ལོ་རྒྱུས་ཕྱིར་རྟོག

རྣོ་མིག

སློབ་གྲྭའི་ཟླ་མཇུག་གི་གུང་གསེང་བཏང་ཟིན་ན་ཡང་། འབྲོག་སའི་ནམ་ཟླ་མངོན་གསལ་གྱིས་ཇེ་འཁྱུག་ཏུ་སོང་བ་མ་ཟད། ཁ་བའང་ཐེངས་གཉིས་ལ་བབས་བྱུང་བས། ནང་དུ་བསྡད་དེ་གློག་སྦར་ཞིང་མེ་སྒོང་བརྒྱབ་ནས་དཔེ་ཀློག་རྒྱག་པའི་དུས་ཚོད་ ཆེས་ལེགས་པོ་ཞིག་རེད། དེ་བས། ཉིན་གཉིས་ཙམ་གྱི་རིང་འདིར། ཁོ་བོས་«དེབ་དཀར»དང་། «བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་»གཉིས་ཡང་བསྐྱར་ཞིབ་མ་རགས་ཤིག་ བཀླགས་པ་ཡིན། དེ་གཉིས་བཀླགས་རྗེས་འཆར་སྣང་འདི་འདྲ་ཞིག་བྱུང་སྟེ།

«དེབ་དཀར་»དུ། རྣམ་དཔྱོད་དང་ཤེས་རབ་ཀྱི་སྤུ་གྲི་རྣོ་ཐག་ཆོད་པའི་མཁས་དབང་དགེ་འདུན་ཆོས་ འཕེལ་མཆོག་གིས། ༼དཀྱུས་མའི་རྒྱལ་རབས་ཤིག་འཆད་ཚེ། འཇིག་རྟེན་མི་ལུགས་ཀྱི་བྱུང་བ་རྣམས་གཙོ་བོར་བཏོན་དགོས་པ་ཡིན་པས། འདི་འདྲ་དག་གི་སྐབས་སུ་རྒྱལ་པོའི་ཆེ་བ་འདོན་འཁུལ་དུ་བྱས་ནས། ངོ་མཚར་བའི་སྣོན་མ་སྣ་ཚོགས་འདེབས་དགོས་དོན་ཅི་ཡང་མེད་དོ།།༽ཞེས་བདེན་པའི་ ཐུགས་ཀར་སྣང་བའི་དགོངས་པ་ཐུན་མིན་པ་ཞིག་གསུངས་བཞིན་གསུངས་བཞིན། སྐུ་ཁོང་གི་སྨྱུག་ཁར་བབས་པའི་གངས་ཅན་བཙན་པོའི་དོ་ཟླ་བྲལ་བའི་དཔའ་མཛངས་དེ་ དག་གིས། སྐུ་ཁོང་གིས། སླར་ཡང་། གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས། ། ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས། ། གསེར་འབྲུག་སྡེར་ལྔའི་ཁྲི་ལ་འགྱིངས་པ་ཡི། ། མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས། ། ཞེས་ཐུགས་ཀྱི་བརྟན་པ་འཕྲོག་སྟེ་ཐལ་བའི་བསྔགས་བརྗོད་འདི་འདྲ་དབང་མེད་དུ་ བྲིས་གནང་ཞིང་། རྒྱ་དམག་ཁྲི་ཕྲག་བརྒྱད་ཀྱིས་བོད་དམག་ཆིག་སྟོང་མ་ཐུབ་པའི་བོད་བཙན་པོའི་ལོ་ རྒྱུས་དེ་དག་གིས། ཤེས་རབ་མ་གཏོགས་དཀོར་མི་བདོག་པའི་སྐུ་རྐྱང་དུ་ལུས་པའི་སྐྱེས་བུ་དམ་པ་ཞིག་ ཐུགས་སྤོབས་དགྱེས་དྲགས་ཏེ། མི་ཟད་དགུན་གྱི་རླུང་དང་ལྷན་ཅིག་ཏུ། ། མི་སྡུག་ཁ་བའི་ཡུལ་ནས་ཕྱིར་འཐོན་པའི། ། མི་ཐུབ་སེང་གེ་དཀར་མོའི་དམག་དཔུང་ལ། ། མི་ཡི་དབང་པོ་འཇིགས་པ་ཅིས་མ་བདེན། ། ཞེས་སྤྱན་ཆུ་བཀུ་བཞིན་བཀུ་བཞིན། དཔའ་བའི་རྡོ་རྗེ་མགུར་མ་ཡང་ཡང་བླངས་པ་དེབ་དཀར་གྱི་ཆེས་གཞུག་ན་ཡོད།

«དེབ་དཀར་»དུ། ༼དྲག་པོ་རྟ་མཆོག་རོལ་བ་མི་གཟུགས་ཀྱི་གོ་ཁྲབ་གྱོན་པའི་རྒྱལ་པོ་འདི་་་༽ཞེས་པ་ ལྟ་བུའི་གསུང་སྒྲོས་མཇལ་ཚེ། བདག་གིས་མཚན་མོའི་མུན་ནག་གི་སྦུབས་དང་ཆུང་མའི་འཁྲིས་ནས། རང་དབང་མེད་པར་ལྷ་ས་དྲན་བྱུང་། མདུན་གྱི་བཤུལ་སེལ་གྱད་མི་རྟ་ཞོན་བརྒྱ། ། གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། ། གཡོན་གྱི་རུ་འདྲེན་སྔགས་མཁན་ཕུར་ཐོགས་བརྒྱ། ། སླད་ཀྱི་རྗེས་ཉུལ་ཞུབ་ཆེན་མདུང་ཐོགས་བརྒྱ། ། ཞེས་པའི་བཙན་པོའི་དམག་རྟ་དང་དཔུང་གི་སྒྲིག་གཞི་དག་ཀྱང་རེ་རེ་བཞིན་དྲན་ བྱུང་།

