བོད་ཀྱི་སློབ་ཆེན་པ་དང་འགན་འཁྲིའི་འདུ་ཤེས་ལ་བྲིས་པའི་རྩོམ་འགའ།

ཁྱུང་ལྡེའུ་བཙན་སོགས།

བག་ལ་ཞ་བའི་བོད་ཀྱི་སློབ་ཆེན་པ།

ཁྱུང་ལྡེའུ་བཙན།༼ཁམས་པའི་སློབ་ཆེན༽

སྤྱིར་སློབ་ཆེན་ཟེར་དུས་དེ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག ཡང་ན་སྤྱི་ཚོགས་གང་ཞིག་གི་རིག་གནས་ཀྱི་སྡིངས་ཆ་ཆེན་པོ་ཞིག་རེད་ལ། དེ་བཞིན་དེས་མི་རིགས་དེ་དང་། རྒྱལ་ཁབ་དེ། ཡང་ན་སྤྱི་ཚོགས་དེ་ལ་བླ་ལྷག་གི་ནུས་པ་ཡང་ ཐོན་དགོས་པ་དོན་དངོས་རེད། དེས་ན་དེ་རིང་ང་ཚོས་བག་ལ་ཞ་བའི་བོད་ཀྱི་སློབ་ཆེན་པའི་གདོང་འབག་དམར་བཤུ་རྒྱག་ལ་སུན་འཛེར་བྱ།

༡.འགན་འཁྲི་བོར་བའི་བོད་ཀྱི་སློབ་ཆེན་པ།

འགན་འཁྲི་ཟེར་ན་དེ་ནི་རྡོག་ཕྲེས་ཟེར་བ་ལྟར་ལྗིད་ཏིག་ཏིག་གི་བྱ་དངོས་སམ་ཅ་ལག་ཅིག་ཕྲག་ལ་ཁུར་དགོས་པ་དེར་ཟེར་གྱི་མ་རེད། དེ་ནི་མི་བུ་སོ་སོ་རང་ཉིད་ནར་སོན་པའི་གོ་རིམ་ཁྲོད་ནས་རང་ཉིད་ཀྱིས་ངང་ངམ་ཤུགས་ཀྱིས་དང་དུ་ལེན་དགོས་པའི་ འོས་འགན་དེ་རེད། ཡིན་ན། དེ་རིང་འུ་ཚང་གི་སློབ་ཆེན་པ་ཚོས་འགན་འཁྲི་དེ་དང་དུ་ལེན་གྱིན་ཡོད་དམ་ཞེ་ན། དེ་ནི་རྦད་དེ་མེད་དེ། འགན་འཁྲི་དང་དུ་ལེན་གྱིན་མེད་པའི་མ་ཚད་ཐ་ན་རང་ཉིད་ཀྱང་འཁྱོངས་ཀྱིན་མེད་ཚོད་རེད།དེ་ན་འུ་ཚོའི་འགན་འཁྲི་ ཅི་རེད་ཟེར་ན། དེ་ནི་སྨག་སྟུག་པའི་རྨོངས་དད་ཀྱི་དམུ་ཐག་ཁད་ཀྱིས་གཅོད་རྒྱུ་དེ་རེད། ཡང་ན། སད་མ་ཐུབ་པའི་མི་ཚོགས་རྨི་ལམ་ལས་དཀྲོགས་རྒྱུ་དེ་རེད། ཡང་ན། ཟླ་འོད་མེད་པའི་ནམ་མཁའ་དེ་ཐད་ཀྱིས་གཤགས་རྒྱུ་དེ་རེད། ཡང་ན། སྤྱི་ཚོགས་ཤིག་གི་ཉམ་ང་ཉག་ཕྲའི་གནས་བབ་སྐྱོ་བོ་ཞིག་ངག་ལ་གྱེར་རྒྱུ་དེ་རེད། ཡིན་ཡང་། དེ་རིང་གི་འུ་ ཚོས་རྨི་ལམ་སྐྱིད་པོ་རེ་ཨེ་རྨིས་ལ་སྒུག་ཡོད། ཡང་ན། ཁ་ཕོ་རྔམ་བརྗིད་རེ་ཨེ་ འཁྱོངས་ལ་འབད་ཡོད།འདི་ནི་འུ་ཅག་ལ་མངའ་བའི་ཐུན་མོང་གི་གཏར་མ་ཐུབ་པའི་ནད་རོ་རེད།

༢.རང་ཉིད་བོར་བའི་སློབ་ཆེན་པ།

འུ་ཅག་གི་སྟོན་པས༼རང་ནི་རང་གི་མགོན་ཡིན་གྱི།།གཞན་ལྟ་སུ་ཞིག་མགོན་དུ་བགྱི༽ ཞེས་པའི་ཞལ་ཆེམས་རྨ་མེད་ཅིག་ང་ཚོར་བསྐྱུར་ནས་བུད་སོང་།དེས་ན་དེ་རིང་གི་འུ་ ཚོ་ཤེས་ཡོན་པར་འབོད་པའི་བོད་ཀྱི་སློབ་ཆེན་པ་དག་ནི་རང་ཉིད་བོར་བའི་སྤྱི་ ཚོགས་ཀྱི་ཁུར་བོ་ཞིག་མ་ཡིན་ནམ།ཡང་གཅིག་བཤད་ན།དེ་རིང་གི་ང་ཚོས་རང་ཉིད་ནི་ རང་ཉིད་དང་ཆེས་ཁ་ཐག་རིང་བའི་ཆ་མེད་རྒྱུས་མེད་ཀྱི་མི་དེར་འགྱུར་གྱིན་པའང་ ཚོར་གྱིན་མེད་ཚོད་རེད།ཡང་ན་༼མི་བུ་སྒེར༽ཞེས་པ་ཡང་ཧ་གོ་གིན་མེད་ཚོད་རེད། སྤྱིར་ང་ཚསོ་ནི་མི་བུ་སྒེར་གྱིི་དར་ཆ་དགུང་ལ་འཕྱར་ནས།མི་བུ་སྒེར་གྱི་འདུ་ ཤེས་སྙིང་ལ་བསྒོམས་ནས།མི་བུ་སྒེར་གྱི་འགན་འཁྲི་ལག་ལ་བཟུང་ནས།སྤྱི་ཚོགས་ཀྱི་ སྔུན་ལ་གོམ་པ་སྤོ་དགོས་ཚོད་རེད།གནས་བབ་ཀྱི་དཀྱིལ་ནས་ལག་པ་ཡར་ལ་འགྱོག་དགོས་ ཚོད་རེད།ཡིན་ཡང་།དེ་རིང་གི་ང་ཚོས་དེ་འཁྱོངས་ཀྱིན་མི་འདུག དེ་འགྲུབ་ཀྱིན་མི་འདུག ཐ་ན་རང་ཉིད་ཀྱང་ངོས་ཟིན་གྱིན་མི་འདུག་ཨང་།

༣.འདུ་ཤེས་བོར་བའི་བོད་ཀྱི་སློབ་ཆེན་པ།

མི་སུ་ཞིག་ཡིན་ཡང་། རང་ཉིད་ལ་རིགས་རུས་ཀྱི་འདུ་ཤེས་ཤིག་ནི་ཆུང་དུས་ནས་རྒྱུད་ལ་ངང་གིས་གྲུབ་ཡོད་པ་རེད། ཡིན་ཡང་ནར་སོན་པའི་གོ་རིམ་ཁྲོད་ནས། རྙོག་འཛིང་གི་སྤྱི་ཚོགས་ཀྱིས་ཐེབས་པའི་ཤུགས་རྐྱེན་ནམ་རང་ཉིད་ལ་རང་ཚུགས་མ་ཡོད་པ་སོགས་ རྒྱུ་རྐྱེན་དུ་མས་དབང་གིས་མི་མང་པོ་ཞིག་ལ་རིགས་ཀྱི་འདུ་ཤེས་ཉམས་ཀྱིན་པའི་ རྨ་ཁ་ཞིག་བཟོས་སོང་། ཡིན་ཡང་། རུས་པ་སྔར་བཞིན་རུས་པ་རེད།སྒལ་ཚིགས་ཡང་སྔར་བཞིན་ཕ་མེས་ཡང་མེས་ནས་མཆེད་འོང་བའི་སྒལ་ཚིགས་རེད། ཡིན་པ་ནི་སྒལ་ཚིགས་ལ་སྲ་ རྙིའི་ཁྱད་པར་ཡོད་པ་ཙམ་མོ། དེའི་ཐད་ལ་ང་ཚོའི་སྙིང་ཁོང་གི་གསེར་གྱི་ཀ་བ་མེས་པོ་པཎ་ཆེན་ལགས་ཀྱིས༼ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་ གྱོན་པར་ངོ་ཚ་ན་དེའང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཅི་ལྟར་ བྱེད་རྒྱུ་ཡིན༽ཞེས་པའི་ཞལ་གསུངས་དྲོན་མོ་དེས་ང་ཚོར་ཡོད་ཚད་ལ་མཇུག་སྡོམ་བྱས་བཞག་ཡོད་པ་མ་རེད་གྲང་།

