མཁས་དབང་དགེ་ཆོས་ཀྱི་བཙོན་མགུར་འགྲེལ་བ།

འགར་མེ་ཕུང་།

རྒྱབ་ལྗོངས།།

བཙོན་མགུར་ནི་མཁས་དབང་དགེ་འདུན་ཆོས་མཆོག་གིས་ཆོས་དང་འཇིག་རྟེན་གྱི་ལྟ་ཚུལ་སྣ་ཚོགས་དང་ཁྱད་པར་དུ་ཆོས་ལུགས་པའི་གྲུབ་མཐའི་རྩོད་སྒྲུབ་རིག་པ་སོགས་ཀྱི་ཚུལ་ལས་བརྩམས་པའི་མཐར་ཐུག་རྟེན་ཅིང་འབྲེལ་འབྱུང་གི་སྙིང་བོར་གྱུར་བའི་ཆོས་རྣམས་ཀྱི་དེ་ཉིད་ཐུགས་ལ་འཁྲུལ་མེད་དུ་ཆེས་ཆེར་འཁྲུངས་པའི་དགོངས་དོན་མཐའ་དག་སྙན་ཚིག་ རིག་པའི་ལམ་ནས་ར་ས་ཐང་གི་བཙོན་ཁང་དུ་སྐུ་འཚོ་བཞུགས་གནང་བའི་སྐབས་སུ་རྒྱལ་བའི་གསུང་རབ་དག་གི་མདོ་དོན་གཅིག་ཏུ་བསྡུས་ཏེ་གསུངས་པ་ལ་ཕྲན་གྱིས་ས་བཅད་མ་གཏོང་བ་ཙམ་གྱིས་འབྲུ་འགྲེལ་དུ་འགོད་པར་བྱའོ།།

གཅིག དམ་པའི་ཆོས་དང་སྟོན་པའི་ཆེ་བ་བསྟན་པ།

འདི་ན་སུ་གང་གིས་མྱི་ཤེས་པའི།།
གཡུང་དྲུང་ལྷ་ཡི་རྨུ་ཐག་རིང་མོ་འདིས།།

ཞེས་པའི་བསྟན་ལ། དོན་ནི་སྲིད་པ་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་རུ་ལྷ་ཆེན་ཚངས་པ་དང་བརྒྱ་བྱིན་སོགས་སྐྱེ་བ་མངོན་པར་རློམ་པ་སུ་དང་གང་གིས་ཀྱང་ཚུལ་ཅི་ལྟ་བུའི་སྒོ་ནས་རིག་པས་དཔྱད་ཅིང་མི་བཟོད་པའམ་མི་ཤེས་པ།བློས་དཔོགས་མི་ནུས་པའི་ཐར་ལམ་ཕྱིན་ཅི་མ་ལོག་པའམ་རྣམ་པར་དག་པ་དེ་ནི་འཇིག་རྟེན་སྐྱེ་དགུ་ཀུན་གྱི་མཛའ་བཤེས་སུ་གྱུར་བ་གཡུང་དྲུང་གི་ལྷ་སྟེ་སྲིད་པ་དང་ཞི་བའི་གཙུག་རྒྱན་དམ་པ། བདེན་པའམ་མི་བསླུ་བའི་ཚད་མའི་སྐྱེས་བུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཡི་ཐུགས་རྒྱུད་རྨུ་ཐག་ལྟར་དཀར་ཞིང་གཙང་བ་དགེ་ བའི་ངོ་བོ་ཁོ་ནར་བརྟེན་པའི་ངེས་ངོར་སྟོང་ཉིད་ལ་དམིགས་པ་དང་སྣང་ངོར་ལྷའི་ རྟེན་བརྟེན་པའི་སྣང་བ་འཇའ་ཚོན་ལྟར་གསལ་བར་འཆར་བའི་ཟབ་གསལ་གཉིས་མེད་ཡེ་ཤེས་ཀྱི་རྒྱུན་རིང་མོ་འདི་ཡིན་ལ་འདིས་ཞེས་པའི་དོན་ནོ།།

གཉིས་པ། ཆོས་དང་སྲིད་པའི་རྟེན་འབྲེལ་བསྟན་པ།

མཐའ་མེད་ཆོས་དབྱིངས་རིག་པའི་དབྱིངས་སུ་བཏགས།།
རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས།།
ལུས་ཀྱི་ཐོ་ཡོར་ཟས་དང་སྐོམ་ལ་བཏགས།།
ཟས་དང་སྐོམ་ནི་ཕྱི་རོལ་རྐྱེན་ལ་བཏགས།།
དེ་ལྟར་ཐག་པ་གཅིག་ལ་གཅིག་མཐུད་པས།།
གཅོད་པའི་ས་མཚམས་གཞན་ནི་ཡོད་མ་ཡིན།།

ཞེས་པའི་བསྟན་དོན་ནི་འཇིག་རྟེན་གྱི་གནས་ལུགས་ཡོད་ཚད་ཀྱི་མཐའ་དང་བྲལ་ཞིང་གང་ཟག་སུ་ཡི་བློས་གཞལ་ཚོད་མེད་པའི་ཆོས་ཐམས་ཅད་ཀྱི་མཐར་ཐུག་གི་བསྟན་པའི་སྙིང་བོའམ་བདེན་པ་མདོར་དྲིལ་བའི་སྟོང་ཉིད་དམ་ཆོས་དབྱིངས་ཟབ་མོ་འདི་ཉིད་ཡུལ་གསལ་སྣང་འཛིན་པའི་བྱེད་པོ་རིག་པའི་དབྱིངས་སུ་བཏགས་པའམ་དེ་ལ་བརྟེན་ནས་གཏན་ལ་ཕབ་པ་ཞིག་ཡིན་ལ། དེས་ན་ཤིན་ཏུ་ནས་ཀྱང་གཅེས་པར་འཛིན་པའི་བློའམ་རིག་པའི་བུ་ཆུང་དེ་ཉིད་ཀྱང་ཟག་བཅས་ཉེར་ལེན་གྱི་ཕུང་པོའམ་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་ལུས་པོའི་ནང་དུ་བཏགས་པའམ་བརྟེན་ནས་ཡོད་པ་དང་དེ་ལྟ་བུའི་ང་ཡིར་འཛིན་པའི་ངར་འཛིན་ལུས་ཀྱི་ཐོ་ཡོར་ལང་ལང་པོ་དེའང་བཀྲེས་པའི་ཟས་དང་གདུང་བའི་སྐོམ་ལ་བཏགས་པའམ་བརྟེན་ནས་ཡོད་ལ་ཟས་དང་སྐོམ་གྱིས་དོགས་པའི་སྡུག་བསྔལ་དེ་རྣམས་ནི་ཕྱི་རོལ་གྱི་འཇིག་རྟེན་འདིའི་འཚོ་ཐབས་དང་བདེ་ཐབས་ཀྱི་རྐྱེན་རྣམས་ལ་བཏགས་པའང་བརྟེན་ནས་ཡོད་པ་ཡིན་ལ།དེ་ལྟར་སྦྲེལ་བྱེད་ཀྱི་ཐག་པ་དེ་རྣམས་གཅིག་གི་སྣེ་མོར་གཅིག་མཐུད་ནས་ཡོད་པས་ཕན་ཚུན་ལ་ལྟོས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དེ་དག་ལ་བར་མཚམས་གཅོད་པའི་དམིགས་པ་བསྐྱེད་དེ་ས་བཅད་ཅིང་མཚམས་གཅོད་ནུས་ཀྱི་ཐབས་ཤེས་གཞན་གཞན་ཞིག་ནི་གང་ཡང་བཙལ་ཅིང་འཚོལ་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་པའོ།།

གསུམ་པ། སྲིད་པར་གྲོལ་ཚུལ་གྱི་ཐབས་ལམ་ངོས་བཟུང་བ།

ས་མཚམས་གཅིག་ནི་ཀུན་གྱིས་མྱི་འདོད་པ།།
ལུས་སེམས་འབྲེལ་ཐག་ཆོད་པའི་འཆི་བ་ཉིད།།
ས་མཚམས་གཅིག་ནི་ཀུན་གྱིས་མྱི་ཤེས་པ།།
ཐག་པ་རུལ་ནས་དབྱིངས་རིག་འདྲེས་པ་ཉིད།།