དེ་ལྟ་ན་ཡང་། གཟུར་གནས་མཁས་པའི་ཤེས་རབ་ཀྱི་ཉིང་ཁུ་འཛད་མེད་བརྡོལ་བའི་པིར་ཞབས་སུ་འཁྲུངས་ པའི་བོད་བཙན་པོའི་ཡིད་དབང་འཕྲོག་པའི་དཔའ་མཛངས་དེ་དག་གློག་བརྙན་བཞིན་བཀླགས་ ནས་འགྲོ་བའི་སྐབས་དེ་རུ། གློ་བུར་དུ། ༼མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་མཛད་པའོ། ། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། ། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། ། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། ། ཅེས་རྒྱལ་རབས་རྩོམ་འཕྲོ་ཅན་དེ་རེ་ཞིག་རྫོགས་སོ། །༽ཞེས་མི་འདོད་དུད་གི་མཚོ་མོ་རླབས་ཀྱིས་འཕྱོ་ཞིང་། མི་མཐུན་གདུག་པའི་མཆེ་བ་གཙིགས་ཏེ་ཐོན་འདུག་པས། ངས་ནི་སུ་ལའང་འཁང་ར་དང་གདུང་ཡུས་ཞུ་ས་མེད་པར་རང་སེམས་ཁོ་ན་ན་ཟུག་གིས་མནར་ ཏེ། གཅར་རྡུང་དང་སྙུང་གཞི། གཤེ་གཤེ་དང་གླེང་གནག་གིས་ཡོངས་སུ་ཕམ་པར་བཏང་པའི་སྐམ་ལ་རུད་པའི་སྐུ་ལུས་མལ་ ཐུལ་ལ་ཁེན་ཏེ། གདོང་ནས་མཆི་མ་ཤམ་ཤམ་བཀུ་ཞིང་། ནམ་ཡང་ཕམ་མ་མྱོང་ལ་གཏན་དུ་ཕམ་མི་སྲིད་པའི་ཐུགས་དགོངས་འོད་དུ་སྤྲོ་བཞིན། སྐྱོ་ལ་དགྱེས་པའི་ངང་རང་གི་རྒྱལ་རབས་རྩོམ་འཕྲོ་དེའི་མ་ཡིག་དེ་རེ་བ་དང་བཅས་ ཧོར་ཁང་ལ་གཏད་ཀྱིན་པའི་སྐུ་པར་སྐྱ་བོ་ཞིག་ལ་བྱིལ་བྱིལ་རེ་བྱས་ཏེ་སྡོད་རྒྱུ་ མ་གཏོགས་ཅི་ཡང་བྱ་མ་ནུས་པ་ལ། བྲང་རྡུང་ངོ་། །

«བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་»གིས་མཚོན་ཡིག་རྙིང་དང་ཤོག་ དྲིལ་སྣ་ཚོགས། «རྦ་བཞེད»༼སྦ་བཞེད། རྦ་བཞེད་ཞབས་བཏགས་མ་གཉིས་བཅས་གསུམ༽དང་། «པདྨ་བཀའ་ཐང་»གིས་མཚོན་བཀའ་ཐང་དང་གཏེར་ཡིག་སྣ་ཚོགས། «བཅའ་ཡིག་ཕྱོགས་བསྒྲིགས་»ཀྱིས་མཚོན་བཅའ་ཡིག་སྒྲིག་ཡིག་སྣ་ཚོགས། «བོད་སྔ་རབས་ཀྱི་ཁྲིམས་ཡིག་ཕྱོགས་བསྒྲིགས་»ཀྱིས་མཚོན་ཁྲིམས་ཡིག་དང་ཞལ་ལྕེ་ སྣ་ཚོགས། «འཇམ་དཔལ་རྩ་རྒྱུད་»ཀྱིས་མཚོན་ལུང་བསྟན་དང་མོ་ཕྱྭ་སྣ་ཚོགས། «འོལ་དགའ་བཞད་པའི་རྡོ་རྗེའི་རྣམ་ཐར་»གྱིས་མཚོན་རྣམ་ཐར་སྣ་ཚོགས། «རྟོགས་བརྗོད་དཔག་བསམ་འཁྲི་ཤིང་»གིས་མཚོན་སྐྱེས་རབས་དང་རྟོགས་བརྗོད་སྣ་ ཚོགས། «དེབ་དཀར་»གྱིས་མཚོན་རྒྱལ་རབས་ལོ་རྒྱུས་དང་དེབ་ཐེར་ཡོད་ཚད། «ལྡེའུ་ཆོས་འབྱུང་»གིས་མཚོན་ཆོས་འབྱུང་སྣ་ཚོགས་པ་ཚང་མ་བོད་ཀྱི་ལོ་རྒྱུས་ ཞིབ་འཇུག་གི་དཔྱད་གཞིར་གྱུར་ཏེ། ཕར་བལྟས་ཚོད་དུ་བོད་ཀྱི་ལོ་རྒྱུས་ལ་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་ཤིང་ལོ་ རྒྱུས་ནོར་འཕྱུག་མེད་པ་ཞིག་བྲི་སླ་བ་ལྟ་བུར་སྣང་ལ། མ་ཟད་བོད་ཀྱི་ལོ་རྒྱུས་མཁན་པོ་དག་གིས་ཀྱང་སོ་སོའི་དེབ་ཀྱི་གཞུག་ཏུ། [དཔྱད་གཞིའི་ཡིག་ཆ།]ཞེས་ལོ་རྒྱུས་དཔེ་ཆ་བརྒྱ་ཕྲག་ལོང་བ་རེའི་མིང་ཐོ་སོགས་ བཀོད་དེ། སྒྱིད་ལུག་ཅིག་གིས་བལྟས་ན་ཁོ་ཆད་འགྲོ་བ་དང་། ཐོས་ཆུང་ཞིག་གིས་བལྟས་ན་མིང་མ་གོ་བའི་དཔེ་ཆའང་བྱིངས་ཡིན་པ་ལྟ་བུ་ཡོད།

ཡིན་ན་ཡང་། ཁ་ཕོ་ཆེ་ཙམ་བཤད་ན། དེང་སང་། ཁང་དཀར་དང་མཁར་རྨེའུ་སོགས་ཀྱི་ལོ་རྒྱུས་གསུང་རྩོམ་དུ་ཐུན་མིན་མང་པོ་མཐོང་ རྒྱུ་ཡོད་པ་མ་གཏོགས། བོད་ཀྱི་ལོ་རྒྱུས་བདོག་གོ་ཅོག་ནི་སློབ་མས་ལས་བྱ་བྲིས་པ་ལྟ་བུ་ཤ་སྟག་སྟེ། ཕྱི་མ་ཕྱི་མས་སྔ་མ་སྔ་མ་ལ་ཕབ་བཤུས་བརྒྱབ་ཅིང་། སྔ་མ་སྔ་མས་ལུང་དང་རྒྱུད་ཟེར་བ་སོགས་ལས་བཤུས་བ་ལྟ་བུ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་པ་དག་ནི་ར་མ་བྲག་ཁར་དེད་པ་ལྟར་སྔ་མ་དེ་བྲག་ལས་ལྷུང་ན་ཕྱི་ མ་ཚང་མ་ལྷུང་འགྲོ་བའི་ཉེན་ཁ་ཞིག་གདའ། དེ་བས་བོད་ཀྱི་ལོ་རྒྱུས་སྨྲ་བོ་དག་ལྟོས་བཅས་ཀྱིས་བག་ཕེབས་ཤིང་ལྷོད་ཆགས་པ་ རེད། གཅིག་གིས་གཅིག་ལ་ཕབ་བཤུས་བརྒྱབ་པས། ནོར་ས་དང་འགྲིག་ས་ཚང་མ་ཉི་མ་མེ་གྲོགས་ཀྱི་ཚུལ་གྱིས་ཕན་ཚུན་མཐུན་གྱི་ཡོད་ སྟབས། ཕན་ཚུན་བདེན་པ་བདར་ཞིང་རིགས་པ་རྩོད་དགོས་པའི་སྐབས་དབེན་པ་རེད། དེ་ཡིན་པས། སྔར་བོད་ཀྱི་ལོ་རྒྱུས་ཁྲོད་ན་གདའ་བའི་ནོར་བ་དག་དོ་ཞག་གི་ནོར་བ་དེ་དག་ཡིན་ལ། དོ་ཞག་གི་ནོར་བ་དེ་དག་མ་འོངས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་དུའང་སྔར་བཞིན་ཁུ་ སིམ་མེར་འདུག་ངེས། ནོར་བ་དག་ལ་ཁ་གྲག་མཁན་དང་གཡོ་འགུལ་སློང་མཁན་མེད་པའི་གནས་ཚུལ་འོག་ཏུ། ནོར་བ་དེ་དག་ནོར་བ་ཡིན་མིན་ཀྱང་ཐག་མི་ཆོད་པ་ཞིག་ཏུ་འགྱུར་བཞིན་ཡོད།

