ཉིན་ཐོ།

ཀུན་དོན།

༢༠༡༤•༡༡•༡༢ གཟའ་ལྷག་པ། གནམ་གཤིས་སྙོམས།

དེ་རིང་། ང་ཚོ་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཚང་མ་ངུས་པ་ཡིན།མི་སྟོང་ཕྲག་ཅིག་དུས་མཉམ་དུ་ངུ་འབོད་བྱེད་པ་ནི་དོན་ཆུང་ངུ་ཞིག་གིས་ག་ལ་ཡིན།
ནམ་མཁའི་སྤྲིན་པ་ནི་དེ་འདྲའི་རབ་རུབ་དང་མག་མོག ནག་ནོག་གིས་ཁེབས་ཀྱང་འདུག་ལ་ཁོར་ཡུག་གི་ཁ་དོག་བོར་བའི་སློབ་གླིང་འདི་ནི་ཅི་འདྲའི་མིག་ལ་གཟན་པའི་སྡུག་སྨྲེའི་ལྡུམ་ར་ཞིག་རེད་ཨང་།
ཞོགས་འཚོགས་དང་པོ་གྲོལ་རྗེས་ང་རང་སློབ་ཁང་སྒོ་སྔུན་གྱི་ལྡུམ་རར་ཡོང་ཞིང་རྒྱུན་ལྡན་བཞིན་སྐར་མ་བཅུའི་རིང་གི་འཆམ་འཆམ་དང་ངལ་གསོ་བྱས་པ་ཡིན། གླགས་དེ་དུས་སུ། སུ་ཡིན་མ་ཤེས་པའི་སློབ་མ་རེ་ཟུང་གིས་"དགེ་རྒན་ཀ་བརྡུངས་འདུག ཁྱིམ་བདག་ཕ་མ་གཉིས་ཀྱིས་བརྡུངས་འདུག"ཅེས་བདེན་པ་དང་དོན་དངོས་གང་ཡིན་མི་ཤེས་པའི་སྐད་ཆ་འཆལ་བོ་ཞིག་རླུང་གིས་ཕྱོགས་གང་སོར་སྤུར་ཞིང་འདུག ངས་དེ་སྐད་ཐོས་པ་ལ་ཐོག་མར་ཡིད་ཆེས་ཨེན་ཙམ་ཡང་མ་བྱུང་ནའང་། མུ་དེར་ཅིས་ཀྱང་འདང་རྒྱག་བྱེད་དགོས་བྱུང་སོང་། དགེ་རྒན་ཀ་ནི་ངེད་འཛིན་གྲྭའི་དངོས་ལུགས་དགེ་རྒན་ཡིན་ཞིང་ཁོང་ནི་ཕ་ཡུལ་མཚོ་སྔོན་ནས་ཡོང་ཞིང་ང་ཚོ་ལོ་རིམ་དང་པོ་ལ་ཐོན་དུས་ནས་ཁོང་ནི་སློབ་གྲྭ་འདི་གའི་དགེ་རྒན་དུ་འདུག་ཀྱང་ཕལ་ཆེར་དེ་ལས་སྔ་བའི་དུས་ཤིག་ནས་སློབ་གྲྭ་འདིར་ཡོང་བ་གདོན་མི་ཟ། གལ་ཏེ་དངོས་རང་དོན་རྐྱེན་དེ་འདྲ་ཞིག་བྱུང་བ་སྲིད་ན་ས་ཐག་རིང་བོ་དེ་འདྲ་ནས་མི་རིགས་སློབ་གསོའི་ལས་དོན་ཀྱི་སླད་ཕྱིར་འདིར་ཡོང་བ་ལ་ཅི་འདྲའི་ངོ་གནོངས་དགོས་པའི་"སྣེ་ལེན"་ཞིག་བྱས་པ་རེད་ཨང་། ཅུང་ཙམ་རིང་ཞིང་ཤ་རིད་པའི་དགེ་རྒན་ཀ་ནི་རྒྱུན་ལྡན་དུ་སྨྲ་བ་ཉུང་ཞིང་"མཁས་པའི་ཡོན་ཏན་ཁོང་དུ་སྦེད་"པའི་བརྟུལ་ཞུགས་འཛིན་པ་ཞིག་ཡིན་༼འདི་ནི་ང་རང་གིས་རྒྱུས་ལོན་བྱུང་བའི་དགེ་རྒན་ཀ་ཡིན།༽པས་ཁོང་ལ་འདི་འདྲའི་དོན་རྐྱེན་ཞིག་འབྱུང་མི་སྲིད་སྙམ། དེ་ལྟར་ཞོགས་འཚོགས་གཉིས་པ་འཚོགས་ཤིང་དེའི་རྗེས་ཀྱི་མཚམས་རྩལ་སྦྱོང་སྐབས་མང་པོ་ཞིག་གིས་དེ་ལྟར་བཤད་ཀྱི་འདུག་པས་དེ་ནི་ངེས་པར་བདེན་པ་ཡིན་རྒྱུ་སེམས་སུ་དྲན། དེའི་མི་ཚད་ད་དུང་ཁོང་སྨན་ཁང་དུ་འཁྱེར་སོང་བར་བཤད་ཀྱི་འདུག་པས་ངའི་སེམས་སུ་བརྒྱ་ལམ་སྨན་ཁང་དུ་སོང་བ་བདེན་དུ་ཆུག་ཀྱང་སྐྱོན་ཆེན་པོ་བཟོས་མེད་པར་འདོད་ལ་དྲན་འཛིན་ངོགས་སུ་ཁ་རྩང་གི་དངོས་ལུགས་འཚོགས་ཐུན་དེ་ཝ་ལེར་དྲན། ལར་འཚོགས་ཐུན་དེ་ནི་དངོས་ལུགས་འཚོགས་ཐུན་སྤྱིར་བཏང་བ་འབའ་ཞིག་ཡིན་པས་དོ་སྣང་དེ་འདྲ་ཆེན་པོ་བྱ་རྒྱུ་མེད་མོད་དགེ་རྒན་ལ་དོན་རྐྱེན་དེ་འདྲ་ཞིག་བྱུང་བར་བཤད་པས་ངས་དེ་ལ་ཅིས་ཀྱང་བསམ་གཞིག་བྱ་དགོས་བྱུང་སོང་། ཁ་རྩང་དགེན་ཀ་ལགས་ཀྱིས་ནམ་རྒྱུན་ལྟར་"འཚོགས"་མེད་པར་གློག་གནོན་གྱི་སྐོར་ཁྲིད་ཅིང་ཧ་ཅང་སྟབས་བདེར་ཁྲིད་པའི་ཁོང་གིས་བསྡུས་པའི་སྒོ་ནས་གཙོ་གནད་ཅིག་ཁྲིད་པ་ལས་དཔེ་ཆའི་སྟེང་གི་ཡིག་འབྲུ་རེ་རེ་ཀ་དང་ཁ་བྱས་ཏེ་ཀློག་ཅིང་བྱེད་པ་ནི་མ་ཡིན།དེ་ནི་ཁོང་གི་སློབ་ཁྲིད་ཀྱི་བྱེད་ཐབས་ཤིག་སྟེ། དེས་ང་ཚོ་ལ་མི་ཤེས་རྨོངས་པའི་རྙོག་འཛིང་སོགས་བཟོ་བར་མི་བྱ་བར་སེམས་སུ་ངེས་ཤེས་རྙེད་སླ་བའི་སྟབས་བདེ་སྟབས་བདེ་ཞིག་ཁྲིད་པ་རེད།••••••ངས་དེ་ལྟར་བསམ་ཞིང་དེ་ལྟར་དུས་ཚོད་ཀྱང་ཉིན་གུང་ལ་སླེབས།ཉིན་གུང་ཁྱིམ་མཚེས་འཛིན་གྲྭ་དགེ་རྒན་ཀ་ལ་ལྟ་རུ་སོང་ནས་ཕྱིར་ཐོན་འདུག་ཀྱང་ངུས་པས་མིག་མཐའ་དམར་ཞིང་གདོང་བ་མཆི་མས་སྦངས་པ་ནི་བལྟས་པ་ཙམ་གྱིས་ཤེས།ངས་དེ་འདྲའི་ཚབས་ཆེན་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་ཞིང་སོམ་ཉིའི་སེམས་ཆུང་དེ་ཡུད་ཅིག་སྨྲ་བ་མེད་པའི་སྡུག་འདང་ལ་ལྷུང་། ཕྱི་དྲོའི་སློབ་ཐུན་འཚོགས་བྱུང་། ངེད་ཀྱི་སློབ་ཐུན་དང་པོ་ནི་ལོ་རྒྱུས་འཚོགས་ཐུན་ཡིན་ནའང་། སློབ་ཐུན་དུ་ང་ཚོའི་འཛིན་བདག་དགེ་རྒན་སླེབས་བྱུང་། དེ་ནི་ཕལ་ཆེར་དོན་རྐྱེན་དེས་ཡིན་རྒྱུ་རེད།ཏག་ཏག་ཁོང་གིས་འདི་ལྟར་བརྗོད་བྱུང་།"མཚམས་འདིར་ངས་ཁྱེད་ཅག་ལ་དོན་སྙིང་ལྡན་པའི་འཚོགས་ཐུན་ཞིག་འཚོགས་པར་བྱ།

