ལམ་ཤེས་འགལ་བར་སྨྲ་བ།

གནམ་ལྷུན།

སྤྱིར་ཟས་གཙང་སྲས་པོ་ཤཱཀྱ་མུ་ནེ་ལགས་ཀྱིས་“སྟོན་བཞིའི་”འཇུག་ལྡོག་གི་རྣམ་བཞག་དང་། དགེ་སློང་དང་མཁས་པ་དག་ལ་ཁོང་གི་ཆོས་ལུགས་དང་གཞུང་ལུགས་བཅས་ལ་དཔྱད་པ་གསུམ་གྱི་ཐབས་ལམ་ལ་བརྟེན་ནས་བརྡར་དགོས་པའི་དཀྱེལ་ཡངས་ཀྱི་བསམ་བློ་བཏོན་པ་ནས་བཟུང་། ནང་བསྟན་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་མཚན་ཉིད་རིག་པའི་དོན་ཞུགས་ཤིང་། གཟུགས་ནས་རྣམ་མཁྱེན་གྱི་དབར་གྱི་དངོས་ཤེས་ཕྲ་རག་ཀུན་གྱི་སྡོད་ལུགས་དང་སྐྱེ་འཕེལ་གྱི་ཆོས་ཉིད་སོགས་ལ་སྐྱེས་བུ་སྒེར་གྱི་བསམ་གཞིག་བྱེད་རུང་གི་གནས་ལུགས་གྲུབ་ཅིང་། སྐྱེ་བ་སྔ་ཕྱི་དང་བསྟན་བཅོས་སོགས་ལ་རང་སྟོབས་ཀྱིས་དཔྱད་པ་བཏང་བས་ལྟ་གྲུབ་ཀྱི་རྣམ་གྲངས་མང་དུ་བྱུང་བ་རེད། ནང་བསྟན་མཚན་ཉིད་རིག་པ་འདི་སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ཡས་མས་ཤིག་ཏུ་ཟས་གཙང་སྲས་པོ་ཤཱཀྱ་མུ་ནེ་ལགས་ཀྱིས་གསར་གཏོད་མཛད་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ཞིང་། དེ་ཉིད་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་མཁན་རྣམས་ཉན་ཐོས་སྡེ་གཉིས་དང་ཐེག་ཆེན་རིགས་གཉིས་ཀྱི་མཁས་ཆེན་དག་ཡིན་མོད། དེ་དག་ལས་ཀྱང་ནང་བསྟན་མཚན་ཉིད་རིག་པ་འདི་སྒོ་ཀུན་ནས་འཕེལ་རྒྱས་སུ་གཏོང་བར་ཆས་འབུར་ཐོན་གྱི་ནུས་པ་ཐོན་མཁན་ནི་སློབ་དཔོན་ཕྱོགས་གླང་ཉིད་རེད།
ནང་བསྟན་མཚན་ཉིད་རིག་པ་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དོགས་སློང་དང་ཞིབ་འཇུག་གི་རྣམ་དཔྱོད་མངའ་བའི་རླབས་ཆེན་གྱི་སྐྱེས་བུ་འགས་རང་སྟོབས་ཀྱིས་ལྟ་གྲུབ་གསར་དུ་བཏོད་ཅིང་། ལྟ་གྲུབ་དེ་དག་འཕེལ་རྒྱས་བྱུང་ནས་དུས་རབས་མང་པོ་འདས་པའི་མཐར་མི་རྣམས་ཀྱིས་སེམས་ཙམ་པའི་གཟུང་འཛིན་གཉིས་སྟོང་གི་ལྟ་བ་དང་། རང་བརྒྱུད་པའི་བདེན་མེད་ཀྱི་ལྟ་བ། ཐལ་འགྱུར་བའི་སྟོང་ཉིད་ཀྱི་ལྟ་བ་བཅས་ནི་ནང་བསྟན་མཚན་ཉིད་རིག་པའི་གྲུབ་འབྲས་ཤིག་དང་། ཆོས་བསྟན་ཆོས་ལུགས་ཀྱི་ཚབ་མཚོན་གྱི་ལྟ་གྲུབ་ཅིག་ཏུ་ངོས་འཛིན་བཞིན་ཡོད་ཅིང་། རླབས་ཆེན་གྱི་སྐྱེས་བུ་དམ་པ་ལྷ་མོ་དོན་འགྲུབ་ལགས་ཀྱིས་ཀྱང་“ལྟ་བ་སྟོང་ཉིད་དང་སྤྱོད་པ་འཚེ་བ་མེད་པ་”གཉིས་ནི་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་སུ་བགྲེང་གིན་འདུག་མོད། ལྟ་བ་དང་རིག་གཞུང་གང་ཞིག་ཚོགས་པའམ་ཤེས་རིག་གང་གི་མཚོན་བྱེད་དུ་འཇོག་པ་ནི་ཤེས་རིག་དེ་ཉིད་ཀྱི་འཕེལ་རྒྱས་ལ་ཚད་བཀག་བཟོས་པ་དང་རིག་གནས་སྒེར་གཅོད་ལ་རྨང་གདང་བ་ཡིན་པས། ནང་པའི་སྔར་ཡོད་ཀྱི་ལྟ་གྲུབ་བཞི་ལས་གང་རུང་ཞིག་ནང་བསྟན་ཆོས་ལུགས་སམ་ནང་བསྟན་མཚན་ཉིད་རིག་པའི་མཚོན་བྱེད་དུ་བཞག་ན་ནོར་འཁྲུལ་ཆེན་པོ་རེད། ནང་བསྟན་ཆོས་ལུགས་ལ་ངེས་པར་དུ་ཁྱས་ཆོས་ཤིག་འཇོག་ན་སྙིང་རྗེ་ཆེན་མོ་དང་ཉོན་ཤེས་ཀྱི་སྒྲིབ་པ་སྤངས་པའི་བདག་ཉིད་ཅན་བཅས་དང་། དེའི་མཚན་གཞིར་སྐྱབས་འགྲོ་དང་དད་པ། ལམ་གྱི་རིམ་པ། དམྱལ་ཁམས་དང་དག་ཞིང་གི་རྣམ་གཞག་ངོ་སྤྲོད་པའི་གཞུང་ལུགས་སོགས་སོ།། སྟོང་ཉིད་དང་བདག་མེད། གཟུང་འཛིན་གཉིས་སྟོང་། བདེན་མེད། ཚད་མའི་ལྟ་གྲུབ་སོགས་ལ་དག་སྣང་དང་ལྷ་ཆོས་ཀྱི་དོན་ཞུགས་པ་ལས་དོན་ལ་ནང་བསྟན་མཚན་ཉིད་རིག་པའི་གྲུབ་དོན་རྐྱང་པ་ཡིན་པ་ལས་ཆོས་ལུགས་མིན་ཞིང་། ནང་བསྟན་མཚན་ཉིད་རིག་པ་ནི་ནང་བསྟན་ཆོས་ལུགས་པ་རྣམས་ཀྱིས་མངོན་ལྐོག་གི་དོན་བྱ་སོགས་ལ་དངོས་སྟོབས་རྗེས་དཔག་དང་ཚན་རིག་གིས་དོགས་སློང་བྱེད་པའི་མཚན་ཉིད་རིག་པ་ཞིག་ཡིན། འུ་ཚོས་ནང་བསྟན་མཚན་ཉིད་རིག་པ་དང་ནང་བསྟན་ཆོས་ལུགས་གཉིས་ཀྱི་དབྱེ་མཚམས་འགེར་ཐུབ་དགོས་ཤིང་། ཚེ་སྔ་ཕྱི་དང་དམྱལ་ཁམས་སོགས་མངོན་ལྐོག་གི་བྱ་དངོས་ཡོད་ཚད་ལ་ཐེ་ཚོམ་དང་དོགས་སློང་བྱེད་པའི་ནང་བསྟན་མཚན་ཉིད་རིག་པ་འདི་ཟས་གཙང་སྲས་པོ་ཤཱཀྱ་མུ་ནེ་དང་གནའ་བོའི་རྒྱ་གར་གྱི་བརྒྱན་དྲུག་མཆོག་གཉིས་སོགས་ཀྱི་“སྙིང་སྟོབས་”ཤིག་དང་བསམ་བློའི་“གྲུབ་འབྲས་”ཤིག་དང་“
དགོངས་པ་”ཡིན་པའི་གནས་ལུགས་རྟོགས་དགོས་ཤིང་། ད་སྐབས་འུ་ཚོའི་ནང་བསྟན་རིག་གཞུང་གི་སློབ་པའི་ལས་ལ་གཞོལ་བའི་སྐྱེས་བུ་དག་གི་ནང་དུ་ནང་བསྟན་མཚན་ཉིད་རིག་པའི་དགོངས་ཕྱོགས་དང་ལངས་ཕྱོགས་ངོས་ཟིན་མཁན་ཉིན་མོའི་སྐར་མ་ལྟར་གྱུར་བ་འདི་ཡིད་ལ་འཁོར་དཀའ་བའི་ཕམ་ཁ་ཆེན་པོ་ཞིག་རེད། དེ་ཡང་ལོས་ཡིན་ཏེ་འུ་ཚོའི་མེས་པོ་རྣམས་ཀྱིས་མི་ལོ་བདུན་བརྒྱ་ཡས་མས་ཤིག་ཏུ་གྲུབ་མཐའི་ཁྱད་དབང་དང་ལྷ་འབངས་ཀྱི་དོན་དུ་དམག་འཁྲུག་རྒྱབ་པས་འུ་ཚོ་དང་འུ་ཚོའི་སེམས་ཁམས་སུ་ལྷ་སྒྲུང་དང་རྨོངས་དད་ལས་ནང་བསྟན་མཚན་ཉིད་རིག་པའི་ལངས་ཕྱོགས་དང་དགོང་ཕྱོགས་སོགས་བག་ལ་ཞ་ནས་མི་མངོན་པར་གྱུར་བ་རེད་དོ།།
ད་ལྟ་ང་ཚོས་དཔྱད་ཟིན་པ་དང་དཔྱོད་བཞིན་པའི་གཞུང་ལུགས་དག་ལས་ཉུང་ཤས་ཤིག་ནི་སྔོན་གྱི་སྐྱེས་བུ་དཔྱོད་ཤེས་ཅན་འབའ་ཞིག་གི་བསམ་གཞིག་གི་ཐོན་འབྲས་ཤ་སྟག་ཡིན་པས། ང་ཚོས་སྐྱེས་བུ་དེ་དག་ལ་རྩོམ་པ་པོ་དང་གཞུང་ལུགས་དེ་དག་ལ་བརྩམས་ཆོས་ཀྱི་ཐ་སྙད་འདོགས་རུང་བ་ཡིན།
ཡིན་ནའང་སྐྱེས་བུ་དེ་དག་དཔྱོད་ཤེས་ཅན་དང་མཁས་ཆེན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་དག་གི་བརྩམས་ཆོས་དག་ཀྱང་ཤེས་བྱའི་གནས་ཚོད་དང་ཡིན་མིན་འབྱེད་པའི་སོ་མཚམས་སུ་རློམ་ན་ཤེས་བྱ་རིག་པའི་གནས་ལ་དཔྱད་སྟངས་ཀྱི་ཆ་ནས་གོ་ལྡོག་གིས་འཇུག་པ་ཡིན། དཔེར་ན། ང་ཚོ་འགྲོ་བ་མིའི་རིགས་འཚོ་ཞིང་གནས་པའི་སྐར་ཕྲན་འདིའི་དབྱིབས་གྲུབ་བཞིར་འདོད་པའི་གཞུང་ལུགས་དང་། ཟླུམ་པོར་འདོད་པའི་གཞུང་ལུགས་གཉིས་ཡོད་པའི་དབང་དུ་བཏང་ན། དེ་གཉིས་ལས་གང་ཚད་མ་ཡིན་མིན་ནི་དོན་གྱིས་སྐར་ཕྲན་འདིའི་དབྱིབས་ཉིད་ལ་རག་ལས་པས། སྐྱེས་བུ་གང་ཞིག་གིས་གྲུབ་བཞི་དང་ཟླུམ་པོ་གཉིས་ལས་གང་ཡིན་ལ་ངེས་ཤེས་གསལ་ཐག་ཆོད་པ་ཞིག་རྙེད་ན། ད་གཟོད་དེས་གཞུང་ལུགས་དེ་གཉིས་ལས་གང་ཞིག་ཚད་མ་ཡིན་མིན་ཐག་ཆོད་པ་ལས་ལྡོག་སྟེ་ཐག་ཆོད་པའི་གནས་ལུགས་ཤིག་གཏན་ནས་མི་སྲིད་པ་ཡིན། འོན་ཀྱང་ང་ཚོས་གཞུང་ལུགས་དང་ལྟ་གྲུབ་གང་རུང་ཞིག་ལ་འཇུག་སྐབས་དེའི་དགོངས་པ་དོན་དངོས་པོའི་གནས་ཚོད་དང་མཐུན་མིན་གྱི་ཆ་ལ་དོགས་སློང་དང་ཐེ་ཚོམ་མེད་པར་དུངས་ཞེན་རྐྱང་པས་འཇུག་པ་ནི་དོན་དངོས་ལ་མ་བསམ་པའི་གླེན་རྟགས་ཤིག་རེད་དེ། སྤྱིར་བརྩམས་ཆོས་དག་མ་ཞིག་ཡིན་ན་རྩོམ་པ་པོའི་ངོས་ནས་བལྟས་ན་དེ་དངོས་པོའི་རྣམ་བཞག་གི་སྒྲུབ་བྱེད་དུ་སོང་ཡོད་མོད། འུ་ཚོ་ཀློག་པ་པོའམ་ཞིབ་འཇུག་བྱེད་མཁན་དག་གི་ངོས་ནས་བཤད་ན་དེ་ཉིད་དངོས་པོའི་བསྒྲུབ་བྱ་ཡིན་པ་ལས་ལྡོག་སྟེ་བསྒྲུབ་བྱ་སྒྲུབ་བྱེད་དུ་རློམ་ན་ནམ་པ་ཀུན་ཏུ་འཁྲུལ་བ་ཡིན་ཞིང་། འདི་ལྟ་བུའི་ཤེས་འཁྲུལ་བའི་གཞན་དབང་དུ་གྱུར་ནས་རང་ལྟ་མཆོག་འཛིན་བྱེད་པ་ནི་འུ་ཚོ་ནང་བསྟན་རིག་གཞུང་ལ་སློབ་མཁན་དག་གི་རང་ཆས་ཀྱི་གཤིས་ལུགས་ཤིག་ཏུ་གྲུབ་ཡོད། ཉེ་རབས་ཀྱི་མཁས་དབང་ཆེན་མོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་《ཀླུ་སྒྲུབ་དགོང་རྒྱན་》དུ“ཀ་བ་ཡོད་མེད་ཐག་མ་ཆོད་བར་དུ་བློ་འདི་ཚད་མི་ཡིན་མིན་མི་ཤེས། བློ་འདི་ཚད་མ་ཡིན་མིན་ཐག་མ་ཆོད་བར་དུ་ཀ་བ་ཡོད་མེད་མི་ཤེས།”ཞེས་གསུངས་པ་འདི་ལ་བསམ་ཞིང་བསམ་ན་གོ་རྒྱུ་ཆེ་བའི་ཐོད་རྒལ་གྱི་ལྟ་ཚུལ་ཞིག་ཏུ་ཁོ་བོས་འདོད་བཞིན་ཡོད། འོན་ཀྱང་ཁོང་གི་《ཀླུ་སྒྲུབ་དགོང་རྒྱན་》དུ་གསུངས་པའི་དབུ་མའི་ལྟ་བ་དེ་ཡང་བརྗོད་བྱ་མེད་པའི་དོན་སྟོང་འབའ་ཞིག་ཏུ་འདོད་བཞིན་ཡོད་ཀྱང་སྐབས་དོན་མིན་པས་མི་གླེང་བར་བྱ། གཞན་གནའ་བོའི་གཞུང་ལུགས་དང་བསྟན་བཅོས་གྲགས་ཆེན་ཡོད་ཚད་ཀྱང་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་དཔྱད་གཞི་ཙམ་ལས་ཚད་མ་དང་གནས་ལུགས་ཡང་དག་ཏུ་བརྗོད་ན་ནི་ངས་གཏན་ནས་ཁས་མི་ལེན་ཞིང་། དེ་དག་གི་ལྟ་བའི་ཁྱབ་ཁོངས་སུ་དབུ་མའམ་དབུས་ཀྱི་ཐ་སྙད་འདོགས་རུང་བའི་གཞི་གཅིག་ཀྱང་ཡོད་པར་དེ་བས་ཀྱང་ཁས་མི་ལེན། དེའི་ཕྱིར་ན་གནའ་དེང་གི་མཁས་ཆེན་ཚོ་དང་ཁོ་བོ་དག་གིས“དབུ་མ”དང་“དབུས”ཞེས་པའི་ཐ་སྙད་འདི་ལ་གོ་ལེན་སྟངས་ཁྱོན་ནས་མི་འདྲ་སྟེ། གནའ་དེང་གི་མཁས་ཆེན་གསེར་རི་འདྲ་བ་དག་གིས་ནི་ངོ་བོ་ཉིད་མེད་པ་ཐལ་འགྱུར་བའི་ལྟ་བ་དེ་བརྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་“དབུ་མའི་ལྟ་བ་”དང་།“དབུ་མ”དང་། “དབུས་” སོགས་སུ་ཁས་ལེན་ཞིང་དེ་ནི་ཚད་མས་གྲུབ་པའི་རྣམ་བཞག་དག་ལས་གནས་ལུགས་ཕྲ་མོར་མཐའ་གཅིག་ཏུ་འདོད་བཞིན་མཆིས་ཀྱང་། ཁོ་བོས་ནི་“དབུ་མ”་དང་“དབུས་”ཞེས་པའི་ཐ་སྙད་འདི་མི་གཤིས་སམ་བསམ་བློའི་ཁྱབ་ཁོངས་ནས་བྲལ་བ་ལས་ལྟ་བའི་ཐོག་ནས་གོ་དོན་བཀྲལ་དུ་མེད་པར་འདོད་བཞིན་ཡོད་དེ། གྲུབ་མཐའ་དང་ལྟ་བ་གང་ཡིན་རུང་ལོག་དང་མཆོག་གི་དབྱེ་བ་མེད་པར་ཐམས་ཅད་འདྲ་མཉམ་དུ་ལྟ་བ་དང་བརྟག་ཙམ་དུ་འཛིན་པའི་རྨང་གཞིའི་སྟེང་ནས། དོགས་སློང་དང་ཞིབ་འཇུག་བྱེད་པའི་བསམ་བློ་དེ་ལ་“དབུ་མའི་བསམ་བློ།”“དབུས་གནས་བསམ་བློ།” “དབུ་མ”ཞེས་བརྗོད་ཀྱང་དེ་ལྟ་བུའི་མི་གཤིས་སེམས་ཁམས་ཅན་དག་ལ་ནི་“དབུ་མ་པ་ ”དང་“དབུས་གནས་གང་ཟག་”ཅེས་བརྗོད་ན་དངོས་པོའི་གནས་ཚོད་དང་ཉིང་དགོས་སོགས་གང་དམིགས་ཀྱང་དོན་དང་པ་ཞིག་རེད། དབུ་མ་དང་དབུས་ཞེས་པའི་ཐ་སྙད་འདི་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དེ་གཉིས་ཀྱི་གོ་དོན་ནི་“གཟུ་བོར་”གནས་པ་ཞེས་པ་འདི་ཡིན་ལ། གཞན་“དྲང་བོ་དྲང་བཞག་”ཅེས་པའི་ཐ་སྙད་འདིའི་ནང་དོན་དུ་ཡང་འགྲེལ་ཆོག་པས་བསམ་ཞིང་བསམ་ན་བསམ་བློའི་ཁྱབ་ཁོངས་སུ་མི་འགྲོ་རང་འགྲོ་ཡིན་པས། གནའ་བོའི་གཞུང་ལུགས་སམ་རང་ཕྱོགས་ཀྱི་གྲུབ་མཐའ་ཚད་མར་ཞེན་ནས་དེ་ཉིད་གནས་དང་གནས་མིན་འབྱེད་པའི་སོ་མཚམས་སུ་རློམ་མཁན་གྱི་གནའ་རབས་ཀྱི་སྐྱེས་ཆེན་མང་ཆེ་བ་དང་་དེ་དག་གི་རྒྱུད་འཛིན་པ་སོགས་ནི་“དབུ་མའམ་དབུས་”ཞེས་པའི་རྣམ་བཞག་འདིའི་གཡོན་དུ་ལྷུང་མེད་དུ་ཆུག་ཀྱང་གཡས་སུ་ལྟུང་ཡོད་པ་ནི་བསྙོན་དུ་མེད་དོ།།
ལྟ་ཚུལ་འདིའི་དབང་གིས་ཁོ་བོས་རྩོམ་ཡིག་ཅིག་འབྲི་ནའང་ང་རང་སྐྱེས་བུ་སྒེར་གྱི་བསམ་གཞིག་ལས་བྱུང་བའི་ལྟ་ཚུལ་དང་བསམ་ཚུལ་དག་གླེང་བ་ལས་མདོ་སྡེ་བ་སོགས་ཀྱི་གྲུབ་མཐའ་ཞིག་གཞིར་འཛིན་མི་སྲིད་ཅིང་། སྔོན་གྱི་བསྟན་བཅོས་ག་གེ་མོ་ཞིག་དང་འགལ་མིན་གྱི་སེམས་ཁྲལ་ཀྱང་བྱེད་པ་མིན། དེའི་ཕྱིར། སེམས་སུ་ཆགས་པ་དང་འདིར་བཤད་པའི་རྣམ་བཞག་ཡོད་ཚད་ང་རང་སྐྱེས་བུ་སྒེར་གྱི་ལྟ་ཚུལ་ལམ་བསམ་བློ་གཏོང་ཕྱོགས་ཉིད་ཡིན་པ་ལས་བསྟན་བཅོས་དང་གྲུབ་མཐའ་ག་གེའི་དགོང་དོན་ཡིན་ག་ལ་སྲིད། འུ་ཚོས་ཟབ་ནན་གྱི་སྒོ་ནས་ཞིབ་ཏུ་བརྟགས་ན་གནའ་དེང་གི་གཞུང་ལུགས་ཡོད་ཚད་ལ་ནི་མིའི་དཔྱད་གཞིའི་གོ་ཐོབ་ཙམ་དུ་ཟད་པས། ངས་ཀྱང་རང་གི་བརྩམས་ཆོས་འདི་མི་ཡུལ་དུ་སྤེལ་བའི་དགོས་པ་ནི་རང་གི་“ལྟ་བ་”འདི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་དཔྱད་གཞིའི་སྒྲོམ་གཞིའི་ནང་དུ་འཇོག་པ་དང་གཞན་རང་གི་མི་གཤིས་སེམས་ཁམས་འདིས་ནང་བསྟན་མཚན་ཉིད་རིག་པའི་དགོངས་པ་ལེགས་ལམ་དུ་འགྲོ་བར་ཕན་ཅུང་ཙམ་རེ་ཐོགས་པར་རེ་བ་ལས། གཞན་ལ་ཕན་འདོགས་འདོད་ཀྱི་འཁྲུལ་སེམས་དང་ལུང་གང་མང་ལ་ཁུངས་གཏུག་ནས་སྒེར་གྱི་ལྟ་ཚུལ་འདི་རླབས་ཆེན་དུ་སྒྲུབ་འདོད་ཀྱི་ཧམ་སེམས་ཤིག་ནི་ངའི་སེམས་ལ་དུས་སྐད་ཅིག་ཙམ་ལའང་འཆར་མ་མྱོང་། དེ་དག་གི་ཕྱིར་ན་གནམ་ལྷུན་ལ་གྲུབ་མཐའ་མེད་ཅེས་བརྗོད་ན་བརྗོད་ཆོག་ཆོག་ཡིན་ཞིང་རང་གིས་ཀྱང་རང་ཉིད་ནང་བ་སངས་རྒྱས་པའི་གྲུབ་མཐའ་བཞི་ལས་གཅིག་ལ་མི་གཏོགས་པའི་བླངས་དོར་བྱེད་པའི་མཚན་ཉིད་རིག་པ་བ་ཞིག་དང་། “གྲུབ་མཐའ་མེད་པའི་རིང་ལུགས་པ་”ཞིག་ཡིན་པའི་རྣམ་འགྱུར་སྟོན་གི་ཡོད། ནང་བསྟན་མཚན་ཉིད་རིག་པའི་ཁྲོད་ཀྱི་གནའ་དེང་གི་མཁས་བླུན་ཐམས་ཅད་དང་ཁོ་བོའི་དབར་གྱི་ཁྱད་པར་འདི་ཙམ་ཡིན། འདི་ལྟར་རང་གི་ལྟ་ཚུལ་དེ་སྦད་གསང་མེད་བཤད་ན་སྲོལ་རྒྱུན་ལ་སྐྱོན་བརྗོད་བྱས་ན་སྲོག་རྩ་ཆོག་འགྲོ་བའི་རྙིང་ཞེན་པ་དག་གིས་གནའ་རབས་ཀྱི་སྐྱེས་ཆེན་དང་མཁས་ཆེན་གསེར་རི་འདྲ་བ་ཚོ་ལ་དགག་པ་བཏང་བཞག་ཅེས་སྒོ་ཀུན་ནས་བསམ་ཚུལ་ངན་པ་འཛིན་སྲིད་མོད། ཁྱེད་ཚོའི་བསམ་ཚུལ་དེ་བྱིས་བློའི་ཚུལ་བབ་ལས་མ་གྲོལ་བའི་གུ་དོག་གི་བསམ་ཚུལ་ཉི་ཚེ་བ་ཞིག་རེད་དེ། མགོ་འཇིག་རྟེན་སྣོད་བཅུད་ནས་བཟུང་མཇུག་རིགས་པའི་གཞུང་ལུགས་དབར་གྱི་དངོས་པོ་ཡོད་ཚད་སྨྲ་ཤེས་ཤིང་དོན་གོའི་སྐྱེས་འགྲོ་ཀུན་སྤྱི་ཐུན་གྱི་བསམ་བློའི་དཔྱད་གཞི་ཙམ་དུ་ཟད་པས། སངས་རྒྱས་ག་གེ་དང་ཡང་ན་མཁས་ཆེན་འགའ་ཞིག་གིས་ཡིན་མིན་དང་ཡོད་མེད་སོགས་ལས་གང་ཡིན་ཐག་བཅད་དེ་གཞུང་ལུགས་ཀྱང་གཏན་ལ་ཕབ་ཟིན་པས། དེ་དག་གི་དགོང་དོན་རིང་ལུགས་སུ་བྱེད་པ་ལས་བསྐྱར་དུ་བསམ་གཞིག་གམ་ཞིབ་འཇུག་བྱེད་རྒྱུ་མེད་ཅེས་བརྗོད་དུ་མེད་པར་མཁས་བླུན་སུས་དཔྱད་ན་དཔྱད་ཆོག་ཆོག་དང་། དོགས་སློང་བྱས་ན་བྱས་ཆོག་ཆོག་ཡིན་པའི་གནས་ལུགས་འདི་དུད་འགྲོ་རྩྭ་ཟན་མིན་ན་རྟོགས་སླ་བའི་རྒྱུན་ཤེས་ཤིག་ཡིན་ཞིང་། དོན་དངོས་འདི་ཙམ་ལ་བརྡར་ཤ་གཅོད་པའི“བློ་མིག”ཅིག་ མི་མངའ་ན་མཁས་ཆེན་དང་བླ་ཆེན་གྱི་ཆོ་ལོ་ཕུལ་ཏེ་གོང་དུ་བཞག་ལ་བཞག་དགོས་རང་རེད་དོ།། འུ་ཚོ་སུ་ཡིན་རུང་དང་པོ་རྒྱ་ཆེན་ཐོས་མང་དུ་བརྩོན་དགོས་ཀྱང་། བར་དུ་གཞུང་ལུགས་ཐམས་ཅད་གདམ་པར་ཤར་དགོས་དོན་མེད་ལ། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན་དགོས་དོན་དེ་བས་ཀྱང་མེད་པས། རང་ཉིད་ནི་གཞུང་ལུགས་དང་སྐྱེས་ཆེན་དག་གི་གསུང་རབ་ལ་དག་སྣང་མི་སྒོམ་པར་དེ་དག་གི་ཁྲོད་དུ་ནོར་འཁྲུལ་དང་སྐྱོན་འདྲ་ཡོད་མེད་ལ་ཞིབ་འཇུག་བྱེད་རྒྱུར་དགའ་བའི་ནང་བསྟན་མཚན་ཉིད་རིག་པ་བ་ཞིག་ཡིན་པའི་ལངས་ཕྱོགས་བཟུང་ཡོད། ནང་བསྟན་མཚན་ཉིད་རིག་པ་འདི་རྒྱུན་ཆགས་སུ་གནས་ཐུབ་པའི་དབང་དུ་བཏང་ན་མ་འོངས་པར་ཆོས་ལུགས་སྒེར་གཅོད་ཀྱི་བསམ་སྦྱོར་ཤུལ་མེད་དུ་གྱུར་ནས་ནང་པའི་སྔར་ཡོད་ཀྱི་གྲུབ་མཐའ་གང་ལའང་མི་གཏོགས་པའི་ནང་བསྟན་མཚན་ཉིད་རིག་པ་གྲགས་ཆེན་རེ་འབྱུང་བའི་ཡིད་ཆེས་ནི་འཆི་ན་ཞེན་ཆགས་སྐྱེ་མི་དགོས་པ་ཞིག་ཡོད། བརྩམས་ཆོས་འདིར་ཡང་དེའི་ཕྱོགས་སུ་འབད་འབོང་ཅི་ནུས་ཀྱིས་བྱེད་བཞིན་ཡོད་པས། ནང་བསྟན་ཆོས་ལུགས་ལ་མཁྲེགས་འཛིན་ཆེ་བ་དང་གུ་སྒམ་དཀྱེལ་གྱི་བསམ་བློ་མེད་པའི་གྲྭ་བ་ཚོས་ཆོས་ལུགས་སྒེར་གཅོད་དང་རྨོངས་དད་ཀྱི་འཁོར་ལོ་སྐོར་བ་ད་མཚམས་བཞག་ན་ཤིན་ཏུ་འགྲིག་སྟེ། སྐྱེས་བུ་སྒེར་བ་ཞིག་ལ་བསམ་བློའི་རྟོག་པ་སད་ཕྱིན་འཇིགས་སྐུལ་དང་དམོད་སྔགས་སོགས་ཀྱིས་ཅི་ཡང་མི་ནུས་པས་སོ།།
རྩ་འགྲེལ་དང་ཡང་འགྲེལ་སོགས་གོ་ཐོབ་ཆུང་བའི་བརྩམས་ཆོས་དག་ཕུད་ནས། གཞུང་ལུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བརྩམས་ཆོས་དག་ནི་རྩོམ་པ་པོར་སྔར་ཡོད་གཞུང་ལུགས་ལས་འདས་པའི་དོགས་པའམ་བསམ་ཚུལ་དང་གནས་ལུགས་གཞན་ཞིག་ཡོད་པ་ལས་བྱུང་བ་ཡིན་ཞིང་། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་བརྩམས་ཆོས་གསར་བ་ཞིག་ལ་ཁྱད་ཆོས་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་གནའ་དེང་ཉེ་གསུམ་གྱི་གཞུང་ལུགས་འགའ་ཞིག་གི་ལྟ་བ་དང་མི་མཐུན་པའི་ལྟ་ཚུལ་དང་ལངས་ཕྱོགས་གསར་བ་རེ་ཡོད་པ་སྤྱི་འགྲོས་ཡིན་པས། ལད་ཟློས་པ་དང་དུངས་ཞེན་གྱི་དབང་དུ་གྱུར་བའི་གཞུང་ལུགས་པ་རྣམས་དང་བརྩམས་ཆོས་དེ་རིགས་མེ་ཆུ་བཞིན་དུ་མཉམ་གནས་བྱེད་ཐབས་གཏན་ནས་མེད། ཡང་ཕྱོགས་གཞན་ཞིག་གི་སྟེང་ནས་བཤད་ན་ཐེ་ཚོམ་གྱིས་སྣ་དྲངས་པའི་གཞུང་ལུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བརྩམས་ཆོས་ཤིག་ཡིན་ནས་བཟུང་རྩོམ་པ་པོའི་རང་གཤིས་མངོན་བྱེད་ཅིག་དང་། སྤྱིར་ན་རྩོམ་མཁན་ཡིན་པའི་་ཤེས་རྟོགས་བྱེད་མཁན་དེའི་ལྟ་ཚུལ་གསར་བ་དང་། ལྟ་ཚུལ་གསར་བ་དེས་རང་སེམས་ལ་གཙང་བཀྲུ་བྱས་པའི་རྣམ་པ་མཚོན་བྱེད་ཅིག་ངེས་པར་དུ་ཡིན་དགོས་པས། ཁོ་བོའི་བརྩམས་ཆོས་གསར་བ་འདིས་ཀྱང་ལམ་གྱི་རིགས་ལ་དབྱེ་ཞིབ་གསར་བ་ཞིག་བྱས་པ་ནི་རང་སེམས་གཙང་བཀྲུ་བྱས་པ་ལས་གཞན་བསྟན་བཅོས་ཀྱི་བརྗོད་དོན་ལ་བསམ་བློ་བཏང་བ་ཞིག་ཀྱང་རེད་ལ། སྔར་ནས་ད་དབར་ལམ་གྱི་རྣམ་