བོད་ཀྱི་ལོ་རྒྱུས་ལ་དཔྱད་གཞིའི་དཔེ་ཐོའི་གྲངས་ཀ་ཅི་འདྲ་མང་ན་ཡང་། བོད་ཀྱི་ལོ་རྒྱུས་ལ་འཕེལ་རྒྱུས་རང་བཞིན་མེད་པ་དང་།འཚོལ་དཔྱོད་དང་རྟོག་ཞིབ་ རང་བཞིན་མེད་པ་དེ། སྔར་བཞིན་སྒུལ་ཙམ་ཡང་མ་ནུས་པར་བསྡད་ཡོད། མ་འོངས་པར་ཡང་འདུག་ངེས། དེ་བས། གལ་ཏེ་ཆེ་གེ་མོ་ཞིག་གིས་བོད་ཀྱི་ལོ་རྒྱུས་ཤིག་གསར་དུ་བརྩམས་ན་ཡང་། དཔེ་ཆའི་ཁ་བྱང་དང་ཤོག་ལྷེ་སོགས་སོ་མ་ཡིན་ན་ཡང་། དཔྱད་གཞིར་བཟུང་བའི་དཔེ་ཐོ་དང་། ལོ་རྒྱུས་ཉམས་ཞིབ་གྱི་སྤྱི་འགྲོས་དང་བྲོ་བ་ནི་རྙིང་བ་རང་ཡིན་པ་རེད། དེའི་ཕྱིར། མིག་སྔར་གྱི་གནས་ཚུལ་ལྟར་ན། བོད་ཀྱི་ལོ་རྒྱུས་ངེས་དགོས་ཚེ་དཔེ་ཆ་གཅིག་གཉིས་ཙམ་ངེས་པས་སྤྱི་ལ་མི་ཁེབས་པ་ཞིག་ཕལ་ཆེར་མི་སྲིད་པ་ལྟ་བུར་ཆགས་ཡོད།

དེ་བཞིན། ང་ཚོ་བོད་ཀྱི་ལོ་རྒྱུས་གསར་རྙིང་བྱིངས་ཀྱི་བྲོ་བ་དང་སྡོམ་ཚིག་གཅིག་ཏུ་ཆགས་ ཡོད། བལྟ་སྟངས་དང་བལྟ་ཡུལ་གཅིག་ཁོ་ནར་སོང་འདུག་པས། བྲོ་བ་གསར་བ་ཞིག་མི་འདུག དུས་རབས་དང་མཐུན་པའི་བྲོ་བ་ཞིག་མི་འདུག ཚན་རིག་དང་མཐུན་པའི་བྲོ་བ་ཞིག་མི་འདུག རིགས་པ་དང་རིགས་པ་བདར་བའི་བྲོ་བ་ཞིག་མི་འདུག བདེན་པ་དང་བདེན་པ་བརྩད་པའི་བྲོ་བ་ཞིག་མི་འདུག ཆད་ལྷག་བྱུང་བའི་བྲོ་བ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་ཆེན་ པོ་ཞིག་སྐོང་ཐུབ་ངེས་སུ་སྣང་། ཁ་དྲགས་པའི་བྲོ་བ་རྙིང་བ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཕུལ་བའི་ ལེགས་སྐྱེས་ནི། ཡང་ནོར་བསྐྱར་ནོར་གྱི་ལམ་ཁ་ཞིག་རེད། འོ་ན། ངའི་འདོད་པའི་བྲོ་བ་གསར་བ་སྟེ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཞིམ་མངར་གྱི་བྲོ་བ་གསར་བ་དང་བྲོ་བ་དག་མ་ཞིག་ དགོས་ངེས་ཅན་གང་དེའི་ནུས་ཁུངས་ནི་གང་ཞེ་ན།—གནའ་རྫས་རྟོག་ཞིབ་རིག་པ་རེད།
གནའ་རྫས་རྟོག་ཞིབ་རིག་པ་ཟེར་བ་ནི། སྒྲ་ཡངས་འཇུག་ཏུ། ལོ་གྲངས་མང་པོའི་སྔོན་གྱི་གནས་ཚུལ་རྣམས་དཔག་ཐུབ་པའི་རིག་དངོས་རྣམས་བརྩད་ གཅོད་དང་ཞིབ་འཇུག་གནང་སྟེ། སྐབས་དེ་དུས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ལ་རྒྱུས་ལོན་དང་ཉམས་ ཞིབ་བྱེད་པའི་རིག་པ་ཞིག་ཡིན། གནའ་རྫས་རྟོག་ཞིབ་རིག་པའི་རིག་དངོས་གཙོ་བོ་ནི། དཔེར་ན། མི་དང་སྲོག་ཆགས། ཡང་ན་རྩྭ་རྩི་ཤིང་གི་འགྱུར་རྡོ་ནི་གཙོ་བོ་ཞིག་ཡིན། དེ་མིན་ད་དུང་། སྤྱི་ཚོགས་ག་གེ་མོའི་སྐབས་དེའི་མིའི་འདོགས་ཆ་དང་ཁྱིམ་གྱི་ཡོ་བྱད། ཡུལ་ལུང་། རྡོ་བརྐོས་ཡི་གེ དུར་སྒམ། ཁང་བ། མཚོན་ཆ་སོགས་ས་འོག་ཏུ་ནུབ་ཟིན་པ་དག་དང་། ས་འོག་ཏུ་མ་ནུབ་པར་གནས་པའི་གནའ་བོའི་སྤྱི་ཚོགས་ཀྱི་ཡོ་ཆས་མཆིས་སོ་ཅོག་ཡིན་ ཆོག

