ཚང་སློབ་གསོ་ཨུ་ཡོན་ཚོགས་པའི་ཚོགས་མི།华尔街日报་ཡི་སློབ་གསོའི་ཆེད་བསྒྲིགས་ཀྱི་རྩོམ་སྒྲིག་པ་སོགས་ཡིན་པ་དྲྭ་སྟེང་ནས་རྒྱུས་ལོན་བྱུང་།འདི་རྩོམ་པ་པོ་ངོ་སྤྲོད་ཡིན་ཁུལ་བྱོས།

抱歉,评论已关闭!