ཨ་མའི་ནུ་རིན་ལས་འཕྲོས་པའི་བསམ་གཞིགས།

བོད་གཞུག་སྐྱིད།

ལོ་གསར་དང་དུས་ཆེན་གང་རུང་དུ་བོད་ཀྱི་མི་རྣམས་ནི་གཉེན་སྟོན་བཤམས་ལ་བྲེལ་ཞིང་གཉེན་སྟོན་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་ལ་དེ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་སྣང་ཚུལ་ལྟར་ཧ་ཅང་གཟབ་ནན་གྱི་བྱེད་སྒོ་ཆེན་པོ་ཞིག་རེད།གཉེན་སྟོན་འདི་དེ་འདྲའི་རྒྱ་ཆེན་ཞིག་དང་དོ་སྣང་བྱེད་འོས་པ་ཞིག་ལོས་ཡིན་ཀྱང་མ་བུ་མོ་ཞིག་གནས་ལ་འགྲོ་དུས་ཨ་མའི་ནུ་རིན་འབོར་ཆེན་དང་མྱིང་པོ་མྱིང་རྟ་སོགས་ལེན་ཅི་ཐུབ་བྱས་ཏེ་བུ་མོ་བཙོང་ནས་བུ་ལ་མནའ་མ་ལེན་པའི་གོམས་སྲོལ་དེས་བདག་ལ་ཡིད་སྐྱོ་བའི་བསམ་ཚུལ་གང་མང་སྦྱིན་བྱུང་ལ་དེ་ཐད་ནས་རང་གིས་ཀྱང་བསམ་བློ་རེ་གཉིས་མི་གཏོང་ག་མེད་བྱུང༌།སྤྱིར་བོད་ཀྱི་ཁ་དཔེ་ལྟར་བན་དེ་འགྲོ་ས་སྒར་དང༌།བུ་མོ་འགྲོ་ས་གནས་ཞེས་པའི་སྒྲོམ་གཞི་བརྟན་པོ་དེ་འོག་ནས་བོད་ཀྱི་མི་རབས་ཚ་རྒྱུད་ཅིག་འདི་ལྟར་དགའ་སྐྱོ་རེས་མོས་ཀྱི་འཚོ་བ་རོལ་བཞིན་ཡོང་ལ།འཚོ་བ་འདིའི་ཁྲོད་དུ་ཁྱིམ་བདག་ལ་ལས་ཨ་མའི་ནུ་རིན་བསླངས་ཀྱང་གཉེན་ཚང་གིས་ལག་པ་རིང་ཡང་ཕུ་རུང་ཐུང་བའི་ཚུལ་གྱིས་ནུ་རིན་སྟེར་ཐུབ་མེད་པར་བུ་མོའི་ཚེ་གང་གི་ལུས་སེམས་ཀྱི་ལང་ཚོ་ཡོད་ཚད་གནས་ཚང་དུ་འགྱོད་གདུང་མེད་པར་བསྟིམས་རུང་ཐ་མར་མིག་མཆི་མ་ཤ་ལེར་རང་ཁྱིམ་དུ་ལོག་ནས་གར་འགྲོ་འདིར་འདུག་མེད་པའི་གནས་སུ་གྱར་བ་དང༌།ཡང་ཁྱིམ་ཚང་ལ་ལས་ཨ་མའི་ནུ་རིན་བསླངས་པ་མ་ཟད་གཉེན་ཚང་གིས་ཀྱང་ས་ནས་མིན་ན་གནམ་ནས།ཅིག་ནས་མིན་ན་གང་ནས་རྒྱུ་ནོར་འབོར་ཆེན་ཅིག་བྱིན་ནས་ངོ་ཆེན་སུ་ཞིག་གི་བུ་མོ་རྒྱུ་ཆེན་གྱིས་མནའ་མར་བླངས་ཀྱང་ཁྱོད་རྒྱུ་བྱིན་ཆུང་མ་ཟེར་ནོ་ཞེས་སྐྱེས་པ་དང་སྙི་མོ།ད་དུང་སྒྱིག་པོ་སྒྱིག་མོ་སོགས་ཀྱི་མ་ཉེས་ཁ་གཡོག་དང་ལྐོག་ལབ་དིར་རེ་ཁྲོད་ན་མི་ཚེའི་སྐྱིད་སྡུག་རིང་མོ་“ལས་དབང”ཞེས་པའི་ཡིག་འབྲུ་འདིའི་ཁྲོད་ན་ཁུ་སིམ་མེར་མིག་ཆུ་དང་མཉམ་དུ་ཟད་ནས་འགྲོ་བ་ནི་སློབ་གསོ་མྱོང་མེད་པའི་བོད་མོ་ཕལ་མོ་ཆེ་ཡི་སྐྱོ་བའི་ངང་ཚུལ་དེ་རེད།
ཕ་ཤུལ་བུ་ཡིས་འཛིན་དགོས་པའི་གནས་ལུགས་དེ་ཡིས་ལང་ཚོ་རྫོགས་མེད་པའི་ན་ཆུང་མ་སྐོར་ཞིག་གིས་སྔ་མོ་ནས་རང་གི་ཐོད་པའི་ཁ་ཡིག་ལ་བསྐོས་པའི་ལས་ཀྱི་སྐྱེས་པ་དེ་གང་ཞིག་ན་ཡོད་པ་རྟོག་བཏགས་མང་དུ་བྱས་ཀྱང་གཅིག་ནས་དབང་ཅན་ཕ་མའི་བཀའ་དང༌།གཉིས་ནས་ཕྱི་སྡེ་བའི་མྱི་ཁའི་དབང་གིས་རང་རང་གི་འདོད་པའི་ལམ་དུ་འགྲོ་བ་ཤིན་ཏུ་ཁག་ལ།དེའི་མི་ཚད་ཨ་མའི་ནུ་རིན་དང་མྱིང་པོ་མྱིང་རྟ་སོགས་ཅི་འདྲ་བླངས་ཀྱང་བུ་མོ་རང་ཉིད་ཀྱིས་ཀྱང་ཤ་རྒྱ་མ་གང་རྒྱ་མ་བརྒྱར་གཏོང་མཁན་གྱི་དྲིན་ཆེན་ཕ་མར་དེ་འདྲ་སྟེར་ལོས་དགོས་སྙམ་པའི་སེམས་ཚོར་དེ་ཡིས་ད་བར་དུ་བུ་མོ་སུ་ཞིག་གིས་ཀྱང་ང་ལ་ནུ་རིན་མ་ལེན་ཅེས་ཟེར་བ་མ་བྱུང་ལ།ཕ་མ་སུ་ཞིག་གིས་ཀྱང་དེ་ནི་ལེན་འོས་འོས་སུ་བསམ་ནས་ངས་བུ་མོ་ནུ་རིན་མི་ལེན་ཅེས་བརྗོད་སོང་བ་ཞིག་ཐོས་རྒྱུ་ཕལ་ཆེར་མེད་ཚོད་རེད།འོན་ཀྱང་རང་གི་ཕ་ཁྱིམ་གྲུ་བཞི་ནས་བྲལ་བའི་མི་ཚད་གཞན་དུ་གནས་ལ་འགྲོ་དུས་ཕྱིར་ཕ་མར་རིན་པ་སྟེར་དགོས་པའི་འགྲོ་སྲོལ་དེ་ནི་བཟུང་བཏང་ན་ལག་པ་འཚིག་འགྲོ་ལ།བཏང་བཏང་ན་རྫ་མ་ཆག་འགྲོ་བའི་གནས་འགྲོ་བུ་མོ་ཞིག་ལ་མཚོན་ན་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་བརྩེགས་པ་ཞིག་མིན་ནམ།སེམས་ཚོར་འདིར་