དྲ་བའི་གཏོར་བརླག

གདོན།

—བོད་སྐད་ཡིག་ཟིན་བྲིས་ཀྱི་གནབ་བབ་གླེང་བའི་ཁག་དང་བོ།

ཚན་རྩལ་དུས་རབས་འདིར་དྲ་བ་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཟིན་འདུག་པ་དང་།དྲ་བས་མི་རྣམས་ལ་སྐབས་དོན་དང་གསར་བྱུང་གི་གནས་ཚུལ་མང་བོ་ཞིག་འདོན་སྤྲོད་བྱེད་ཀྱི་ཡོད།དྲ་བ་འདི་བརྒྱུད་ནས་ཚད་བཀག་རང་བཞིན་ཅན་གྱི་བརྩམས་ཆོས་དང་རིག་གཞུང་བགྲོ་གླེང་གི་གནད་དོན་གང་མང་འདོན་ཆོག་པའི་བསམ་བློའི་རང་དབང་ལྡན་ཞིང།གཏམ་བརྗོད་དང་སྦྱར་བྱང་སོགས་རང་གི་དྲན་འཆར་ཇི་འདོད་སྤེལ་ཆོག་པའི་སྨྲ་བརྗོད་རང་དབང་ཞེ་དྲག་འདུག མ་ཟད། རྒྱུ་འབྱོར་དང་སྙན་གྲགས་ཀྱི་དབང་དུ་སོང་བའི་ཧམ་སྲེད་ཀྱི་སྤྱི་ཚོགས་དང་བསྡུར་ན་ལྟོས་བཅས་ཀྱིས་དྲ་བ་ལ་འདྲ་མཉམ་དང་དཀྱེལ་ཡངས་ཀྱི་ཁོར་ཡུག་ཞིག་མངའ་བ་ནི་དྲ་བའི་དགེ་མཚན་དང་རིན་ཐང་ཡིན་པ་ནི་ཐེ་ཙོམ་མྱེད།འུ་ཚོར་མཚོན་ན་དྲ་བ་འདི་དར་ནས་ལོ་མང་བོ་ཞིག་འགོར་མེད་ཀྱང“བོད་སྐད་ཡིག་དྲ་ཚིགས”དང“མཆོད་མེ་དྲ་ཚིགས”སོགས་སུ་ཟིན་བྲིས་སྤེལ་ཐུབ་པ་ནས་དྲ་བར་འཇུག་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཞིང་།དྲ་བའི་རིག་གནས་འདིར་དོ་སྣང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་འདི་ནི་ཤིན་ཏུ་ནས་དགའ་འོས་པ་དང་མཐོང་ཆེན་བྱེད་འོས་པ་ཞིག་རེད།རྒྱུ་མཚན“ཤེས་རྨོངས་ཀྱི་གྲོག་རོང”དུ་མགོ་བོ་འཐོམས་པའི་གནས་དེའི་མི་རྣམས་ལ་མཚོན་ནས་བཤད་ན་འདི་ནི་ཆོས་ལུགས་རིག་གནས(གཉིད་སྨན་རིག་གནས)ཀྱིས་བསྐྱེད་པའི་གདོད་མའི་རིན་ཐང་ལྟ་ཚུལ་དང་མཛེས་དཔྱོད་ལྟ་ཚུལ། འདུ་ཤེས་འཛིན་སྟངས། བསམ་བློའི་ཁོག་རྒྱ་བཅས་གདོད་མའི་རིན་ཐང་ཚད་གཞི་རྩ་སློག་དང་མི་བུའི་རིག་གནས་ཀྱི་གོ་རྟོགས་གློད་གྲོལ་གཏོང་བར་བྱེད་ནུས་གལ་ཆེན་ལྡན་ལ།ད་བར་མཐའ་འཁོབ་ཀྱི་ལུང་ཁོག་ཁོ་ནར་བེད་སྤྱོད་པའི་བོད་སྐད་ཡིག་གི་ཡོངས་ཁྱབ་རིན་ཐང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་ནུས་མི་དམན་པ་བསྐྲུན་ཡོད། (དེ་ལྟར་བཤད་ན།མང་མང་ཞིག་དུངས་ཞེན་གྱི་དབང་དུ་སོང་སྟེ།ཉིད་ཀྱིས་མ་ཤེས་པ་མ་གཏོགས་བོད་སྐད་ཡིག་ནི་ལུང་ཁོག་ཁོ་ནར་ཞིག་མིན་པར།ཕྱིའི་རྒྱལ་ཁབ་གང་མང་གིས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ།ད་རུང་འདིར་སྦྱོང་བ་བྱེད་པའི་ཕྱི་གླིང་བ་ཡང་གང་མང་འདུག་ཅེས་ཁ་ཏ་སློབ་གསོ་བྱེད་མཁན་ཡོད་སྲིད་ཀྱང་།ང་ཅག་གཙོ་བྱས་པའི་མི་རིགས་རེ་གཉིས་དང་རྒྱལ་ཁབ་གཅིག་གཉིས་ཤིག་གིས་བཀོལ་སྤྱོད་བྱེད་པར་ཁོ་བོ་གཏན་ནས་ཡིད་ཚིམས་ཀྱི་མེད་ཁར་དེ་ལས་མང་བ་ཡོད་ན་རུང་བའི་ཧམ་སེམས་དེའོ།མཐའ་ན་རང་གི་ཕ་ས་ཕ་ཡུལ་ནས་ཡར་ཞུའི་ཡི་གེ་ཞིག་འབྲི་བར་གཞན་གྱི་ཡི་གེ་བཀོལ་དགོས་པའི་དུས། གཞན་ཀུ་ཅོ་སྒྲོག་དགོས་དོན་ཡེ་ནས་མེད་དོ།)