••••••ད་ནངས་ཞོགས་པར་སློབ་གྲྭའི་ནང་དུ་ཁྱིམ་བདག་བྱུང་ནས་དགེ་རྒན་ཀ་བརྡུངས་འདུག ••••••"ཅེས་ངར་སྐད་དང་སྦྲགས་མུ་མཐུད་དུ་དོན་རྐྱེན་དེས་བྱུང་བ་གསལ་བོར་བརྗོད་ཅིང་དགེ་རྒན་ཀ་ལགས་ལ་རྨས་སྐྱོན་ཆེན་པོ་བཟོས་འདུག་ཚུལ་སོགས་མང་པོ་ཞིག་བརྗོད་པའི་རྗེས་སུ་སྒོ་སམ་ངོས་སུ་"བཀྲིས"་དང་"གསེར་སྐྱིད།""དཀོན་མཆོག་བསྟན་འཛིན"ཞེས་མྱིའི་མིང་གསུམ་དང་མཐའ་བ་གོང་མ་ཞེས་ཡུལ་སྡེ་ཞིག་གི་མིང་བཅས་མིང་བྱང་བཞི་བྲིས་རྗེས་འདི་ལྟར"མིང་བྱང་འདི་དག་ཡིད་ལ་ཟུངས། འདི་དག་ནི་བརྗེད་མི་ཉན་པའི་བོད་ཡིག་སློབ་འབྲིང་ལ་ཁ་རྡུང་གཏོང་བའི་ཁྲག་ཡིག་ཡིན།འདི་དག་གིས་ང་ཚོ་དགེ་སློབ་ཀུན་ལ་རྡོག་བརྫིས་བཏང་ཡོད།འདི་དག་གིས་བོད་ཡིག་སློབ་འབྲིང་ལ་བརྙས་བཅོས་བཏང་ཡོད།འདི་དག་གིས་མི་རིགས་སློབ་གསོའི་ལམ་ཆེན་ལ་བཀག་རྡོ་བཟོས་ཡོད།ང་ཚོས་ནམ་ཡང་ཀླ་ཀློའི་འདི་དག་གི་བྱང་ཚད་ལ་མཐོང་ཆུང་བྱེད་སྲིད།ང་ཚོས་ནམ་ཡང་གནས་ལུགས་ཀྱིས་ཐག་གཅོད་ལེགས་པོ་ཞིག་མ་བྱས་བར་དུ་སློབ་ཁྲིད་ཀྱི་བྱ་བ་ལ་འཇུག་གི་མིན།ང་ཚོ་ལ་བདེན་པ་དང་འདྲ་མཉམ་དགོས།སུས་ཀྱང་དྲག་ཤེད་ཁོ་ནས་རྡོག་བརྫིས་གཏོང་མི་ཆོག••••••"ལྡིར་སྐད་དང་དྲག་སྐད། དཔའ་སྐད་དང་སྐྱོ་གདུང་གིས་ཁེངས་བའི་སྐད་ཆ་འདི་དག་གིས་ང་ཚོ་མི་ཉུང་བ་ཞིག་གིས་མིག་ཆུ་ཤོར་སོང་།རང་དབང་མེད་པར་མིག་ཆུའི་ཐིགས་པ་རེ་རེ་ནི་དེ་ལྟར་ཤོར་སླ་ཞིང་འབྲོ་སླ་བ་ཞིག་རེད་ཨང་།འཛིན་བདག་དགེ་རྒན་དེ་ལྟར་བུད་སོང་། སོང་ཤུལ་དུ། ནམ་རྒྱུན་འུར་གྱི་ལེར་འགྱུར་ངེས་པའི་སློབ་ཁང་གྲུ་བཞི་ནི་དབུགས་ཀྱི་འབྱིན་རྔུབ་ཙམ་ཡང་མེད་པར་ལྷིང་འཇགས་ལ་སིམ་ཞིང་ཐ་ན་དཔེ་ཆའི་ཤོག་སྒྲ་ཙམ་ཡང་ཟིང་ཆ་ཆེ་ཤོས་ཤིག་ཏུ་གྱུར་འདུག དུས་ཚོད་ཀྱི་མདའ་རྩེ་གྲོལ་བརྡ་ལས་འདས་ཤིང་འཚོགས་བརྡ་ཞིག་ཀྱང་གྲགས་ནས་ཡུན་རིང་འགོར་ནའང་སློབ་ཁང་ནི་སྔར་བཞིན་མྱ་ངན་འཚོགས་འདུ་ཞིག་དང་འདྲ་བར་ཨ་ཅང་དབེན་ཞིང་འཇགས།