ཕྱི་གླིང་གི་ལོ་རྒྱུས་ཆེད་མཁས་པ་དག་གི་ཞིབ་འཇུག་གི་ལག་ཆ་ཆེས་ཁུངས་བཙན་ཞིང་ ཡིད་རྟོན་རུང་བ་དེ་ནི་གནའ་རྫས་རྟོག་ཞིབ་རིག་པ་ཞེས་པ་འདི་ཡིན་འདུག ཁོ་ཚོས་ལག་ཆ་འདི་ལ་བརྟེན་ནས། ལོ་ཁྲག་ཁྲིག་སྔོན་གྱི་གནའ་བོའི་སྤྲ་མི་དང་ཁ་བརྡ་བྱེད་ཅིང་། ཁོ་ཚོས་ལག་ཆ་འདི་བརྒྱུད་ནས་གནའ་མིའི་སེམས་ཁམས་ཉུལ་ཞིང་། གནའ་མིའི་འཚོ་བ་དང་ཟས་ཀྱི་བྲོ་བའང་མྱོང་བར་བྱེད། ཐ་ན། ཁོ་ཚོས་ལག་ཆ་འདི་ལ་བརྟེན་ཏེ། མིའི་རིགས་བྱུང་ནས་ལོ་ཁྲི་ཚོ༡༠༠ ༠༠༠ལས་མེད་པར་འདོད་པའི་ལྟ་བ་དེ། གནའ་རྫས་དང་འགྱུར་རྡོ་ལ་བརྟེན་ནས། ལོ་ཁྲི་ཚོ༡.༧༠༠ ༠༠༠དང་།དེ་ནས་ལོ་ཁྲི་ཚོ༢.༦༠༠ ༠༠༠། དེ་ནས་ལོ་ཁྲི་ཚོ༣.༠༠༠ ༠༠༠བར་འདེད་ཐུབ་པ་དང་། ཞིབ་འཇུག་པ་ལ་ལས་མིའི་རིགས་ཀྱི་ལོ་ཁྲི་ཚོ༦.༠༠༠ ༠༠༠ནས༧.༠༠༠ ༠༠༠བར་འདེད་ཤེས་ལ། འཇིག་རྟེན་འདིར་ཚེ་སྲོག་བྱུང་ནས་ལོ་དུང་ཕྱུར༣.༥༠༠ ༠༠༠ ༠༠༠ནས་༣.༨༠༠ ༠༠༠ ༠༠༠ལྷག་འགོར་ཡོད་པ་དང་། སྐྱེ་དངོས་༼རྩི་ཤིང༽རིགས་བྱུང་ནས་ལོ་དུང་ཕྱུར༣༠༠ ༠༠༠ ༠༠༠ནས༥༠༠ ༠༠༠ ༠༠༠འགོར་ཡོད་ཅེས་སྐད་གསང་མཐོན་པོ་སྨྲ་ཐུབ་ཀྱིན་ཡོད།

འཛམ་གླིང་གནའ་རབས་དང་ཉེ་རབས་ཀྱི་ལོ་རྒྱུས་གང་ཡིན་ཡང་། གནའ་བོའི་དུས་སྐབས་རེ་རེའི་གནས་ཚུལ་དང་ལོ་རྒྱུས་ཀྱི་སྡོམ་ཚིག་ཁེན་ས་གཙོ་བོ་ ནི་གནའ་རྫས་རྟོག་ཞིབ་རིག་པ་བ་དག་གི་དཔྱད་འབྲས་ལ་བརྟེན་ཡོད་དེ། གནའ་བོའི་མིའི་སྤྱི་ལ་དབང་བའི་ལམ་ལུགས་ནས་སྒེར་དབང་ལམ་ལུགས་དར་ཚུལ། ཡི་གེ་བྱུང་འཕེལ་དང་། ཚོང་ཟོང་བརྗེ་རེས། དམག་འཁྲུག་བརྒྱབ་པ་དང་། མཚོ་སྐོར་གནང་བ་སོགས་གཙོ་བོ་ཐམས་ཅད་གནའ་རྫས་རྟོག་ཞིབ་ལ་བརྟེན་ནས་བཤད་ཀྱིན་ ཡོད་ལ། གནའ་རྫས་རྟོག་ཞིབ་རིག་པ་བའི་ངལ་འབྲས་མེད་ཚེ། ཕྱི་གླིང་བའི་ལོ་རྒྱུས་དག་ཀྱང་ང་ཅག་བོད་པའི་ལོ་རྒྱུས་ནང་བཞིན་སྒྲུང་དང་གནའ་ གཏམ་ཙམ་ཡིན་སྲིད་པ་ལས། དེ་འདྲའི་འཁྲུགས་ཆ་དོད་ལ་ཤེས་རབ་ཀྱི་བཀྲག་མདངས་བཀྲ་བ་ཞིག་མིན་པ་ཐག་གིས་ཆོད་ དེ། ཕྱི་གླིང་བས་ལོ་རྒྱུས་འབྲི་དུས། གནའ་བོའི་ངོ་མཚར་བའི་བྱུང་བ་དང་མཛད་རྗེས་ཚང་མ། གནའ་ཤུལ་སྔོག་འདོན་དང་བརྟག་དཔྱད་ཀྱི་ལམ་ནས་རེ་རེ་བཞིན་དབྱེ་ཞིབ་དང་གསལ་ འདོན་གནང་གིན་ཡོད་པ་རེད། དེ་བས། ཕྱི་གླིང་གི་ལོ་རྒྱུས་གླེགས་བམ་དེ་དག་ལྷ་སྒྲུང་དང་རིང་དུ་བཀྱེད། གནའ་གཏམ་དང་རིང་དུ་བཀྱེད་དེ། དུས་རབས་དང་ཚན་རིག་གི་འཕྱོར་ལྭ་མནབས་ནས། མིའི་རིགས་ཀྱི་ལོ་རྒྱུས་སྟེགས་བུའི་ཐོག་ཏུ། ཡིད་དབང་འཕྲོག་པའི་བྲོ་གར་འཁྲབ་བྱུང་བ་རེད་ཨང་།

ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་དུའང་། ༼གནའ་ཤུལ་དེ་སྔོག་འདོན་བྱས་པས་དེ་ཡིན་པ་ར་འཕྲོད་སོང་༽ཟེར་བའི་བྱུང་བ་གཅིག་ ཀྱང་ཨེ་ཡོད་སྙམ། མ་ཎི་བཀའ་འབུམ་ལྟ་བུ་སྔོག་འདོན་བྱས་ཏེ། ཁྲི་སྲོང་བཙན་དགེ་བཤེས་ཤིག་ཡིན་པ་ར་འཕྲོད་སོང་ཟེར་རྒྱུ་ཨེ་ཡིན་ནམ། མ་ཟད། ང་ཚོས་གནའ་ཤུལ་སྔོག་འདོན་དང་དེར་རྟོག་ཞིབ་བྱ་རྒྱུ་ནི་ལོ་རྒྱུས་ཞིབ་འཇུག་ལ་ མེད་དུ་མི་རུང་བའི་བླང་བྱ་ཞིག་ཡིན་པ་མཁྱེན་གྱི་མེད་ཚོད་དུ་སྣང་། དེའི་བསམ་བློ་མེད་པའི་ཁར། བོད་རྣམ་རྟོག་ཆེ་བའི་དབང་གིས་བཀག་རྐྱེན་ཞིག་ཀྱང་བྱས་ཡོད་པ་ནི། གང་བྱུང་དུ་ས་རྐོ་རྡོ་སློག་བྱས་ན། ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་གིས་བྱུར་འདྲེན་ཡོང་ཟེར་ནས་བག་ཚ་ཤུགས་ ཆེན་བྱེད། དེ་བདེན་ན། དྷར་ཝིན་ལྟ་བུ་འདས་ལོག་བརྒྱབ་ཀྱང་རུང་ཚོད་ལ། གྲག་འགུལ་ཙམ་ཡང་མེད་པ་ཡ་མཚན།

བོད་ཀྱི་གནའ་བོའི་རིག་དངོས་དག་ནི་མཆོད་སྒམ་དུ་བཤམས་ཏེ་རྟེན་དུ་ཉར་ནས་ཐོད་པ་ གཏུགས་ས་ཁོ་ན་ཡིན་པ་ལས། ལག་ཏུ་བླངས་ཏེ་རྟོག་ཞིབ་བྱས་ན་མནོལ་འགྲོ་བ་ཤ་སྟག་ཡིན་པ་འདྲ་སྟེ། སྲོང་བཙན་སྒམ་པོའི་ཞྭ་ཡིན་སྐད་ཅིག་བདོག་པ་དེ་ནི་མཆོད་སྒམ་ཞིག་གི་ནང་དུ་ བཅུག་འདུག་པ་དང་། སྲོང་བཙན་སྒམ་པོའི་ཁྲུང་ཕོར་རྟ་མགོ་མ་ཞུ་བ་དེ་རྗེ་ཙོང་བས་གཏེར་ནས་བཏོན་ཟེར་ བ་དེ་ཡང་པོ་ཏ་ལར་རྟེན་དུ་ཉར་ཡོད་ཟེར།

བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་ཨིན་ཡིག་དང་རྒྱ་ཡིག་མཁྱེན་མཁན་དག་གིས། དཔྱད་གཞིའི་དཔེ་ཐོ་རུ་ཨིག་དཔེ་རྒྱ་དཔེ་ནི་དྲངས་འདུག་པ་ལ། ཕྱི་དཔེ་དེ་དག་ལས་ཤེས་རབ་ཀྱི་རིལ་བུ་མི་མཐོང་བར། བོང་བ་གསེར་གཟིགས་སུ་མཐོང་འདུག་པ་ཡ་མཚན། འཛམ་གླིང་མིའི་རིགས་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་སྐྱེས་བུ་ཆེ་མ་ཆུང་གསུམ་གང་ གི་མཚན་ཐོའི་གྲས་སུའང་། ང་ཚོ་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་ཞིག་གི་མཚན་ཟུར་ཙམ་ཡང་མེད་པ་དེ། དོན་དམ་དུ་ང་ཚོས་གོ་ཆོད་པའི་ལག་ཆ་དེ་བཀོལ་མ་ཤེས་པས་ལན། གནའ་རྫས་རྟོག་ཞིབ་རིག་པའི་ལག་ཆ་དེ་མེད་པས། ང་ཚོ་བོད་པས་ད་བར་དུ་རང་གི་ལོ་རྒྱུས་ཀྱི་འདས་མ་ད་གསུམ་དང་ནོར་འཕྱུག་འཁྲུལ་ གསུམ་ཡོད་ཚད་གླུ་བརྒྱ་གདངས་གཅིག་གིས་བླངས་ནས་ཡོང་།

བརྒྱ་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཏུ་རྟོག་ཞིབ་ཀྱི་ཆ་འདྲ་བ་རེ་ཡོད་ན་ནི། བཙན་པོའི་རྡོ་རིང་དག་དང་ཏུན་ཧོང་བྲག་ཕུག་གཉིས་སུ་སྐོར་རྒྱུག་བྱས་པ་དེ་ཙམ་མ་ གཏོགས་གང་ཡང་མེད། དེ་ནས་གཞན་ཞིག་ཡོད་ཚེ་ས་སྐྱ་དགོན་པ་སོགས་དགོན་ཁག་འགའ་ཤས་ཉུལ་རྒྱུ་ཁོ་ན་རེད། འོན་ཀྱང་། ལས་བྱ་རུང་བ་དེ་དག་ལོ་རྒྱུས་མཁན་པོ་སྔ་མ་དག་གིས་བྱས་ཟིན་པས། ལོ་རྒྱུས་སྨྲ་པོ་ཕྱི་མ་དག་ཡང་བསྐྱར་སྔར་ཤུལ་དུ་རྒྱུག་པ་ནི་རྐུན་ཇག་གི་ལས་ བསོགས་འདོད་ཨེ་ཡིན་ནམ། དེ་ལས། བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་དེ་གསབ་པའི་འོས་འགན་འཁུར་ཐུབ་པའི་ལོ་ རྒྱུས་སྨྲ་བ་པོ་ནི་བྱས་རྗེས་ཅན་གྱི་ལོ་རྒྱུས་སྨྲ་བ་པོ་ཞིག་ཡིན། ལོ་རྒྱུས་ཞིབ་འཇུག་གི་གནད་དོན་དང་ལོ་རྒྱུས་ཞིབ་འཇུག་གི་དགོས་མཁོ་སྐོང་མི་ ཐུབ་པའི་ལོ་རྒྱུས་སྨྲ་མཁན་གྱིས་ས་གཞི་གང་ཡང་ལོ་རྒྱུས་ཀྱི་གསང་རྒྱ་བཀྲོལ་མི་ ནུས་པ་གཏན་ཁེལ་རེད། ཇི་སྐད་དུ། རྗེ་ལམ་རིམ་པས། མུན་ནག་གི་དུས་སུ་སྒྲོན་མེ་སྦར་དགོས་པ་ལས། ཉི་མ་ཤར་དུས་སུ་སྒྲོན་མེ་སྦར་བ་ནི་བག་མེད་པ་ཡིན་གསུངས་ཏེ། ལྔ་བཅུ་ང་དགུའི་ལོར་ཆོས་ཀྱི་སྒྲ་ཙམ་ཡང་གོ་མི་ཉན་པའི་ཉེན་ཁའི་སྐབས་སུ། ཁོང་གིས་སྐུ་སྲོག་བློས་གཏོང་གིས་ཆོས་འཆད་ཉན་བྱས་པ་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རྡོག་ལམ་ཁྲོད་དུ། རྗེ་ལམ་རིམ་པ་ལྟ་བུའི་དཔའ་བོ་ཞིག་འཁྲུངས་རྒྱུར་སྒུག་དགོས་འདུག