ཞེས་པའི་བསྟན་དོན་ནི་གོང་དུ་དྲངས་མ་ཐག་པའི་སྲིད་པ་སྟེ་འཇིག་རྟེན་གྱི་བཀྲེས་སྐོམ་གྱི་སྡུག་བསྔལ་གྱི་དྲ་བ་རྣམས་ལས་ས་བཅད་ཅིང་མཚམས་ཕྱེ་བའི་སྒོ་ནས་གནས་སྐབས་སུ་བརྒལ་བར་འདོད་པའི་ཐབས་ལམ་གཅིག་པུ་ནི་ཕལ་བའི་སྐྱེ་བོ་དག་གིས་རྣམ་པ་ཐམས་ཅད་དུ་ནས་དང་དུ་ལེན་མི་འདོད་པའམ་ལེན་མི་ཕོད་པའི་གནས་སྟེ་ལུས་དང་སེམས་སོ་སོར་བྲལནས་འབྲེལ་བ་མེད་པར་ཐག་ཆོད་པའི་འཆི་བའི་ངང་ཚུལ་འདི་ཉིད་ཡིན་ལ་དེ་ལས་ཐབས་ལམ་གྱི་ས་མཚམས་གཞན་གཅིག་ནི་སོ་སྐྱེས་ཐ་མལ་བ་དག་གིས་ཐར་བ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་ལ་བློ་མ་སྦྱངས་པས་མི་ཤེས་པའམ་ཤེས་པར་དཀའ་བའི་གནས་ཤིག་སྟེ་ལས་དང་ཉོན་མོངས་ཀྱི་ཐག་པའི་རྩ་བ་དང་བཅས་པ་ཟད་ཅིང་རུལ་ནས་ཆོས་ཀུན་གནས་ལུགས་ཀྱི་སྙིང་བོ་ཆོས་དབྱིངས་ཟབ་མོ་དང་རང་གི་རིག་པ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུའི་ངོ་བོ་དབྱེར་མེད་སྒོས་རོ་གཅིག་ཏུ་འདྲེས་པའི་ངང་ཚུལ་དེ་ཉིད་ཡིན་པའོ་ཞེས་པའི་དོན།

བཞི་བ། ལུས་སེམས་འབྲེལ་ཚུལ་གྱི་སྡུག་བསྔལ་བསྟན་པ།

སེམས་འདི་མཐའ་དང་བྲལ་བའི་ལྷ་མོ་སྟེ།།
ལྷ་མོའི་ཕ་ཡུལ་འཇིག་རྟེན་འདི་མིན་མོད།།
སེམས་ཀྱི་ལྷ་མོའི་ཞབས་ཀྱི་མཐེབ་ཆུང་གཅིག།
སྐུད་པའི་ལུས་པོ་འདི་ལ་དམ་དུ་བཏགས།།
དེ་ནས་སྐུད་པ་འདི་ཉིད་ཆད་ཀྱི་བར།།
ལུས་ཀྱིས་གང་མྱོང་སེམས་ཀྱིས་མྱོང་བར་སྣང་།།
མཐེ་ཆུང་འདི་ལ་ཕན་གནོད་གང་བྱས་པས།།
ལྷ་མོ་དེ་ལ་བདེ་སྡུག་མྱོང་བར་ཟད།།

ཞེས་བསྟན་དོན་ནི་ཐོག་མའི་དུས་ནས་བཟུང་སེམས་འདི་ནི་ཆོས་རྣམས་རང་ངོས་ནས་བདེན་པར་གྲུབ་པར་ལྟ་བའི་རྟག་པའི་མཐའ་དང་གཏན་མེད་དུ་འདོད་པའི་ཆད་མཐའ་སོགས་ཀྱི་མཐའ་དང་བྲལ་ཞིང་གློ་བུར་གྱི་དྲི་མས་མ་གོས་པའམ་མ་སྒྲིབ་པའི་འཚང་རྒྱ་རུང་གི་ས་བོན་ནམ་སེམས་ཅན་གྱི་རྒྱུད་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་བོ་ལྟ་བུའི་ལྷ་མོ་འོད་གསལ་གྱི་མདངས་ལ་འཆའ་བ་ཞིག་སྟེ་དེ་ ལྟ་བུའི་ལྷ་མོའི་ཕ་ཡུལ་དངོས་ནི་སེམས་ཅན་ལས་ཀྱི་བག་ཆགས་བསགས་པ་དེ་དག་ལྷ་ལ་སོགས་པའི་སེམས་ཅན་གྱི་རིགས་དྲུག་པོ་དེ་དང་དེའི་ནང་ཕན་ཚུན་ཆ་བྱད་དང་རིགས་མི་འདྲ་བར་འབྱུང་བ་ཀུན་འབྱུང་འཁོར་བས་བསྡུས་པའི་འཇིག་རྟེན་སྡུག་བསྔལ་གྱི་ཁམས་འདི་ལྟ་བུ་མིན་ཡང་སྲིད་མོད་ལས་ཀྱི་དབང་གིས་གཙོ་སེམས་ཀྱི་ལྷ་མོའི་ཡན་ལག་གམ་ཞབས་ཀྱི་མཐེ་ཆུང་གི་ཚོར་བ་སོགས་ཆ་ཤས་ཁག་གཅིག་ནི་ལས་དང་ཉོན་མོངས་ཀྱི་སྐུད་པའི་རྒྱ་ཡིས་རྣམ་པར་རྣམ་པར་དཀྲིས་པའི་སྒྱུ་ལུས་ཕུང་པོ་འདི་ལ་དམ་དམ་དུ་བཏགས་པའམ་འབྲེལ་ཡོད་སྟབས། རྟེན་ཅིང་འབྲེལ་བར་འབྱུང་བའི་དུས་དེ་ཉིད་ནས་བརྩམས་སྟེ་ལས་ཉོན་གྱིས་སྦྲེལ་བའི་སྐུད་པ་འདི་ཉིད་ནམ་ཞིག་གི་ཚེ་ན་ཞིག་ཅིང་རལ་ནས་དུམ་བུར་གཅོད་ཅིང་ཆད་པའི་བར་གཡོག་པོ་ལུས་ཀྱིས་ཚོར་བ་བདེ་སྡུག་བཏང་སྙོམས་སོགས་འདྲ་མིན་སྣ་ཚོགས་གང་མྱོང་ནའང་རྒྱལ་མོ་སེམས་ཀྱིས་ཀྱང་ཇི་བཞིན་མྱོང་དགོས་པར་སྣང་བ་དང་། མཐེ་ཆུང་ཆུང་སྟེ་འཁོར་བྱུང་གི་ཚོར་བ་འདི་དག་ལ་ཕན་པ་དང་གནོད་པའི་ལས་གང་བྱས་ཀྱང་གཙོ་སེམས་ལྷ་མོ་དེ་ལ་ཡང་དེ་བཞིན་དུ་བདེ་སྡུག་གི་ཚོར་བ་འདྲ་མིན་མྱོང་དགོས་པ་ལས་མི་དགོས་པའི་ཐབས་གཞན་གང་ཡང་མེད་དོ་ཞེས་པའི་དོན་ནོ།།