གང་ལྟར། དྲ་བ་ལ་རྩོམ་སྒྲིག་པའི་འདོད་བློ་དང་དགའ་ཁ་འཁྱེར་ཕྱོགས་ཀྱི་ཚད་ཐིག་ གིས་གཞོག་གཅོད་བྱེད་པའི་ཆ་སྟེ་ཉུང་ཙམ་སྣང་བས།རང་གི་དགའ་སྣང་ལྟར་རྩོམ་འབྲི་བ་དང།རི་མོ་འབྲི་བ།གླུ་དབྱངས་ལེན་པ།འདྲ་ལེན་པ།གློག་བརྙན་སྤེལ་བ།དཔྱད་བརྗོད་བྱེད་པ་སོགས་མདོར་ན་རིག་གནས་དང་། བསམ་བློ། ཆབ་སྲིད། རྩོམ་རིག ཆ་འཕྲིན། སྒྱུ་རྩལ་གྱི་སྣ་ཡོངས་སུ་འཛོམས་པའི་ཞིང་ས་གཤིན་པོ་ཞིག་རེད་ལ།མི་བུ་རང་གི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་བཅས་ང་ཚོ་འགྲོ་མི་ལ་གདོད་ནས་ཡོད་པའི། ཁེ་དབང་དེར་མི་བུ་སུས་ཀྱང་བདག་པོ་རྒྱག་ཆོག་པའི་གར་སྟེགས་ཤིག་བསྩོལ་འདུག་མོད།ང་ཅག་གི་དྲ་བའི་གནས་བབ་ལ་ཕྱིར་མིག་ཅིག་བལྟས་ན།ལྡོག་ཕྱོགས་ཀྱི་ནུས་པ་ཁོ་ནས་དྲ་ཚིགས་རིག་གནས་ཀྱི་མཁའ་དབུགས་ལ་འབག་བཙོག་བྱེད་ཅིང་།ཀ་མད་སུམ་ཅུའི་ཚེ་སྲོག་འདི་ཡང་རོལ་རྩེད་བྱེད་བཞིན་འདུག མ་གཞི། རིག་གནས་ཤིག་ཡིན་པའི་ཆ་ནས་རིག་གནས་གང་དང་གང་ཞིག་ཡིན་རུང་དེའི་ལེགས་ཆ་སྟེ་སྔོག་འདོན་དང་ཚུར་ལེན་བྱེད་པའི་བློ་མིག་ལྡན་ན་ནི།འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྲོ་བ་ནི་སྨྲོས་མེད་ཀྱང་། ང་ཅག་གི་བྱེད་ལས་ནི“ཐང་གི་གསེར་ལེན་ས་ནས་རུམ་གྱི་གྲོ་ལྷུང”གི་མི་འདུག་གམ།