སུ་དང་གང་གིས་ཀྱང་བསམ་གཞིགས་བཏང་མ་མྱོང་ཞིང་གཏོང་རིན་མེད་ལ་གཏོང་དོན་ཀྱང་མེད་སྙམ་པའི་སྐྱེ་བོ་གང་མང་ཞིག་ཡོད་པའི་ཁར་ད་དུང་ཁྱེད་ཚོས་མདུང་རྩེ་ནང་ལ་སྐོར་རྒྱུ་མ་གཏོགས་ཅི་ཤེས་ཟེར་མཁན་མང་མོད།ངས་མ་མཐའ་ཡང་རང་གི་ཐག་ཉེ་ས་ནས་རང་གི་སྤྱི་ཚོགས་འདིར་ལག་རྡང་སྦྲེལ་དགོས་བྱུང་བའི་དོན་དངོས་འདི་དག་ལ་གདོང་མི་གཏད་ག་མེད་བྱུང༌།
༡ཨ་མའི་ནུ་རིན་ལས་བོད་མིའི་རིན་ཐང་གི་ལྟ་ཚུལ་ལ་བསྐྱར་དུ་གདེངས་འཇོག་བྱེད་པ།
ཨ་མའི་ནུ་རིན་ལེན་པ་ནི་སྒང་པ་བོད་ལ་དཔེ་ཡོད་ནི།ས་ནག་ཐང་ལ་ལམ་ཡོད་ནི་ཞིག་རེད་ཅེས་སྟོན་ཐོག་ནས་ཕ་ཨ་ཁུ་ཚང་མའི་རྒྱུན་ཏུ་གསུངས་བཞིན་ཡོད་པ་ཞིག་ཡིན་མོད་ཀྱང༌།བདག་གིས་རྒྱུ་མཚན་གསལ་བོར་མ་ཤེས་པའི་ཡུལ་མི་སྐོར་ཞིག་ལ་རྩད་བཅད་ནས་ཁ་བརྡའི་ཚུལ་དུ་རྒྱུས་ལོན་བྱས་ན་གཅིག་ནས་བུ་མོ་ཞིག་ལ་ནུ་རིན་མ་བླངས་ན་གན་རྒྱ་སྤང་ཚང་གི་ཅེས་ངོ་མཚང་འབྲུ་བ་དང༌།གཉིས་ནས་ཅང་མེད་ཚང་གི་ཁྱིམ་ཚང་ལ་ཐུབ་ཚོད་བྱས་ནས་བུ་མོ་དེ་གནས་ཚང་ནས་སྡོད་བཟོད་དཀའ་བ།གསུམ་ནས་བུ་མོ་དེ་གོ་རྒས་མ་ཞིག་ཡིན་པ།བཞི་ནས་གནས་ཡུལ་ནས་མ་སྡོད་ན་ཕྱིར་རང་ཁྱིམ་དུ་ཡོང་ན་ཕ་མར་དཀའ་ཁག་ཆེ་བ།ལྔ་ནས་བུ་མོ་ཕ་མ་ཞིག་གིས་བསྐྱངས་བསྐྱངས་ནས་ནར་སོན་རྗེས་གཞན་ལ་ཇ་ལེན་ཆུ་ལྡུག་ཏུ་འགྱུར་འགྲོ་བས་ཕ་མས་བསྐྱངས་པའི་དྲིན་དུ་རིན་པ་ལེན་འོས་པ།ད་དུང་ཁ་ཤས་ཤིག་གིས་བུ་མོ་གནས་ལ་བྱིན་རྗེས་ཨ་མའི་ནུ་རིན་གྱིས་བུ་ལ་མནའ་མ་བླངས་ནས་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁ་གསབ་བྱེད་པ་དང༌།དེ་མིན་ནུ་རིན་མ་བླངས་པའི་བུ་མོ་དེ་ཕ་བཟང་གི་རྒྱུད་པ་དང་མ་བཟང་གི་བུ་མོ་ཞིག་ཡིན་མིན་གྱི་ཆ་ནས་ཕྱི་སྡེ་བའི་མྱི་ཁར་སྐྲག་པ་སོགས་ཀྱི་བཞེད་ཚུལ་མང་པོ་ཡོད་ལ།ཨ་མའི་ནུ་རིན་ཀྱི་གོང་ཡང་གཉེན་ཚང་གི་འབྱོར་བ།བུ་མོ་དེའི་གཡུག་ལས་ཀཡག་མོ་སྒོ་འཇོན་ཐང་སོགས་ལ་བལྟས་ནས་ཐག་གཅོད་ཀྱི་ཡོད།ལྷག་ཏུ་ཡོན་ཏན་སྦྱངས་མྱོང་ཞིང་ཟླ་ཕོག་ལེན་མཁན་ཞིག་ལ་མཚོན་ན་དེ་ཚོའི་ཕ་མ་དག་གིས་ང་རྒྱལ་གྱིས་ངས་སྒོར་མོའི་དཔར་ཤིང་བརྐོས་ཡོད་ཅེས་ཁ་གཡར་ནས་སྒོར་ཁྲི་ཚོ་འགའ་བླངས་ཀྱང་འོས་འོས་ཡིན་བསམ་མཁན་ཕ་མའི་ཕན་གྱི་ཤ་ཉེ་རིང་ཚང་མའི་རྒྱུན་ལྡན་ལྟར་མཐོང་བའི་སྣང་ཚུལ་རེད། འདི་དག་ལས་ང་ཚོའི་རང་ཤུགས་སུ་མཐོང་འོང་བ་ནི་སྤྱི་ཚོགས་འདིའི་ཁྲོད་ན་གནས་པའི་མི་རྣམས་ཀྱང་དབུལ་བོར་སྡང་བ།ཕྱུག་པོར་དགའ་བ།གཉོམ་ཆུང་ལ་བཙན་འཛུལ་བྱེད་པ།བཙན་པོ་ལ་ཁ་ཡག་ངོ་དགའ་བྱེད་པར་སྤྲོ་བ།མི་ཁ་ཙམ་ལ་སྐྲག་ནས་རང་སེམས་ནང་ལ་བསྡུ་བ།གཞན་གྱིས་ཅི་ཟེར་ལ་འབད་པ་ལས་རང་ལ་ཅི་མཁོ་བར་འབད་པ་བྱེད་མི་ཤེས་པ།བརྩེ་འདང་གི་ཟབ་ཚད་རྒྱུ་ནོར་གྱིས་མཚོན་པར་བྱེད་པ།ཡོན་ཏན་གྱི་རིན་ཐང་སྒོར་མོའི་གཞལ་བ།ཕ་མ་བུ་ཕྲུག་གི་བརྩེ་བ་ཡང་སྒོར་མོའི་ཐག་གཅོད་པ་སོགས་རྒྱུ་ནོར་གྱི་ཆེད་དུ་མིའི་རང་དབང་དང་ཁེ་དབང༌།མིའི་རིགས་ཀྱི་ལྷན་སྐྱེས་སུ་ཡོད་པའི་མཛེས་སྡུག་ཡོད་ཚད་ཀྱང་རྩ་བརླག་ཏུ་གཏོང་ཐུབ་པའི་ཧམ་སེམས་ཀྱི་རྒྱུ་མ་རིག་རིག་ཏུ་འགུལ་བ་འདི་དག་བསམ་དུས་རླབས་ཆེན་གྱི་རྩོམ་པ་པོ་མོའོ་པའོ་སང་གི་སྨྱུག་འོག་ནས་བཞེངས་པའི་ཀི་ལིང་ཐེད་མང་པོའི་སྣང་བརྙན་གསོན་པོའང་ཁྱེད་ཀྱི་མིག་གི་དཀྱིལ་ལ་ཐོག་ནས་སེམས་ཀྱི་དབུས་ལ་སིམ་འགྲོ་ངེས་ཡིན།དེ་ལྟར་བྱམས་དང་སྙིང་རྗེ་ཡི་བདག་པོ།ལས་རྒྱུ་འབྲས་བརྩི་བའི་དཔའ་བོ།འགྲོ་བ་རིགས་དྲུག་སེམས་སུ་སྒོམ་བཞིན་མ་གྱུར་སེམས་ཅན་ཐམས་ཅད་ཁ་ནས་མ་ནི་བཟློ་བཞིན་པའི་མི་རིགས་འདི་ཡང་མ་གཞི་ཇི་འདྲའི་ཚུལ་འཆོས་ཤིག་དང༌།ཇི་འདྲའི་ནུས་མེད་ཅིགཇི་འདྲའི་ཉམ་ཆུང་ཞིག་རེད་བསམ་དུས་ང་ཚོའི་རང་སེམས་ལ་སྒྲོན་མེ་བཀར་ནས་མུན་ནག་དེའི་ཟབ་སར་འཛུལ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་རེད་སྙམ།
༢ ཨ་མའི་ནུ་རིན་ལས་བུ་མོའི་རིན་ཐང་གི་ལྟ་ཚུལ་ལ་བསྐྱར་དུ་གདེངས་འཇོགས་བྱེད་པ།
ང་ཚོའི་བུ་མོ་ཅེས་སྐྱེས་པ་དང་ཁ་མི་དགར་བར་མི་ཞིག་གི་ངོས་ཐད་ནས་རིན་ཐང་ལྟ་ཚུལ་ལ་ཞིབ་ཏུ་བསམ་ན།མི་སུ་དང་གང་གིས་ཀྱང་རང་རང་གི་དགའ་ཁ་འཁྱེར་ཕྱོགས་དང༌།རང་རང་གི་འཇོན་ཐང་མི་འདྲ་བ།རང་གི་ཕུགས་བསམ་དང་རྨི་ལམ་མི་འདྲ་བ་མང་པོའི་ཁྲོད་ནས་ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་པ་མི་ཡུལ་ལ་ངོམ་དང་ངོམ་བཞིན་ཡོད་ལ།དཔེར་ན་ཧེའུ་ལོན.ཁེའུ་ལིག་ཡིས་ཁོ་མོའི་མིག་འགྲིབ་དང་འོན་པ་ཡིན་པའི་དབང་པོ་སྐྱོན་ཅན་གྱི་ལུས་པོ་ལས་རྣམ་པར་རྒྱལ་ཏེ་ཧྭ་ཧྥོའོ་སློབ་ཆེན་སོགས་འགྲིམས་ཏེ་མི་ཡུལ་ལ་སྙིང་སྟོབས་དང་མཛེས་སྡུག་གི་ཁེངས་པའི་གཏམ་རྒྱུད་བསྐྲུན་ཡོད་པ་དང༌།རླབས་ཆེན་གྱི་རྫས་འགྱུར་རིག་པ་སྨྲ་བ།བཟོ་སྐྲུན་པ།གསར་གཏོད་པ་ཆེན་པོ་ནོ་པེར་ལགས་ཀྱིས་རང་གི་རིག་པའི་རྩལ་ལ་བརྟེན་ནས་རྣོ་ལྕགས་བཟོ་གྲྭ་སོགས་ལས་ཏེ་དཔལ་འབྱོར་ཐོན་སྐྱེད་ཚད་མེད་བྱས་ནས་ད་ལྟའི་བར་དུ་ནོ་པེར་བྱ་དགའ་རྒྱུན་ཆད་མེད་པར་བསྩལ་ནས་མིའི་རིགས་མདུན་བསྐྱོད་བྱེད་པར་སྐུལ་མ་དང་སྟོབས་ཤུགས་བླ་ལྷག་གིས་བསྩོལ་བཞིན་ཡོད་ལ།དེ་དང་མཚུངས་སུ་རང་རེ་བོད་ཡུལ་ནའང་མཁས་དབང་དགེ་ཆོས་དང༌།པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