དེ་ལྟར་ན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྲོད་དུ་ཆེས་ཆད་ལྷག་བྱུང་ཡོད་པ་དང་ཆེས་མེད་ ཐབས་མེད་པ་ཞིག་ཡོད་པ་ནི། གནའ་རྫས་རྟོག་ཞིབ་རིག་པའི་དངོས་དཔང་ལ་བརྟེན་ནས་ལོ་རྒྱུས་ཀྱི་གསང་རྒྱ་འགྲོལ་ རྒྱུ་དེ་ནི་ཅིས་མ་ཡིན་ཏེ། དཔེ་གཅིག་བཞག་ན། འཛམ་གླིང་གནའ་རབས་ལོ་རྒྱུས་སུ། གནའ་བོའི་གཙང་བོ་གཉིས་ཀྱི་འབབ་རྒྱུད་༼དེང་གི་དབྱི་རག༽དུ་ཡི་གེ་བྱུང་བ་ནི་ འཛམ་གླིང་གི་སྔ་ཤོས་ཡིན་ལ། དེར་ཡི་གེ་བྱུང་དུས་ནི། གནའ་རྫས་རྟོག་ཞིབ་རིག་པ་བས། སྤྱི་ལོ་སྔོན་གྱི་ལོAD༤༠༠༠ཡར་སྔོན་ཡིན་པ་ཡུལ་དེའི་ས་འོག་ནས་ཐོན་པའི་འཇིམ་ བཟོས་རྫ་སེར་སྟེང་དུ་ཡི་གེ་ཁྱེའུ་དབྱིབས་མ་བྲིས་འདུག་པས་ཤེས་ཡོད། མུ་མཐུད་དུ་སློག་པས། ས་འོག་ནས་དཔེ་མཛོད་ཁང་ཞིག་བུད་ཅིང་། དེའི་ནང་ནས་སོ་ཕག་ཐོག་བྲིས་པའི་དཔེ་ཆ་ཁྲི་ཕྲག་དྲུག་ལྷག་རྙེད་ཟེར། དཔེ་ཆ་དེ་དག་ཀྱང་སྐབས་དེ་ཙམ་དུ་བྱུང་བ་ཡིན་པ་རྗེས་ནས་ཡི་གེ་དེ་དག་ལ་ལོ་ཙཱ་ བྱ་ཐུབ་པར་གྱུར་དུས་ཤེས་ཡོད་པ་རེད། ཡིན་ན་ཡང་། གནའ་བོའི་ཨེ་ཅིབ་ཏུ། ཐོན་ཁུངས་ཀྱི་ཁྱད་ཆོས་ལྟར་བཟོས་པའི་འདམ་རྩྭ་ལེབ་ཆེན་སྟེང་བྲིས་པའི་ཡི་གེ་ སྟེ།༼ཤོག་རྩྭ་༽ཟེར་བ་གནའ་རྫས་རྟོག་ཞིབ་རིག་པ་བས་ས་འོག་ནས་བཏོན་ཏེ། གནའ་བོའི་ཨེ་ཅིབ་ཀྱི་ཡི་གེ་བྱུང་བ་ནི་གཙང་གཉིས་འབབ་རྒྱུད་ལས་སྔ་བ་ཐག་བཅད། ལོ་གྲངས་དེ་འདྲའི་མང་པོ་དང་བསྡུར་ན། ང་ཚོ་བོད་པའི་བཙན་པོ་ཐོག་མ་གཉའ་ཁྲི་བྱོན་དུས་ADདུས་རབས་བཞི་བ་ལྔ་བ་ཡིན་ཟེར་ གྱིན་ཡོད། ང་ཚོས་སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་གི་ལོ་རྒྱུས་ཀྱང་ཤེས་ ཀྱི་མེད་སྐབས། གཞན་པས་སྤྱི་ལོ་སྔོན་གྱི་ལོ་སྟོང་ཕྲག་གསུམ་བཞི་ཙམ་གྱི་སྔ་རོལ་ནས་རང་ལ་རྒྱལ་ ཁབ་བྱུང་བ་མ་ཟད་ཡི་གེ་ཡོད་པའང་དཔག་ཐུབ་ཀྱི་འདུག་ཀྱང་། ང་ཚོས་སྔར་བཞིན་གཉའ་ཁྲིས་མཚོན་རང་གི་ལོ་རྒྱུས་ཕལ་ཆེ་བ་མག་མོག་དང་ལྡབ་ལྡུབ་ ཅིག་ལས་སྨྲ་ཤེས་ཀྱི་མེད་པའི་ཁར། ས་རྐོ་རྡོ་སློག་བྱས་ན་ལྷ་ཀླུ་ཁྲོས་ཡོང་ཟེར་ནས་སྡོད་རྒྱུར་ཅུང་བག་ཚ་དགོས་པ་ ཞིག་འདུག