མདོར་ན། ང་ཚོས་སྤྱི་ཚོགས་ཤིག་གི་གནས་བབ་ཁུར་དུ་བླངས་ནས། སྤྱི་དམངས་ཤིག་གི་མདུན་ནས་ཁེར་ཚུགས་ཀྱིས་འགྲེངས་ཐུབ་ཀྱིན་མེད་པ་དེ་ང་ཚོས་འགན་འཁྲི་བོར་བའི་དན་རྟགས་རེད། ཡང་ན།ང་ཚོས་སྤྱི་ཚོགས་ཤིག་གི་བདེ་སྡུག་ངག་ལ་གྱེར་ནས། སྤྱི་ཚོགས་ཤིག་གི་ཟུར་ནས་ཨུ་ཚུགས་ཀྱིས་འགྲོ་ཐུབ་ཀྱིན་མེད་པ་དེ་ང་ཚོས་རང་ཉིད་བོར་ནས་སླར་ཡང་རྙེད་མེད་པར་ར་སྤྲད་ཡོད་པ་རེད།

༼བོད་ཀྱི་སློབ་ཆེན་པ༽ཞེས་པའི་གཏམ་བཤད་སྟེང་གི་གཏམ་བཤད་ཅིག།

བོད་ཀྱི་སློབ་ཆེན་པ་དང་འགན་འཁྲིའི་བར་ཐག་ལས་འཕྲོས་པའི་གཏམ་ཐོར་བུ།

སྙན་གླིང་བུ།༼རྔ་ཁུལ་དགེ་ཐོན༽

ད་ཐེངས་ཁོ་བོས་འདི་ལྟ་བུའི་གླེང་གཞི་ཞིག་གདམ་གསེས་བྱེད་པར་རྒྱུ་རྐྱེན་མེད་པ་མིན་ཏེ། ཡང་གཅིག་བཤད་ན་གླེང་འདོད་པའི་སྤྲོ་བ་བརྟས་པས་ཀྱང་མ་ཡིན་སྟེ། མ་བཤད་ཐུ་མེད་དུ་གྱུར་བའི་གནད་དོན་ཞིག་ཡིན་པས་ན། ད་ནི་ཅི་ཞིག་རྟོགས་སོང་བའི་སྒྲོབ་ཉམས་ཀྱིས་འདུག་རྐྱང་མིན་པར་སེམས་སོ།

སྤྱིར་སློབ་ཆེན་སློབ་མ་ཞེས་པའི་བརྡ་རྟགས་དང་ངོ་བོའི་སྐོར་ནས་ཅུང་ཙམ་བཤད་ན། སློབ་ཆེན་ཞེས་པ་དེ་མཐོ་རིམ་སློབ་གསོ་ལག་བསྟར་བྱེད་པའི་ལས་ཁུངས་ཤིག་ཡིན་འོས་ལ་ ཡིན་ཀྱང་སྲིད།དཔེ་དེ་བཞིན་སློབ་ཆེན་སློབ་མ་ཞེས་བ་དེ་ཡང་མཐོ་རིམ་སློབ་གསོ་ཉམས་ལེན་དང་ལག་བསྟར་བྱེད་པའི་ཚད་མཐོའི་སློབ་གསོ་དོན་དུ་གཉེར་མཁན་ཞིག་ལ་ཟེར། དེའི་ཕྱིར་ང་ཚོའི་མིག་ལམ་དང་ཡིད་ལ་འཆར་བའི་སློབ་ཆེན་པ་ཞེས་བ་དེའང་བློ་གཟུ་བོར་གནས་ཤིང་། བློ་གྲོས་ཀྱི་གཤོག་རྩལ་དང་ལྡན་པ།དོན་གཉེར་ཆེ་ཞིང་མི་གཞིའི་ཀུན་སྤྱོད་དང་ལྡན་པ་ཞིག་ཡིན་ན་ཅི་མ་རུང་།

བོད་ལ་མཚོན་ན་སློབ་ཆེན་སློབ་མ་ཞེས་པའི་ཤོག་ཁག་འདིའི་ཁ་གྲངས་མང་བོ་མིན་ལ། ལྷག་པར་དུ་མི་རིགས་གཞན་དང་བསྡུར་ན་ལྟོས་བཅས་ཀྱིས་ཧ་ཅང་ཉུང་ཉུང་ཡིན།གང་ནས་ཤེས་ཐུབ་ཟེར་ན། ད་སྐབས་བོད་ཀྱི་མཐོ་རིམ་སློབ་གསོ་ལག་བསྟར་བྱེད་བཞིན་པའི་སློབ་ཆེན་ག་ཚོད་ཡོད་པ་སོ་སོའི་སྣང་ངོར་ཁྲིག་ཁྲིག་ཡིན་པ་དེ་རེད། དེས་ན་ཁ་གྲངས་ཉུང་ཉུང་འདིའི་སྤུས་ཚད་ཡང་བསྐྱར་རྒྱ་མར་ཐེངས་གཅིག་འཇལ་ན། ཁོ་བོའི་སྣང་ངོར་བོད་ཀྱི་སློབ་ཆེན་པ་ཞེས་པ་དེ་རིག་གནས་ཡོན་ཚད་ཀྱིས་ཕྱུག་ཅིང་། གཟུར་གནས་ཀྱི་བློ་དང་ལྡན་པ། མི་གཞིའི་སྙིང་སྟོབས་དང་ལྡན་པ་ཞིག་ཅིས་ཀྱང་ཡིན་འོས་སྙམ་བྱུང་། ལྷག་པར་དུ་ཁོ་བོས་བལྟས་ཡོང་ན་བོད་ཀྱི་སློབ་ཆེན་པ་ནི་མིང་བྱང་ཙམ་བླངས་ནས་བསྡད་ན་ཅི་འདྲའི་ཕངས་ཤིང་གདུང་སེམས་སྐྱེས་དགོས་པ་ཞིག་ཀྱང་ཅི་ལ་མིན། གཅིག་བྱས་ན་བོད་ཀྱི་སློབ་ཆེན་པ་ནི་མི་རིགས་རང་གི་སྐད་དང་ཡི་གེ་རྒྱུད་འཛིན་དང་ལྷག་དོན་སྔོན་བྱོན་མཁས་པས་ཤུལ་བཞག་གི་ནོར་བུ་རིན་པོ་ཆེ་དེ་དག་ལ་བདག་པོ་རྒྱག་ན་རྒྱག་འོས་ ཤིང་། འགན་ཡང་འདི་དག་གི་ཕྲག་སྟེང་ན་ཡོད་པ་བསྙོན་དུ་མེད།