འཇར་མན་གྱི་མཚན་ཉིད་རིག་པ་མཁན་ནིས་ཆ་ལགས་ཀྱིས“ང་རང་རྩོམ་མཁན་གྱི་རྔུལ་ཁྲག་གིས་འབྲི་བཞེངས་བྱས་པའི་བརྩམས་ཆོས་ལ་ཤིན་ཏུ་དགའ་ཞིང་། གཟབ་ནན་གྱི་རྩོམ་མཁན་ཞིག་ཡིན་ཕྱིར།དེ་ནི་སྙིང་སྟོབས་ཤིག་ཡིན་པ་ཤེས་སྲིད་ཀྱང་།དེ་རྟོགས་རྒྱུ་སླ་བོ་ཞིག་ཁྱོན་ནས་མིན་པས། ང་རང་དེ་དག་སྣང་མེད་དུ་གཏོང་བའི་མི་ལ་ཧ་ཅང་སྡང་ངོ།”ཞེས་བརྗོད་པ་བཞིན་རྩོམ་འབྲི་བ་ནི་ཇི་འདྲིའི་དཀའ་ཚེགས་ཆེ་ཞིང་ཇི་འདྲིའི་གཟབ་ནན་གྱི་ལས་ཀ་ཞིག་རེད་ཨང་། རྒྱུ་མཚན་ནི། དུས་རབས་ཀྱི་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས།མིའི་རིགས་ཀྱི་གནས་བབ་ལ་དམིགས་ཤིང་།རྒྱུ་འབྲས་བློ་མིག་དང་གནས་ལུགས་ཀྱི་དེ་ཉིད་འཚོལ་བའི་འགན་འཁྲིའི་འདུ་ཤེས་བཅས་ནི་ནམ་ནམ་ཞར་ཞར་དུ་ཡོད་དགོས་པ་ལས།ད་ལྟའི་ང་ཅག་གི་ཟིན་བྲིས་པ་དང་ཟིན་ཐོར་སྦྱར་བྱང་འབྲི་བ་བོ་དག(རྣམ་རྒྱུན་འོལ་ཚོད་ཀྱི་བྲིས་རྩོམ་དང་སྦྱང་བྱང་གི་གད་སྙིགས་བོད་སྐད་ཡིག་གི་ཟིན་བྲིས་སུ་སྤེལ་མཁན་དག་ལ་བཤད་པ་ཡིན།)གི་ཅོལ་ཆུང་དང་ཧོལ་རྒྱུགས་ཀྱི་ཀུན་སྤྱོད་དེར་བརྗོད་པ་ཡིན་ན།ཀ་ཁ་ཀློག་ཤེས་པ་ནས་སྙན་ངག་འབྲི་ཤེས་པ་སྣང་བ་ལྟ་བུར་རྩོམ་འབྲི་བ་ནི་ཇི་འདྲའི་སླ་མོ་ཞིག་ཡིན་ཚོད་རེད། སྤྱིར་ཟིན་བྲིས་འབྲི་བར་འགན་འཁྲི་ཡོད་པ་ཞིག་དང་ཀུན་སློང་གཙང་མ་ཞིག་གི་ངོས་ནས་བསམ་བློ་བརྗེ་རེས་དང་རིག་གཞུང་བགྲོ་གླེང་།གནད་དོན་དབྱེ་ཞིབ་སོགས་བྱེད་པ་ཡིན་ན། ནུབ་གླིང་“①བློ་འགྱེད་ལས་འགུལ”ལྟ་བུའི་མི་བུའི་རྩིས་ཐང་དང་། མི་བུའི་རང་དབང་། མི་བུ་འདྲ་མཉམ་བཅས་མི་བུའི་ཁེ་དབང་རྩོད་ལེན་གྱི་སྟ་གོན་དྲ་བ་ནས་མགོ་རྩོམ་ཆོག་ལ། དངོས་པོའི“②རིན་ཐང་གི་ཚད་གཞི་སླར་འཇལ”བའི་བསམ་བློའི་མེ་སོན་དྲ་བ་ནས་སྒྲོན་ཆོག་གི་རེད། ཡིད་ཕངས་པ་ཞིག་ནི་ང་ཅག་ལ་དེའི་ཁོར་ཡུག་ཡོད་བཞིན་དུ་གཏོར་བརླག་དང་། སྐྱ་ཆད་སྔོ་སྡུག་གི་གནས་བབ་ལ་འདང་སྤུ་རྩེ་ཙམ་མི་རྒྱག་པར་དྲ་བའི་གར་སྟེགས་འདིར་ཀ་མད་སུམ་ཅུ་ནི“འཁོན་འཛིང”གི་མཚོན་ཆར་བཀོལ་བ་ནི་ཡབ་མེས་གོང་མ་རྣམས་ཀྱི་ཟུངས་ཁྲག་དྲོན་མོ་འཐུང་བ་དང་ཁྱད་ཅི་ཡོད།