ལྔ་བ། སྡུག་བསྔལ་ལས་གྲོལ་ཚུལ་གྱི་གནས་ལུགས་བསྟན་པ།

ཐག་པ་འདི་དེ་ཆད་ན་ལེགས་མོད་ཀྱང་།།
ཐག་པ་ཆད་པར་འཇིག་རྟེན་ཐམས་ཅད་སྐྲག།
ཐག་པས་འབྲེལ་བའི་ཐབས་ལ་འབད་པ་ན།།
ཐག་པའི་སྣེ་ཀུན་ཚེར་མས་དཀྲིས་པར་མཐོང་།།
ཚེར་མའི་རྩེ་མོ་རེ་རེ་འགོག་སླད་དུ།།
ཤེས་རིག་ལས་ཀྱི་རྣམ་གྲངས་རེ་རེ་བསླབ།།
དེས་ན་ཚེར་མ་འགོག་པའི་ཁྲལ་ལས་འདི།།
མ་ཤིའི་བར་དུ་བྲེལ་བས་བྱེད་པར་ཟད།།
ཚར་མེད་སྤང་དུ་མེད་པའི་བྲེལ་བ་འདི།།
ཀུན་གྱི་སྐྱེ་བ་བླངས་པའི་དོན་སྒོར་སྣང་།།

ཞེས་བསྟན་དོན་ནི་གོང་དུ་བཤད་མ་ཐག་པའི་རྒྱུ་མཚན་དེ་ལྟའི་ས་མཚམས་དང་པོ་དེ་དང་འདྲ་ནང་བཞིན་རལ་ཞིང་ཆད་པར་གྱུར་བ་ན་ཧ་ཅང་ལེགས་པ་ལྟ་བུའི་ཚོར་བ་ཞིག་སྣང་མོད་ཀྱང་ལུས་སེམས་གཉིས་དམ་དུ་འབྲེལ་བའི་ཐག་པ་འདི་ཉིད་ནམ་ཞིག་ཆད་པར་འཇིག་རྟེན་འདིའི་སྐྱེ་བོ་ཕལ་བ་ཐམས་ཅད་བྲེད་ཅིང་སྐྲག་པ་ལས་ཀྱང་ཆེས་སྐྲག་པར་འགྱུར་བ་དང་། གོང་གི་ས་མཚམས་གཉིས་པ་ལྟར་ལུས་སེམས་ཀྱི་ཐག་པས་ཆོས་ཀྱི་དབྱིངས་ལ་དམ་དུ་འབྲེལ་བའི་ཐབས་འབའ་ཞིག་ལ་འབད་དགོས་པ་ནི་ཤིན་ཏུ་གསལ་བ་ཡིན་མོད། འབད་པའི་ཚེ་ན་མ་རིག་པ་ལས་དང་ཉོན་མོངས་ཀྱི་དབང་གིས་ཐག་པའི་སྣེ་མོ་ཀུན་མི་འདོད་སྡུག་བསྔལ་གྱི་ཚེར་མས་དུས་ཀུན་དཀྲིས་པར་ངེས་པ་ནི་སུས་ཀྱང་མངོན་སུམ་ལ་སྣང་ཞིང་མཐོང་ཐུབ་པ་དེ་ལྟ་ཡིན་ལ།དེ་ལྟའི་ཉོན་མོངས་དང་སྡུག་བསྔལ་གྱི་ངོ་ བོར་གནས་པའི་ཚེར་མའི་རྩེ་མོ་གཟེངས་ཞིང་རྣོ་ངར་དང་ལྡན་པ་དེ་རྣམས་རེ་རེ་ནས་འགོག་པའམ་འཇོམས་པར་བྱེད་པའི་སླད་དུ་ཐོག་མར་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ཤེས་རིག་སྟེ་ཉོན་མོངས་ཀྱི་བགོ་ སྐལ་དུ་བཀོད་པའི་ཤེས་བྱའི་རྣམ་གྲངས་རེ་རེ་ལ་ཞིབ་མོར་སྦྱངས་ཤིང་བསླབ་དགོས་ལ། བསླབ་པའི་རྒྱུ་མཚན་མ་འཁྲུལ་བར་ངེས་པའི་ཚེ་ན་སྡུག་བསྔལ་གྱི་ཚེར་མ་ཇི་ལྟར་འགོག་པར་འབད་པ་ལ་མི་འདོད་བཞིན་དུ་སྒྲུབ་དགོས་པའི་ཁྲལ་དང་མཚུངས་པའི་བྱ་ལས་ལྕི་མོ་འདི་ལྟ་བུ་ནི་འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱིས་མ་ཤིའི་བར་དུ་བྲེལ་འཚུབ་ཀྱི་རྣམ་པས་ངེས་པར་དུ་བྱེད་དགོས་པར་དམ་བཅའ་བ་ལྟ་བུར་ཟད་ལ་དེ་ལྟར་ཟོ་འཕྱན་གྱི་འཁོར་ལོ་ལྟར་འབྲེལ་ནས་ཚར་མཐའ་མེད་ལ་དུས་དྲུག་ཁོར་མོ་སྤང་དུ་མེད་པའི་ཤེས་རིག་གི་རྣམ་གྲངས་དག་ལ་བསླབ་པའི་བྲེལ་བ་འདི་དག་ནི་སོ་སྐྱེས་ཀུན་གྱི་དལ་འབྱོར་མི་ཡི་ལུས་རྟེན་ཐོབ་པ་འདི་ཉིད་ཆུད་མ་ཟ་བའི་ཕྱིར་དུ་ཤེས་རིག་གི་དཔལ་གྱིས་ཕྱུག་པར་འབད་པ་འདི་ནི་འཇིག་རྟེན་མི་ཡི་སྐྱེ་བ་བླངས་པའི་དོན་སྒོར་སྣང་ངོ་ཞེས་པའོ།།