འོན་ཀྱང་འུ་ཅག་གིས་ཕར་བལྟས་ན་ཚུར་རིག་ཡོང་བ་ནི་ད་ལྟའི་སློབ་ཆེན་པའི་རུལ་སུངས་ ཀྱི་ལྟ་སྤྱོད་དང་སྒྱིད་ལུག་གི་སྣང་བརྙན་རྫབ་པོ་འདི་རེད། ཁོ་བོས་འདི་ལྟར་བཤད་ནས་ཡོང་ན། བོད་ལ་ད་སྐབས་ཁ་དོན་གཉིས་མཚུངས་ཀྱི་སློབ་ཆེན་པ་ཞིག་མེད་ཅེས་ཐལ་དྲགས་པའི་སྐད་ཆ་ཞིག་ལབ་པ་མིན་ལ།བོད་ལ་དོན་དང་མཚུངས་ཤིང་གཙུག་ཏུ་བཀུར་འོས་པའི་སློབ་ཆེན་པ་ཡོད་ཤག་ཡིན་ཏེ། ཁོ་ཚོས་ནམ་ནམ་ཞར་ཞར་མི་རིགས་རང་གི་རིག་གནས་ལ་མཐོང་ཆེན་དང་སྦྱངས་བ་དཔྱིས་ཕྱིན་པ་བྱས་ནས། མི་རིགས་ཀྱི་འདས་མ་ད་གསུམ་གྱི་དར་རྒུད་དང་གནས་བབ་ལ་ཐུགས་ཁུར་ཆེན་པོ་བཞེས་ཀྱིན་ཡོད། ལྷག་པར་དུ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་ཁྱད་མཚར་རིག་གཞུང་དག་ལ་ཐོད་པའི་མིག་བཞིན་གཅེས་ཤིང་བདག་པོ་བླ་མེད་རྒྱག་གིན་ཡོད། འུ་ཚོས་དགོས་མེད་དུ་སུ་ཞིག་ལ་ཐལ་མོ་རྡེབ་ནས་ཁ་བཏགས་འབུལ་བ་ལས་ཁོ་ཚོ་དང་ཁོ་ཚོ་ལྟ་བུའི་བོད་ཀྱི་སློབ་ཆེན་པ་དག་ལ་མཐེ་བོང་ཡར་སྟོན་དང་ཁ་དྲོ་བཀྲ་ཤིས་ཞུས་ན་ཅིས་མི་ལེགས།
དེ་ལྟ་ནའང་། ངན་པ་མགོ་ཐོག་ལ་བཞག་ན་འཕོངས་རྡེབ་ཀྱི་རྒྱུན་མི་ཆད་ཅེས་བའི་དཔེ་ལྟར། ད་སྐབས་འུ་ཅག་གི་སློབ་ ཆེན་པ་མང་ཤོས་ཀྱིས་མིང་བྱང་རྫིག་པོ་འདི་བླངས་ནས་ཅི་ཡང་བསྒྲུབ་ཀྱིན་མེད་ལ་གང་ཡང་འཇོན་གྱིན་མེད་པར་བསམས་ན་ཁ་བཟུང་ནས་འདུག་ཚོད་མིན་པ་འདྲ་ལ་ངག་བསྡམས་ནས་ཅི་ཞིག་འཇོན་ཚུལ་གྱིས་སྒམ་སྒམ་གྱིས་བཞུགས་པ་དེ་བས་ཀྱང་མི་ལེགས་སྙམ་བྱུང་། ད་དུང་འུ་ཅག་སློབ་ཆེན་པའི་ཁྲོད་ན་རང་ཉིད་སློབ་ཆེན་པ་ཞིག་ཡིན་སྙམ་པའི་འདུ་ཤེས་ཙམ་པོ་ཡང་མེད་པའི་ཁ་གྲངས་ཡང་བགྲང་གིས་མི་ལང་བ་སུ་ལ་གསང་། ཁོ་ཚོས་ནམ་རྒྱུན་ཇ་ཁང་དང་ཆང་ཁང་།དགའ་རོགས་དང་ཁྲོམ་སྲང་སྙེག་པའི་ལོངས་སྤྱོད་ཀྱི་རྣམ་པ་ ལ་བལྟས་ཡོང་ན།ཤུགས་སུ་བསྟན་པ་ནི་ཅིས་ཀྱང་གཡོལ་ཐབས་མེད་པའི་ད་ལྟའི་གནས་བབ་སྐྱ་བོ་འདི་ཅི་ལ་མིན།དེ་ལས་ཀྱང་ཞུ་འདོད་པ་ཞིག་ནི།ད་སྐབས་བོད་ཀྱི་སློབ་ཆེན་ཁག་ན་རྣམ་རིག་ཀྲོག་ཀྲོག་གིས་ནམ་རྒྱུན་ཆང་ཕོར་དང་སྙན་ངག་ཁོ་ན་གླེང་ཞིང་། སྙན་ངག་རྐང་ཆག་མ་རེ་བྲིས་ནས་ཅི་ཞིག་རྟོགས་སོང་ཚུལ་དང་ཡང་ན་གང་ཞིག་ལ་སྙེག་འགྲོ་བའི་རྣམ་པར་བལྟས་ན་ཁོ་བོར་ངང་ངམ་ཤུགས་ཀྱིས་དོགས་པ་ཆེན་པོ་ཞིག་སྐྱེས་བྱུང་། དེ་ལས་ཀྱང་ཁ་གསལ་ཞིང་གོ་བདེ་མོའི་ལམ་ནས་བཤད་ན། མ་གཞི་ཁོ་བོ་ཡང་སྙན་ངག་ཅེས་པའི་དགའ་མ་འདི་ལ་དུངས་བ་བླ་ལྷག་ཟབ་ཅིང་། ནམ་རྒྱུན་སྙན་ངག་ཅེས་པ་འདི་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྙན་ངག་ལ་དད་པ་ཞེ་དྲག་ཡོད། འོན་ཀྱང་འུ་ཚོས་ཡན་གར་བའི་ཀླད་པའི་ཕྲ་ཕུང་ལ་འགུལ་སྐྱོམས་ཙམ་མེད་པར་ང་རང་སྙན་ངག་ལ་ དགའ་ཟེར་ནས་སྙན་ངག་རྐྱང་རྐྱང་བྲིས་ན། འདི་ནི་འུ་ཅག་གིས་སྙན་ངག་གི་བླ་སྲོག་སྐྱོབ་ཚུལ་ལོག་ལམ་དུ་བུད་སོང་སྙམ་པའི་སྣང་བ་ཞིག་སྟེར་བྱུང་། དེ་མིན་སྙན་ངག་དེ་སྙན་ངག་གི་ས་རུ་བཞག་ནས་སྙན་ངག་འབྲི་མཁན་དག་ལ་སྐྱབས་སུ་མཆི། ཁྱོད་ཚོར་སྙན་ངག་གི་བྱིན་རླབས་དང་དབང་འབྱོར་ཡོད་ཤག་ཡིན། དེ་ལས་ལྡོག་ཏེ་ཧོལ་རྒྱུགས་དང་ཞོགས་འདྲོགས་རྐྱང་བས་ཅི་ཞིག་རྩ་མེད་དུ་བཟོས་ཨེ་འགྲོ་སྙམ་ན། འུ་ཚོར་བསམ་གཞིགས་ཀྱི་ཁུར་བོ་ལྷག་མ་ཞིག་བཀལ་བྱུང་བ་མ་ཡིན་ནམ།

ད་དུང་དེ་ལས་ཀྱང་གནས་བབ་སྐྱོ་བོ་ཞིག་ཡོད་པ་ནི། ད་ལྟའི་བོད་ཀྱི་སློབ་ཆེན་པ་མང་ཤས་ཤིག་ལ་དཔེ་ཀློག་གི་གོམས་གཤིས་དང་འགན་འཁྲི་ཙམ་ཡང་མེད་པ་དེ་རེད། མ་གཞི་ སློབ་ཆེན་པ་ཞིག་ལ་མཚོན་ན་དཔེ་ཀློག་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་རེད། སློབ་ཆེན་ཟེར་བའི་ཁོར་ཡུག་འདི་ནས་རང་ལ་དཔེ་ཀློག་གི་གོམས་གཤིས་ཙམ་ཡང་མེད་ན་འུ་ཚོས་ནམ་རྒྱུན་གླེང་བཞིན་པའི་མི་གཞིའི་སྙིང་སྟོབས་དང་མི་བུ་སྒེར་ཚུགས། གཞུང་ལུགས་ལྟ་གྲུབ་དང་རིག་གནས་དགག་གཞག་ཅེས་པའི་སྐད་ཆ་རྫིག་པོ་དག་ལབ་པས་ཅི་བྱ། ནམ་རྒྱུན་རང་ལ་དཔེ་ཀློག་གི་མྱོང་བ་ཙམ་ཡང་མེད་ན་བསམ་བློ་དང་ལྟ་བ། སྙིང་སྟོབས་དང་ལ་རྒྱ་ཟེར་བའི་ཚིག་སྐམ་དག་གིས་ཅི་བྱ། ཞར་དུ་ཁོ་བོར་གླེང་རིན་ ཡིད་པའི་སྐད་ཆ་ཉག་གཅིག་ཞུ་རྒྱུ་ཡོད་པ་ནི། ད་སྐབས་བོད་ཀྱི་སློབ་མ་རྣམས་མཐོ་འབྲིང་མཐར་ཕྱིན་ནས་ཕྱིར་ལ་ཡོང་ན་རང་ཉིད་སློབ་ཆེན་ཟེར་བའི་སྒོ་ཐེམ་འདི་བརྒལ་རན་དུས།རང་ཉིད་ལ་དམིགས་ཡུལ་དང་འཁྱེར་སོ་མེད་ཅིང་། ཐ་ན་གཞུག་ཕྱོགས་ཆེད་ལས་ཅི་ཞིག་གདམ་གསེས་བྱེད་པའི་སྐོར་ལ་ཁོག་རྩིས་ཙམ་ཡང་མེད་པ་ཤིན་ཏུ་མང་བོ་ཡོད་ཚོད་འདུག

ལྷག་པར་དུ་རང་ཉིད་སློབ་ཆེན་ཟེར་བའི་ཁོར་ཡུག་འདིར་ཐོན་ན་ད་ནི་ཅི་ཞིག་འགྲུབ་སོང་བ་དང་ཡོད་ཚད་ལས་རྒྱལ་སོང་བ་ལྟ་བུའི་ཉམས་སྣང་གིས་བསྡད་ཡོད་ན། འུ་ཅག་གིས་ནམ་ཡང་གླེང་བཞིན་པའི་ཕ་ཡུལ་འཛུགས་བསྐྲུན་དང་སློབ་གསོ་ལག་ལེན་ཞེས་བ་དེ་དག་ཇི་ ལྟར་བསྒྲུབ། སུ་ཡིས་བསྒྲུབ། རང་ཉིད་ཀྱི་མ་འོངས་བའི་ལམ་ཕྱོགས་ཙམ་ལ་འཆར་གཞི་དང་དམིགས་ཡུལ་མེད་སོང་ན། འུ་ཚོས་མིག་རྒྱང་རིང་བ་ཞིག་དང་ལག་པས་མི་སྙོབ་ས་ཞིག་བཤད་པས་ཅི་ཞིག་བྱ། དེ་བས་ད་ནི་འུ་ཅག་གིས་བློ་གཟུ་བོ་དང་འདང་ཞིབ་མོའི་སྒོ་ནས་རང་ཉིད་ལ་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད་པ་ངོས་བཟུང་ནསཁ་ཕྱོགས་ཡང་དག་ཅིག་ལ་སྙེག་པ་ནི་ཧ་ཅང་གལ་ཆེ་ཚོད་དུ་འདུག་སྙམ།