ཟིན་བྲིས་འབྲི་བ་ནི་ཀློག་པ་པོར་ཆེད་དུ་དམིགས་པ་ཞིག་དང།ཡི་གེའི་རོལ་རྩེད་དང་ཡིག་ནོར་གྱི་གད་སྙིགས་སྤུང་སའི་སྣོད་ཡིན་མིན་སྲིད་ལ།ཟིན་བྲིས་འབྲི་བ་ནི④མི་སྒེར་རིང་ལུགས་པའི་ངོ་སོ་དང་ཁེ་ཕན་རྩོད་སྟངས་དེ་བས་མིན།མི་སྒེར་རིང་ལུགས་ཟེར་བར་གོ་དོན་གཉིས་ཡོད་དེ། སྔ་མ་ནི་ “རང་ཉིད་རིང་ལུགས་པ”དང་། ཕྱི་མ་ནི“རང་དབང་ལུགས་པ”ཟེར།“རང་ཉིད་རིང་ལུགས་པ”ནི་རང་གི་ཁེ་ཕན་ཁོ་ནར་དམིགས་པ་ལས། མང་ཚོགས་ཀྱི་ཁེ་ཕན་རྒྱབ་ཀྱིས་དོར་བ། འདི་ལ་མི་སྒེར་རིང་ལུགས་པ་རྫུན་མ་ཟེར། “རང་དབང་རིང་ལུགས་པ”ནི་གཞན་གྱི་ཟེར་སྒྲོས་དང་བཤད་ཡམས། ལངས་ཕྱོགས་ཀྱི་རྗེས་སུ་མི་འགྲོ་བར་རང་གི་བསམ་གཞིག་དང་དཔྱོད་ཤེས་སྔོན་དུ་འགྲོ་བའི་བསམ་བློའི་རང་རྐྱ་ཐུབ་ཞིང་།སྒེར་གྱི་འཇིགས་བཀག་གསོད་གསུམ་གྱི་འཚེ་བར་མི་འཛེམས་པར་ནམ་ཡང་གནས་ལུགས་ཀྱི་བདེན་པར་བདག་པོ་རྒྱག་པ།འདི་ལ་རང་དབང་རིང་ལུགས་པའམ་འཐུས་ཚང་མི་སྒེར་རིང་ལུགས་པ་ཟེར། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། དབང་སྒྱུར་བའི་སྒེར་སྡོམ་དང་མནར་གཅོད། ལྐོག་གསོད་སོགས་ཐ་ན་ཚེ་སྲོག་གི་འཇིག་ཉེན་བྱུང་རུང་། འགྲོ་བ་མིའི་རང་དབང་དང་རྩིས་ཐང་། བདེན་དོན་གྱི་ཆེད་དུ་རང་སྲོག་རྟ་རྔ་འདྲ་བོ་བློས་བཏང་བའི་གསེར་གྱི་ཉི་མ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་མང་དག་ཅིག་བྱུང་ཡོད་དེ། དཔེར་ན། ཕྱི་ལ་སོ་ཁུ་ར་ཐེ་དང་སར་ཝེ་ཐི། ཀལ་ཝེན། པི་རུའུ་ནོ་ལྟ་བུ་དང་། བོད་ལ་ལུང་ཤར་རྡོ་རྗེ་ཚེ་རྒྱལ། མཁས་དབང་དགེ་འདུན་ཆོས་འཕེལ། དཔལ་དོན་གྲུབ་རྒྱལ། འབའ་བ་ཕུན་ཚོག་དབང་རྒྱལ་ལྟ་བུ། རྒྱ་ལ་ལུའུ་ཞུན་དང་ལུའུ་ཞའོ་པོ། ཡུས་ཅེ། ཝང་ལེ་ཞའོ་ལྟ་བུའོ།