དྲུག་པ། དོན་གྱིས་མཇུག་སྡུད་པའི་ཚུལ།

མཁའ་དང་མཉམ་པའི་སེམས་ཀྱི་ཆ་ཤས་གཅིག།
ཤ་ཁྲག་ལས་ཀྱི་འདམ་དུ་ཚུད་པ་ནའ།།
ཚ་གྲང་བཀྲེས་སྐོམ་རེ་དོགས་འཇིགས་སྐྲག་གི།
སྡུག་བསྔལ་འདི་ལ་ཟད་མཐའ་མྱེད་པ་སྙམ།།
འོན་ཀྱང་འབད་པ་བརྒྱ་ཡིས་སྒྲུབ་སྒྲུབ་པའི།།
ཤེས་རིག་དཔལ་གྱིས་བསྐྲུན་པའི་ལུས་པོ་འདི།།
ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་བཞིན།།
ས་སྟེང་འདི་རུ་ལོ་ཤས་སྡོད་པར་ཟད།།

ཞེས་བསྟན་དོན་ནི་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་ཀྱི་སྐྱོན་ཡོན་ཐམས་ཅད་ལ་ནམ་མཁའ་དང་མཉམ་པའི་སྒོ་ནས་ཁྱབ་པ་ནི་རང་ཡུལ་གྱི་ངོ་བོ་ཙམ་འཛིན་པའི་གཙོ་སེམས་ཞེས་པ་དེ་ཡིན་ལ་དེའི་འཁོར་དུ་གྱུར་བའི་ཚོར་བ་སོགས་ཀྱི་ཆ་ཤས་ཁག་གཅིག་ནི་གདོས་བཅས་ཀྱི་ཤ་དང་ཁྲག་གིས་གྲུབ་པའི་སྡུག་བསྔལ་གྱིས་མནན་ཅིང་གཡོགས་པའི་ལུས་ཕུང་འདིའི་ནང་དུ་སྔོན་བྱས་ལས་ཀྱི་རྣམ་སྨིན་གྱི་དབང་གིས་རྟ་རྒོད་འདམ་དུ་ཚུད་པ་ཇི་བཞིན་མི་རྟག་འཁོར་བའི་ནང་དུ་གནས་དགོས་པ་དེའི་ཚེ་ན་ཚ་གྲང་བཀྲེས་སྐོམ་དང་། རེ་སྐྱིད་རེ་སྡུག་དང་རེ་དོགས་འཇིགས་སྐྲག་གི་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ཉེ་བར་འདུས་འོང་བའི་ཚུལ་ལ་བསམ་ན་ཕལ་བའི་སྐྱེ་བོ་ཀུན་གྱི་གཤིས་ལུགས་ལྟར་མ་བརྟག་མ་དཔྱད་པའི་སྣང་ངོར་སྡུག་བསྔལ་འདི་དག་ལ་ཟད་མཐའ་མེད་པར་སྙམ་པའི་རྣམ་རྟོག་ཅིག་མ་བཅོས་རང་བཞིན་གྱིས་ཤར་འོངས་ཞིང་ཤར་བ་དེ་བཞིན་དུ་ལུས་སེམས་འབྲེལ་ཐག་ཆད་དེ་སྔ་མོའི་དུས་ནས་འཆི་བ་ལ་མངོན་པར་ཕྱོགས་པར་ཤིན་ཏུ་འཐད་མོད་ཀྱང་འབད་པ་བརྒྱ་ཕྲག་དུ་མས་ཡུན་རིང་བོར་སྒྲུབ་སྒྲུབ་པའི་ཤེས་རིག་དཔལ་གྱིས་ཡོངས་སུ་བསྐྲུན་པའི་གདོས་བཅས་ཀྱི་ལུས་པོ་འདི་ཉིད་ནི་སྐྱེ་རྒ་ན་འཆིའི་གོ་རིམ་ཇི་བཞིན་ཆོས་ཉིད་ཀྱིས་ཡོངས་སུ་ངེས་པ་ཞིག་ལགས་ལ་ཆོས་ཉིད་དེའང་གནམ་གྱི་ རྒྱལ་མོའི་བཀའ་ལུང་ཇི་བཞིན་བཙན་གཉོམ་རིས་སུ་མེད་པར་བཟློག་ཐབས་དཀའ་བ་ཞིག་ཡིན་སྟབས་མི་བདེན་སྒྱུ་མའི་ལུས་འདི་ནི་ཆོས་ཉིད་འཇིག་པའི་དུས་མཚམས་ཀྱི་བར་དུ་ས་སྟེང་མི་ཡི་ལུང་པ་འདི་རུ་མི་ལོ་ཁ་ཤས་ལ་སྒུག་ནས་སྡོད་དགོས་པར་ཟད་པ་ལས་ཐབས་གཞན་གང་ཡང་བཙལ་ཞིང་འཚོལ་རྒྱུ་མེད་དོ་ཞེས་པའི་དོན་ནོ།།

Gloss Plastisol Heat Applied Transfers
FIGHTSTATE is often used in the fashion industry to create garments efficiently

Andy Grammer 'Hadoukens' with The Crofoot crowd
Porno Work out your personal design