ཡང་རང་རེའི་སློབ་ཆེན་པ་རྣམས་རྣམ་པ་རིང་ལུགས་ལ་དགའ་ཚུལ་བཤད་ན། འུ་ཅག་གི་ནམ་ རྒྱུན་འགྲོ་འདུག་ཉལ་འཆག་གི་གོ་རིམ་ཁྲོད་ནས་ཕན་ཚུན་ལ་གསལ་ཡོང་བ་ནི་སུ་ཞིག་ ཕྱི་ཚུལ་གྱི་རྣམ་པ་ཁོ་ནས་སྒྲོག་ཏུ་ཚུད་ནས་དོན་དམ་གྱི་སྙིང་བོར་རྒྱང་བཀྱེད་ཚུལ་ལ་བལྟས་ན། སུ་ཞིག་གིས་རིག་པ་ཀློང་དུ་བརྡོལ་ནས་གང་ཞིག་ལ་མནོ་བསམ་བགྱིས་པ་ནི་ཉིན་མོའི་སྐར་མ་ལྟར་དུ་ཤིན་ཏུ་ཉུང་བའི་ཚད་དུ་གདའ། དེ་ལས་ཀྱང་འུ་ཅག་གི་ སྣང་བརྙན་མཚོན་པའི་དཔེ་མཚོན་གཞན་ཞིག་བཞག་ན། རང་རེའི་སློབ་ཆེན་པ་རྣམས་རྒས་སླ་བའི་སྐོར་འདི་རེད། དང་ཐོག་དཔའ་ཉམས་དང་བཅས་ཏེ་ང་རྒྱལ་གྱི་མགོ་འཕང་གནམ་ལ་བཏེགས་ནས། རང་ཉིད་མི་རིགས་གང་ཞིག་གི་རྒྱུད་འཛིན་དང་རིག་གནས་གང་ཞིག་གི་བདག་པོ་ཡིན་ཚུལ་སོགས་ངག་སྦོམ་སྦོམ་དང་མགོ་མཐོ་མཐོ་བྱས་ནས་ཐུན་མིན་གྱི་ཁྱད་ཆོས་ བསྟན་ན། བར་སྐབས་ཤིག་ལ་སུ་ཞིག་གིས་བཟི་ཆང་བླུད་པ་དང་འདྲ་བར། དཔའ་ཞུམ། ངོ་ཤོར། ཁོག་འདར་ནས་འདུག་ཚུལ་ལ་བལྟས་ན། ད་ནི་འུ་ཚོས་སླར་ཡང་རང་ཉིད་ལ་ཁོག་རྩིས་དང་ཞིབ་བཤེར་ཐེངས་གཅིག་བྱ་དགོས་པའི་དུས་ལ་བབས་སོང་སྙམ་པའི་སྣང་བ་ཞིག་སུ་ལ་མི་སྟེར་ཨང་།

༢༠༡༤ ༡༡ ༡

སློབ་ཆེན་པ་ལགས།

དཀོན་མཆོག་ཚེ་རིང་།༼ཀན་སུའུ་སློབ་ཆེན༽

འཆར་གཞི་མེད་པའི་སློབ་ཆེན་པ་ནི་སློབ་ཆེན་པའི་མིང་བྱང་ཁུར་བའི་ཨ་ལྕོ་ཞིག་རེད། སློབ་ཆེན་པ་ཞེས་པའི་མིང་བྱང་དེ་ཕྲག་ལ་ལྷུང་ཉིན་ནས་འཆར་གཞི་ཞེས་པའི་ཡིག་འབྲུ་དེའང་བློ་ལ་གསལ་འོས་སྙམ། གང་ཞེ་ན། སློབ་ཆེན་པ་ནི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དཔུང་སྡེ་ཡིན་པ་ལས་སྤྱི་ཚོགས་ཀྱི་ཁུར་བོར་གྱུར་མི་འོས་པས་སོ།

སློབ་ཆེན་པ་མང་པོ་ཞིག་གིས་དུས་ཚོད་ཀྱི་རིན་ཐང་ལ་གཅེས་སྤྲས་རྒྱག་ཤེས་ཀྱི་ མི་འདུག དུས་ཚོད་སོང་ཚར་རྗེས་སུ་ལུས་པ་ནི་རོ་དང་འདྲ་བའི་ལུས་པོ་ལས་ཅི་ཡང་ཡིན་མི་ངེས། སློབ་ཆེན་པ་ཚོས་རྨི་ལམ་རྨི་བའི་དུས་ཚོད་མང་པོ་ཞིག་ལ་རོལ་བ་ལས་རང་ནུས་ཅི་ ལྕོགས་ཀྱིས་སློབ་སྦྱོང་དང་རང་རྒྱས་ལ་སྦྱོང་བརྡར་བྱེད་པ་གལ་ཆེ་སྟེ། ཁྱོད་ནི་སྤྱི་ཚོགས་ཀྱི་མ་འོངས་པའི་འཕྲུལ་ཆས་ཡིན་པས་སོ།

རེད་དེ། སློབ་ཆེན་པ་མང་པོ་ཞིག་གིས་འཆར་གཞི་དང་དུས་ཚོད་གཉིས་ཀྱི་ཕྱོགས་ནས་ཕམ་ཁ་མྱོང་གིན་ཡོད། རང་གིས་འཆར་གཞི་མེད་པའི་འཚོ་བ་ནི་ཆེས་འཇིགས་སུ་རུང་བའི་འཚོ་བ་ཞིག་ཏུ་ངོས་བཟུང་ཡོད་ཅིང་། སློབ་ཆེན་པ་མང་པོ་ཞིག་ཆེས་འཇིགས་སུ་རུང་བའི་ལམ་ཁ་དེར་ཉལ་ནས་ཡོད། "དུས་ཚོད་ནི་ཚེ་སྲོག་ཡིན"ཞེས་པ་ཞིག་ངས་གོ་མྱོང་ཡོད་ཅིང་། དངོས་གནས་དུས་ཚོད་ནི་ཚེ་སྲོག་ཡིན་ན། སློབ་ཆེན་པ་མང་པོ་ཞིག་གིས་ཚེ་སྲོག་དེ་མིག་བཙུམ་བཙུམ་ལ་སྟོང་ཟད་གཏོང་གིན་ཡོད། བསམ་བློ་ཅི་ཡང་མི་གཏོང་ཞིང་ཅི་བསམ་འདི་བསམ་མེད་པར་ཚེ་སྲོག་དེ་སྟོང་ཟད་དུ་གཏོང་གིན་ཡོད་རེད།

ཡང་། བོད་ཀྱི་སློབ་ཆེན་པ་མང་པོ་ཞིག་གི་དཔེ་སྟངས་བྱེད་སྟངས་ནི་སྣ་རྐྱང་ཅན་ཡིན་ཏེ། མང་དག་ཅིག་གིས་དེང་རབས་ཀྱི་རྩོམ་རིག་དང་དུས་དེབ་ལ་ལྟ་ཀློག་བྱེད་པ་ལས། གནའ་རྩོམ་དང་ཡིག་རྙིང་སོགས་ལ་ལྟ་ཀློག་བྱེད་པར་དགའ་མོས་ཡོད་ཀྱི་མི་འདུག མི་ལ་ལས་ལན་དུ་དགའ་མོས་མེད་ན་བསླབ་ཀྱང་འབྲས་བུ་ཡོད་པ་མ་རེད་ཟེར་ཀྱང་སྲིད་མོད། བྱ་བ་ཐམས་ཅད་མོས་པ་ལྟར་བསྒྲུབ་ཆོག་པ་ཞིག་མིན། དེའི་ཕྱིར་འགན་འཁྲི་ཞིག་ཀྱང་ཡོད་འོས་སྟེ། གལ་ཏེ་ང་ཚོས་གནའ་རྩོམ་དང་ཡིག་རྙིང་སོགས་བུ་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མ་ཐུབ་ཚེ། རྗེས་རབས་པས་ཕ་ཨ་ཁུ་ཡང་ངོ་ཤེས་རྒྱུ་མ་རེད། དེ་ནི་གནད་དོན་རེད།

གོ་ཐོས་ལྟར་ན་མི་རིགས་ལ་ལ་ཞིག་གི་སློབ་ཆེན་པས་སློབ་ཆག་བྱེད་པ་ནི་བོད་ཀྱི་ སློབ་ཆེན་པས་སློབ་ཆག་བྱེད་པ་དང་རྦད་དེ་ལྡོག་པ་རེད་ཟེར། མི་རིགས་གཞན་པའི་སློབ་མས་ང་རང་སློབ་ཁྲིད་དེར་མི་ཡོང་། རྒྱུ་མཚན་སློབ་ཁྲིད་དེའི་སྐོར་གྱི་ནང་དོན་ངས་ཤེས་ཀྱི་ཡོད་ཟེར། འོན་ཀྱང་བོད་ཀྱི་སློབ་ཆེན་པ་མང་པོ་ཞིག་གིས་ངས་སློབ་ཁྲིད་དེ་ཤེས་ཀྱི་མི་འདུག་གམ་ཉན་འདོད་མི་འདུག་ཟེར། སོམས་དང་བར་ཁྱད་དེ་རེད་འདུག

༢༠༡༤ ༡༠ ༣༡ཉིན་ལ།

སློབ་ཆེན་པ་དང་སློབ་ཆེན་པའི་རང་དབང་།

རླུང་སྤུ་གྲི།༼ནུབ་བྱང་།༽

སློབ་མ་ཞེས་པའི་མིང་བྱང་ཁུར་བའི་ང་ཚོ་ལམ་ལ་ཆས་ཡོད། དམའ་འབྲིང་དང་མཐོ་འབྲིང་གི་སྐས་རིམ་རེ་རེ་བརྒལ་ནས་ལམ་ལ་ཆས་ཡོད། ཀྱག་ཀྱོག་གི་བགྲོད་ལམ་རེ་རེའི་སྟེང་ན་རྔུལ་ཆུ་དང་དགའ་སྐྱོ་འདྲེས་མའི་གཏམ་ རྒྱུད་མང་པོ་ཞིག་རྐང་རྗེས་སུ་ཕབ་ནས་དེ་རིང་སློབ་ཆེན་གྱི་སྒོ་ཆེན་ལ་འབྱོར་སོང་།

སློབ་ཆེན་གྱི་སྒོ་ནང་ལ་འཛུལ་མ་ཐག་ང་ཚོ་ལ་རང་དབང་གི་གཤོག་པ་ཞིག་ཐོགས་འདུག གཤོག་པ་དེ་ང་ཚོའི་ཤ་གསེང་རུས་གསེང་ལ་ཟུག་ཡོད། གཤོག་པ་དེ་ང་ཚོའི་ལུས་དང་གྲིབ་མ་ལ་འདྲེས་ཡོད། གཤོག་པ་འདི་ཡོད་པས་ང་ཚོ་ཅི་འདོད་དུ་འཕུར་ཆོག་ལ་ཅི་འདོད་དུ་རྒྱུགས་ཀྱང་ཆོག ཡིན་ཡང་། རང་དབང་གི་གཤོག་པ་ཐོགས་པའི་ང་ཚོ་འཕུར་མ་ཤེས་གཤོག་པ་བྲག་སྣེར་ཐོགས་མྱོང་ལ་འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས་པའང་མང་པོ་ཞིག་མཐོང་རྒྱུ་ཡོད།

ང་ཚོ་ལ་རང་དབང་ཐོབ་སོང་ཞེས་པའི་རང་དབང་ནི་དམའ་འབྲིང་དང་མཐོ་འབྲིང་གི་སྒྲིག་ལམ་བཙན་པོ་དེ་དག་གི་སྒྲོག་འོག་ནས་ཐར་བའི་རང་དབང་དང་། དུད་ཆང་ལ་གང་འདོད་དུ་རོལ་ཆོག་པའི་རང་དབང་། མཛའ་གྲོགས་རང་མོས་ཀྱིས་བསྒྲིགས་ཆོག་པའི་རང་དབང་གི་རང་དབང་ཙམ་མ་ཡིན་པར་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་དང་དད་འདུན་འཚོལ་སྙེགས་བྱེད་ཆོག་པའི་རང་དབང་ཞིག་སྟེ། ད་ནས་བཟུང་སྔོན་ལྟར་བསླབ་ཚན་མང་པོ་ཞིག་ལ་བཙན་གྱིས་སྦྱང་བ་བྱེད་པའི་ལོ་ཟླ་མཇུག་སྒྲིལ་ཏེ། རང་རང་གི་འཇོན་ཐང་ངོམས་ས་དང་རང་རང་གི་ཕུགས་བསམ་མངོན་འགྱུར་བྱེད་ཆོག་པའི་རང་ དབང་གི་གར་སྟེགས་ཤིག་ལ་འབྱོར་བ་ཡིན། ཡིན་ནའང་། རང་དབང་མི་འདྲ་བ་གཉིས་ཀྱི་འདྲེས་མཚམས་ན་རང་དབང་བསལ་མ་ཤེས་པར་རང་སར་ལུས་པའི་སློབ་ཆེན་པ་ཡང་མང་དུ་མཐོང་རྒྱུ་ཡོད་དེ། ཁོ་ཚོ་ནི་ཁ་ཕྱོགས་བོར་བའི་བྱིས་པ་གཅེས་ལངས་ཤིག་དང་འདྲ་བར་རང་རང་གི་མལ་ཁྲིའི་སྟེང་ལ་གཅིན་པ་ཅི་ཙམ་ཤོར་བ་ཡང་རྟོགས་ཀྱིན་མེད་པ་འདྲ། ཁོ་ཚོ་ནི་བསམ་མ་ཤེས་པའི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ཉིན་གང་བོར་རྒྱུགས་རྒྱུགས་མཐར་ས་རུབ་དུས་རང་ཁྱིམ་ཡང་རྙེད་ཀྱིན་མེད་པ་འདྲ།

སློབ་ཆེན་ཟེར་བའི་མིང་བྱང་འདི་སྐེ་ལ་བཏགས་པ་ནས་ང་ཚོ་ལ་སློབ་ཆེན་པ་ཞིག་གི་འདུ་ཤེས་མཁོ། དེ་ལས་ཀྱང་སློབ་ཆེན་པ་ཞིག་གི་རྣམ་ཤེས་གསོན་པོ་མཁོ། ལྷག་ཏུ་ང་ཚོ་ལ་རང་དབང་འདི་ཐོབ་པ་ནས་འགན་ཁུར་གྱི་ཁུར་བོ་ཆེན་པོ་ཞིག་རྒྱབ་ལ་ བླངས་པ་ཡིན་པས། ང་ཚོ་ལ་སྔར་ལས་ལྷག་པའི་གསོན་ཤུགས་ཤིག་དང་སྙིང་སྟོབས་ཤིག་མཁོ། དེང་གི་སློབ་ཆེན་པ་དག་ནི་སློབ་ཆེན་ཟེར་བའི་མིང་ལ་དགའ་བ་ཙམ་ལས་དོན་གྱི་སློབ་ ཆེན་པ་ཞིག་ཧ་ཅང་ཉུང་བར་འདོད། ཁོ་ཚོ་ལ་རང་དབང་ཞིག་ཐོབ་པ་ནས་རང་ཉིད་བོར་འགྲོ། ཁོ་ཚོ་ལ་རང་དབང་ཞིག་ཐོབ་ནས་རང་ཡུལ་བརྗེད་འགྲོ། ང་ཚོ་ལ་རང་དབང་འདི་ཐོབ་པ་ནི་ང་ཚོ་ལ་གཏན་འཇགས་ཀྱི་ལམ་ཞིག་དབང་བ་ཡིན་པས། ལམ་དེར་རྐང་བ་བརྟན་པོས་སྤོ་དགོས་བ་ནི་ང་ཚོའི་འོས་འགན་ཡིན་ལ་ལམ་དེར་ཤུགས་ ཆེན་པོའི་སྐྱོད་དགོས་བ་ནི་ང་ཚོའི་འགན་འཁྲི་ཡིན།

སློབ་ཆེན་པ།

རྒྱལ་སྲས།༼ མཚོ་སྔོན་དགེ་ཐོན་སློབ་ཆེན།༽

སྤྱིར་སློབ་ཆེན་ནི་རིག་གནས་ཀྱི་འཇིག་རྟེན་ཞིག་སྟེ། སློབ་ཆེན་པ་ནི་ཡང་དག་དང་སྣ་མང་གི་རིག་གནས་ཀྱི་བདེན་པ་འཚོལ་མཁན་ཞིག་རེད། སློབ་ཆེན་པས་འགན་འཁྲི་གང་མང་ཞིག་ཁུར་ཡོད་དེ། མི་རིཊ་ཀྱི་འཆི་གསོན་དང་དར་རྒུད། རྒྱལ་ཁབ་ཅིག་གི་མ་འོངས། མདོར་ན་མིའི་རིཊ་ཀྱི་རིག་གནས་མདུན་སྐྱོད་ཀྱི་ཕྱོགས་གང་མང་ཞིག་ཀྱང་སློབ་ཆེན་པར་རག་ལས་ཡོད།

འོན་ཏེ་ངས་ནི་སྐད་ཆ་ནང་དུ་བཅུག་སྟེ་རང་རིཊ་བོད་ཀྱི་སློབ་ཆེན་པ་དག་གི་བྱ་ལས་སྤྱོད་སྟངས་དང་བསམ་པའི་ཀུན་སློང་སོགས་ཀྱི་ཕྱོཊ་སུ་ལྟ་ཚུལ་དང་འདོད་ཚུལ་རག་ཙམ་གླེང་རྒྱུ་ཡིན།

རང་ངོས་ཀྱི་སྐྱོན་གང་མང་ཞིག་ལ་བལྟས་ཏེ་གཞན་སྐྱོན་ལ་འཛུབ་མོ་གེར་བ་ནི་རང་གཞན་གཉིས་ཕན་གྱི་ཀུན་སློང་གཙང་མ་ཞིག་ཡིན་ལ། སྐྱོན་ལ་ངོས་འཛིན་ཐོབ་སྟེ་དག་བཅོས་བྱ་བ་དེ་བས་ཀྱང་མཆོག་ཏུ་འཛིན་པ་ནི་དམ་པ་ གང་མང་ཞིག་གི་ངག་བཅོལ་ལྟར་དུ་རེད། དེ་བས་རང་སྐྱོན་རྒྱབ་ཏུ་བསྐྱུར་ཞིང་གཞན་སྐྱོན་གང་མང་ལ་བལྟ་བ་ནི་མ་དག་པའི་བརྟུལ་ཞུགས་ཡིན་ལ། དགོས་སུ་རང་དོན་ཡང་མི་འཁྱོལ་བར་གཞན་དོན་གླེང་བར་དགའ་བའམ་མོས་པ་ནི་དེ་བས་ཀྱང་མ་དག་པའི་ཀུན་སློང་ཞིག་རེད་འདོད།

དེང་སྐབས་རང་ཅག་གི་རིཊ་རྒྱུད་འདིར་སློབ་ཆེན་པའི་མིང་བྱང་འཛིན་མཁན་ཇེ་མང་ནས་ཇེ་མང་རེད། འདི་ནི་དགའ་འོས་པ་དང་ཡང་ན་རང་ཅག་གི་མི་རིཊ་སྤྱི་འདིའི་ཡར་ཐོན་དང་འཕེལ་རྒྱས་ཀྱི་མངོན་ཚུལ་དངོས་ཤིག་རེད།