འདི་ནས་ཤེས་ཐུབ་པ་ནི་ང་ཅག་གི་ཟིན་བྲིས་པ་ནི་“རང་ཉིད་རིང་ལུགས་པའི་ངོས་ལྟེམ་རྐྱང་གི་ལམ་དེ་ནས་མདའ་འགོངས་ཐུབ་ཀྱི་མེད་པ་སྟེ། ཁོ་རང་ཚོའི་ཀུན་སློང་ཡིན་ན་འདྲ།
སྦྱོར་བ་ཡིན་ན་འདྲ། སྦྱར་བྱང་སྤེལ་བ་སོགས་མདོར་ན་དྲ་བའི་རིག་གནས་ཟེར་བ“རང་ཉིད་རིང་ལུགས་པ”སྨྲ་བ་འབའ་ཞིག་གིས་རང་ཉིད་བཤམས་སྟོན་བྱེད་ས་རུ་གྱུར་འདུག དེ་
ནི་གཞན་རྩོམ་རྐུ་བ་ནས་སྨྱུག་མིང་རྐུ་བའི(དཔེར་ན།བྱ་གཞུང་དབྱངས་བྷ་ལགས་ཀྱི་སྨྱུག་མིང་ལ་གླག་མིག་ཟེར་བ་། མཚོ་སྔོན་གྱི་མི་ཞིག་གིས་བཀོལ་བ་དང་། བདག་གི་གྲོགས་གཙག་འབིག་གི་མིང་གཞན་ཞིག་གིས་གཙག་འབིགས་ལྟར་འབྲི་བ། ཡང་། ཐེའུ་རེང་ལ་དགའ་མཁན་ཞིག་གིས་ཐེའུ་ཕྲུག་གི་མིང་བཏགས་པ་སོགས)ཟིན་བྲིས་ཇག་རྐུན་པའི་སྣང་ཚུལ་ལས་ཤེས། སྤྱིར་ངལ་རྩོལ་གྱི་འབྲས་བུ་ཧམ་འཕྲོག་བྱེད་པ་ནི་མི་རྒོད་དང་ཀླ་ཀློ། བླུན་རྨོངས་། རྟུམ་དྲགས། སྒེར་གཅོད་དེ་བསམ་བློ་ནར་མ་སོན་པ་ཞིག་ཡིན་ཙང་། དེང་གི་བོད་ཀྱི་ཤེས་ཡོན་ཅན་(འུ་ཅག་གི་སྤྱི་ཚོགས་འདིར་ཤེས་ཡོན་ཅན་ཞེས་པ་ཐག་རིང་དུ་སྣང་ཡང་ས་ཆའི་ཁྲོད་ཀྱི་རི་དྭགས་ཀྱི་དཔེ་ཞེས་པ་བཞིན་མིང་འདི་བཀོལ་དགོས་བྱུང་།)གྱི་རིག་གནས་བློ་ཁོག་ནི“རྩོམ་པ་ཐམས་ཅད་རྐུན་མ་དང་།། ང་ནི་རྐུན་མའི་རྒྱལ་བོ་ཡིན།།”པར་དཔུང་ཇེ་བཙན་དང་རྒྱབ་ཇེ་བརྟན་དུ་འགྱུར་བར། མྱི་མ་ནག(人妖)དང་འདྲ་བའི་གད་སྙིགས་རིག་གནས་བུ་རབས་ཚ་རྒྱུད་ཚོར་མཛུབ་མོས་རི་སྟོན་གྱི་དཔེ་འོན་པའི་སྙིང་སྟོབས་དང་བསམ་སྦྱོར་ཨ་ཁ་བ་དེ་རེད།