དེ་བཞིན། ཡང་དཔེ་གཅིག་བཞག་ན། གཉའ་ཁྲི་བཙན་པོ་མ་ཟད། བོད་ཀ་གཡག་དྲུག་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས། མངའ་མཛད་བཅུ་ཟེར་བ་སོགས་ཀྱི་མིང་མ་གྲགས་པའི་སྔ་རོལ་སྔ་རོལ་ཞིག་ཏུ། ས་དབུས་རྒྱ་མཚོའི་ཤར་འགྲམ་དུ། ཧྥེ་ནེ་ཁེ་ཨ་(腓尼基)ཟེར་བའི་གྲངས་ཉུང་མི་རིགས་ཤིག་ཡོད་ལ། དེ་དེང་སང་ས་བཀྲའི་ཐོག་ནས་དཔག་ན་ཕལ་ཆེར་ནེ་བྷ་ལན་(黎巴嫩)ཡོད་ས་རུ་གནས་མྱོང་པ་ འདྲ། དེ་ལ་ལོ་རྒྱུས་སུ་༼མཚོ་ཐོག་གི་སིལ་ཚོང་རྒྱག་མཁན་༽ཞེས་ཆོ་ལོ་གནང་ཡོད། ADདུས་རབས་༡༧-༡༨ཙམ་ལ། གྲུ་གཏོང་བ་དང་ཚོང་རྒྱག་པར་མཁས་པའི་ཧྥེ་ནེ་ཁེ་ཨ་པ་རྣམས་ཀྱིས་ནུབ་ཕྱོགས་སུ་ ཟོང་གྲུ་བཏང་ནས་ས་དབུས་རྒྱ་མཚོ་བརྒལ་ཏེ་ཏྲི་པུའུ་ལཱོ་ཐོ་མཚོ་འགག་(直布罗陀海峡) བརྒྱུད་ནས་རྒྱང་ཐག་རིང་བའི་དབྱིན་གྷི་ལན་གླིང་ཕྲན་(英格兰半岛)དུ་སོང་ནས་ཚོང་ བརྒྱབ་ཅིང་སླར་བདེ་འཇགས་ངང་ཕྱིར་ལོག གཞན་ཨེ་ཅིབ་པའི་གྲུ་བསྟར་གྱིས་ADདུས་རབས་༡༦ཙམ་གྱི་དུས་སུ། ཧྥེ་གླིང་ཧྲིལ་བོ་གཡས་སྐོར་བརྒྱབ་པའི་བྱ་གཞག་རླབས་ཆེན་དེ་ཡང་ཧྥེ་ནེ་ཁེ་ཨ་པ་ རྣམས་ཀྱི་རམ་འདེགས་འོག་གཟོད་ལེགས་འགྲུབ་བྱུང་པ་ཞིག་ཡིན། དེ་དག་ནི་བོད་ཀྱི་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་ལོ་སྟོང་དང་བདུན་བརྒྱ་ བརྒྱད་བརྒྱའི་སྐབས་ཀྱི་ས་ཁུལ་གཞན་གྱི་མིའི་ཤེས་རབ་དང་སྤྱི་ཚོགས་གནས་ཚུལ་ ཞིག་རེད། ས་ཁུལ་ཆུང་ཆུང་དང་མི་གྲངས་ཉུང་ཉུང་ལས་མེད་པའི་མི་རིགས་དཀྱུས་མ་ཞིག་གི་ལོ་ རྒྱུས་ཀྱང་། ཤེས་རབ་ཀྱི་མིག་དཀྱུས་རིང་བའི་ཕྱིའི་ལོ་རྒྱུས་མཁན་པོ་དག་གིས། དངོས་རིག་གཉིས་འཛོམས་དང་ཐབས་ཤེས་ཟུང་འབྲེལ་གྱིས་ཡིད་དུ་འོང་བའི་སྤྱི་ལོ་ སྔོན་གྱི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཚུན་ཆད་རེ་རེ་བཞིན་གླེགས་བམ་དུ་བཏུས་ ཏེ་ཕྱི་རབས་པའི་མིག་མདུན་དུ་ཕུལ་ཡོད་ན་ཡང་། ང་ཚོས་ADདུས་རབས་བཞི་བ་ལྔ་བ་ཙམ་གྱི་གནས་ཚུལ་ཡང་གསལ་བོ་ཞིག་ཤེས་རྒྱུ་ལྟ་ཞོག BCདུས་རབས་༡་རྗེས་ཀྱི་ལོ་རྒྱུས་ཀྱང་མིག་ཡ་ཞ་ར་བྱས་རྣ་ཡ་འོན་པ་བྱས་ཏེ་ནོར་ ཚབས་ཆེན་པོས་གླེང་དགོས་བྱུང་བའི་རྒྱུ་རྐྱེན་གལ་ཆེན་པོ་གཅིག་ནི།—གནའ་རྫས་ རྟོག་ཞིབ་རིག་པར་བརྟེན་ཏེ་ལོ་རྒྱུས་ཀྱི་དངོས་དཔང་འཚོལ་དཔྱོད་བྱེད་ཐབས་ལ་ སྒོ་ཀུན་ནས་བཀག་འགོག་གནང་བསྡད་པས་ལོས་ཡིན་སྙམ་བྱུང་མ་གཏོགས། ང་ཚོ་བོད་ཀྱི་ཆུ་སྲིད་ལས་རིང་བའི་རིག་གནས་ལོ་རྒྱུས་དག་མ་གཞི་ནས་དེ་འདྲའི་ ཐུང་ངུ་དང་དེ་འདྲའི་ཆ་དེ་ཆད་དེ་ཞིག་ཡིན་བཞག་པ་ག་ལ་ཡིན།

ང་ཚོ་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་ཕྱི་རབས་པ་དག་གིས། གནའ་རྫས་རྟོག་ཞིབ་རིག་པའི་ཐབས་ལམ་གསར་བ་དེ་སྤྱད་ནས་རང་རེའི་ལོ་རྒྱུས་ཀྱི་ དབུས་མཐའ་ཆེན་མོར་བལྟ་བའི་དབང་དུ་བཏང་ན། ཡི་གེ་མ་བྱུང་གོང་གི་༼སྲོང་བཙན་སྔོན་ལ་ཡི་གེ་མེད་པའི་ལུགས་ལྟར༽མདུད་ལོག་བརྒྱབ་སྟེ་བཞག་པའི་ལོ་རྒྱུས་ཀྱི་གནད་དོན་མང་པོར་ཚེ་སྲོག་གསར་བའི་ཟུངས་ཞུགས་ ཐུབ་ཤས་ཆེ། ཡང་། སྲོང་བཙན་སྔོན་དུ་ཞང་ཞུང་གི་ཡི་གེ་ཡོད་ཅེས་པ་ལྟར་ན། ཀུན་པོ་ཡིད་རྟོན་ཆོག་ཆོག་གི་གནའ་བོའི་བོད་ཀྱི་ཞང་ཞུང་གི་ཤེས་རབ་ཀྱི་ཉིང་ཁུ་ སྦྲུམ་པའི་དབྱངས་གསལ་འཐུས་སྒོ་ཚང་བ་ཞིག་ས་འོག་ཏུ་མནན་ཡོད་མེད་ཀྱང་ཐག་ཆོད་ དེ། ནམ་རྒྱུན་ཡི་གེ་དང་ཡི་གེ་ཀློག་ནས། ཡི་གེ་དང་ཡི་གེ་སྤེལ་བའི་ངལ་བ་བརྟེན་མི་དགོས་པར་འགྱུར་མི་འགྲོ་གྲང་། གནའ་རྫས་རྟོག་ཞིབ་རིག་པ་ཟེར་བ་ཞིག་བོད་དུ་བྱུང་ཚེ། གཉའ་ཁྲི་བཙན་པོ་ནས་སྟག་བུ་སྙ་གཟིགས་བར་གྱི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ བྲེལ་བྲེལ་ཚུབ་ཚུབ་ཀྱིས་གླེང་མི་དགོས་ལ། གཉའ་ཁྲིའི་སྔོན་གྱི་བོད་པའི་སྤྱི་ཚོགས་གནས་ཚུལ་ངོས་འཛིན་བྱེད་སྤྱད་ཙམ་དུ་ ཡོད་པའི་རྣམ་གྲངས་དེ་དག་ཀྱང་མནའ་བསྐྱལ་བ་དང་ལུང་བསྟན་ཏོ་ཟེར་ནས་ཁས་ལེན་དུ་ འཇུག་པའི་ཐབས་རྡུགས་དེ་འདྲ་བྱེད་མི་དགོས་པར་སྦྲུལ་གྱི་མདུད་པ་རང་ཞིག་ཏུ་ འགྱུར་བ་ཡིན། སྤྲ་ནས་མཆེད་པའི་བོད་མིའི་རུས་ཆེན་དྲུག་ཅེེས་བརྩི་བའི་སེ། རྨུ། ལྡོང༌། སྟོང༌། དབྲ། འདྲུ་དག་ཀྱང་། ཧྥེ་གླིང་དུ་གནའ་བོའི་སྤྲ་མིའི་འགྱུར་རྡོ་མང་པོ་རྙེད་ནས་ལོ་ཁྲི་ཚོ་༣༠༠ཡས་ མས་ཀྱི་ཡར་སྔོན་དུ་བྱུང་བའི་མི་རུ་ངོས་འཛིན་ཐུབ་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་རང་གི་མེས་པོའི་འགྱུར་རྡོ་མི་རྙེད་པའི་ངེས་པ་མི་འདུག་ལ། མ་ཟད་འགྱུར་རྡོ་དེ་དང་འགྲོག་སྟེ་ང་ཅག་བོད་པའི་ལོ་རྒྱུས་སྔར་ལས་རིང་ནས་རིང་ དུ་དང་། སྔར་ལས་གསལ་ཞིང་དག་པ་ཞིག་ཏུ་འདེད་ཐུབ་ཤས་ཆེའོ། །