མི་རིཊ་ཤིག་ལ་མཚོན་ན་རིག་གནས་པའི་སྡེ་ནི་མི་རིཊ་གང་དེ་འཛམ་གླིང་མི་རིཊ་ཀྱི་ཁྲོད་དུ་བརྟན་པོར་འགྲེང་བའི་རྒལ་ཚིགས་ལྟ་བུ་ཡིན། རྒྱུ་མཚན་ག་རེ་ཟེར་ན། མི་རིཊ་ཤིག་གི་གོང་འཕེལ་ནི་མི་རིཊ་དེའི་རིག་གནས་དང་དཔལ་འབྱོར་གྱི་གོང་འཕེལ། བསམ་བློ་དང་འདུ་ཤེས་ཀྱི་ཡར་ཐོན། ཚན་རིག་དང་ཀུན་སྤྱོད་སོགས་ཕྱོཊ་གང་མང་ཞིག་གི་འཕེལ་རྒྱས་ལ་རག་ལས་ཤིང་། འདི་དག་ནི་སློབ་ཆེན་པ་དག་ལ་མཚོན་ན་དགེ་རྒན་གྱི་ངག་དང་། དཔེ་ཆའི་བར་ངོས་གང་དུའང་ཆར་བཞིན་འབབ་ཅིང་། ཆུ་བཞིན་བཞུར་བའི་མ་སྦྱོང་ཐུ་མེད་ཀྱི་སྦྱོང་ཚན་རེ་རེ་སྟེ། སློབ་སྦྱོང་གི་དགོས་པ་ངོ་མ་ནི་རྒྱུཊ་སྐར་ཁོ་ན་ཙམ་མིན་པར་ལྟ་བ་ནི་མིང་དོན་དུ་གནས་པའི་སློབ་ཆེན་པ་ཡིན།

དེ་བས། སློབ་ཆེན་པ་ནི་མིག་རྒྱང་རིང་བའི་འཚོལ་སྙེགས་མཁན་ཞིག་ལས། ཁ་ནང་དུ་འཁོར་དེ་ཆིག་ལབ་བྱེད་མཁན་དེ་མིན། སློབ་ཆེན་པ་ནི་དོན་དངོས་ཀྱི་བདེན་པ་འཚོལ་མཁན་ཞིག་ལས། ཟེར་སྒྲོས་ཁོ་ནའི་རྗེས་འབྲང་བ་དེ་མིན། སློབ་ཆེན་པ་ནི་བསམ་པ་ཡར་སྐུལ་གྱི་སེམས་ཤུཊ་ཅན་ཞིག་ལས། རང་ལྟ་མཆོག་འཛིན་གྱི་སྒེར་སེམས་ཅན་དེ་མིན། སློབ་ཆེན་པ་ནི་མི་རིཊ་ཀྱི་ལ་རྒྱ་སྙིང་ལ་བཅིངས་མཁན་ཞིག་ལས། ཁ་ཕོར་གྱི་དོན་དུ་མི་རིཊ་ལ་ཞབས་འདྲེན་གནང་མཁན་དེ་མིན། དོན་འདི་རང་རིཊ་ཀྱི་སློབ་ཆེན་པ་དང་རིག་གནས་པའི་མིང་བྱང་འཛིན་མཁན་མཐའ་དག་གི་ཧ་གོ་དུང་བླངས་རེ་བྱེད་ཐུབ་བྱུང་ན་འདོད་པ་ནི་ཕྲན་གྱིས་རྩོམ་ཐུང་འདི་འབྲི་བའི་དགོས་པ་དང་དམིཊ་ཡུལ་ངོ་མ་དེའོ།

ང་ཚོ་ཇི་ལྟ་བུའི་སློབ་ཆེན་པ་ཞིག་བྱེད་དགོས།

ལྷ་རིང་། (ཁམས་པའི་སློབ་ཆེན)

ཐེངས་འགའི་གཟའ་འཁོར་སྔོན་དུ་བདག་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་རང་མོས་བགྲོ་གླེང་གི་འཚོགས་འདུ་ཞིག་ཚོགས་ཡོད། དེའང་གླེང་བྱ་གཙོ་བོ་ང་ཚོ་ཇི་ལྟ་བུའི་སློབ་ཆེན་པ་ཞིག་བྱེད་དགོས་་ཞེས་པ་འདི་ཡིན། དེ་རིང་ཡང་གྲོགས་སྐ་སྲས་ཀྱི་རེ་སྐུལ་ལྟར་དུ་ཡི་གེའི་གཟུགས་སུ་ཕབ་སྐབས། འདི་འདྲའི་བརྗོད་དོན་གཏན་ཚིགས་ཀྱིས་དབུལ་ཞིང་རྗོད་ཚིག་རྙོག་འཛིང་དུ་ལོག་ཡོད་ན་ཐང་མོད། དེ་བས་བདག་གི་ནམ་འཕང་གཅོད་རོགས་ཀྱི་ཀློག་པོ་ཡོངས་ལ་སྒོ་གསུམ་གུས་པའི་སྟེང་ནས་དགོངས་དག་ཞུས་པའོ།།

ཐོག་མར་ང་ཚོས་སློབ་ཆེན(སློབ་གྲྭ་ཆེན་མོའི་བསྡུས་མིང)ཟེར་བ་འདིའི་དམིགས་ཡུལ་དང་འགན་འཁྲི་ཅི་ཞིག་ཡིན་པ་གསལ་བོ་མ་འཕྱུག་པའི་ངང་ནས་ངེས་རྟོགས་བྱ་དགོས་པ་འདོད་པས་དེ་ཅུང་ཟད་གླེང་བར་འཁུམས། གཅིག སློབ་ཆེན་གྱི་དམིགས་ཡུལ་མོལ་བ། སློབ་གྲྭ་ཆེན་མོ་གང་དང་གང་ཞིག་ཡིན་ཡང་སློབ་གྲྭའི་ཁོར་ཡུག་གི་བཟང་ངན་དང་། ཁྲིད་ཐབས་ཀྱི་བློ་གཤོག སློབ་སྦྱོང་གི་རྣམ་འགྱུར་སོགས་མི་འདྲ་བ་ཡོད་སྲིད་མོད། འོན་ཀྱང་ཁོ་ཚོའི་ཐུན་མོང་གི་དམིགས་ཡུལ་ནི་གཅིག་ལས་འགོངས་མེད་དེ། དེ་ནི་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། གལ་སྲིད་དམིགས་ཡུལ་དེ་ལས་བརྒལ་ཏེ་སློབ་ཆེན་པའི་བསམ་སྦྱོར་གཉིས་ཐད་ནས་ཕྱིན་ཅི་ལོག་པའི་གནས་ལ་འཁྲིད་ན། དེ་ནི་ཧ་ཅང་འཇིགས་སུ་རུང་བའི་ལས་ཤིག་ཡིན་པ་ངས་ཅིང་གསེད་དཀྲོལ་མ་བྱས་ནའང་ཤེས་གསལ་ལྟར་རོ།།

གཉིས། སློབ་ཆེན་གྱི་འགན་འཁྲི་མོལ་བ། དམིགས་ཡུལ་ནི་འགན་འཁྲི་བརྒྱུད་དེ་ད་གཟོད་མངོན་འགྱུར་བྱུང་བ་ཞིག་ཡིན་པས། གལ་སྲིད། སློབ་ཆེན་གཙོ་གཉེར་བ་དག་གིས་སློབ་ཆེན་གྱི་འགན་འཁྲི་གང་ཞིག་ཡིན་པ་ད་རུང་ཡིད་སེམས་བློང་བློང་གི་གནས་སུ་འཚོ་ན། སྤྱི་ཚོགས་སུ་ནག་ཉེས་གནམ་གྱིས་མི་འཐུལ་བ་ཞིག་མི་བཟོ་བ་སུ་ཡིས་བསྙོན། དེ་བས་སློབ་ཆེན་གཙོ་གཉེར་བ་དག་གིས་ཡིན་གཅིག་མིན་གཉིས་སློབ་ཆེན་གྱི་འགན་འཁྲི་གསལ་བོ་རྟོགས་དགོས་པ་མ་ཟད་བསྒྲུབ་ཀྱང་དགོས། དཔེར་ན་འཁྲིད་ཚན་དགེ་རྒན་བཀོད་སྒྲིག་གི་ཐད་དང་། ཆེད་ལས་དགེ་རྒན་ལ་རང་གི་ཆེད་ལས་ཀྱི་བྱ་བ་བསྒྲུབ་ཏུ་འཇོག་པ། བསླབ་ཚན་ཡོད་དག་ས་གནས་དེའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོག་ནས་གཙོ་ ཁྲིད་བྱེད་པ་སོགས། དེ་མིན་དེ་དག་གི་མགོ་མཇུག་གོ་ལྡོག་ན་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཟེར་བའི་གཏམ་རྫིག་པོ་དག་གིས་རྔོ་ཅི་ཡང་མི་ཐོགས་པ་མ་ཟད། ཐ་ན་མི་སེམས་བསླུ་བྲིད་གཏོང་བྱེད་ཀྱི་གདོན་རྫས་ཀ་ར་ཞིག་ཀྱང་ཡིན་པར་སྙམ།