ངའི་སེམས་སུ་འདི་ནི་ཕལ་ཆེར་ང་ཚོའི་སློབ་ཁང་འདིའི་ཆེས་ལྷིང་འཇགས་ཀྱི་དུས་སྐབས་ཤིག་ཡིན་པར་སེམས། ཉེ་འགྲམ་གྱི་སློབ་མ་མང་པོས་ཅི་ཞིག་ཤཱར་ཤཱར་ལ་འབྲི་ཡི་འདུག་ལ་ངས་དེ་དག་གིས་མ་བགྲོས་གཅིག་གྱུར་སྒོས་"དེ་རིང་ནི་ཆེས་སྐྱོ་བའི་ཉིན་མོ་ཞིག་ཡིན"་ཞེས་འབྲི་བཞིན་པ་སེམས་སུ་གསལ་ལེར་ཤར།དེ་ལོས་ཡིན་ཨང་། ངས་དབང་མེད་དུ་རྔ་བ་སྟག་མོ་རྫོང་ཞེས་སྤྱི་ཚོགས་ཀྱི་ཁོར་ཡུག་སོ་སོར་དད་གུས་ཐོབ་པའི་རྔ་བ་ནི་མ་གཞི་བདེན་མིན་གྱི་གནས་ལུགས་མི་ཆོད་པའི་ཀླ་ཀློའི་འབའ་ཞིག་སྟེ། གཞི་རྩའི་སློབ་གསོ་ཡི་གལ་ཆེན་ལ་དགོངས་པ་གནངས་མི་ཤེས་ཤིང་བུ་ཕྲུག་ཀྱང་གཅེས་མི་ཤེས་གཅེར་བུར་ཕུད་མཁས་པོ་ཁོ་ན་ཞིག་ཏུ་ཟད་པར་བསམས་པའི་མོད་ལ་སྐྱོ་ཞིང་གདུང་བའི་སེམས་པ་ཉིད་སྔོ་ཞིང་བསང་བའི་ནམ་མཁའ་ལ་དགྱེ་ཞིང་གྱེར་ན་འདོད་པ་ལས་སྐྱུག་བྲོ་བའི་བྱ་བ་འདི་ཀུན་ལ་བསམ་གཞིག་གཏོང་འདོད་རྩ་ནས་བོར།དེ་ལྟར་ཕྱི་དྲོའི་འཚོགས་ཐུན་གསུམ་པོ་སྐད་ཅིག་ཉིད་ལ་ཁ་ཁུ་སིམ་པོར་འདས་ཤིང་ཨོང་སྟེགས་ལས་འགུལ་ཙམ་ཡང་མ་བྱས་པའི་ང་རང་གྲོལ་བརྡ་གསུམ་པ་དེས་ད་གཟོད་འཕོང་མགོ་ཅུང་ཙམ་ན་བ་ཚོར་ཞིང་རྒྱུན་ལྡན་འཚོགས་ཐུན་གཅིག་ལའང་འདུག་མི་བཟོད་པའི་ང་རང་དེ་རིང་འདི་འདྲའི་ཡུན་རིང་ལ་འགུལ་མེད་འདུག་ཐུབ་པ་ཅི་ཡིན་ནམ་སྙམ་ཞིང་དེ་ཕལ་ཆེར་དེ་རིང་གི་དོན་རྐྱེན་དེས་ཡིན་ཙང་སྲིད་པའི་ངེས་ཤེས་རྙེད། སློབ་ཁང་གི་ཕྱིར་བུད་དུས་ཡོད་ཚད་ཀྱིས་དེའི་སྐོར་གླེང་གི་འདུག ལ་ལས་དགེ་རྒན་སྙིང་རྗེ་ཚུལ་གླེང་ཞིང་ལ་ལས་དགེ་རྒན་གྱིས་བཤད་པའི་སྐད་ཆ་དག་༼སྨན་ཁང་ནས་བརྗོད་པའི་སྐད་ཆ།༽འཆད་ཀྱི་འདུག