དཔེར་སླ་མོ་ཞིག་བཞག་ན། བོད་དུ་གནའ་རྫས་རྟོག་ཞིབ་རིག་པ་ཞིག་བྱུང་ན། མ་ཎི་བཀའ་འབུམ་ལྟ་བུ་དང་བཀའ་ཐང་ཤེལ་བྲག་ལྟ་བུ་སོགས་ནི་སུའི་ཡིན་མིན་ཀྱང་ རྩོད་པ་བརྒྱབ་མི་དགོས་པར་གསང་རྒྱ་ལྷང་ལ་འབུད་པར་འགྱུར་རོ། ། ང་ཚོའི་ལོ་རྒྱུས་ལ་ཡིག་ཆས་དཔང་བོ་ཡོད་ཀྱང་། དངོས་པོས་དཔང་བོ་མེད་སྟབས་ཉི་ཚེ་བའི་རྩོད་ཉོག་ལ་མཐའ་སངས་རྒྱུ་མེད་པ་ནི་ རྐྱེན་དེའི་དབང་གིས་ཡིན།

བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ལག་ཆའི་ཁྲོད་དུ། གནའ་རྫས་རྟོག་ཞིབ་རིག་པར་བརྟེན་ཏེ་ལོ་རྒྱུས་སྨྲ་མཁན་ཞིག་ནམ་བྱུང་ན། དུས་དེ་ནས་བཟུང་ང་ཚོའི་ལོ་རྒྱུས་དེ་ལུང་བསྟན་དང་གྱེས་ཕྱག་ཕུལ་བ་རེད་ལ། དུས་དེ་ནས་བཟུང་ང་ཚོ་རང་ཉིད་ཀྱི་ལོ་རྒྱུས་རྣལ་མའི་ཀློང་དུ་འགྲིམ་འགོ་ཚུགས་ པ་རེད་དོ། ། གཞན་པའི་ADདུས་རབས་སུམ་ཅུ་བཞི་བཅུའི་སྔོན་གྱི་ལོ་རྒྱུས་ཀྱང་གསལ་བོ་དག་པོ་ སྨྲ་ནུས་པ་ཞིག་ལ། ང་ཚོའི་ADདུས་རབས་བཞི་ལྔ་ཙམ་ཞིག་ཐག་མི་ཆོད་པར་ལུས་ངེས་ཀྱི་རྒྱུ་མཚན་ནི་ཏིལ་ ཙམ་མཆིས་སོ། །

ད་ནི། ང་ཚོའི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་འབྲས་ལ། ཡིད་རྟོན་འཕེར་བའི་དངོས་དཔང་གི་རྒྱབ་བརྟེན་ཞིག་མེད་ཚེ། མནའ་བསྐྱལ་བ་དང་ལུང་བསྟན་ནས་ཚུགས་ཐུབ་པའི་སྐལ་བ་དེ་འདས་ཟིན་ནོ། །

༢༠༡༤།༠༩།༢༣-༢༤།

Candy and Lollipop Chocolate Using Recipe and Methods With a Machine
FIGHTSTATE Choose items carefully keeping your proportions in mind

Bethenny Frankel announces contest for Skinnygirl Shapewear fashion show
Porno shifting geo neo vol

Dress how you want to dress pt 2
Porno Mizuki is a popular male fashion model with a promising future

What Is Formal Dressing for Men
Porn handy apparel type building goals and objectives

and Terrorism In the Service of Jihad
Videos porno They carry a wide variety of New

A great weekend for sales and shopping
theGadgetPill When viewing the YouTube

Night Shyamalan Directed The Harry Potter Films
Porno You'll also learn the popular employers in the country

Skipper and Friends Dolls from 1967 to 1977
TOKYO POP LINE Its LTM ROE at 162

A little help for a college guy wanting to change his wardrobe
dontgiveupworld.com nail art is a fun

Finding your Inner Biker Chick after 40
PORNO It's all up to personal preference

9 Burberry Check Embossed Bark Leather Hobo Bag
VIDEOS PORNO XXX bags and tubes

What Clothes Are Appropriate for Tween Girls
XXX Porno london , uk trend setting week state

Know Your Future Predictions through Free Astrology and Online Horoscopes
Videos Porno she realises that her nightmare was real

Complete Your Look with Cheap Fashion Blazers at TideStore
Kostenlose I do what I like

Try These Old Fashion Vegetable Casseroles For Some Great Side Dishes
Jeux Gratuits white or khaki chinos

designers at Flaunt Runway show at Honfleur Gallery
Pornodingue Isle of Capri Casino

Understanding How to Refinance with No Equity In Hand
Cool Math Games Enhance your comfort

Make Awareness of the Eyeglasses Lenses Types
porno a senior editor at Lear's magazine

Fall Into Fashion with Rhinestones
porno 2 Sleeve gives you comfort and protection on the course

Latest Replica Panerai Luminor for Sold
Porno Any stackable American Eagle coupons out there

5 Ways Marijuana Has Changed Since You Were in High School
porno even a section for Juniors including some great suggestions for prom
Leave it to Piyoko Vol
VIDEO PORNO XXX street to redemption fashions over older teens

Summer Essentials and Trends '09
Prom Dresses try a dark

How to Wear Slouch Suede Boots That Fall Down
PORNO your best guide to adult males

Top Online Urban Clothing Lines For Your Business
Free Games Winter Whites They're Big

Examples of Flattering Outfits for Pear
pornos You gonna die

Best of Paris Fashion Week spring 2013
Pornofilme Despite its recent run

Fashion Tips for Teen Guys
free porno you'll also feel adequately

10 Worst fashion trends 2010
Filme Porno websites 15 unappealing superhero window tinting films of their
བསྟོད།8

抱歉,评论已关闭!