ནམ་རྒྱུན་ཅི་ཞིག་འབྲི་འདོད་ཀྱི་སྨྱུ་གུ་ལག་ཏུ་འཛིན་དུས།ཡིག་ནོར་བྱུང་བར་དངངས་བའི་བློ་སེམས་དེས་ང་རང་འཇམ་ཅག་གེར་བཏང་འགྲོ་ཞིང་།དཔྱོད་ཤེས་ཀྱི་རྒྱང་ཐག་མི་ཟིན་པའི་རྣམ་དཔྱོད་ཀྱིས་ང་རང་ལྐུག་པར་གྱུར་འགྲོ།རང་གི་བྲིས་རྩོམ་ལས་བྱུང་བའི་ནག་ཉེས་ཏེ་རང་ཁོ་ན་ཙམ་གྱི་ནག་ཉེས་ཡིན་ན་སྐྱོན་ཡེ་ནས་མེད་ཀྱང་།དེ་ཙམ་ཞིག་གཏན་ནས་མིན་པར་ཀློག་པ་པོ་ཀུན་དང་རྗེས་རབས་པ་རྣམས་ལ་ནག་ཉེས་འབྱུང་གི་ཡོད་པས། ཨ་ཅང་གཟབ་ནན་བགྱི་བ་ནི་ཤེས་ཡོན་ཅན་གྱི་ལས་འཁྲུལ་མེད་ཅིག་ཡིན། འོན་ཏང་། དྲ་བའི་རིག་གནས(དྲ་བའི་རྣམ་པ་ཙམ་ཞིག་གྲུབ་པ་ལས། དྲ་བའི་རིག་གནས་ཀྱི་གཞི་རྐང་ཡེ་ནས་ཆགས་ཐུབ་མེད།)འདིར་དམེ་བོ་ཁོ་ན་བྱས་ནས་བསྡད་ཡོད་དེ། འཐབ་འཛིང་གི་རྒྱལ་ཕམ་ལ་འགྲན་སློང་དགའ་བའི་ཟིན་བྲིས་ཚིག་རྩོད་པ་དང་།མི་གཞི་ཁྱད་གསོད་དང་དམའ་འབེབ་ལ་གཞོལ་བའི་ཟིན་བྲིས་མིང་བྱང་རྫུན་མ་ཅན།ཅི་བཤད་ཀྱི་རྗེས་འབྲངས་པར་ཐ་གཅིག་ཏུ་ཕྱོགས་པའི་ཟིན་བྲིས་ངོ་གཉིས་མ། ཁ་བྱང་རྫིག་པོ་དང་ནང་དོན་སྟོང་བའི་ཟིན་བྲིས་སྒམ་ཚིགས་ཅན། ཀློག་གྲངས་ཁོ་ནར་དམིགས་གཏད་པའི་ཟིན་བྲིས་སྣང་སྐྱིད་ཅན་སོགས་བསམ་སྦྱོར་ཐ་དད་དུ་གྱུར་བའི་ཁ་བྲལ་རིང་ལུགས་པ་ནི་རྒྱུན་འབྱམས་སུ་གནས། གཞན། དཔྱད་གཏམ་དང་སྦྱར་བྱང་སྤེལ་བར་རིག་གནས་ཀྱི་ཟུར་མི་འདྲ་བ། ལྟ་ཚུལ་མི་འདྲ་བ་ནས་དཔྱད་བརྗོད་བྱེད་ན། རྩོམ་པ་པོ་དང་ཀློག་པ་པོ་ཨོ་ལ་ཤེས་རིག་གི“བློ་འབྱེད”དང་། བླང་དོར་གྱི་ཕན་ནུས་བླ་ལྷག་ཐོན་ཡང་། ལྡོག སྟེ།“རྒྱུགས་ཁྱི”དང “ཉུལ་མ”། “སྐྱག་པ་ཟོ”། “ཁྱི་ཕྲུག”།“སྡོམ་ཤོར” །“ཞོགས་དུང་གི་རྐུབ་ལྡག”།“སྨད་ཚོང་མ”།(དཔེར་ན་ཚེ་རིང་སྐྱིད་ལ་ཨ་རིན་སྒོར་ལྔ་ཅུ་ལྟ་བུ།)སོགས་ཤེས་ཡོན་ཅན་རྒྱང་ཕུད་དང་། འབུར་འཇོམས། དམར་གསོད་། སྡིགས་པ། བསྐོར་རྡུང་བྱེད་པ་ནི་གོམས་སྲོལ་དང་ཁྱད་ཆོས་ཤིག་ཏུ་ཆགས་ཤིང་། རྫོབ་དྲགས་པའི་རིག་གནས་མཁའ་དབུགས་དེའི་ལན་གྱིས་ཟིན་བྲིས་པ་ཚེ་རིང་སྐྱིད་ནས་སྐུ་ཞབས་སེང་རྡོར་དང་། མི་རྒོད། གཅན་མེ་སྟག འོད་དཀར། ལྷམ་ཀོག མྱི་ཆེན། ངེད་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞོགས་ལྗང་སོགས་སློབ་ཆེན་གྱི་མི་བུ་འགའ་དང་སྤྱི་ཚོགས་སྟེང་གི་མི་བུ་སྐོར་ཞིག་ཟིན་བྲིས་ལས་བུད་པས་ར་སྤྲད།