ཡང་ལ་ལས་ཁྱིམ་བདག་བླུན་རྒན་ཡོད་པ་ལ་ཟེར་བ།ལ་ལས་རྔ་བས་གླེན་རྟགས་ཕུད་སོང་ཟེར་བ། ད་དུ་ལ་ལས་བོད་ཡིག་སློབ་འབྲིང་ལ་དོན་རྐྱེན་ཆེན་པོ་བུད་པས་སློབ་གྲྭ་སྔར་བཞིན་འཚོགས་རྒྱུ་མ་རེད་སོགས་ཚོད་བགམ་གྱི་སྐད་ཆ་སྟེ།རེ་ཞིག་དགོད་བྲོ་ལ་རེ་ཟུང་དོན་ལ་གནས་པ་མང་པོ་ཞིག་ཇ་ཁང་ནང་གི་རྒད་པོ་ཅག་གི་ལབ་ལབ་བྱེད་བཞིན་འདུག ང་རང་སློབ་རའི་ལུས་རྩལ་ཐང་དུ་གྲོགས་པོ་རེ་ཟུང་དང་མཉམ་དུ་འཆམ་ཞིང་ཉུལ་བ་ལས་སེམས་སུ་ངུ་མ་དགོད་ཀྱི་སྣང་བ་ཞིག་གིས་ཡོངས་སུ་འཐིམ་པས་གང་དུ་འགྲོ་བའི་ཁ་ཕྱོགས་ཀྱང་མི་འདུག སྐབས་ཤིག་ནས།དགུང་འདོན་གྱི་དུས་ཚོད་སླེབས་ཀྱང་དཔེ་ཀློག་གི་འདུན་པ་ནི་ལྟ་ཞོག སྐྱོ་བ་ནི་སྔར་བཞིན་ཆེ།ཉིན་ཐོ་ཞིག་འབྲི་འདུན་ནི་ལྷག སྙུ་གུ་ལག་ལ་བཟུང་རྗེས་ངས་ཅི་ཞིག་ནས་འབྲི་དགོས་པའང་ཡུད་ཅིག་མ་རྙེད།
ཕྱི་དྲོའི་རླུང་བུ་ནི་གཟུགས་མེད་ཀྱི་གྲི་ཁ་རྣོན་པོ་ཞིག་ཏེ།གྲལ་འགྲིག་པའི་དཔེ་ཀློག་པ་འོ་སྐོལ་གྱི་དཔེ་ཆ་སྤུར་ཞིང་སྙུ་གུ་སྒུལ་བས་དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་དེ་རིང་གི་དོན་རྐྱེན་སྐྱི་གཡའ་བ་དང་འདྲ་བར་ང་ཚོས་མགོ་བོ་བཏུམ་པ་ལས་ཅི་ཡང་མི་ཐུབ།སྐྲ་ལོ་སྤུར་བའི་ང་རང་གིས་སྤྱི་ཚོགས་དང་ཁོར་ཡུག་གིས་དེ་རིང་གི་དོན་རྐྱེན་འདི་ལ་ཅི་ལྟར་འགྲེལ་བ་བྱེད་དམ་སྙམ་ཞིང་སེམས་སུ་ཡང་བསྐྱར་ང་ཚོའི་དངོས་ལུགས་དགེ་རྒན་ཀྱི་ཁྲག་གིས་སྦངས་བའི་ངོ་གདོང་དེ་རི་མོའི་དབྱིབས་སུ་གསལ་ལེར་འཆར།
དགེ་རྒན་ཀ་ལགས།ཁྱེད་ཉིད་ཀྱི་རྨས་སྐྱོན་མྱུར་དུ་སོས་བར་སྨོན། ངས་ཁྱེད་ལ་སྨོན་ལམ་ཞིག་འདེབས་པ་ལས་ཅི་ཡང་ཐུབ་ཀྱི་མི་འདུག ཨ། ང་ནི་ཅི་འདྲའི་སློབ་མ་ནུས་མེད་ཅིག་ཨང་།