བཞག་ལ་དབྱེ་ཞིབ་བྱས་པའི་རྒྱུད་རིམ་ཁྲོད་དབྱེ་ཞིབ་ཀྱི་བརྩམས་ཆོས་བྱེ་བྲག་པ་མང་དུ་བྱུང་ཡང་དེ་དག་ནི་ཁ་བརྒྱ་མགྲིན་གཅིག་གི་རང་བཞིན་ལས་མ་འདས་ཤིང་། དེ་དག་ལས་གྲགས་ཆེ་བ་དང་ཀུན་གྱིས་བསླབ་གཞིར་འཛིན་པ་ནི་དཀོན་མཆོག་འཇིགས་མེད་དབང་བོའི་བརྩམས་ཆོས་《ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་》ཞེས་པ་འདི་རེད། གཞན་རྗེས་གྲུབ་ཀྱི་བརྩམས་ཆོས་(ལམ་གྱི་རྣམ་བཞག་གླེང་བའི་རྗེས་གྲུབ་ཀྱི་ཡི་གེ་དག་ལ་བརྩམས་ཆོས་ཀྱི་ཆོ་ལོ་ཕུལ་ན་ངའི་སེམས་ལ་དེ་འདྲ་སྟབས་བདེ་ཞིག་མིན་ན་ཡང་འདིར་བརྗོད་བདེའི་དབང་གིས་དེ་ལྟར་དུ་བཏགས་ཡིན།)མང་དུ་སྣང་ཡང་འཇིགས་མེད་དབང་བོའི་བརྩམས་ཆོས་ཀྱི་བརྗོད་ཟིན་ལས་གཞན་དུ་མེད་པས་དེའི་ཟུར་རྒྱན་ཙམ་དུ་སྣང་ལ། བསྐྱར་ཟློས་ཀྱི་ཡི་གེ་དེ་དག་ནི་རྟོག་བཟོ་དང་དག་སྣང་གི་མཛོད་འབའ་ཞིག་དང་། ཟབ་ནན་དང་ཞིབ་འཇུག་གི་རྨང་གཞི་དང་བྲལ་བའི་ཕྱིར། བདག་ལ་དུས་ཚོད་སྐར་ཆ་ཙམ་ལའང་བསམ་བློ་གཏོང་བའི་སྤྲོ་བ་མ་སྐྱེས་ཤིང་། ལད་བཟློས་ཀྱི་ཡིག་ཉོག་དེ་དག་ལ་གནས་ལུགས་ཡོད་མེད་ཀྱི་འཚོལ་རྟོགས་བྱས་ཏེ་རྣམ་པར་རྒྱལ་བའི་དབང་དུ་བཏང་རུང་། བྱིས་པ་ལོ་ཆུང་ཞིག་ལ་འཇུ་རེས་བྱས་ཏེ་རྒྱལ་ཁ་ཐོབ་པའི་སྤྲོ་སྣང་ཙམ་ཡང་འབྱུང་བའི་རེ་བ་ཤིན་ཏུ་ཕྲ་བས་འདིར་དེ་དག་གི་སྐྱོན་འཆད་པའི་ལས་སུ་འཇུག་རྒྱུ་མིན་ཞིང་། གཞན་འདིར་གནའ་བོའི་སྐྱེས་ཆེན་དག་གིས་ས་བཅུ་ལམ་ལྔ་གསུངས་པའི་ཕུགས་འདུན་དང་དེ་དག་གི་གོ་རིམ་ཇི་བཞིན་གསུངས་པའི་དགོས་པ་དང་རྒྱུད་ལ་སྐྱེ་རིམ་སོགས་ཀྱི་ཐད་ང་ལ་ངེས་ཤེས་གསལ་ཐག་ཆོད་པའི་སྒོ་ནས་འཐུས་ཚང་བ་ཞིག་བཤད་རྒྱུ་ཅུང་ཙམ་ཡང་མེད། རྒྱུ་མཚན་ངས་གྲུབ་མཐའ་དང་གཞུང་ལུགས་གང་ཞིག་ལ་བསམ་གཞིག་བྱེད་སྐབས་དེའི་གཞིའི་རྣམ་བཞག་ཏུ་གཏོགས་པའི་ལྟ་བ་ལ་བསམ་གཞིག་གཏོང་བ་ལས་གཞན་གསུང་བ་པོའི་ཐུགས་དགོང་དང་དེ་གསུངས་པའི་གནས་སྐབས་དང་མཐར་གཏུགས་ཀྱི་དགོས་པ་སོགས་ལ་རང་སེམས་འཁོར་མི་སྲིད་པས་ཡིན། དེ་བས་འདིར་ཐེག་གསུམ་མཛེས་རྒྱན་དོགས་གཞིར་བྱས་ནས་ལམ་ཞེས་པའི་ཐ་སྙད་ཀྱི་སྤྱིའི་ཆ་ནས་སྒེར་གྱི་ལྟ་ཚུལ་རགས་པ་ཙམ་ཞིག་གླེང་བར་སྤྲོས་སོ།།
དེ་ལ་ལམ་གྱི་ངོ་བོ་དང་ཆོས་ཉིད་ལ་དཔྱད་པ། ལམ་གྱི་རིགས་གཏོགས་བྱུང་རིམ་གྱི་སྒོ་ནས་ལམ་དང་རྣམ་ཤེས་གཉིས་རྒྱུ་འབྲས་སུ་བཤད་པ། ལམ་གྱི་རྣམ་གཞག་བྱུང་རྐྱེན་གྱི་སྒོ་ནས་ལམ་ཤེས་འགལ་འབྲེལ་དུ་བཤད་པ། དངོས་ཡོད་འཚོ་བར་དཔེར་བརྗོད་དེ་ལམ་ཤེས་འགལ་བར་ཡང་བསྐྱར་ངོ་སྤྲོད་པ་དང་བཅས་རིམ་པ་བཞིའི་སྒོ་ནས་ལམ་ཤེས་འགལ་བར་གླེང་བར་བྱའོ།།
དང་བོ། ལམ་གྱི་ངོ་བོ་དང་ཆོས་ཉིད་ལ་དཔྱད་པ་ནི། སྤྱིར་“ལམ་”ཞེས་པ་ནི་དོན་གཉེར་དང་ཡུལ་གྱི་འབྲེལ་ཐག་ཅིག་ཡིན་ཞིང་དེ་ལ་རིགས་གཉེས་སུ་ངེས་ཏེ། གཅིག་ནི་མཐོང་ཆོས་ཀྱི་ལམ་དང་། གཞན་ནི་གཟུགས་འདས་ཀྱི་ལམ་སྟེ་ང་ཚོས་རྗོད་ཀྱིན་པའི་འཁོར་འདས་ཀྱི་ལམ་སྟེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ནི་ཕྱི་མར་གཏོགས་པ་ཡིན་པས་འདིར་དེའི་ཆོས་ཉིད་ཀྱི་ཁྱབ་ཁོངས་ལས་མ་འདས་པར་གླེང་ན་དོན་དངོས་དང་མཐུན་པར་སྣང་། སྤྱིར་རྩ་བའི་ཆ་ནས་བཤད་ན་མཐོང་ཆོས་སུ་མ་གྲུབ་པའི་ལམ་མམ་ཡང་ན་ལམ་ཞེས་པ་ནི་མཐོང་ཆོས་ཀྱི་ལམ་ལ་དཔེར་བལྟས་ནས་བཞག་པའི་རྣམ་གཞག་ཅིག་ཡིན་ཞིང་། དེ་ནི་དོན་གཉེར་གྱི་རྒྱུད་རིམ་པ་ཞིག་ཡིན་ཏེ་འཇིག་རྟེན་གྱི་ཁམས་འདིར་རིག་གནས་མཐའ་ཡས་པ་ཞིག་མཆིས་མོད། དེ་ལས་“རིག་གནས” (སྐབས་འདིའི་རིག་གནས་ཞེས་པ་ནི་འདོད་བློར་གཏོགས་པའི་རིག་གནས་ལ་གོ་དགོས)་མི་ཉུང་བ་ཞིག་ལ་མཐར་གཏུགས་ཀྱི་དམིགས་ཡུལ་རེ་ཡོད་པ་དང་། དེ་ནི་མི་སུ་ཞིག་ཡིན་ཀྱང་བྱེད་ཐབས་མཆོག་གྱུར་ཞིག་ལ་བརྟེན་ནས་མངོན་གྱུར་བྱེད་དགོས་ཤིང་། མ་ཟད་དེ་ནི་བྱེད་ཐབས་དེར་བརྟེན་ནས་གོ་རུམ་ངེས་ཅན་ཞིག་མ་རྒྱུད་པར་མངོན་གྱུར་བྱེད་ཐབས་བྲལ་བའི་དམིགས་པ་ཞིག་ཡིན། གོ་རུམ་མམ་རྒྱུད་རིམ་དེ་ནི་སྐབས་འདིར་བརྗོད་ན་འདོད་པའི་ལམ་དང་དེའི་ཁྱད་ཆོས་སམ་ལམ་གྱི་ཐུན་མོངས་མ་ཡིན་པའི་གནས་ལུགས་དེ་ཡིན་ཞིང་། དེ་ལ་ཆོས་ལུགས་སོ་སོ་དང་། རིག་གཞུང་སོ་སོ་དང་། མི་རིགས་སོ་སོའི་རིག་གནས་ཀྱི་ལམ་དང་། དམིགས་ཡུལ་དང་བྱེད་ཐབས་ཟུང་ལྡན་གྱི་རིག་གནས་རྒྱ་ཁྱབ་རང་བཞིན་ཅན་གྱི་ལམ་སོགས་སྒྲ་དོག་འཇུག་གི་ལམ་གྱི་གོ་དོན་དང་། ཟ་བཏུང་ཐོན་སྒྲུབ་ཀྱི་རིགས་པའི་ལམ་དང་། ཤེས་ཡོན་འཚོལ་སྙེགས་ཀྱི་ཐབས་ལམ་སོགས་སྒྲ་ཡངས་འཇུག་གི་ལམ་གྱི་གོ་དོན་སོགས་མཐའ་ཡས་པ་ཞིག་ཡོད་མོད་ཀྱང་། དེ་དག་ཐམས་ཅད་ཀྱི་ཐུན་མིན་གྱི་གནས་ལུགས་ཡོད་ཚད་ཕྱོགས་སྡོམ་བྱས་ན་ཐབས་ལམ་ཞེས་པའི་རིག་པའི་རྣམ་བཞག་འདིའི་སྒྲོམ་གཞིའི་ནང་དུ་འདུ་བས་ཐབས་ལམ་དང་ལམ་ཞེས་པའི་མིང་བརྡ་འདི་གཉིས་ཀྱི་གོ་དོན་གཅིག་པ་ཡིན་ཅིང་། དེ་གཉིས་ཀྱང་མཐར་གཏུགས་ན་མིས་བཟོས་པའི་རིག་གནས་སྣང་ཚུལ་ཞིག་རེད། འདིའི་ཐད་ནས་འཚོ་གནས་སྒྲུབ་ཐབས་ཙམ་ལ་འབད་པའི་སྐྱེས་བུ་དག་ཀྱང་ལམ་ཞུགས་ཡིན་པར་བརྗོད་པར་ཆོག་པ་ཡིན། འདི་ལྟར་གླེང་སྐབས་ས་ལམ་རིག་པར་སློབ་སྦྱོང་བྱས་མྱངས་པའི་མི་ཞིག་ཡིན་ནས་བཟུང་། དེ་ལྟར་ན་འཇིག་རྟེན་གྱི་མི་རྣམས་ངེས་འབྱུང་གིས་ཟིན་དགོས་སོ་སྙམ་པའི་བསམ་ཚུལ་དེ་རང་བཞིན་གྱིས་འབྱུང་སྲིད། དེ་ནི་ཆེས་སྤྱིར་གཏང་བ་ཞིག་མ་ཡིན་པར་ལུང་ལ་ལྟོས་གྲུབ་ཀྱིས་སྐྱེས་ཤིང་། མི་རེ་གཉིས་ཙམ་མ་ཡིན་པར་ནང་བསྟན་ཆོས་ལུགས་པ་ཀུན་ལ་བྱུང་དང་འབྱུང་སྲིད་པའི་སྣང་ཚུལ་ཞིག་རེད། ཡིན་ན་ཡང་དེ་ནི་ཧ་ལས་དགོས་པ་ཞིག་དང་ཡང་དག་འཁྲུལ་མེད་ཅིག་མ་ཡིན་ཏེ་གྲྭ་བའི་ཁྱབ་ཁོངས་དང་ཐེག་པ་ཆེ་ཆུང་གི་ལམ་དུ་ཞུགས་པ་ལ་ངེས་འབྱུང་གིས་ཟིན་དགོས་ན་ཐང་མོད་ལམ་དུ་ཞུགས་པ་ལ་དེ་ལྟར་མི་དགོས་ཏེ། ལམ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོངས་ཀྱི་རིག་གནས་སྣང་ཚུལ་ཞིག་ཡིན་ཞིང་། དེ་དང་ཐེག་པ་ཆེ་ཆུང་གི་ལམ་གཉིས་ལ་ཁྱད་པར་ཆེ་བར་མ་ཟད་དེ་གཉིས་ནི་སྤྱི་བྱེ་བྲག་གི་འབྲེལ་བ་ཡོད་པའི་རིག་གནས་སྣང་ཚུལ་ཞིག་ཀྱང་རེད་ལ། ལམ་མམ་གཟིགས་འདས་ཀྱི་ལམ་ནི་ནང་བ་སངས་རྒྱས་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་སེམས་ན་ནི་གཞི་རྒྱ་ཆེ་བའི་རྣོག་ལྡིར་ཞིག་མེད་དུ་ཆུག་ཀྱང་། དུས་དང་རྣམ་པ་ཀུན་ཏུ་ནོར་འཁྲུལ་གྱི་དབང་དུ་གྱུར་བ་ནི་བསྙོན་དུ་མེད། འཇིགས་མེད་དབང་བོའི་བརྩམས་ཆོས་《ཐེག་གསུམ་མཛེས་རྒྱན་》ཞེས་པར། རང་འབྲས་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་བའི་ལམ་ཞུགས་ཀྱི་མཁྱེན་པ་ཞེས་འཁོད་དེ། ལམ་ཞེས་པ་ནི་བྱང་ཆུབ་ཏུ་བགྲོད་བྱེད་ཅིག་ཏུ་ངོས་བཟུང་བ་ནི་ལམ་གྱི་ཁྱབ་ཁོངས་ལས་དཔྱད་ན་ཁྱབ་རྒྱ་ཤིན་ཏུ་ཆུང་ཞིང་གུ་དོག་ཏུ་སྣང་། འོན་ཀྱང་། རྣམ་བཞག་འདི་ནི་འཇིགས་མེད་དབང་བོས་ཐག་བཅད་མིན་པར་གནའ་རབས་ཀྱི་ནང་བསྟན་ཁྲོད་ཀྱི་སྐྱེས་ཆེན་འགའ་ཞིག་གི་རྣམ་མཁྱེན་གྱི་དཔྱད་འབྲས་སུ་གྲགས་པས། ཕྱི་རབས་རྗེས་འབྲང་པ་སྟེ་ལམ་གྱི་རྣམ་བཞག་ལ་གོ་རྟོགས་མི་ཆུང་བའི་གནའ་དེང་གི་རྟགས་གསལ་བ་ཡོངས་ཁྱབ་ཀྱིས་ལམ་ཞེས་པའི་ཚིག་འབྲི་འདིའི་གོ་དོན་དང་རྣམ་བཞག་ནི་གནའ་མིས་གསུངས་པ་ལྟར་དེ་ཉིད་བྱང་ཆུབ་ཏུ་བགྲོད་བྱེད་ཀྱི་ཐབས་ཙམ་དུ་ངོས་འཛིན་གཅིག་མཐུན་བྱུང་ཡོད་ནའང་། དེ་ཉིད་མཐར་གཏུགས་ན་མི་གཅིག་གི་ལྟ་ཚུལ་གྱི་རྗེས་སུ་རི་བོང་ཅལ་འདྲོགས་བྱས་པ་ལས་གཞན་དུ་མེད་ཅིང་། གཞན་རྗེས་རབས་པ་དེ་དག་ནི་གནའ་མིས་ཅི་གསུང་ཚད་མར་ཞེན་པའི་སྐྱེས་བུ་ཤ་སྟག་ཡིན་པས་གནའ་མི་དག་ལན་གཅིག་འཕྱུག་ན་ཁོ་ཚོ་ཡོད་ཚད་འཕྱུག་འགྲོ་བས། ལམ་གྱི་རྣམ་བཞག་འདི་བྱང་ཆུང་དུ་བགྲོད་བྱེད་ཅིག་ཡིན་པའི་གཅིག་མཐུན་གྱི་ངོས་འཛིན་དེ་གལ་ཆེན་དང་འཁྲུལ་མེད་དུ་བསམ་དགོས་དོན་ཁྱོན་ནས་མེད། རྒྱུ་མཚན་ནི་བརྩམས་ཆོས་དང་གནའ་མིའི་བཤད་ཡམ་ཐམས་ཅད་ལེགས་མཐོང་དང་ཚད་མར་འཛིན་པའི་ལད་ཟློས་པ་ཐམས་ཅད་ཁ་མཐུན་པས་སོ།། གོང་གི་མཚན་ཉིད་དེ་འཇིགས་མེད་དབང་བོས་འཁོར་འདས་ཀྱི་ལམ་མམ་ཐེག་པ་ཆེ་ཆུང་གི་ལམ་གྱི་འཇོག་བྱེད་དུ་བཞག་པར་གྲགས་ཆེ་ཞིང་། དེ་ཡང་ལམ་དང་ལམ་ཞུགས་པའི་རྣམ་ཤེས་གཉིས་ཀྱི་ཁྱད་པར་སོ་སོར་མ་ཁོར་བ་ཞིག་དང་། གཟུགས་འདས་ཀྱི་ལམ་གྱི་ཆོས་ཉིད་དང་འགལ་བའི་བཤད་ཚུལ་ཞིག་ཀྱང་རེད་དེ། རྣམ་འབྱོར་སྤྱོད་པ་རང་རྒྱུད་པའི་གཞུང་ལུགས་སོགས་དང་བྱེ་བྲག་ཏུ་ས་ལམ་གྱི་བརྩམས་ཆོས་སོགས་ཀྱིས་ལམ་དང་ཤེས་པ་གཉིས་ངོ་བོ་གཅིག་དང་། ཉམས་བཞག་ཟེར་བ་དེའི་རྒྱུད་ཀྱི་བདེན་མེད་མངོན་སུམ་དུ་རྟོགས་པའི་མཚན་གཞི་ཡིད་ཀྱི་རྣམ་ཤེས་དེ་ཡང་ལམ་དུ་འདོད་བཞིན་མཆིས། གཞན་ཐལ་འགྱུར་བ་དང་སེམས་ཙམ་པ་པས་ཀྱང་རང་རང་གིས་སྟོང་ཉིད་དུ་ཁས་ལེན་པའི་ཤེས་བྱ་དེ་དག་མངོན་སུམ་དུ་རྟོགས་པའི་རྣམ་ཤེས་དག་ལམ་དུ་འདོན་པ་ནི་རྣམ་འབྱོར་སྤྱོད་པ་རང་རྒྱུད་པ་དང་མཚུངས། རྣམ་བཞག་འདི་དག་ལ་ཞིབ་ཏུ་བསམ་གཞིགས་བྱས་ན་འགལ་འདུ་བསམ་ཡུལ་ལས་འདས་པ་ཞིག་ཡོད་དེ། སྤྱིར་གང་ཟག་གང་ཞིག་ལམ་དུ་ཞུགས་པ་ལ་དེའི་རྣམ་ཤེས་ལམ་དུ་ཞུགས་པ་ལས་བེམ་པོ་ཞུགས་པ་ལ་གོ་བ་མེད་པ་ཡིན་ཞིང་། གཞུང་ལུགས་ལས་བཤད་པ་དང་བསྟུན་ན་སྟོང་ཉིད་ཟེར་བ་དེ་མིག་ཤེས་དང་སྣ་ཤེས་སོགས་ཀྱི་ཡུལ་གྱུར་བའི་སྣང་ཚུལ་ཞིག་ཡིན་མི་སྲིད་པས། ཤེས་པ་ལྷག་མ་ཞིག་ཡོད་པའི་སྐྱེས་བུ་ཞིག་མིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉམས་བཞག་ཡེ་ཤེས་ཟེར་དེ་ལ་ཡིད་ཀྱི་རྣམ་ཤེས་ལས་མི་སྲིད་པར་ཁ་ཚོད་གཅོད་ནུས་ཤིང་དེ་ལ་གནས་ལུགས་མེད་པ་སུ་ཡིས་སྙོན་ནུས། དེ་ལྟར་ན་ས་ལམ་རིག་པའི་བརྩམས་ཆོས་དང་རྩོམ་པ་པོ་དང་ནང་བའི་གྲུབ་མཐའི་སྲོལ་འབྱེད་པ་དག་གི་འདོད་ཚུལ་དང་མཐུན་པར་བྱས་ན་མཚན་གཞི་ཡིད་ཀྱི་རྣམ་ཤེས་དེ་ཉིད་ལམ་དུ་འདོད་དགོས་ཤིང་། དེ་ལྟར་ན་དེ་འདྲའི་ཡིད་ཀྱི་རྣམ་ཤེས་དེར་ཞུགས་པའི་རྣམ་ཤེས་ཤིག་འཚོལ་དགོས་ཤིང་དེ་འདྲའི་རྣམ་ཤེས་ཤིག་གང་ཟག་རང་ངོས་ནས་འཚོལ་ལམ་གཞན་ངོས་ནས་འཚོལ། ཕྱི་མ་འདོད་ན་སློབ་དཔོན་གྱི་རྣམ་ཤེས་སློབ་མ་ལ་ཞུགས་ཞེས་བརྗོད་ན་གོ་བས་སྟོངས་པ་ལྟར་གནས་ཤིང་། སྔ་མ་འདོད་ན་དེ་འདྲའི་གང་ཟག་ལ་རྣམ་ཤེས་སྤྱི་ཙམ་པ་གཉིས་ཡོད་པར་འགྱུར་ཞིང་། གལ་ཏེ་དེ་འདྲའི་རྣམ་ཤེས་ཤིག་ཡོད་པའི་དབང་དུ་བཏང་ནའང་ཡང་དེ་གཉིས་སོ་སོར་ཞུགས་པའི་རྣམ་ཤེས་ཤིག་ཡོད་པར་ཁས་ལེན་དགོས་པའི་ཕྱིར་ན། གང་ཟག་དེར་རྣམ་ཤེས་བརྒྱ་སྟོང་ཁྲི་ཕྲག་སོགས་མཐའ་ཡས་པ་ཞིག་ཡོད་པར་ཁས་མི་ལེན་རང་ལེན་དུ་ཆགས་ཡོད་པས། ལམ་ཤེས་ངོ་བོ་གཅིག་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཚན་གཞི་ཡིད་ཀྱི་རྣམ་ཤེས་ལམ་དུ་བཞེད་པའི་གསུང་རབ་དང་གྲུབ་མཐའ་སོགས་ལ་གནས་ལུགས་དང་བརྗོད་བྱས་མ་སྟོངས་པའི་རྣམ་བཞག་ཅིག་མེད་པ་ནི་གསལ་བོ་གསལ་ཐག་ཆོད་པའི་སྒོ་ནས་ཤེས་ནུས་པས་ལྟ་བ་འདི་ནི་རྣམ་བཞག་མེད་པའི་བྱིས་སྐད་ཙམ་དུ་ཟད་ཅིང་། དེ་ནི་ལམ་ཤེས་ངོ་བོ་གཅིག་པ་དང་ལམ་ཤེས་པ་དང། ཤེས་པ་ལམ་དུ་འདོད་པའི་མཁས་གྲུབ་དག་གམ་དེ་དག་གི་གསུང་རབ་སོགས་རྣམ་བཞག་དང་གནས་ལུགས་མེད་པའི་ཚིག་རྐྱང་ཙམ་ཡིན་པར་ར་སྤྲོད་པའི་སྒྲུབ་བྱེད་ཚ་ཡེར་བ་དེ་ཡིན་ནོ།།
དེ་འདྲ་ཡིན་མིན་ནི་དཔྱོད་ཤེས་ཀྱི་རྣམ་དཔྱོད་མངའ་བའི་གཟིར་གནས་ཀྱི་བློ་ལྡན་ཚོས་བསམ་གཞིག་ཟབ་ནན་བྱས་ཏེ་བསམ་ཚུལ་བཏོན་པ་དང་གཞུང་ལུགས་རྩོམ་པའི་དགོས་པ་ཤིན་ཏུ་ཆེ་བ་ལས། སྔ་རབས་པ་དག་གི་ལྟ་གྲུབ་དང་གཞུང་ལུགས་དེ་དག་གསུངས་པ་ཅིག་ཅིག་ལ་དགོང་པ་ཡིན། ཉིག་ཉིག་དགོང་བ་ཡིན་ཞེས་“ར་མགོར་ལུག་སྦྱར་”བྱེད་པའི་གཡོ་སྒྱུའི་རྣམ་འགྱུར་མི་འཆིང་བའི་རེ་བ་ཤིན་ཏུ་ལྕི། འོན་ཀྱང་། བག་ཆགས་དང་དུངས་ཞེན་གྱི་དབང་དུ་གྱུར་བའི་སོ་སྐྱེས་ལད་བཟློས་པ་དག་ལ་ནི་རེ་བའི་མཆུ་སྟོན་ཙམ་ཡང་བྱས་པ་མིན་པས། ཁྱོད་ཚོས་མ་རིག་པ་དང་ལོག་ལྟའི་དབང་དུ་སོང་བའི་རྟོག་གེ་བ་དག་གི་ལྟ་ཚུལ་དང་རིགས་ལམ་ལ་ངན་བཤད་དང་མཐོང་ཆུང་གི་སྦྱོར་བ་རྩོམ་པ་ལས་རང་རང་གི་ལག་ཏུ་ཡོད་པའི་འཇིག་རྟེན་ན་དཀོན་པའི་འོད་སྟོང་ལྡན་པའི་ལད་བཟློས་ཀྱི་རིགས་ལམ་མམ་རང་གཤིས་དེ་བསྐྱངས་ནས་བསྡོད་དང་ཁྱེད་ཚོར་མཛའ་བའི་རྒྱུན་གོས་དེ་རེད།
སྐབས་འདིར་ང་ལ་གུས་ཚིག་གི་ལྷ་དར་རིང་མོ་ཡིད་དུ་འོང་བ་དྲི་མས་མ་གོས་པ་ཞིག་སྒོ་གསུམ་གུས་པའི་སྒོ་ནས་ཕུལ་ཡུལ་ཞིག་ཡོད་པ་ནི་ཞེ་སྡང་དང་ང་རྒྱལ་སོགས་ཀྱི་ངན་སེམས་རྣམ་པར་ཞི་བའི་ཆོས་པ་གཤའ་མ་ཚོ་ཡིན། ཁོ་ཚོས་ངའི་བརྩམས་ཆོས་དང་སེམས་ཁམས་འདུ་ཤེས་འདི་དག་མཐོང་བ་ན་སྙིང་རྗེའི་སྒོ་ནས་སློབ་གསོ་གཏོང་སྲིད་མོད། འོན་ཀྱང་། ངས་“བསམ་བློ་བཞི་གསུམ་བཅུ་གཉིས་བཏང་”སྟེ་མི་ཚེའི་ལམ་ཁ་འདི་འདེམས་པ་ཡིན་ཞིང་། སྤྱི་ཚོགས་ཁྲོད་གོ་གནས་ཆུང་བའི་“ལོག་ལྟ་བའི་”གྲལ་དུ་འགྲོ་དགོས་དོན་ཡང་ང་ལ་རྒྱུ་མཚན་ཡོད་པས། ཁྱེད་ཚོའི་ཤ་ཚ་བའི་སློབ་སྟོན་དེ་དང་
བླངས་བྱེད་ཐུབ་མ་སོང་བས་དགོང་དག་ཞུ་ཟེར་རྒྱུ་ལས་ཐབས་གཞན་མ་རྙེད་དོ།།
གཞན་ཡང་དཀོན་མཆོག་འཇིགས་མེད་དབང་བོའི་བརྩམས་ཆོས་《ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་》དུ་ཐར་ལམ་དང་མཁྱེན་པ་གཉིས་དོན་གཅིག་ཏུ་གསུངས་ཡོད་ཅིང་དེ་ནི་རང་གི་བརྩམས་ཆོས་ལ་བསམ་བཞིན་དུ་ནང་འགལ་ཕུད་པ་ལས་གཞན་དུ་མ་མཆིས་ཏེ། ཐར་ལམ་དང་མཁྱེན་པ་གཉིས་དོན་གཅིག་ཏུ་གསུངས་པ་དེས་ནི་སངས་རྒྱས་ཀྱི་ས་ན་ཐར་ལམ་ཡོད་པར་དོན་གྱིས་གསུངས་ཡོད་ཅིང་། སྤྱིར་ཐར་ལམ་ཞེས་པ་ནི་སྡུག་བསྔལ་ལས་ཐར་བར་བྱེད་པའི་ལམ་གྱི་གོ་དོན་དུ་འགྲེལ་ཆོག་པ་ནི་འཇིགས་མེད་དབང་བོ་ཙམ་མ་ཡིན་པར་ནང་བསྟན་པ་ཡོངས་ཞལ་གཅིག་མཐུན་ཡིན། དེ་བས་ཐར་ལམ་དེར་ཞུགས་པའི་གང་ཟག་ལ་སྡུག་བསྔལ་ཅན་ལས་མི་སྲིད་པ་ནི་དོན་དེར་གཞིགས་ན་ཚེགས་མེད་དུ་ངོས་འཛིན་འབྱུང་ངེས། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ལམ་ཞེས་པ་ནི་བགྲོད་བྱེད་ཀྱི་རིགས་སུ་གཏོགས་ཤིང་དེར་ཞུགས་པའི་གང་ཞིག་ལ་ངེས་པར་དུ་སློབ་ལས་སམ་ལམ་དེར་བགྲོད་པའི་དམིགས་པ་མ་འགྲུབ་པའི་རིགས་ཤིག་དགོས་ཤིང་། སངས་རྒྱས་ཟེར་བ་ལ་དེ་འདྲའི་རིགས་ཤིག་མི་སྲིད་པ་ནི་སངས་རྒྱས་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་བསམ་བློ་བཏང་ན་གསལ་བོར་ཤེས་ཐུབ་པས། སངས་རྒྱས་ཀྱི་སར་ལམ་ཟེར་བ་ཞིག་ཡོད་པར་སྔོན་གྱི་མཁས་པ་དག་སེམས་མཐུན་བྱུང་ཡོད་ན་ཡང་ཁོ་བོས་ནམ་ཡང་དེ་ལྟར་མི་འདོད་དེ། འོན་ཀྱང་། གང་ཞིག་བདེན་མིན་ནི་སྤྱི་ཚོགས་ཀྱི་གླེང་སྐལ་ཡིན་པས་དེ་ཙམ་གྱིས་འཐུས་པར་བྱེད་དོ།།
ཡང་《ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་》དུ་ངེས་འབྱུང་གི་བསམ་པ་བཅོས་མིན་གྱིས་ཟིན་པའི་ལམ་ཞུགས་ཀྱི་མངོན་རྟོགས་ཞེས་ལམ་ཞུགས་ཀྱི་གང་ཟག་ལ་ངེས་འབྱུང་དགོས་པའི་བཤད་ཚུལ་ནི་ལམ་ལ་ཤེས་པ་དགོས་པར་གསུངས་པ་ལྟར་ཁྱབ་རྒྱ་ཤིན་ཏུ་ཆུང་སྟེ། འདོད་སྲེད་ཀྱི་དབང་གིས་ཕྱི་མར་ཡང་ལོངས་སྤྱོད་འཕེལ་ཆེད་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་གང་ཟག་ཅིག་སྲིད་པ་ནི་མངོན་སུམ་ངོས་ཡོད་ཡིན་ཞིང་། དེ་ནི་ལམ་ཞུགས་ཀྱི་གང་ཟག་ཏུ་འཇོག་ཆོག་ཀྱང་ངེས་འབྱུང་གིས་ཟིན་མེད་པར་ཁ་ཚོད་ཆོད་པ་ཞིག་རེད། ལར་ངེས་འབྱུང་གི་བསམ་པ་བཅོས་མིན་གྱིས་ཟིན་པའི་མངོན་རྟོགས་ལམ་གྱི་མཚན་ཉིད་དང་། བྱང་སེམས་ཀྱི་ངེས་འབྱུང་གི་བསམ་པ་ཡང་ལམ་དུ་འདོད་པ་གཉིས་ནི་ནང་འགལ་གྱི་ཕུང་བོ་ཞིག་རེད་དེ། མི་གཅིག་ལ་ངེས་འབྱུང་སྤྱི་ཙམ་པ་གཅིག་ལས་གཉིས་མི་སྐྱེ་བས་བྱང་སེམས་ཀྱི་ངེས་འབྱུང་ཟིན་བྱེད་ཀྱི་ངེས་འབྱུང་ཞིག་བྱང་སེམས་རང་རྒྱུད་ནས་འཚོལ་དུ་མེད་ལ་གཞན་རྒྱུད་ནས་ཀྱང་འཚོལ་དུ་མེད་པས་མཐར་ཐུག་ན་ཟིན་བྱ་ཟིན་བྱེད་གཉིས་སོ་སོར་མེད་པར་འགྱུར་བས་མཚན་ཉིད་འདི་ཁ་ནང་ལ་ཅི་ཡོང་བཤད་པ་ཙམ་རེད། སྤྱིར་བཤད་ན་ངེས་འབྱུང་ནི་འགྲོ་མི་ཡོངས་ཀྱི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་འགྱུར་ཆོག་པ་ཡིན་པས་དེ་ཉིད་ནང་ཆོས་དང་ནང་ཆོས་པའི་མཐུན་མོངས་མ་ཡིན་པའི་ཁྱད་ཆོས་སུ་བསྒྲེང་ན་མི་འགྲིག དེ་བས་གསུང་རབ་དག་ཏུ་མི་གང་ཞིག་གི་རྒྱུད་ལ་ངེས་འབྱུང་སྐྱེས་པ་ན་དེ་ཚོགས་ལམ་ལ་ཞུགས་དགོས་པ་དང་འཁོར་བར་སྙིང་བོ་མེད་པར་ངེས་པའི་བསམ་བློ་ཚུགས་ཐུབ་པ་ཞིག་སྐྱེས་དགོས་པར་བཤད་ཅིང་དེ་ནི་སྤྱི་མཐུན་གྱི་ལྟ་ཚུལ་ཞིག་ཏུའང་ཆགས་འདུག་ན་ཡང་། དེ་ཡང་ལུང་ཚད་མར་འཛིན་པའི་འདུ་ཤེས་ཀྱི་གྲིབ་གཟུགས་ལས་མ་འདས་ཤིང་ཚད་མའི་གནས་སུ་འཛིན་མི་རུང་སྟེ། ཕྱི་ནང་གི་རྒྱུ་རྐྱེན་ཞིག་གི་དབང་གིས་འཇིག་རྟེན་འདི་དང་འཁོར་བ་འདི་ལ་ཡིད་རྟོན་དང་སྙིང་བོ་མེད་པར་བསམ་པའི་རྟོག་པ་ཚུགས་ཐུབ་ཅིག་ནི་འགྲོ་མི་སུ་ལའང་སྐྱེ་སྲིད་པ་ནི་མངོན་སུམ་ཡིན་ཞིང་། བསམ་ཚུལ་ཤིགས་དྲག་དེ་ནི་ང་ཚོས་བརྗོད་ཀྱིན་པའི་ངེས་འབྱུང་ཞེས་པའི་མིང་བརྡ་འདིའི་ནང་དོན་དངོས་གནས་པོ་ཡིན་པར་བསྙོན་དུ་མེད་ནའང་། མི་དེ་དག་ནི་འཁོར་འདས་སམ་མཐོ་རིས་དོན་དུ་གཉེར་མཁན་ཤ་སྟག་ཁྱོན་ནས་མ་ཡིན་པས། ངེས་འབྱུང་ཞེས་པ་ནི་སྙིང་བོ་མེད་པར་བསམ་པའི་བསམ་བློ་ཤུགས་དྲག་དེ་ཉིད་ལ་ཟེར་ཞིང་དེ་ལ་རིགས་དུ་མར་དབྱེ་རུང་བ་ཡིན། སྔར་འདས་ཀྱི་སྙན་ངག་པ་གྲགས་ཅན་དག་གི་ཁྲོད་ཀྱི་མི་འགའ་ཞིག་གི་འདས་དོན་ལ་བསམ་བློ་ཞིག་བཏང་ན། དེ་ཚོའི་ཁྲོད་དུའང་ངེས་འབྱུང་གིས་ཟིན་པའི་གང་ཟག་ཅེས་པའི་ཐ་སྙད་འདི་འདོགས་རུང་བའི་སྐྱེས་བུ་རེ་ཡོད་པར་སྣང་ནའང་བློ་ཡིད་ཚིམ་པའི་བློ་སྐྱེད་ཅིག་ད་རུང་མ་རྙེད་པས་འདིར་ཁ་ཚོན་གཅོད་པར་མི་བྱའོ།།