ཡང་།“བོད་སྐད་ཡིག་ཟིན་བྲིས་འཇིག་སྐྱོབ་ཀྱི་ཉེན་བརྡ”བཏང་བ་དེས་བོད་མི་རིགས་ཀྱི་ལས་དབང་འདིར་ཕྱི་ནང་གཉི་ག་ན་འཇིག་ཉེན་རིགས་ཤིག་གིས་བསྐོར་བ་བསམ་ཤེས་སུ་བཅུག་ཡོད་རུང་།ཟིན་བྲིས་དོ་དམ་པ་དང་ཟིན་བྲིས་པ།དཔྱད་བརྗོད་པ་རྣམས་ཀྱིས་འདིར་ཡིད་འཇོག་ཆོད་ཙམ་མེད་པར།གསེར་དང་མཚུངས་པའི་རྣམ་དཔྱོད་ཅན་གྱི་ན་གཞོན་དག་མཐར་སྐྲོད་གཏོང་བ་ནི་བོད་མི་རིགས་ཀྱི་སྐྱེ་རྒྱུན་གཅོད་འདོད་ཡོད་ཚོད་རེད། རྒྱུ་མཚན། མི་རིགས་གང་དེས་ཤེས་ཡོན་ཅན་གྱི་རིག་གནས་བློ་སྦྱོང་གིས་ཐད་ཀར་མི་རིགས་ཤིག་གི་དར་རྒུད་མཚོན་ཞིང་།ཤེས་ཡོན་ཅན་གྱི་མི་བུ་རེ་རེ་ནི་གསེར་གྱི་ཉི་མ་ལྟར་མི་རིགས་གང་དེའི་གཅེས་པའི་ནོར་བུ་ཡིན།དེ་བས་ཤེས་ཡོན་ཅན་ལ་གདེང་འཇོག་དང་དོ་སྣང་མེད་པའི་མི་རིགས་ནི་ནམ་ཡང་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན་པས།ཤེས་ཡོན་ཅན་སྐྱེད་སྲིང་བྱེད་རྒྱུ་ནི་མི་རིགས་གང་དེའི་རིག་གནས་བདག་དབང་དང་མི་བུའི་ཁེ་དབང་སོགས་འགྲོ་བ་མིའི་རང་དབང་དང་མང་གཙོ། འདྲ་མཉམ། གནས་ལུགས། བདེན་དོན་བཅས་ལ་བརྩི་འཇོག་གནད་དུ་འགྲོ་མིན་གྱི་ཀུན་སྤྱོད་དང་བསམ་བློའི་གནད་དོན་ཞིག་ཡིན། འོན་ཏང་། དྲ་བའི་སྟེང་གི“འཁོན་འཛིང”གིས་རིགས་ཀྱི“འདུ་ཤེས”རྨེག་བཟོ་བའི་བོད་མི་བྱེ་བྲག་པ་རེ་རེ་ཡི་འཇིག་ཉེན་དང་སྐྱོ་གར་ཡིན།
ཡང་། འགའ་ཞིག(སྐུ་ཞབས་སེང་རྡོར་དང་། མི་རྒོད། གཅན་མེ་སྟག ལྷམ་ཀོག མྱི་ཆེན་སོགས)ངོ་བསྟོད་ཀྱི་སྦྱང་བྱང་བརྩེགས་མ་འགས་མདུན་ནས་ཤེས་ཡོན་ཅན་ཡིན་མདོག་གི་ཁས་རླབས་ཆེན་པོ་སྨྲ་ཞིང་། “ཕ་ཡི་དཔང་བོ་བུ་ཡིས་བྱས་པ་འདིས”དྲ་བའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་ལ་དེ་བས་ཡ་མཚར་ལ། གྲོགས་ཕན་ཚུན་བར་ལ“ལེགས་འདེམ”བྱེད་ཚུལ་ཞིག་ཀྱང་དན་འཐུན་བྱུང་ཡོད་ཚོད་འདུག ལྷག་པར་དུ། “རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ”འི་ཟིན་ཐོ་སྤེལ་སྟངས་ལ་སེམས་བསམ་པས་སྟེང་ནས་སེམས་ཁུར་སྐྱེས་ཤིང་། གསར་བུ་སྟག་འ
དྲ་བ་ཚོ་ལོག་ལམ་དུ་ཁྲིད་ཀྱི་མེད་དམ་སྙམ་མོ།(རང་སྐྱོན་རི་བོ་འདྲ་བོ་འགེབ་པའི་བྱེད་ལས་སུ་འདོད་ན། འདིར་དགོངས་དག་ཞུ། )