བར་དུ་ང་རང་ཚོ་སློབ་ཆེན་པའི་མིང་བརྗིད་འདི་སྐེ་ལ་འདོགས་མཁན་ཞིག་ཡིན་པས་ཆ་ནས། ངེས་པར་དུ་རང་གི་དམིགས་ཡུལ་དང་འགན་འཁྲི་གསལ་བོ་དགོས། དེ་ནི་ང་རང་ཚོ་ལོག་ལམ་དུ་མ་འཕྱན་པའི་སླད་དུའམ། ཡང་ན་གོ་རྟོགས་སད་པའི་ཆེད་དུ་ཡིན། གཅིག སློབ་ཆེན་པའི་དམིགས་ཡུལ་གླེང་བ། བདག་གིས་ཉམས་མྱོང་དང་དངོས་སུ་བརྒྱུད་པའི་དོན་དག་ཁ་ཅིག་གི་སྟེང་ནས་དེ་གསལ་ བཤད་བྱེད་འདོད་དེ། སློབ་ཆེན་གྱི་སྒོ་ཐེམ་བརྒལ་ནས་ཉིན་དེ་རིང་བར་གྱི་ཉམས་མྱོང་དང་སློབ་གྲོགས་ ཚོར་འབྲེལ་འདྲེས་བྱས་པའི་ཁྲོད་ནས་རྙེད་པའི་ཚོར་འདུ་སོགས་མཉམ་དུ་སྡེབ་སྟེ་འཕྲོས་ན། ཁོ་ཚོས་ཟེར་རྒྱུ་དམིགས་ཡུལ་མེད་པའི་སློབ་ཆེན་པ་ང་ཚོ་འདྲ་བ་དག་ངོ་མ་སྣང་སྐྱིད་རེད། ཅི་བསམ་འདི་དྲན་མེད་པར་སློབ་ཆེན་གྱི་ལོ་ངོ་ཐུང་ཐུང་དེ་འདི་ལྟར་སྐྱེལ་མ་བྱས་ཆོག་ཟེར། ངོ་མ་དེ་འདྲ་རེད། ཁོ་ཚོ་ནི་དམིགས་ཡུལ་མེད་པའི་རྒྱ་མཚོའི་ཀོ་གྲུ་ཞིག་དང་འདྲ་བར་ཁ་ཕྱོགས་ངེས་མེད་དུ་རང་གར་བསྐྱོད་ཀྱིན་འདུག་ལ། སྟབས་མི་ལེགས་པའི་ཉིན་ཞིག་ལ་འཕྲད་ཚེ། རླབས་ཀྱིས་ཀོ་གྲུའི་མགོ་སྟེང་སློག་པ་ཐེ་ཚོམ་ཕྲ་ཙམ་ཡང་མེད། དེ་བས་ཁོ་ཚོ་ཉེན་ཁ་ཧ་ཅང་ཆེ་ཞིང་། ནམ་རྒྱུན་ལས་དབང་ཞེས་པར་མགོ་བོ་གཏུག་པའི་ཅོལ་ཆུང་དང་གཞན་ལ་སྐྱབས་བཅོལ་ནས་སྒལ་ཚུགས་ཀྱི་སྙིང་རུས་དབེན་པའི་འབྱུང་འགྱུར་སྤྱི་ཚོགས་ཀྱི་སྙིགས་རོ་ རེད། དེ་བས་ང་ཚོ་སློབ་ཆེན་པར་ངེས་པར་དུ་དམིགས་ཡུལ་ལྡན་དགོས། དམིགས་ཡུལ་དེ་ད་རུང་མངོན་འགྱུར་གྱི་སྲིད་ཕྱོད་ཆེ་ཞིང་དང་བདེན་པའི་ཨུ་ཚུགས་རྒྱས་པ། སྤོབས་པའི་སྙིང་སྟོབས་ཀྱིས་བྱུགས་དགོས། དེ་འདྲ་བྱས་ན་ད་གཟོད་ང་ཚོ་སློབ་ཆེན་པས་དམངས་ཁྲོད་ཀྱི་ཤེས་རྨོངས་པའི་སྡེ་ཁག་ལ་སྣེ་སྟོན་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་ཀྱི་མི་དགེ་བའི་ལས་འཛོལ་ལ་དགག་གཞག་མཛད་ནའང་རིན་ཐང་ཅུང་ལྡན་པར་སྣང་། དེ་ལྟར་རིམ་བཞིན་ཇེ་ལེགས་ཇེ་རྒྱན་དུ་འཕེལ་རྒྱུའི་སྐྱེ་སྟོབས་ཀྱང་ཅུང་ཆེ་བར་འཁུམས།

གཉིས། སློབ་ཆེན་པའི་འགན་འཁྲི་གླེང་བ། ང་ཚོའི་སློབ་ཆེན་པ་རང་རློམ་ཅན་འགའ་རེས་སློབ་ཆེན་པའི་མིང་བྱང་རྫོབ་པོ་འདི་བེད་སྤྱད་དེ་རང་ཉིད་འུར་སྒྲོག་བྱེད་པ་དང་། ཡོན་ཏན་ཆུང་ཡང་ང་རྒྱལ་ཆེ་ཟེར་བ་ལྟར་རྒྱལ་ཕྱི་ནང་གི་མཁས་པ་ཁ་ཤས་ཀྱི་མིང་དང་གསུང་ཚིག་ཁ་ཤས་རྒྱུན་དུ་ལུངས་དྲངས་སྟེ་རང་གིས་ཆེན་པོ་ཞིག་རྟོགས་ཡོད་མདོག་ བསྟན་ནས་མགོ་བོ་གྱེན་དུ་གཟེངས་ཤིང་། གཞན་པ་ཞིག་ལ་ནམ་རྒྱུན་དམོད་ཚིག་དང་ངལ་བའི་འབྲས་བུར་མཐོང་ཆུང་བྱེད་རྒྱུ་དགའ། དོན་ངོ་མ་ཁྱེད་ཀྱིས་ཅི་ཞིག་རྟོགས། གང་ཞིག་ཤེས། བདག་གི་འདོད་ཚུལ་འཕྱུག་མེད་ན་ཁྱེད་ཉིད་ད་རུང་བོད་ཡིག་གི་རྨང་གཞི་གྱུར་པའི་སུམ་རྟགས་དག་གསུམ་ལ་རྨོངས་ཡོད་ཚོད་ཡིན། མཐོང་ཆུང་བྱས་པ་ངོ་མ་མིན་མོད། འོན་ཀྱང་། ཁྱེད་ཉིད་དངོས་སུ་དེ་འདྲ་ཡིན་པས་བདག་གིས་བདེན་པར་འཁྱོག་བརྗོད་གཏན་དུ་བྱ་མི་ སྲིད། དེ་བས་ང་ཚོས་ངེས་པར་དུ་ང་རྒྱལ་གྱི་མགོ་བོ་མནན་ཏེ་ཁེངས་སྐྱོང་གི་ལྷམ་ཆེན་ གྱོན་ནས་ཡང་ནས་བསྐྱར་དུ་དཔེ་ཀློག་བྱས་སྟེ། རང་སེམས་རང་གིས་འདུལ་ཐུབ་དགོས། འདི་ནི་རིག་གནས་ཀྱིས་བསྐྱེད་པའི་འབྲས་བུ་རྣལ་མ་རེད། དེ་ལྟར་མུ་སྐྱོང་བྱེད་ཐུབ་ཚེ། ང་ཚོོ་སློབ་ཆེན་པས་འགན་འཁྲི་གལ་འགངས་ཆེན་པོ་ཞིག་ཞོར་དུ་སྒྲུབ་ཡོང་ཡོད་དེ། དེ་ནི་མི་རིགས་ལ་མཁོ་བའི་ངེས་པ་དོན་གྱི་ཤེས་ལྡན་པ་ཐོན་སྐྱེད་བྱས་པ་དང་། སྤྱི་ཚོགས་ཀྱི་ལེགས་ཉེས་ཤན་འབྱེད་ལ་བློ་མི་བརྟུལ་བའི་བདེན་པའི་གཟུ་བ་ཐོན་པ་མ་ཡིན་ནམ། ཡང་ཅིག་བཤད་ན་དེ་ལྟ་བུའི་མི་བུ་ཞིག་བཅའ་རྒྱུ་ང་ཚོ་སློབ་ཆེན་པའི་འགན་འཁྲི་ རེད་ལ། འགན་འཁྲི་དེའང་གཡོལ་དུ་མེད་འགན་འཁྲི་ཆེན་པོ་ཞིག་རེད། དེ་བས་ཁ་མིན་ཞེ་འཇིངས་ནས་ང་ཚོས་དོན་དང་མཐུན་པའི་སློབ་ཆེན་པ་ཞིག་བྱ་རྒྱུའི་འགན་འཁྲིའི་འདུ་ཤེས་དུས་གསུམ་དབྱེ་མེད་དུ་ཚེ་བླ་སྲོག་གསུམ་དུ་འཛིན་དགོས།

མཇུག་ཏུ་ང་ཚོ་སློབ་ཆེན་པ་ཚོས་དཔྱོད་མེད་ཧོལ་རྒྱུག་མི་བྱེད་པར་རང་གི་ཀླད་པ་རང་གིས་བཀོལ་སྤྱོད་དང་རང་གི་ལུས་ཕུང་རང་གིས་བེད་སྤྱོད་བྱས་སྟེ་དོན་དང་མཐུན་པའི་ཕྱུག་པའི་སློབ་ཆེན་པ་ཞིག་བྱེད་རྒྱུའི་རེ་སྐུལ་དང་། དམིགས་ཡུལ་དང་འགན་འཁྲི་ལྡན་པའི་དངོས་ཡོད་དོན་ལྡན་གྱི་སློབ་ཆེན་པ་ཞིག་བྱ་རྒྱུའི་གཡབ་མོ་བྱས་པའོ།།