དགོང་འཚོགས་གཉིས་པར།
ཀུན་དོན་ནས།
༼ཟུར་མཆན།༽འདི་ནི་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་༡༡•༡༢དོན་རྐྱེན་ལས་འཕྲོས་ཏེ་དོན་དངོས་བྲིས་པ་ཡིན།

Just got my 1st lead
FIGHTSTATE but those looking for something more substantial should look elsewhere

H to debut fall 2013 collection at Paris Fashion Week
Porno they tend to start roughly three months after the main season

Louis Vuitton New Taiga Back Pack is Another Serena in Polar
Porno indications of highest pay out positions in fashion

Lynx WOMEN'S SYNTHETIC GOLF GLOVE
Porn What Skills Do You Need to Become an Engineer

A Short Introduction for Jollibee Food Corporation
Videos porno who serves on the FIDM board of directors

up retail store to open today
theGadgetPill as that will become evident later

AAA Fruit Baskets History And Overview
Porno my own stylishness inspirations

History of Victorian Era Purses
TOKYO POP LINE How to Obtain a Business License to Sell Trademarked Clothing

Thigh High Boots for Slim
dontgiveupworld.com which serves as the symbol of upper class

Gucci Joy Medium Tote with Double Straps
PORNO unpopular pattern designs

How To Get A Piece Of The Increased Spending On Luxury Fashion
VIDEOS PORNO XXX how to hide your main hind end on clothes

American Eagle Outfitters Ready For A Rebound
XXX Porno This compares favorably to a net loss of

The Best Swimwear for Wide Hips
Porno XXX If you're tall

is a delightful dark satire of life
XXX Porno pleasant shoppes becomes smaller q4 the loss

5 Small Cap Dividend Stocks Holding Plenty Of Cash Without Long
Jeux Gratuits Even thought diapers are stashed in the bag

Save yourself From Nip Slips With Nipple Covers
Porno but others might surprise

Shouldered Women Wear Crop Tops
game Gifts for Someone Who Enjoys

How to make a twisted beaded necklace from www
porno The most famous follower is its inventor

All About Mens Designer Clothes
porno graphics sequence

Disco Baroque spring 2010 collection
Porno The female form receives more attention

ABCs Guide to Common Cat Poisonings
porno tend to be washer debris spaces regarding our own dress wear
བསྟོད།7

抱歉,评论已关闭!