[འོས་སྦྱོར]བོད་ཁུལ་གྱི་གཞི་རིམ་དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ལ་སྤྲིངས་བའི་སློབ་གསོའི་བསམ་ཚུལ་འགའ།

ཞོ་ར་བ་དཀོན་མཆོག་ཚེ་རིང་།

དགེ་རྒན་གྱི་འོས་འགན་གཙོ་བོ་ནི་སློབ་མར་བསླབ་དེབ་ངོས་ཀྱི་ཡོན་ཏན་ཕྲན་བུ་ཙམ་འཁྲིད་རྒྱུ་དེ་མ་ཡིན་པར་དེ་ལས་ཀྱང་གལ་ཆེ་བ་ནི་ནང་བསམ་བློ་སྤུས་གཙང་དང་ཕྱི་སྤྱོད་ལམ་ཀུན་མཐུན་སྒོས་མི་ལ་ཇི་ལྟར་འབྲེལ་བ་ཡག་པོ་ཞིག་གཟུང་རྒྱུ་དང་སྤྱི་ཚོགས་ལ་ཇི་ལྟར་གདོང་གཏུགས་བྱ་རྒྱུ་དེ་ཡིན་ནོ།།                                

མི་རིགས་སློབ་གསོ་གཉེར་བའི་དགེ་རྒན་སུ་དང་གང་ཞིག་ཡིན་རུང་སློབ་མར་ཁ་ཏའམ་སློབ་གསོ་གཏོང་བའི་སྐབས་སུ་ལས་འབྲས་དང་དགེ་སྡིག བསམ་པ་བཟང་ངན་སོགས་ཀྱི་ནང་དོན་དག་གང་ལ་གང་འཚམ་གྱི་ཐབས་ལམ་བེད་སྤྱད་ནས་སློབ་མའི་རྒྱུད་ལ་བདེ་ལེགས་སུ་འཇོག་ཐུབ་པ་བྱུང་ན། སློབ་མ་གང་དེར་ཤེས་རིག་གི་འཇོན་ཐང་དེ་ཙམ་བཟང་བོ་ཞིག་མེད་ཀྱང་གང་གི་ནང་སེམས་ཀྱི་བསམ་བློ་དང་ཕྱི་ཀུན་སྤྱོད་བཟང་བོ་ཡིས་སྤྱི་ཚོགས་ལ་ཕན་པའའི་བྱ་བ་ལས་གནོད་པའི་སྐབས་ནི་ནམ་ཡང་མེད་དོ།།                                         

བོད་ཁུལ་ས་ཆའི་ཆེས་གཞི་རིམ་དང་འབྲོག་པའི་ཡུལ་གྱི་ཁྱིམ་བདག་འགའ་རེ་ཡིས་བུ་ཕྲུག་སློབ་གྲྭར་བཏང་ནས་ཡོན་ཏན་བསླབས་པ་དེ་ནི་སློབ་གྲྭ་དང་དེའི་སློབ་གཙོ། ཡང་ན་དགེ་རྒན་ག་གེ་མོ་ཞིག་གི་དོན་དུ་ཡིན་བསམ་པ་ལས་དེ་ནི་རང་གི་བུ་ཕྲུག་གི་མ་འོངས་པའི་འོད་སྟོང་ལྡན་པའི་མདུན་ལམ་དང་སྤྱི་ཚོགས་གསར་བའི་འཚོ་བར་གདོང་གཏུག་བྱ་བའི་ལག་ཆ་བཟང་ཤེས་དེ་ཡིན་པ་ད་དུང་ཡང་གཏན་ནས་མི་ཤེས་པའི་ཚོད་དུ་གནས་སོ།།            

  ང་ཚོས་ཡང་དག་སློབ་གསོའི་གཟིངས་ཆེན་ལ་བརྟེན་ན། ད་གཟོད་རྗེས་ལུས་དང་བག་འཁུམས། རྙིང་ཞེན་གྱི་མཚོ་ཀློང་ལས་ཐར་ཏེ་ཡར་རྒྱས་དང་གོང་འཕེལ། གསར་གཏོད་ཀྱི་ཁང་བཟང་ལ་བསྙེག་ཐུབ་པ་ཡིན་ནོ།།                       

  སློབ་མ་སུ་དང་གང་ཞིག་ཡིན་རུང་ཐོག་མར་རང་ཉིད་ཞུགས་སའི་སློབ་གྲྭ་དང་འཛིན་གྲྭ་དེར་ཁྱིམ་གྱི་འདུ་ཤེས་བཟང་བོ་ཞིག་འཛིན་པའི་རྨང་གཞིའི་སྟེང་ནས་སློབ་གྲོགས་ཕན་ཚུན་ལ་ཕུ་ནུ་དང་མིང་སྲིང་ལྟ་བུའི་བརྩེ་བ་ལྷད་མེད་བཅང་། དགེན་ལ་ཕ་མ་ལྟ་བའི་བསྙེན་བཀུར་བླ་ལྷག་གིས་བརྩི་སྟེ། སློབ་སྦྱོང་ལ་འདོད་ཆུང་ཆོག་ཤེས་མེད་པར་ཆུ་བོའི་རྒྱུན་བཞིན་དུ་འབད་པ་ལྷོད་མེད་གང་ནུས་བྱ་བ་ཡིན་ན། ད་གཟོད་མཐར་རང་ཉིད་ཀྱི་ཁོག་པའི་ནང་དུ་ལྗིད་ཏིག་ཏིག་གིས་བལྟམ་ཡོང་བ་ནི་སེར་བོ་གསེར་ལྟ་བའི་ཤེས་བྱ་ཡོན་ཏན་གྱི་ནོར་བུ་དེ་ཡིན་པ་ལས་རིན་མེད་ཀྱི་ས་རྡོ་ཙམ་ཞིག་ག་ལ་ཡིན། ཡིན་མི་སྲིད།    སློབ་གསོ་འདི་སྤྱི་ཚོགས་ལ་ཕན་གནོད་གང་རུང་བྱ་བའི་རྒྱུ་རུ་འགྲོ་བ་དེའང་ཀུན་སློང་གཙང་མིན་ལ་ཐད་ཀར་རག་ལས་ཡོད་པས། ཀུན་སློང་གཙང་མའི་སློབ་གསོ་དེས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་དང་ཀུན་སློབ་ངན་པ་དེས་དེ་ལས་ལྡོག་སྟེ་སྤྱི་ཚོགས་ལ་གནོད་པ་བྱ་ངེས་ཡིན་ཏེ། མདོར་ན་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་གནས་ལ་འཁོད་པའི་གཞན་སེམས་ཀྱི་བསམ་བློ་ཡངས་པོ་ཞིག་ཡོད་ན་སྤྱི་ཚོགས་འདིར་ཕན་བདེའི་དཔལ་ཡོན་གྱི་དགའ་བ་འབུམ་གྱིས་ཁེངས་ངེས་སོ།། � ���D@

བསྟོད།14
ན་གཞོན་གསར་བ།

དཔྱད་མཆན་སྤེལ།