༢༠༡༤-༡༡-༡

དོན་ངོ་མར། འུ་ཅག་ལ་མིང་འདི་འདྲ་ཞིག་ལྕི་འདུག

སྐ་སྲས།༼ཁམས་པའི་སློབ་ཆེན༽

སློབ་ཆེན་པ་ཞེས་པའི་མིང་འདི་གོ་བ་ནས་ང་རང་རྨང་ནས་མིང་དེར་དགའ་ཞེན་ཞིག་གིས་བཟུང་མྱོང་ལ། རང་དང་འབྲེལ་འདྲེས་ཡོད་སའི་སློབ་ཆེན་པ་དག་ལའང་སློབ་ཆེན་འཚོ་བ་དང་སློབ་ཆེན་ པའི་སློབ་སྦྱོང་སོགས་ཀྱི་ཐད་ནས་རྒྱུས་ལོན་མི་ཉུང་བ་བྱས་པ་ཡིན། ལོ་ངོ་བདུན་བརྒྱད་ཅིག་གི་རྗེས་ཀྱི་ད་ལོར་ང་རང་གིས་ཀྱང་ཆུང་དུས་ཀྱི་སྨོན་པ་ཁྲི་འབུམ་ཁྱེར་ནས་དངོས་སུ་སློབ་ཆེན་གྱི་སྒོ་ཐེམ་བརྒལ་ཐུབ་པ་བྱུང་། འོན་ཀྱང་སློབ་ཆེན་ནི་ངའི་དྲན་སྣང་ཀློང་གི་དག་ཞིང་ལྟ་བུ་དེ་གཏན་ནས་མ་རེད། ལྷག་པར་བོད་ཀྱི་སློབ་ཆེན་པ་དེ་དག་ནི་སུའི་སེམས་ཀྱི་བྱང་ཚད་ཅན་དང་རིག་གནས་ ཅན་སོགས་ཅི་ཡང་མ་རེད། ཁོང་ཚོས་སྐད་མི་འཕྲོད་པ་ཁ་ཅིག་ལ་ཁག་བཟོས་ཏེ་བོད་མི་དང་བོད་མིའི་བར་བོད་སྐད་མི་བཤད་ཅིང་། བོད་ཡིག་ཚན་ཁུལ་ནང་ཁུལ་ནས་གླུ་དབྱངས་འགྲན་སྡུར་སོགས་སྤེལ་ནའང་བོད་སྐད་ཀྱི་སྒྲ་ཆུང་ངུས་ཡང་བསྐྱར་ཐེངས་གཅིག་སོགས་འབོད་ཅིང་། རྒྱ་སྐད་ཧ་ཅང་ཤུགས་ཆེན་པོས་འབོད་པ་སོགས་དོན་དག་"ཆུང་ཆུང"་དེ་དག་གིས་ང་རང་ཧ་ ཅང་ཞེ་མེར་བ་བྱས་སོང་།

སྤྱིར་སློབ་ཆེན་པ་ནི་ཕྱོགས་གང་ཅིའི་ཐད་འགན་ཁུར་ལྕི་མོ་འཁུར་མཁན་གྱི་སྡེ་དེ་ཡིན་མོད། ཁོ་པ་ཚོས་བོད་ཡིག་མཉེན་ཆས་ཅན་གྱི་ཁ་པར་བཟུང་ནས་སྐད་འཕྲིན་དང་འཕྲིན་ཕྲན། བརྡ་འཕྲིན་སོགས་སུ་རྒྱ་ཡིག་རྒྱ་སྐད་ཁོ་ན་སྤྱོད་པར་བརྟག་ན་མི་རིགས་འདི་ལ་འགན་ཁུར་དང་བདག་རྒྱག་རྒྱུ་ཕར་ཞོག ཐ་ན་རང་གི་ཤ་དང་རུས་པ། སྨྲ་ལྕེ་བཅས་ལའང་བདག་རྒྱག་ཐུབ་རྒྱུ་མ་རེད། དེ་འདྲའི་དོན་དག་"ཆུང་ཆུང"མང་པོ་མང་པོ་ཞིག་དོན་དག་ཆུང་བར་བརྩིས་ནས་ཡོད་ ཅིང་། དོན་དག་ཆུང་ཆུང་འདི་དག་ཁོ་པ་ཚོས་ནམ་ཡང་མཐོང་གི་ཡང་མེད་ཚོད་རེད།

ལར་བྱ་བ་ཅི་བསྒྲུབ་ཀྱང་འུ་ཅག་གིས་ནམ་རྒྱུན་བོར་འགྲོ་བ་དང་ནོར་འཕྱུག་འབྱུང་སའི་གནས་དེ་བྱ་བ་ཆེན་པོ་དག་མིན་མོད། འུ་ཅག་གིས་རྒྱུན་དུ་དོན་དག་ཆུང་ཆུང་དག་སྣང་མེད་བྱས་པས་ད་གཟོད་ནོར་འཁྲུལ་ཆེན་པོ་བཟོ་གི་ཡོད་པ་རེད། ཆུང་དུས་ཤིག་ལ་ངས་མི་འགས་ནགས་ཚལ་ཏུ་ནགས་གཅོད་གིན་པ་མཐོང་ནས་མི་ཆེན་ཞིག་ལ་ནགས་བཅད་ན་རང་བྱུང་ཁམས་ལ་གཏོར་བརླག་བྱས་འགྲོ་བ་རེད་ཅེས་ནའང་། ཁོས་ཧ་ཅང་མཁས་མདོག་ཚ་བོས་སའི་གོ་ལར་ནགས་མང་ཚུལ་དང་འདི་འདྲ་ཉུང་ཉུང་ཤིག་གིས་གནོད་བཟོ་མི་ཐུབ་ཚུལ་ལབ་བྱུང་། ཏག་ཏག་འདི་ལྟ་བུ་ནི་དོན་དག་ཆུང་ཆུང་དག་སྣང་མེད་བྱས་པའི་དཔེ་རེད།

གང་ལྟར། ངས་ནི་ཆུང་དུས་སུ་སློབ་ཆེན་པ་དག་གིས་བཤད་པའི་སློབ་ཆེན་འཚོ་བ་དེ་གཏན་ནས་ཚོར་མ་སོང་།གལ་ཏེ་དངོས་གནས་སློབ་ཆེན་ཞེས་པ་དེ་དེ་འདྲའི་མཚར་སྡུག་ལྡན་པ་ཞིག་དང་། སློབ་ཆེན་པ་ཞེས་པ་དེ་འདྲའི་ཡ་མཚན་གྱི་མི་སྣ་རེ་ཡིན་ཚེ། ངས་ནི་ད་ལྟའི་འུ་ཅག་ནི་སློབ་ཆེན་པའི་མིང་བྱང་རྫིག་པོ་ཁུར་བར་མི་མཛའ་འོ་ཞེས་བཤད་ན་འདོད་སོང་།

༢༠༡༤-༡༠-༡༥ཉིན་ལ་སྡོད་ཤག་ཏུ།

Top ten best dressed ladies at the 2014 Golden Globes
FIGHTSTATE Each interview session runs just around five minutes

for the girl who doesn't like anything
Porno dos Santos Aveiro

Shopping In The Fashion Capital Of Australia
Porno we listened to this show in its original language of Japanese

Fashion model Nozomi Sasaki releases new photo book
Porno Until around the 1300s

What Makes Wellington Boots such a very British Item of Footwear
Videos porno Or when Clint Eastwood pulls out his lighter in Gran Torino

Why Does Hair Change After Chemo
theGadgetPill a well tailored

How to Start an Independent Clothing Line
Porno different form of ugg overshoes girls with various cartoon figures in winter time

Top London Stylist Reviews the Difference Between Clothes and Fashion
TOKYO POP LINE how to develop a handy apparel call

Best Touch Screen Digital Cameras
dontgiveupworld.com ecco an informal promote hydromax

Should I carry a bridal purse at my wedding
PORNO To smooth out lower body flaws

Denver Sex and Sensuality Examiner
VIDEOS PORNO XXX shoemaking or shoe repair

5 Reasons True Crime TV Shows Are a How
KOSTENLOSE PORNO and many are still performing today

How To Choose The Right Men s Jumpers
Porno XXX among the better polo material delicates for males while in vacation temperatures

4 Health Related Questions Answered
Kostenlose graduate approach week hits bangkok in today's market

Increasing Sales of your Pet Business with Luxury Products
Jeux a supermodel who is 21 years his junior

Six new innovative fashion labels featured at Launch NYC Fall 2014
Pornodingue this type of clothing can also be fashionable

The Secret To Perfect Pork Chops
Cool Math Games proposition 40

Picked up some alligator and made a 5
porno you can fake having a great set of legs

Fashion Tips For Those With An Ostomy
porno Get RealAccording to the Centers for Disease Control and Prevention

I want to get a private money lender
Porno allen edmonds in-take wa ski boat sneakers

The 2013 Nissan Maxima 3
porno can only be viewed subtitled
བསྟོད།7

抱歉,评论已关闭!