ཡང་《ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་》ཞེས་པར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་ངན་འགྲོའི་སྡུག་བསྔལ་རྟོགས་པའི་ཤེས་རབ་སོགས་ལམ་ཡིན་པར་གསུང་འདུག་ཅིང་། དེ་ཡང་ལམ་དང་ཤེས་པའི་གཞི་མཐུན་འདོད་པའི་ལྟ་གྲུབ་ཀྱི་གྲུབ་ཆ་ཞིག་དང་། གཞན་སྐྱེས་བུ་སྒེར་ཞིག་གི་བསམ་ཚུལ་ཙམ་དང་གནའ་གཞུང་ཚད་མར་འདོད་པའི་སྐྱེས་བུ་དག་གི་གཅིག་མཐུན་གྱིས་བཞེངས་བསྐྲུན་བྱས་པའི་“མགྲིན་གཅིག་སྒྲོམ་གཞིའི་”ནང་ཚན་གྱི་ལྟ་ཚུལ་ཞིག་ཡིན་པས་ཚད་མ་ཡིན་པའི་ངེས་པ་མེད་ཅིང་དོགས་པ་མེད་པ་ནི་མི་སྲིད་པ་ཡིན། ངས་འདི་ལྟར་ཡང་དང་ཡང་དུ་ནང་བའི་ས་ལམ་གྱི་གཞུང་ལུགས་ལ་དགག་པ་དང་དོགས་སློང་བྱས་ན་མང་དག་ཅིག་གི་སེམས་ནང་ལ་འདིས་ནང་བའི་གཞུང་ལུགས་ལ་ངན་སེམས་བཅིངས་འདུག་སྙམ་པའི་སྣང་བ་ཡོང་སྲིད་ཀྱང་། མི་སུ་ཞིག་ཡིན་རུང་གཞུང་ལུགས་ལ་དོགས་སློང་བྱས་ན་རང་ཉིད་ཀྱིས་བསླབས་ཟིན་པའི་གཞུག་ལུགས་ལ་དོགས་སློང་བྱེད་པ་དང་ཐེ་ཚོམ་ཡོད་པ་ནི་ཆོས་ཉིད་ཡིན་ཅིང་། ང་རང་མི་སྒེར་ལ་མཚོན་ན་འཇིག་རྟེན་འདིར་“ཚད་མའི་སྐྱེས་བུ་”དང་གནས་ལུགས་སམ་“དབུ་མའི་གཞུང་ལུགས་”ཤིག་ཡོད་པར་ཁས་མི་ལེན་པའི་ཁར་ཕྱི་ནང་གི་གཞུང་ལུགས་གང་ཡིན་ཀྱང་ངའི་མིག་ནང་ནས་དཔྱད་གཞི་ཞིག་གི་གོ་གནས་ཙམ་ལས་མེད་པས། ང་ལ་བསླབ་གཞུང་དང་ཆ་རྒྱུས་ཆེ་བའི་གཞུང་ལུགས་དག་ལ་དོགས་པ་མང་བ་ལ་རྒྱུ་མཚན་ཡོད། ལམ་ཤེས་འགལ་བར་སྨྲ་བའི་ངའི་“ལྟ་བ་” (གྲྭ་བ་ཙམ་མ་ཟད་མི་སྐྱའི་ཁྲོད་དུའང་ལྟ་བ་ནི་གཞུང་ལུགས་ཀྱི་རྒྱབ་རྩ་ཡོད་པའི་རིག་གནས་ཤིག་ཏུ་ངོས་འཛིན་བཞིན་ཡོད་མོད། ངས་བལྟས་ན་དེ་འདྲ་ཞིག་ཁྱོན་ནས་མ་རེད་དེ། ལྟ་བ་ཞེས་པ་ནི་ཚད་རིམ་མཐོ་བའི་གཞི་རྣམ་ལ་ཤེས་རྟོགས་བྱས་པ་ལས་བྱུང་བའི་ཐག་བཅད་རང་བཞིན་ཅན་གྱི་ཐུན་མིན་རིག་གནས་ཤིག་ལ་ངེས་བར་དུ་གོ་དགོས་པ་རེད།)འདི་འཕགས་པ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་སོགས་ཀྱི་བསམ་ཚུལ་དང་ལྟ་བ་ལས་གཞན་དུ་གྱུར་ཡོད་པ་ངས་སྔོན་ནས་ཤེས་ཡོད། འོན་ཀྱང་། ཐོགས་མེད་སོགས་ལ་རང་རང་གི་ལྟ་བ་དང་འདང་བརྒྱག་ཕྱོགས་རེ་ཡོད་པ་དེ་བཞིན། གནམ་ལྷུན་རང་ལ་ཡང་རང་གི་འདང་རྒྱག་ཕྱོགས་ཤིག་དང་བསམ་སྟངས་ཤིག་ཡོད་ཅིང་འགྲོ་བ་མི་རེ་རེ་ལའང་ཡོད་སྲིད། མ་ཟད་ཤེས་བྱའི་རྣམ་བཞག་ཟེར་བ་དེར་གཙོ་བོ་རང་ཉིད་ཀྱི་ཀླད་པའི་བྱེད་རྩོལ་ལ་བསྟེན་ནས་བསམ་གཞིག་བྱེད་དགོས་པའི་གནས་ལུགས་དེ་ད་སྐབས་ངས་གཞི་ནས་རྟོགས་ཡོད། དེ་ནི་གནད་དོན་གསར་བ་ཞིག་མ་ཡིན་པར་སྤྱིར་སྟངས་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ཆོས་ཉིད་དམ་རྒྱུན་འབྱམས་ཀྱི་སྣང་ཚུལ་ཞིག་ཡིན་པས་ཧ་ལས་དགོས་པའི་དོན་དག་ཅིག་ཁྱོན་ནས་མ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན་ངས་“ལྟ་བ་”དང་བསམ་ཚུལ་འདི་དག་ནི་སྐྱེས་བུ་དེ་དག་དང་མཐུན་པ་ཞིག་མིན་ལ་མཐུན་དགོས་ཀྱང་ཅི་ཡོད། ང་ཚོ་ནི་བསམ་གཞིག་དང་ཤེས་རྟོགས་ཀྱི་རྣམ་དཔྱོད་མངའ་བའི་འགྲོ་བ་མིའི་རིགས་ཀྱི་ཁོངས་གཏོགས་ཤིག་ཡིན་པས། རང་ཉིད་ཀྱི་ཀླད་པའི་བྱེད་རྩོལ་ལ་བརྟེན་ནས་ཤེས་བྱའི་གནས་ལ་ཚད་འཇལ་བྱེད་དགོས་པ་ལས། གནའ་རབས་ཀྱི་སྐྱེས་ཆེན་དག་གམ་དེང་དུས་ཀྱི་མཁས་པའི་མིང་འཛིན་པ་དག་གིས་ཅི་གསུང་ཐམས་ཅད་སྒྲ་ཇི་བཞིན་པར་ཚད་མར་རློམ་ཏེ་ལད་བཟློས་བྱས་ན་ནི་དོན་གྱིས་རང་ཉིད་ཀྱི་མི་ཚེའི་རིན་ཐང་སྣང་མེད་དུ་བཞག་པ་དང། རང་ཉིད་བྲན་གཡོག་ཏུ་འགྱུར་བ་ཡིན་པའི་གནས་ལུགས་འདི་སུས་ཀྱང་ཤེས་ན་འགྲིག་གི
ཡང་སྐབས་འདིའི་བརྗོད་བྱའི་གཙོ་བོ་ལམ་ཤེས་འགལ་བའི་རྣམ་བཞག་དེ་གླེང་བའི་མཚམས་མི་མཐུད་དུ་བསྐྱང་ན། ལམ་ཤེས་གཉིས་ནི་ངོ་བོ་གཅིག་མ་ཡིན་པར་དེ་གཉིས་ནི་གཞི་མཐུན་གཏན་ནས་མི་སྲིད་པའི་རིག་གནས་སྣང་ཚུལ་ཞིག་དང་། བདག་མེད་རྟོགས་པའི་ཐེག་པ་ཆེ་ཆུང་གི་ཡེ་ཤེས་དང་མངོན་རྟོགས་སོགས་ནི་དེ་དང་དེའི་ལམ་གྱི་འབྲས་བུ་ཡིན་པར་འདོད་བཞིན་ཡོད་ཅིང་། ཚད་རིམ་བྱེ་བྲག་པ་ཞིག་གི་སྟེང་ནས་བཤད་ན་ལམ་ཞེས་པ་ནི་དོན་གཉེར་དང་ཡུལ་གྱི་འབྲེལ་ཐག་གི་རང་བཞིན་ཅན་གྱི་ཕྱི་རོལ་ཡུལ་གྱིས་བསྡུས་པ་ཞིག་ཡིན་ཞིང་། ཤེས་རབ་དང་དགེ་བློ་སོགས་ནི་ལམ་དུ་ཞུགས་པའི་གང་ཟག་གི་དམིགས་ཡུལ་འགྲུབ་བྱེད་ཀྱི་ལག་ཆ་ཙམ་དུ་གྱུར་བའི་ནང་ཤེས་པས་བསྡུས་པ་ཙམ་རེད། འདི་ནི་བརྟག་པ་མཐའ་བཟུང་གི་ཚུལ་གྱིས་བཤད་པ་ཙམ་ལས་བདག་མེད་རྟོགས་པའི་ཤེས་རབ་སོགས་ཡོད་པར་བཤད་པ་མིན་ལ་མེད་པར་བཤད་པའང་མིན། འདིའི་མཚོན་ནས་གོང་འོག་ཀུན་ཏུ་བཀོད་ཡོད་པའི་མཚན་གཞིའི་རིགས་ལ་གོ་བོ་དེ་ལྟར་དུ་བླངས་ན་སྟབས་བདེ་ཡིན། བར་སྐབས་འདི་ནས་ཡང་བསྐྱར་ལམ་ཞེས་པའི་བརྡ་ཆད་འདིའི་ནང་དོན་སྒྲ་ཡངས་འཇུག་གི་གོ་བའི་ངོས་ནས་དབྱེ་ཞིབ་རགས་བཤད་ཅིག་བྱས་ན། དེ་ནི་སྐྱེས་བུ་དང་ཚོགས་པ་གང་ཞིག་གིས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་དེ་ལ་ཚུལ་དང་མཐུན་པ་དང་མི་མཐུན་པའི་རྒྱུད་རིམ་ཞིག་མེད་མི་སྲིད་པ་ཡིན་ལ། རྒྱུད་རིམ་དེ་དག་ནི་སྐབས་འདིར་བརྗོད་ན་འདོད་པའི་གཟུགས་འདས་ཀྱི་ལམ་གྱི་ངོ་བོའམ་ཁྱད་ཆོས་ཡིན་པ་ནི་གོང་དུ་བཤད་ཟིན་ལྟར་ལས་མ་འདས། དེ་བཞིན་ཐེག་པ་ཆེ་ཆུང་གི་ལམ་ཟེར་དེ་ཡང་ཐར་བའི་གོ་འཕང་དེ་དོན་དུ་གཉེར་མཁན་གྱི་སྐྱེས་བུ་དེའི་འབད་བརྩོན་གྱི་རྒྱུད་རིམ་དེ་དག་ལ་གོ་དགོས་པ་ནི་རྟོག་ལྡན་གྱིས་བསམ་གཞིག་ཡུན་རིང་བྱས་མཐར་གྱི་ཐུན་མིན་གྱི་འབྲས་བུ་དང་“ལྟ་བ”ཡིན། འདི་ནི་རང་བྱུང་ཁམས་སམ་ནང་བའི་ཆོས་ལུགས་པ་དག་གི་ནང་དུ་རྒྱུན་ལྡན་ལས་འདས་པའི་དོན་དག་ཅིག་ཡིན་པས། ངས་རྒྱུན་དུ་གནའ་ནས་ད་བར་དུ་ལམ་དང་ཤེས་པའི་གཞི་མཐུན་མི་སྲིད་ཅིང་། དེ་གཉིས་ནི་འགལ་བ་འབའ་གཞི་རེད་ཅེས་བརྗོད་མཁན་གཅིག་ཀྱང་མ་བྱུང་བའི་གནས་ཚུལ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་བ་ཡིན་ཞིང་ད་སྐབས་ཕལ་ཆེར་ངས་དེར་གོ་བ་ལོན་ཡོད་དེ། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དུ་“རྣོད་དང་ལག་པ་ཆ་ཡོད་”ཅེས་པ་ལྟར། ཁོ་བོ་ནི་ཆུང་དུས་ནས་ནང་བསྟན་མཚན་ཉིད་རིག་བའི་ཁོར་ཡུག་ནས་མཚར་ལོངས་བྱུང་བའི་སྐྱེས་བུ་ཞིག་ཡིན་པས། ང་ཇི་ལྟ་བུ་ཞིག་ཡིན་པ་ནང་བསྟན་པ་དག་ལ་གསལ་ཁ་ཆེ་ཞིང་། ནང་ཆོས་པའམ་“ནང་བསྟན་རྟགས་གསལ་པ་”དག་ཇི་ལྟ་བུ་ཞིག་ཡིན་པ་ང་ལ་ཆ་རྒྱུས་ཤིན་ཏུ་ཆེ་སྟེ། ཁོ་ཚོ་ཚང་མས་ལུང་ཚད་མ་དང་གཙོ་བོར་འཛིན་པ་ལས་དེར་བདེན་ལུགས་ཡོད་མེད་ཀྱི་རྣམ་བཞག་ལ་བསམ་བློ་གཏོང་མི་སྲིད་ཅིང་། མི་ཚེ་གང་བོར་གྲུབ་མཐའི་ཆེད་དུ་གྲུབ་མཐའ་སྦྱོང་བ་དང་། གཞུང་ལུགས་ཀྱི་ཆེད་དུ་གཞུང་ལུགས་འབྲི་བ་སོགས་“རང་ལྟ་མཆོག་འཛིན་”གྱི་གཤིས་སྤྱོད་མངའ་ཞིང་གཤིས་སྤྱོད་དེས་བསྐྱེད་པའི་སེམས་རྒྱུད་གྱོང་བོ་ཞིག་ཀྱང་མཆིས། དེ་བས་གཞུག་ལུགས་གང་ཞིག་ལ་གནས་ལུགས་ཡོད་མེད་ཀྱི་སྐད་ཆ་གླེང་བ་ནི་“རི་བོང་གི་རྭ་”ལྟར་སྣང་པས་ལམ་ཤེས་འགལ་བ་རེད་ཅེས་པའི་གཏམ་འདི་ཡང་ཁ་སེམས་ནང་ནས་རྒྱུ་ག་ལ་སྲིད། དེ་བས་ཁོ་བོ་ལྟ་བུའི་རྟོག་པ་མཐུར་མེད་དུ་ཤོར་བའི་མི་ཞིག་མིན་ན་འདི་འདྲའི་སྣང་བ་ཞིག་ཡོང་མི་ཐུབ་པའི་རྒྱུ་མཚན་ནམ་གནས་ལུགས་དེ་སུས་ཀྱང་གསལ་བོར་རྟོགས་ཐུབ་པ་ཞིག་རེད། འདི་ལྟར་གླེང་ན་ངའི་ལྟ་བ་འདི་གཅིག་ལ་ཡང་མི་མཐུན་པ་ཞིག་ཆགས་འདུག་ཡོད་ནའང་ལམ་ལ་ཤེས་པ་དགོས་པའི་གཙོ་རྒྱུགས་གྲུབ་མཐའ་ལ་རང་བློ་མ་འཐད་པས་རྩོམ་ཡིག་འདི་གཉེར་བའི་ལས་སུ་ཞུགས་པ་ཡིན་ནོ།།