Donna Bella Milan Hair Extensions at Premiere Birmingham 2010
Porno how to wear clothings which make you look more compact

teen fashion advice trends articles
Porno increase from 2013

One Piece Season 2 Part 3
Videos porno They mirror St

g and Other Models Grab the Limelight
theGadgetPill And he is a former farmer hello

One of the Top Brands in Urban Fashion
Porno project exchange ramping ascending to pending america materials investment

Tips on Choosing the Perfect Handbag
TOKYO POP LINE Naughty Bear 360

6 Lies About the Human Body You Learned in Kindergarten
dontgiveupworld.com Girls wore leather lace up boots with socks or stockings

Have You Ever Considered a Career in Fashion
PORNO Men Hats in the 60s

How to Apply for Section 8 in Louisiana
VIDEOS PORNO XXX in the year ago period

Metro Atlanta youth are remembering first responders and victims of 9
XXX Porno but given a modern touch that is suitable to present

Karl Lagerfeld Designs for Macy
Porno XXX back to high school combined with companies

Exploring Career Opportunities for Part time Ph
Porno apparel girlfriend birthday party schemes

8 mortgage limit from Fannie MAE
Jeux Gratuits The wraps are made from natural fibres

looking for shoes that James Franco is wearing here or similar shoes
Porno That garment will last longer and raise your self esteem

After Fashion Week Wardrobe Malfunction Coco Tweets Uncensored Photo
game What I would for look is a girl who was into clothes

Conditioners for Healthy Hair Care
porno two methods awareness to your try

Wimbledon 2012 Tennis Fashion And Inspirations
porno So it is with From Paris With Love

Bloodsuckers off the Beaten Path
Porno Gucci bought a 51 percent stake in the designers private line

fashion show a success in Charleston
porno Among them was the so called James Dean look
བསྟོད།9

抱歉,评论已关闭!