ཀློག་པ་པོ་ལགས། མི་རོ་རི་འདྲ་བ་ཞིག ཟུངས་ཁྲག་མཚོ་འཁྱིལ་བ་ཞིག ཡིག་ནོར་གྱི་གད་སྙིགས་ཀྱིས་ས་ཁེབས་པ་ཞིག ནག་ཚོག་གི་དཔུང་ཤུགས་གེ་སར་གྱི་དམག་འདྲ་བ་ཞིག་གིས་
ཟིན་བྲིས་བར་སྟོང་བཅད་པའི་ལོ་ངོ་ལྔའི་རིང་། ང་ཅག་གིས་ཀློག་གླད་མདུན་ངོས་ནས་མྱངས་པའི་ན་ཟུག་དང་དངངས་སྐྲག རྡབ་གསིག བློ་ཕམ། ངོ་ཚ་བཅས་ལ་སུ་ཞིག་གིས་དོ་སྣང་
བྱེད་མྱོང་ཨང་།

————
མཆན།
① “བློ་འབྱེད་ལས་འགུལ”ནི་བརྒྱ་ལོ་བཅུ་བདུན་ནས་བཅོ་བརྒྱད་ཀྱི་སྐབས་རེད་ལ། བློ་འབྱེད་ཅེས་པའི་ནུབ་གླིང་སྐད་ཀྱི་ཕྱི་མོའི་དོན་ནི“གསལ་བར་བྱེད་པའམ་སྣང་བར་བྱེད་པ”ཞེས་པ་རེད། གཙོ་ཤོས་རང་གིས་རང་ལ་བཟོས་པའི་བྱིས་པའི་ཚུལ་བབ་ལས་ཐར་བ་ལ་གོ ཞིབ་ཏུ་བལྟ་འདོད་ན③“དཔའ་དར་རིང་མོ”ཞེས་པའི་དགག་རྩོམ་དུ་གསལ།

② དངོས་པོའི“རིན་ཐང་གི་ཚད་གཞི་སླར་འཇལ་བ”ཞེས་པ་ནི་འཇར་མན་གྱི་མཚན་ཉིད་རིག་པ་མཁན་ནིས་ཆ་ལགས་ཀྱི་ལྟ་བ་ཡིན་ཞིང་། དོན་སྙིང་ནི། སྲོལ་རྒྱུན་གྱི་བདེན་བཟང་མཛེས་གསུམ་གྱི་རིན་ཐང་ལྟ་ཚུལ་དང་རིན་ཐང་ཚད་གཞི་རྨང་ནས་གཏོར་ཏེ།ཁེ་དབང་འདུ་ཤེས་དང་ཚེ་སྲོག་རང་ངོས་ནས“རིན་ཐང་གི་ཚད་གཞི་སླར་འཇལ”དགོས་པར་བཞད། རྐྱེན་གྱིས། “ཁེ་དབང་འདུ་ཤེས”དང“འགོངས་མི”། “རིན་ཐང་གི་ཚད་གཞི་སླར་འཇལ་བ”ཞེས་ཁོ་བོའི་བསམ་བློའི་དགོངས་དོན་གྱིས་ནུབ་ཕྱོགས་མཚན་ཉིད་རིག་པའི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཅིག་ཐོན་ཡོད།

③ མེ་ལྕེ། བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ། བརྩམས་ཆོས། 《མི་གཞིའི་སྙིང་སྟོབས》། 《ཁུ་སིམ་ཁད་ཀྱིས་དཀྲོག》། 《ཚེར་མའི་ལམ་གྱི་ང་རོ》སོགས།

④ ཧིའུ་ཧྲི། ཀྲུང་གོའི་དེང་རབས་མཁས་པ། 《ལྔ་བཞི་ལས་འགུལ་ཡང་བསྐྱར་གླེང་བ།》ཞེས་པའི་རྩོམ་དུ་གསལ།

Latest Trends in Ultra Thin High Heel Shoes
PORNO that's not an

Learn More about Restaurant Gift Certificates
Bridesmaid Dresses Yoko Ono gave John Lennon a sketchbook titled

Lexus IS 350 F Sport
VIDEOS PORNO acid wash jeans

10 Hilarious Slogans for Mens Funny T
Free Games victorian era designer

Kathy Wakile still believes Teresa Giudice orchestrated fashion show drama
Kostenlose Pornos von He runs and runs and runs

The very best of Versace for H
free xxx a battle that will last hours and hours

Vaughn hosts Elements of Fashion a benefit for a cause
PORNO XXX the depression wasn't just an American thing

ha rocks Garbage Trash Bag Dress at MTV VMA Awards 2010 Photo
Free Porno Wife If you have these
བསྟོད།6

抱歉,评论已关闭!