གཉིས་པ། ལམ་གྱི་རིགས་གཏོགས་བྱུང་རིམ་གྱི་སྒོ་ནས་ལམ་དང་རྣམ་ཤེས་གཉིས་རྒྱུ་འབྲས་སུ་བཤད་ནི། ལམ་ཞེས་པའི་བརྡ་ཆད་འདིའི་ནང་དོན་ལ་ལོ་རྒྱུས་ཀྱི་རྒྱུད་རིམ་གྱི་ཆ་ནས་དབྱེ་ཞིབ་ཅུང་ཙམ་བྱས་ན། སྐྱིད་ལ་སྡུག་པའི་འཇིག་རྟེན་འདིར་འཚོ་གནས་ཆགས་པའི་འགྲོ་བ་མིའི་རིགས་ལ་ལོ་རྒྱུས་ཀྱི་རྒྱུད་རིམ་ཤིན་ཏུ་རིང་མོ་ཞིག་ཡོད་མོད། དེ་ལས་སྨྲ་ཤེས་ཤིང་དོན་རྟོགས་ཐུབ་པའི་མཚན་ཉིད་ཚང་བའི་ལོ་རྒྱུས་ཀྱི་འགོ་ཚུགས་ནས་དུས་ཡུན་ཅུང་ཙམ་ཞིག་འདས་པའི་རྗེས་སུ་བྱུང་བའི་གནའ་བོའི་གདོད་མིའི་དུས་ཀྱི་མི་རྣམས་ལའང་བསམ་བློ་མི་མཐུན་པ་རེ་བྱུང་བ་དང་། དགོས་དབང་གིས་དབང་བསྒྱུར་རིག་གནས་སོགས་འཇིག་རྟེན་རིག་གནས་དང་དེ་ལས་འདས་པའི་རིག་གནས། ཚུལ་དང་མཐུན་དང་མི་མཐུན་པའི་རིག་གནས་སོགས་དམིགས་འཚོལ་གྱི་ངོ་བོ་ཅན་གྱི་རིག་གནས་དུ་མ་བྱུང་ཞིང་། བྱེ་བྲག་ཏུ་ལོ་ཡི་འཁོར་མོ་ཁྲི་ཕྲག་འགའ་འདས་རྗེས་གསར་དུ་ཚན་རིག་དང་ལྟ་གྲུབ་སོགས་བྱེད་ཐབས་ཁྱད་ཆོས་སུ་གྲུབ་པའི་རིག་གནས་འདྲ་མིན་སྣ་ཚོགས་དུ་མ་ཡང་བྱུང་བས་རིག་གནས་ཀྱི་ཁྱབ་ཁོངས་སུ་ཆོས་ལུགས་ཀྱི་ལམ་དང་འཇིག་རྟེན་པའི་ལམ་སོགས་ལམ་འདྲ་མི་སྣ་ཚོགས་ཤིག་བྱུང་རེད་ལ།(འདི་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་པ་ཡིན་ཞིང་། ང་ཚོས་བརྗོད་ཀྱིན་པའི་ཆོས་ལུགས་ཀྱི་ལམ་ནི་སྒྲ་དོག་འཇུག་གི་ལམ་གྱི་རིགས་གཏོགས་ཡིན་པས་འདིར་དེའི་དབང་དུ་བྱས་ནས་བཤད་ན་འགྲིག)དེ་ནས་རིག་གནས་དེ་དག་གི་རང་རང་གི་བསྐྲུན་ལོ་ནས་བརྩིས་ཏེ་དུས་ཡུན་ངེས་ཅན་ཞིག་ཕྱིན་རྗེས་མི་རྣམས་ཀྱི་རིན་ཐང་ལྟ་ཚུལ་ལའང་མི་མཐུན་པ་འདྲ་མིན་བྱུང་བས་ལམ་དེ་དག་ཏུ་ཞུགས་པའི་གང་ཟག་བྱེ་བྲག་པ་མང་བོ་གསར་དུ་བྱུང་བ་སོགས་ནི་འདོད་བློའི་རིག་ཚན་གྱི་ཁོངས་སུ་གཏོགས་པའི་རྒྱ་ཁྱབ་རིག་གནས་ཀྱི་དབང་དུ་བྱས་ན། ལམ་དང་ལམ་ཞུགས་ཀྱི་གང་ཟག་ཅེས་པའི་མིང་བརྡ་འདིའི་གོ་དོན་མཚོན་བྱེད་ཀྱི་ཤེས་བྱའི་རྣམ་གཞག་དེའི་བྱུང་རིམ་དངོས་རེད། དེའི་ཕྱིར། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུད་རིམ་གྱི་ཆ་ནས་བཤད་ནའང་དང་བོ་ལམ་གྲུབ་དེའི་རྗེས་སུ་ལམ་དེར་ཞུགས་པའི་གང་ཟག་གྲུབ་པའི་གནས་ལུགས་ནི་དཔེ་མཚོན་དེ་ཙམ་གྱིས་ཀྱང་ང་ཚོས་གསལ་བོར་རྟོགས་ཐུབ་ཅིང་འཁོར་འདས་ཀྱི་ལམ་ཟེར་བ་དེ་ཡང་བྱུང་རིམ་གྱི་ཆོས་ཉིད་དེ་ལས་མ་འདས་ཤིང་། གནས་ལུགས་དེར་གཞིགས་ནས་ནན་ཏན་དུ་བསམ་ན་ལམ་ནི་བསམ་གཞིག་ལས་གྲུབ་ཅིང་རིག་གནས་གང་ཞིག་བྱུང་བའི་དབང་སྟོབས་གྱིས་གྲུབ་པ་ཞིག་དང་། ལམ་ཞུགས་ཀྱི་གང་ཟག་ནི་ལམ་དེ་དག་གྲུབ་པ་དང་མཉམ་དུ་བྱུང་བ་ཞིག་མ་ཡིན་པ་སོགས་ཀྱི་ཆོས་ཉིད་དེ་ཚེགས་མེད་དུ་ཤེས་པར་བྱེད་པའི་རིག་གནས་ཀྱི་ལོ་རྒྱུས་རྒྱུ་ཆ་དེ་དག་ནི་སྐབས་འདིའི་གོ་རྟོགས་གསར་བ་བསྐྱེད་པའི་བློ་སྐྱེད་དངོས་ཡིན་ཞིང་། ལམ་དང་དེར་ཞུགས་པའི་གང་ཟག་གཉིས་ནི་རྒྱུ་འབྲས་ལྟ་བུའི་སྔ་ཕྱིའི་རིམ་ཅན་ཞིག་དང་། ལམ་དང་དེ་གཏོགས་ཀྱི་གང་ཟག་གི་སེམས་སམ་ཤེས་པ་སོགས་ཀྱི་དབར་ལའང་སྔ་ཕྱི་ངེས་ཅན་ཞིག་ཡོད་པ་སོགས་ཀྱི་གནས་ལུགས་ནི་ལམ་ཤེས་འགལ་བར་སྨྲ་བའི་རིག་ཚན་འདིས་གསར་དུ་བརྙེད་པའི་ཐུན་མིན་གྱི་གནས་ལུགས་ཤིག་ཡིན་ནོ།།
གསུམ་པ། ལམ་གྱི་རྣམ་བཞག་བྱུང་རྐྱེན་གྱི་སྒོ་ནས་ལམ་ཤེས་འགལ་འབྲེལ་དུ་བཤད་པ་ནི། རིག་ཚན་དེ་དག་གི་ལམ་སོགས་འབྱུང་རྐྱེན་ལ་ཞིབ་ཏུ་བསམ་ན་ཡང་ལམ་རིགས་ལ་ལྟ་བྱེད་ཀྱི་བློ་སྐྱེད་གསར་བ་ཞིག་འབྱུང་སྲིད་དེ། མཚན་ཉིད་རིག་པ་བ་སོགས་ཀྱིས་ས་གཞིའི་ཆེ་ཆུང་དང་རིགས་གཞུང་ག་གེ་ལ་གནས་ལུགས་ལྡན་མིན་སོགས་གཞིའི་རྣམ་གཞག་ལ་དོགས་དཔྱོད་བྱེད་པ་ཙམ་ལས་སྤྱི་ཚོགས་ཀྱི་བདེ་སྡུག་དང་འཚོ་གནས་ལ་བསམ་བློ་གཏོང་བའི་སྤྱི་ཚོགས་བསམ་བློས་དབེན་པས། ཚད་རིམ་ངེས་ཅན་ཞིག་གི་སྟེང་བཤད་ན་གནའ་བོའི་མཚན་ཉིད་རིག་པའམ་ཆོས་ལུགས་སོགས་དང་དེ་དག་གི་ལམ་སོགས་བྱུང་བ་ལ་དགོས་གལ་ཆེན་པོ་ཞིག་མཆིས་པ་ནི་མི་སུས་ཀྱང་མ་མཐོང་མི་སྲིད་པའི་ཤེས་རིག་གི་ཆོས་ཉིད་ཅིག་རེད། དྲང་བོར་བཤད་ན་མི་ཆོས་ཀྱི་ངོས་ནས་མཚན་ཉིད་རིག་པ་དང་ཆོས་ལུགས་སོགས་ནི་འཛམ་གླིང་གི་རིག་གནས་ལྡུམ་རའི་ཁྲོད་ཀྱི་གོ་གནས་ཆེས་ཤིན་ཏུ་དམའ་བའི་རིགས་ཤིག་ཡིན་ཞིང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་དང་དེས་སྐྱེད་པའི་མི་གཤིས་སེམས་ཁམས་སོགས་ནི་སྨྲ་ག་ལ་དགོས་། ཡིན་ནའང་། ལམ་ཞེས་པའི་བརྡ་དོན་དང་བཅས་པ་འདི་ནི་ཐོག་དང་བོར་གདོད་མའི་དུས་ཀྱི་དབང་བསྒྱུར་བདག་པོ་དག་གིས་བཟོས་པའི་རིག་གནས་སྣང་ཚུལ་ཞིག་རེད་དེ། དེ་ཡང་གདོད་མའི་དུས་ཀྱི་མི་རྣམས་ལ་ནི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལ་ཤེས་རྟོགས་ཟབ་མོ་མེད་པས། ཁོ་ཚོས་རང་བྱུང་ཁམས་ཀྱི་གནོད་ཚེ་དེ་ནི་ལྷ་ཟེར་བའི་སྟོབས་ལྡན་ཞིག་གི་མཐུ་ཤུགས་ཀྱི་དབང་གིས་འབྱུང་གི་ཡོད་པའི་ངོས་འཛིན་བྱས་ཤིང་། དུས་དེ་ནས་བཟུང་རང་བྱུང་ཁམས་ལ་མཆོད་བཀུར་བྱེད་པའི་ཆོས་ལུགས་ཐམས་ཅད་ཀྱི་ཆེས་ཐོག་མ་གདོད་མའི་དུས་ཀྱི་ཆོས་ལུགས་དེ་བྱུང་བའོ།། དེ་ནས་དུས་ངེས་ཅན་ཞིག་ཕྱིན་མཐར་སྒེར་སེམས་འདོད་བློ་ཅན་གྱི་བློ་སྣོ་ཞིང་དྲན་འཕྲུལ་གྱི་སྐྱེས་བུ་འགའ་ཞིག་གིས་ཆོས་ལུགས་ཟེར་བ་དེ་ནི་མི་དམངས་དབང་སྒྱུར་བྱེད་ཀྱི་ལག་ཆ་ཁྱད་འཕགས་ཤིག་ཡིན་པར་ངེས་ཤེས་བྱུང་ཞིང་། སྐབས་དེ་ནས་བཟུང་ཆོས་ལུགས་ནི་དབང་བསྒྱུར་བདག་པོ་དག་གི་ཁྱད་དབང་དང་ཁེ་དབང་སྲུང་སྐྱོབ་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་བ་རེད། སྐབས་ཐོག་དེའི་ཆོས་ལུགས་ལག་ཆར་གྱུར་བའི་འདོད་བློ་རིག་གནས་ནི་གཞི་རྒྱ་ཆེ་བའི་དམིགས་ཡུལ་དང་བྱེད་ཐབས་ཟུང་གི་ཁྱད་ཆོས་ལྡན་པའི་རིག་གནས་སྣང་ཚུལ་ཞིག་ཏུ་གྲུབ་ཟིན་པས་དེར་རྒྱ་ཁྱབ་ཀྱི་ལམ་གྱི་རྣམ་བཞག་ཅིག་ཀྱང་གྲུབ་ཡོད་པར་སྣང་ཞིང་། དེ་འདྲའི་ཆོས་ལུགས་རིག་གནས་ལག་ཆར་གྱུར་བའི་འདོད་བློ་རིག་གནས་དེའི་ལམ་ནི་དགོས་དབང་གིས་སམ་བཙན་དབང་གིས་གྲུབ་པའི་ལམ་དུ་བཞག་ཆོག་ཅིང་། དེའི་རྗེས་ཀྱི་ཕྱིས་འབྱུང་ཆོས་ལུགས་སམ་རིག་གནས་སམ་དམིགས་འཚོལ་རང་བཞིན་ཅན་གྱི་ཞི་བའི་རིག་གནས་སོགས་ཀྱི་ལམ་ཞུགས་པ་ཕལ་ཆེར་དགོས་དབང་དང་ཕྲག་ཟུང་ངམ་ཕྱོགས་ཞེན་ལས་བྱུང་བ་ཡིན་སྟབས་དེ་དག་ནི་དུངས་ཞེན་གྱི་དབང་གིས་བྱུང་བའི་ལམ་རིགས་ཡིན། རྒྱུ་མཚན་དེ་དག་གི་ཕྱིར་ན་ལམ་ཞེས་པ་ནི་རིག་གནས་གང་ཞིག་གྲུབ་པའི་རང་བཞིན་ལས་གྲུབ་ཅིང་དེ་དག་ཏུ་ཞུགས་པའི་གང་ཟག་ཅེས་པ་དེ་ནི་དགོས་མཁོ་དང་དུངས་ཞེན་སོགས་ཀྱི་དབང་གིས་བྱུང་བའམ་གྲུབ་པ་ནི་ཆོས་ཉིད་ཡིན་ནོ། ། དེ་བས་ལམ་དང་དེར་ཞུགས་པའི་གང་ཟག་གི་ཤེས་རབ་གཉིས་རིམ་གྱིས་བྱུང་བས་ལམ་དང་ཤེས་པ་གཉིས་ངོ་བོ་གཅིག་དང་གཞི་མཐུན་ཅན་མ་ཡིན་པར་དེ་གཉིས་ནི་འགལ་བ་དང་འབྲེལ་བའི་རང་བཞིན་ཅན་གྱི་སྔ་ཕྱིར་གྲུབ་པའི་སྣང་ཚུལ་ཐད་དད་པ་གཉིས་ཡིན་པ་ནི་ལམ་དང་དེར་ཞུགས་པའི་གང་ཟག་གི་འབྱུང་རྐྱེན་གྱི་གནས་ལུགས་དེ་ལས་ཤེས་ནུས་ལ། གནས་ལུགས་དེ་བཞིན་ང་ཚོས་བཤད་ཀྱིན་པའི་ཐེག་པ་ཆེ་ཆུང་གི་ལམ་ཡང་རིག་གནས་གང་ཞིག་གྲུབ་པའི་འགྲོས་དང་བསྟུན་ཏེ་གྲུབ་ཅིང་། དེ་རྗེས་སངས་རྒྱས་ཀྱི་ཞིང་ཁམས་ཡང་དག་དང་འཁོར་བ་སྡུག་བསྔལ་དུ་མཐོང་བའི་དབང་གིས་སམ་རིག་གནས་དུངས་ཞེན་གྱིས་དེ་ལ་ཞུགས་པའི་གང་ཟག་གྲུབ་པ་སོགས་ལམ་གྱི་ཆོས་ཉིད་ལྟར་མཆིས་སོ།།
བཞི་བ། དངོས་ཡོད་ཀྱི་འཚོ་བར་དཔེར་བཞག་སྟེ་ལམ་ཤེས་འགལ་བར་ཡང་བསྐྱར་ངོ་སྤྲོད་པ་ནི། ང་ཚོའི་གནས་བབ་དང་བསླབ་གཞི་སོགས་ལ་ཆ་མཚོན་ནས་བཤད་ན་ང་ཚོ་ནི་སྟོན་པ་ཤྰཀྱ་ཐུབ་པའི་གཞུང་ལུགས་དང་ལྟ་དགོངས་སོགས་སྒྲ་ཇི་བཞིན་ཁས་ལེན་མཁན་མ་ཡིན་པར་དོགས་སློང་དང་ཐེ་ཚོམ་གྱིས་དེའི་ནང་དོན་སོགས་ལ་རང་སྟོབས་ཀྱིས་དཔྱད་པ་གཏོང་མཁན་ཡིན་ཞེས་བརྗོད་ན་དོན་དང་མཐུན་ཞིང་རིགས་པས་གནོད་པ་མེད་ངེས། དེ་བས་འདིར་ང་ཚོས་རང་ཉིད་གང་ལ་ཞུགས་པའི་ལམ་ལ་བསམ་བློ་བཏང་ནས་ལམ་གྱི་རིགས་ལ་དབྱེ་ཞིབ་འབྱེད་ཆོག་སྟེ། གང་ཟག་ཅིག་གི་མི་ཚེའི་རྒྱུད་རིམ་ལ་དཔེར་བཞག་ནས་གླེང་ན་ཐེག་པ་ཆེ་ཆུང་གི་ལམ་དང་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་བ་རྟོགས་ཐབས་ཀྱི་ལམ་སོགས་ནི་མི་དེས་བསམ་མི་ཤེས་པའི་དུས་ནས་ཡོད་ཅིང་། དེ་དག་ནི་ཤེས་པའི་ཁྱབ་ཁོངས་སུ་མི་གཏོགས་པར་རིམ་པ་བཞིན་ཐེག་པ་ཆེ་ཆུང་གི་ལམ་ཞུགས་པ་དང་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་བ་དོན་གཉེར་གྱི་ལམ་དུ་ཞུགས་པའི་གང་ཟག་དག་གི་སྤྱི་ཐུན་ཞིག་ཡིན་པས། དེ་དག་སྐྱེས་བུ་སྒེར་བ་ཞིག་གི་ཤེས་པ་ཞིག་ཏུ་ངོས་འཛིན་བྱས་ན་ནོར་འཁྲུལ་ཡིན་པ་དཔེ་མཚོན་འདི་ལ་བརྟེན་ནས་ཤེས་ཐུབ་པ་ཡིན་ལ། གཞན་ཁོ་བོའི་རྩོམ་ཡིག་འདི་དང་རྩོམ་ཡིག་ཅིག་ཀློག་མཁན་ཞིག་ཡིན་ནས་བཟུང་ཕལ་ཆེར་གཞུང་ལུགས་པ་ཞིག་གམ་ཞིབ་འཇུག་པ་ཞིག་ཡང་ན་རྩོམ་རིག་པ་ཞིག་ཡིན་ངེས་པས་རང་ཉིད་གང་ལ་ཞུགས་པའི་ལམ་དང་རང་གི་རྣམ་ཤེས་ཀྱི་དབར་གྱི་འབྲེལ་བ་ལ་བསམ་བློ་རེ་ཞིག་བཏང་ན་ལམ་དང་ཤེས་པའི་འགལ་འདུ་དེ་རང་བཞིན་གྱི་རྟོགས་ངེས་སོ།།
གཞན་མངོན་ཐོན་དངོས་ཡོད་ཀྱི་འཚོ་བའི་ནང་གི་ཁ་ཐག་ཉེ་བའི་ཤེས་བྱའི་སྣང་ཚུལ་དམིགས་གསལ་བ་ཞིག་གི་སྟེང་དུ་བབས་ནས་བསམ་བློ་ཞིག་བཏང་ན་། ནང་བསྟན་མཚན་ཉིད་རིག་པ་དང་འཇིག་རྟེན་རིག་གནས་གང་ལ་སློབ་སྦྱོང་བྱས་པར་བརྟེན་མི་རྣམས་ལ་དེ་དག་ངེས་པའི་ཤེས་རབ་འབྱུང་ངེས་ཤིང་། དེ་ནི་སློབ་སྦྱོང་གི་ལམ་དུ་ཞུགས་ནས་བརྩོན་པ་བྱས་པའི་བློ་སྦྱོང་གི་འབྲས་བུ་ཞིག་ཡིན་པ་ལས་སློབ་སྤྱོང་གི་ལམ་མ་ཡིན་པར་བསམ་བློ་བཏང་བ་ཙམ་གྱིས་ཤེས་ནུས་ཞིག་མ་རེད་དམ། བསམ་གཞིགས་གཏིང་ཟབ་ཅིག་ཐོངས་དང་བློ་སྐྱེད་གསར་བ་རེ་འབྱུང་སྲིད་དོ།།
ཁོ་བོས་འདིར་ལམ་གྱི་རིགས་ལ་དོགས་སྒྲུབ་བྱས་ཡོད་ན་ཡང་རང་བཞིན་མ་ཡིན་པའི་བསམ་ཚུལ་ཞིག་འབྱུང་ཡོང་བ་ནི་ས་ལམ་གྱི་བརྩམས་ཆོས་དག་ཏུ་ཐེག་པ་ཆེ་ཆུང་གི་ལམ་རིགས་གཏན་ལ་ཕབས་པས་རྩོམ་ཡིག་འདི་གནད་དུ་མ་ཁེལ་བར་གླེང་ངེས་པས་གསལ་བཤད་ཅིག་བྱེད་དགོས་པ་ཞིག་ལ་ཁོ་བོས་འདིར་ཐེག་པ་ཆེ་ཆུང་གི་ལམ་དང་འཇིག་རྟེན་གྱི་ལམ་གཉིས་ངོ་བོ་གཅིག་ཡིན་པར་གླེང་མེད་ཅིང་། ང་ཚོར་ཆ་རྒྱུས་ཆེ་བའི་ལམ་བྱེ་བྲག་པ་རེར་དཔེ་གཞིར་བྱས་ནས་ལམ་དང་རྣམ་ཤེས་སམ་ལམ་དང་ཤེས་པ་གཉིས་བར་གྱི་འབྲེལ་བ་སྤྱིའི་ཁྱབ་ཁོངས་ལས་མ་འདས་པར་གླེང་ཡོད་པས་ཐུགས་སེམས་ཟབ་ཟབ་གནང་རོགས།
ད་ནི་བྱེ་བྲག་གི་དོགས་གཞིའི་ཐད་ནས་ཅུང་ཙམ་ཞིག་གླེང་བར་བྱ་སྟེ། ས་ལམ་གྱི་བརྩམས་ཆོས་མང་ཆེ་བར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་འཇིག་རྟེན་པ་ནི་ཚོགས་སྦྱོར་དང་འཇིག་རྟེན་ལས་འདས་པ་ནི་མཐོང་སྒོམ་མི་སློབ་ལམ་པར་གསུངས་པ་ནི་གཙོ་བོ་སྤང་བྱ་སྤངས་རིམ་དང་ཤེས་པའི་རྟོགས་རིམ་གྱི་སྒོ་ནས་འཇོག་གི་ཡོད་པ་ཤེས་ཐུབ། འོན་ཀྱང་། འཇིག་རྟེན་པ་ཞེས་པ་ནི་འཇིག་རྟེན་འདིར་གནས་པའི་སྲོག་ཆགས་ཡིན་ཚད་ལ་མི་གོ་བར་དེ་ནི་བསམ་པས་འཛིན་ཚུལ་དང་དོན་གཉེར་མི་འདྲ་བའི་སྒོ་ནས་ལྟོས་བཅས་ཀྱིས་འཇོག་དགོས་པ་ཞིག་སྟེ། འཁོར་བའི་མི་རྣམས་འཇིག་རྟེན་པ་ཡིན་རུང་ན་འཇིག་རྟེན་ལས་འདས་པའི་མི་རྣམས་ཡིན་མི་རུང་བ་དང་།སངས་རྒྱས་ཡིན་རུང་ན་ཤ་ཟ་ཡིན་མ་རུང་བས་འཁོར་བ་དོན་དུ་གཉེར་བའམ་བདེ་བར་སྣང་བའི་མི་རྣམས་འཇིག་རྟེན་པ་ཡིན་པས། འཁོར་བ་སྡུག་བསྔལ་དུ་མཐོང་བའི་དབང་གིས་འཁོར་འདས་དོན་དུ་གཉེར་མཁན་ཞིག་ཡིན་ནས་བཟུང་འཇིག་རྟེན་པ་ཡིན་མི་རུང་བར་འདོད་བཞིན་ཡོད། ཡིན་ནའང་གནད་དོན་འདི་ཕྱོགས་ནས་རང་ཉིད་ཀྱི་བསམ་ཕྱོགས་དེ་ལྷུག་པོར་བརྗོད་པ་ཙམ་ལས་དོགས་སློང་བྱས་ནས་མཐར་ཕྱིན་པའི་དབང་དུ་བཏང་རུ་དོན་སྙིང་ཞིག་ཡོད་པ་མི་མཐོང་བས་དེ་ཙམ་གྱིས་འཐུས་པར་བྱའོ།།
འཆི་བ་མི་རྟག་པར་རྟོགས་པའི་བློ་དེས་རང་རྒྱུད་ལྡན་གྱི་གང་ཟག་ཕྱི་མར་མངོན་མཐོའི་གོ་འཕང་དུ་བགྲོད་པར་བྱེད་པར་ནུས་ཞེས་པའི་ལུང་ཚིག་དེ་སྤྱི་མཐུན་གྱིས་ཁས་ལེན་གྱིན་འདུག་ན་ཡང་ང་ལ་དོགས་གཞི་ཞིག་རང་བཞིན་གྱིས་སྐྱེ་ཡོང་སྟེ། དེ་ལྟར་རྣམ་བཞག་འདི་སྒྲ་ཇི་བཞིན་པར་རང་སོར་དུ་བསྐྱུར་ཏེ་གནས་ལུགས་སུ་བཞག་ན་ནི་རྣམ་བཞག་འདི་གླེང་བོ་རང་ཉིད་ལ་ནང་འགལ་ཞིག་མཆིས་ཏེ། བསམ་ཚུམ་འདི་དང་གང་ཟག་གང་ཞིག་ཕྱི་མར་མངོན་མཐོའི་གོ་འཕང་དང་སངས་རྒྱས། དམྱལ་བ་དང་ཡུ་དྭགས་སོགས་ཀྱི་སྐྱེ་བ་གང་ལེན་མིན་ནི་གཙོ་བོ་ནི་སྐྱེས་བུ་དེས་སྐྱེ་བ་ཐོག་མ་མེད་པ་ནས་བསག་པའི་དགེ་སྡུག་གི་བྱ་བྱས་ཚད་དང་མ་འོངས་པར་བྱ་བ་བཟང་ངན་གང་བྱེད་སོགས་སྤྱི་སྡོམ་བྱས་པའི་“ལས་དབང་”ཟེར་བ་དེས་ཡོངས་སུ་ཐག་གཅོད་དགོས་པར་འདོད་པའི་བསམ་ཚུལ་གཉིས་ནི་གང་ཟག་གཅིག་གི་ཁ་ནང་དང་སེམས་ནང་སོགས་སུ་རྒྱུ་ན་ནི་རྒྱུ་མཁན་རང་ཉིད་ལ་ཀླད་སྐྱོན་དང་སེམས་སྐྱོན་ཡོད་པའི་རྟགས་རེད། དེའི་ཕྱིར། གནའ་བོའི་ནང་བསྟན་པ་དག་གི་བསམ་ཚུལ་དབང་བཙན་པར་བྱས་ན་སྐྱེས་བུ་གང་ཞིག་ལ་ཤེས་པ་ཡང་དག་ཅིག་ཡོད་པར་བརྟེན་དེ་ཕྱི་མར་མངོན་མཐོའི་གོ་འཕང་ཐོབ་པར་ཁ་ཚོད་གཅོད་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན།
འཆི་བ་མི་རྟག་པར་རྟོགས་པའི་བློ་དེས་རང་གཏོགས་ཀྱི་སྐྱེས་བུ་ཕྱི་མར་མངོན་མཐོའི་གོ་འཕང་ཐོབ་པར་བྱེད་ནུས་ནི་འགྲོ་བ་མིའི་རིགས་སངས་རྒྱས་རྒྱུར་ཁ་ཐག་མི་རིང་ཞིང་། མ་ཟད་ས་གོ་ལའི་འགྲོ་མི་འབོར་ཆེན་དེ་ལྷ་ཡུལ་དུ་འགྲོ་བ་ལའང་དུས་ཡུན་མི་རིང་ངོ་།། འཆི་བ་མི་རྟག་པར་རྟོགས་ཞེས་པ་ནི་ནམ་འཆི་ངེས་མེད་ཀྱི་གནས་ལུགས་ཤེས་པས་ཆོག་ཅིང་། དེ་ཙམ་གྱིས་གང་ཟག་ཞིག་ལ་ཕྱི་མར་མངོན་མཐོའི་གོ་འཕང་ཞེས་པའི་དཀོན་ནོར་དེ་ཐོབ་ཐུབ་ན་ནི་སྡུག་སྤོང་དགེ་སྒྲུབ། ཚོགས་བསགས་སྒྲིབ་སྦྱང། ཕྱག་སྐོར་མཆོད་འབུལ་བྱེད་པའི་དཀའ་སྡུག་གི་འཚོ་བ་འདི་རོལ་བ་ནི་དོན་མེད་སྒེར་སྡུག་ཙམ་རེད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་དང་མི་ལེན་གྱི་ཁྱད་པར་མེད་པར་ཀུན་ལ་ནམ་འཆི་ངེས་མེད་རྟོགས་པའི་བློ་ཡོད་པས། འཆི་བ་མི་རྟག་པར་རྟོགས་པའི་བློས་རང་གཏོགས་སྐྱེས་བུ་ཕྱི་མར་མངོན་མཐོ་ལྷ་དང་མིའི་གོ་འཕངས་ཐོབ་པར་འདོད་པའི་བསམ་ཚུལ་འདི་ནི་བཤད་འཆར་དགོད་སྤྲོ་ཞིག་རེད་དོ།།
སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་འཆད་སྐབས་སུ་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ནི་སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེ་བ་ལ་ཐོག་མར་བློ་སྦྱོང་དགོས་པའི་གཞི་ཞིག་ཏུ་ངོས་བཟུང་འདུག་ན་ཡང་དེ་ནི་སྐྱོན་གྱི་མ་གོས་པའི་ལུང་ཚིག་ཅིག་ཏུ་མི་སྣང་སྟེ། མང་བཀུར་སྡེ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཆེད་དུ་འཁོར་འདས་ཀྱི་གོ་འཕང་དོན་གཉེར་བའི་ནང་བ་སངས་རྒྱས་པའི་སྡེ་བའི་ནང་གསེས་ཤིག་ཡིན་པས། སྡེ་བ་དེར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་ལམ་དུ་ཞུགས་པའི་གང་ཟག་བྱུང་མྱོང་ནའང་དེར་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལ་བློ་སྦྱོང་མཁན་གྱི་གང་ཟག་ནི་གཅིག་ཀྱང་བྱུང་མ་མྱོང་སྟེ། མི་རྟག་སོགས་བཅུ་དྲུག་ལ་བློ་སྤྱོང་བ་ལ་བདག་མེད་ལ་བློ་སྦྱོང་དགོས་ཤིང་མང་བཀུར་སྡེ་བས་བདག་མེད་ཁས་མི་ལེན་པས་དེར་བློ་སྤྱོང་མི་སྲིད་པས། སྐྱེས་བུ་ཆེན་པོའི་ལམ་དུ་ཞུགས་པ་ལ་མི་རྟག་སོགས་བཅུ་དྲུག་ལ་བློ་སྤྱོང་མི་དགོས་པ་གསལ་བོར་ཤེས་ཐུབ་ཅིང་། བདག་མེད་ལ་བློ་སྦྱོང་ཞེས་པ་ནི་བདག་མེད་ཀྱི་དོན་ལ་ཐོས་བསམ་བྱས་པ་ལ་གོ་ན་ཤིན་ཏུ་འགྲིག་གི མི་གང་ཞིག་སྐྱེས་བུ་ཆེན་པོའི་ལམ་དུ་ཞུགས་པ་ལ་དེས་མི་རྟག་སོགས་བཅུ་དྲུག་ལ་བློ་སྤྱོང་མྱོང་མ་མྱོང་ལ་འབྲེལ་བ་མེད་པར་ཡུལ་དུས་དང་རྐྱེན་དབང་གིས་དེར་ཞུགས་སྲིད་པར་སྣང་སྟེ། སྐྱེས་བུ་ཆེན་པོའི་ལམ་དུ་ཞུགས་པའི་ཚད་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཤུགས་དྲག་ཅིག་དང་འཁོར་འདས་དོན་གཉེར་གྱི་བསམ་པ་ཚུགས་ཐུབ་ཅིག་སྐྱེས་པ་ཙམ་གྱིས་འཐུས་པ་རེད་སྙམ། སྤྱིར་སྐྱེས་བུ་ཆེན་པོའི་ལམ་དུ་ཞུགས་པར་རྒྱུ་རྐྱེན་འཁོར་བ་སྡུག་བསྔལ་དང་འཁོར་འདས་བདེ་བར་སྣང་བའི་བསམ་པ་ཚིགས་ཐུབ་ཅིག་ཡོད་པས་ཆོག་པ་ཡིན་ལ། སྐྱེས་བུ་སྒེར་གྱི་ལམ་བྱེ་བྲག་ལ་གཞིགས་ནས་བཤད་ན་སྔར་བཤད་པ་ལྟར་ལམ་ནི་དགོས་དབང་དང་དུངས་ཞེན་གྱི་སེམས་བྱུང་ཚིགས་ཐུབ་དང་ཚིགས་ཐུབ་མ་ཡིན་པ་ཞིག་གི་གྲིབ་གཟུགས་ཤིག་ལས་མ་འདས། སྐབས་འདིར་ཚིགས་ཐུབ་ཅེས་པ་ལྟོས་གྲུབ་ཀྱིས་སྟོངས་པ་ལ་མི་བཤད་པར་འདོར་བ་མེད་པ་ལ་གོ་དགོས་པ་ཡིན་ནོ།།
སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་འཆད་པའི་སྐབས་ལ་ངས་བལྟས་ན་གནད་དོན་གསུམ་འདུག་སྟེ།དང་བོ་འདོད་སྲེད་ཀྱི་དབང་གིས་ཚེ་འདིར་ལོངས་སྤྱོད་རྒྱས་པས་ཕྱི་མར་ཡང་རྒྱས་ཆེད་དུ་བསོད་ནམས་ཀྱི་ཚོགས་བསོག་པའི་གང་ཟག་དེ་སྐྱེས་བུ་ཆུང་བུའི་ལམ་དུ་ཞུགས་ཀྱང་ཚེ་འདིར་སྣང་ཤེས་ལོག་མེད་ལ། གཉིས་པ། སྐྱེས་བུ་འབྲིང་སྐྱེས་བུ་ཆུང་བའི་ལམ་དུ་ཞུགས་མེད་ཀྱང་དེའི་རྒྱུད་ལ་དལ་འབྱོར་རྙེད་དཀའ་ཞིང་དོན་ཆེ་བ།དེ་ཉིད་རིང་དུ་མི་གནས་པར་འདོར་བའི་ཚུལ་ལ་བསམ་སྟེ་ཚེ་འདིར་སྣང་ཤེས་ལོག་ནས་ཕྱི་མ་དོན་གཉེར་གྱི་བསམ་པ་བཅོས་མིན་ཞིག་ཡོད་ལ་ཆེན་པོའི་རྒྱུད་ལའང་ཡོད་དོ།།
གསུམ་པ། སྐྱེས་བུ་ཆེན་པོ་འབྲིང་གི་ལམ་དུ་ཞུགས་མེད་ཀྱང་དེའི་རྒྱུད་ལ་འཁོར་བའི་ཕུན་ཚོགས་མཐའ་དག་མེ་འབར་བའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བསམ་པ་བཅོས་མིན་སོགས་ཡོད་པར་བསམ་པའི་སྣང་ཚུལ་འདི་དག་མཆིས་སོ།། ལྟ་ཚུལ་འདི་གསུམ་ནི་ཐོལ་བྱུང་གི་བསམ་ཚུལ་ཙམ་ལས་དོགས་པ་མིན་ཞིང་། དཀོན་མཆོག་འཇིགས་མེད་དབང་བོ་ནི་གནའ་དེང་གི་མཁས་དབང་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་པ་དག་ལས་གོ་བ་དང་ནང་དོན་གྱིས་ཕྱུག་པའི་བོད་ཕྲུག་གཅིག་བུ་དེ་ཡིན་པས། ངས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྩི་བཀུར་བྱེད་བཞིན་ཡོད།
གཞན་སྔོན་དང་ད་ལྟའི་མཁས་པ་དག་གིས་འཇིགས་མེད་དབང་བོས་རྒྱུན་ཞུགས་འབྲས་གནས་ཀྱི་མངོན་རྟོགས་ཀྱིས་གང་ཟག་གི་བདག་མེད་དང་བོར་མངོན་སུམ་དུ་མཐོང་བར་གསུངས་པ་ལ་དགག་པ་རྒྱས་སྤྲོས་ཤིག་བརྒྱབ་ཡོད་ཅིང་། གོ་དོན་ལ་གཞིགས་ནས་སྨྲས་ན་རྩོད་པ་དེ་ཚད་མ་དང་བཅད་ཤེས་ཀྱི་གཞི་མཐུན་མི་འདོད་པའི་གྲུབ་མཐའི་དབང་གིས་བྱུང་བ་ཞིག་ཡིན་ཞིང་། རྩོད་པ་དེ་ཡང་སློབ་དཔོན་ཆོས་གྲགས་ཀྱི་ཚད་མའི་གཞུང་ལུགས་ལ་འགྲེལ་བཤད་བྱེད་མཁན་གྱི་མཁས་ཆེན་འགའ་ཞིག་གིས་ཚད་མ་ལ་“གསར་”རྟོགས་དགོས་ཞེས་བཤད་པའི་ལྟ་ཚུལ་དེ་ལ་མགོ་འབུལ་བྱས་པའི་རིགས་པའི་རྣམ་བཞག་ཅིག་ཡིན་མོད། འོན་ཀྱང་། ངས་ནི་དེ་ལྟར་དུ་མི་སེམས་ཏེ་མི་སླུ་བའི་ཤེས་པ་ཙམ་གྱིས་ནི་ཚད་མའི་མཚན་ཉིད་ཡོངས་སུ་གྲུབ་ནུས་ཏེ། ཚད་མ་ཞེས་པ་ནི་སྣང་ཚུལ་དང་འཛིན་སྟངས་སོགས་ལ་སྒྲོ་འདོགས་དང་འཁྲུལ་བའི་ཆ་མེད་པའི་ཡུལ་ཅན་ཙམ་ལ་ཟེར་བ་ཡིན་ཞིང་། དེ་ཉིད་གྲུབ་པ་ནས་མ་འཇིག་པར་ཚད་མའི་བཞིན་ལས་མི་ལྡོག་པས་ཚད་མ་དང་བཅད་ཤེས་ཀྱི་གཞི་མཐུན་ཡོད་པར་ངས་མཐའ་གཅིག་ཏུ་འདོད་བཞིན་ཡོད་མོད་འདིར་རྒྱས་པར་མི་གླེང་ལ། འདོད་ཚུལ་འདི་དང་མཐུན་པ་ཞིག་གྲོགས་དྭངས་རྭ་བློའི་བརྩམས་ཆོས་ཐོག་མ་《མྱོང་སྟོབས་ཀྱིས་གྲུབ་པའི་སྐྱེ་བ་སྔ་ཕྱི་དང་གསལ་རིག》ཅེས་པར་གསལ་བོར་བཤད་ཡོད། ལར་སྐྱེས་བུ་གང་ཞིག་གིས་བྱང་སེམས་ཀྱི་ལམ་དོར་ནས་ཉན་ཐོས་ཀྱི་ལམ་དུ་ཞུགས་པ་ན་དེའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མངོན་སུམ་རྟོག་པའི་ངོ་བོར་འགྱུར་འགྲོ་ཞེས་པའི་བཤད་ཚུལ་ལ་གནས་ལུགས་ཅུང་ཙམ་ཡང་མི་འདུག་སྟེ། གང་ཟག་གང་ཞིག་གིས་བྱང་ལམ་དོར་ནས་ཉན་རང་ལམ་དུ་ཞུགས་པ་ན་གང་ཟག་དེའི་དམིགས་ཡུལ་བརྗེས་པ་ཙམ་ལས་དེའི་རྣམ་ཤེས་བརྗེས་པ་མིན་པས་དེའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མངོན་སུམ་ཉམས་ག་ལ་སྲིད་དེ། གལ་ཏེ་སྲིད་ན་བྱང་ལམ་དོར་ནས་ཉན་རང་ལམ་དུ་ཞུགས་པ་ལས་འཁོར་འདས་ཀྱི་ལམ་དོར་ནས་འཁོར་བ་དོན་གཉེར་གྱི་ལམ་དུ་ཞུགས་པ་དེ་ཤིན་ཏུ་ཐལ་དྲག་པས། མི་གང་ཞིག་གིས་འཁོར་འདས་ཀྱི་གོ་འཕང་དོན་དུ་གཉེར་བའི་ལམ་དོར་ནས་འཁོར་བར་ཞུགས་པ་ན་དེའི་རྒྱུད་ཀྱི་ཡུལ་ཅན་མངོན་སུམ་འགའ་ཞིག་ཉམས་དགོས་པ་ལ་ཉམས་མི་འགྲོ་བ་ནི་ང་ཚོས་མྱོང་སྟོབས་ཀྱིས་གྲུབ་པ་ཞིག་ཡིན་པས་ལུང་ལ་དག་སྣང་བྱེད་དགོས་དོན་མེད།
འདིར་འདིར་འཇིགས་མེད་དབང་བོ་དང་ཁོང་གི་བརྩམས་ཆོས་ལ་དོགས་སློང་དང་དགག་གཞག་བྱས་པས། ཀློག་པ་པོ་ཞིག་གི་སྣང་ངོར་ལམ་ཤེས་ངོ་བོ་གཅིག་ཟེར་མཁན་གནའ་དེང་གི་སྐྱེས་བུ་ཐམས་ཅད་ཀྱི་ཁྲོད་དུ་བགྲེང་གིས་མི་ལངས་པ་ཞིག་མཆིས་མོད། འོན་ཀྱང་མི་འདིས་སྐྱོན་ཡོད་ཚད་འཇིགས་མེད་དབང་བོ་ཁོ་ནའི་གདོང་ལ་འཕེན་པ་ནི་བློ་གཟི་བོར་མི་གནས་པའི་རྟགས་སུ་མཐོང་སྲིད་པས། གསལ་བཤད་བྱེད་དགོས་པ་ཞིག་ལ་སྐབས་འདིར་འཇིགས་མེད་དབང་བོ་དང་ཁོང་གི་བརྩམས་ཆོས་མཚན་གཞིར་བཀོད་པ་ཙམ་ལས་ལམ་ཤེས་ཐད་དད་དུ་སྨྲ་བའི་བརྩམས་ཆོས་འདིས་དགག་གཞག་དང་སྐྱོན་བརྗོད་ཀྱི་མདའ་མོ་འཕེན་ས་ནི་དེ་ཙམ་གྱིས་ག་ལ་ཚད་དེ། འགོ་གནའ་རབས་རྒྱ་གར་གྱི་ནང་བའི་མཁས་ཆེན་དག་ནས་མཇུག་དེང་དུས་ཀྱི་ནང་བསྟན་བརྒྱུད་འཛིན་པ་དག་གི་དབར་དུ་སྐབས་འདིའི་རྒྱབ་གཏོད་ཡུལ་དུ་མ་གྱུར་བ་གཅིག་ཀྱང་མེད་པས་དོན་མེད་སྒེར་སྡུག་ལངས་དགོས་དོན་མེད། མཇུག་མཐར་ཞུ་དོན་《ལམ་ཤེས་འགལ་བར་སྨྲ་བ་》ཞེས་པའི་བརྩམས་ཆོས་འདི་མི་ལོ་གཉིས་གསུམ་ཙམ་ལ་“གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་”ཉམས་ལེན་གྱི་བསམ་བློ་དོར་ནས་རང་ཚོད་ཀྱིས་སྦྱང་བྱའི་གཞུང་ལུགས་གང་དེར་དོགས་སློང་བྱས་པའི་འབྲས་བུ་སྟོན་པ་དང་། ནང་བསྟན་ཆོས་ལུགས་འདི་ཐལ་མཐར་མི་ལྟུང་ཆེད་དང་ནང་བསྟན་མཚན་ཉིད་རིག་པ་འཐུས་སྒོ་ཚང་བའི་མཚན་ཉིད་རིག་པ་ཞིག་ཏུ་འགྱུར་ཆེད་ཡིན་པས། སྲོལ་རྒྱུན་ལ་འདས་མཆོད་ཕུལ་མི་འདོད་པའི་རྙིང་ཞེན་བག་ཁུམས་ཀྱི་གཤིས་ལུགས་དོར་ནས། འུ་ཚོའི་ཤེས་རིག་གི་གཏེར་མཛོད་ཆེན་མོ་འདིར་དོགས་སློང་དང་དགག་སྒྲུབ་ཀྱི་རིགས་ལམ་སྤྱད་ནས་ནང་བསྟན་མཚན་ཉིད་རིགས་པའི་བསམ་བློའམ་ཁོར་ཡུག་རྣལ་མ་ཞིག་ཆགས་པར་འབད་པ་ཤ་ཐང་ཐང་གིས་བྱེད་པར་དུས་རབས་དང་རིག་གནས་རིན་ཐང་གང་ཅིའི་ཐད་ནས་རེ་བ་ཤིན་ཏུ་ཆེ་ཚོད་རེད།

སྨྲ་མཁས་དཔྱོད་ཤེས་མངའ་བའི་མགོ་བོ་འདི།།
མི་ལ་ཡོད་པ་གཅིག་མཚུངས་ཡིན་གྱུར་བས།།
བླ་ཚེ་སྲོག་གསུམ་རྩིས་འབུལ་བྱས་ནས་ཀྱང་།།
གཞུང་ལུགས་བྲན་གཡོག་བྱེད་དོན་ཅི་ཡང་མེད།།

གནམ་ལྷུན་གྱིས་སྤྱི་ལོ2012ཟླ8ཚེས30ཉིན་རྔ་བ་ནས་བྲིས།

Crew x Nike Killshot 2
VIDEO PORNO XXX the highest quality cotton tops

Jimmy Choo set to team up with H
Prom Dresses mcgee dumped received from indignant refined gal vogue cover

releases new books on Yohji Yamamoto and David Bowie
VIDEOS PORNO Gems like amethyst

Education System Of Washington DC
Download Free Games And good luck finding your keys at the bottom of that thing

TDI technology makes a statement in D
pornos We estimate for fiscal 2010 additional imputed interest of

Best Western Plus Fresno Inn
Porno pour femme 1 mixes get the full 448kbps

Homer Glen Business Coaching Services L Homer Glen Executive Leadership Coaching
free porno there is a good chance that it's fake

Word Wall Activities for Middle School
Filme Porno volume on top that tapers toward the bottom with fringe or bangs
བསྟོད།8

抱歉,评论已关闭!