་སོགས་ཀྱིས་མི་ཚེ་གང་བོར་ལུས་སེམས་གཉིས་ཀ་མི་རིགས་ཀྱི་ཆེད་དུ་ཕུལ་ནས་རིག་གནས་འདི་ཉམས་ཉེས་སུ་མ་ཕྱིན་པའི་གསེར་སྲང་སྟོང་གིས་གཞལ་པར་དཀའ་བའི་རིན་ཐང་འདི་དག་ནི་མི་སྒེར་རེ་གཉིས་ཀྱི་ཚེ་སྲོག་ལས་འཕྲོས་པའི་གཟི་མདངས་རེད།དེ་བས་གནས་འགྲོ་བུ་མོ་ཞིག་གི་རིན་ཐང་ཀྱང་བུ་མོ་དེའི་གཤིས་རྒྱུད་བཟང་མིན། ཁོག་རྒྱ་ཡངས་མིན།བློ་གྲོས་ལྡན་མིན། ཁྱིམ་ཚང་སྐྱོང་ཤེས་མིན། བྱིས་པ་སློབ་གསོ་གཏོང་སྟངས། ཁྱིམ་མི་ཕན་ཚུན་ལ་བརྩི་བཀུར་བྱེད་ཐུབ་མིན། ཁྱིམ་གཞིས་དྲོན་མོ་ཞིག་བསྐྱངས་ཐུབ་མིན།དེ་མིན་ད་དུང་རང་གི་ཁྱིམ་ཚང་ལས་བརྒལ་ཏེ་སྡེ་བ་འཚོ་བའི་མི་རྣམས་ལ་རམ་འདེགས་བཟང་པོ་བྱེད་ཐུབ་མིན་སོགས་བུ་མོ་རང་སྒེར་གྱི་ངོས་ཐད་ནས་བྱུང་བའི་འཕེལ་རྒྱས་དང་འཇོན་ཐང༌།ནུས་པ་སོགས་ཀྱི་ཐད་ནས་ད་གཟོད་རིན་ཐང་མངོན་རྒྱུ་དང་གདེངས་འཇོག་བྱ་རྒྱུ་མ་གཏོགས་ཨ་མའི་ནུ་རིན་བླངས་པ་མཐོ་དམའ་དང༌།བླངས་མིན།རྒྱུད་བཟང་རུས་གཙང་སོགས་ཀྱི་ཐད་ནས་ཚད་གཞལ་ན་ཕྱིའི་དངོས་པོ་དེ་དག་ལ་ཚད་གཞལ་པ་མ་གཏོགས་བུ་མོ་རང་ཉིད་དེའི་རིན་ཐང་ངོ་མར་གདེངས་འཇོག་བྱེད་ཐུབ་མེད།དེར་མ་ཟད་བུ་མོ་དེའི་རང་གི་སྐྱིད་སྡུག་ཙམ་ཀྱང་བརྗོད་ཐབས་བྲལ་བ་ནི་འཁྱོག་རྫོབ་ཀྱི་རིན་ཐང་ལྟ་ཚུལ་གྱིས་བསྐྱེད་པའི་འདུ་ཤེས་དེའི་འོག་གི་གནས་ཚང་དང་ཕ་མའི་དོམ་ལེན་ལྟ་བུའི་བྲན་གཡོག་གི་གཟུགས་རིས་དེ་ཡིན་པས་ཅི་འདྲའི་སྐྱོ་བ་ལ།
༣ཨ་མའི་ནུ་རིན་ལས་ཕ་མར་དྲིན་ལན་འཇལ་བའི་ལྟ་ཚུལ་ལ་བསྐྱར་དུ་གདེངས་འཇོག་བྱེད་པ།
ཕ་མ་ཞིག་གི་བྱིས་པ་ཞིག་བཙས་མ་ཐག་ནས་བྱིས་པ་དེར་འགྲོ་བ་མིའི་ཐོབ་ཐང་དང་ཁེ་དབང་ཡོད་པ་སྨོས་མེད་རེད་ལ།ཨ་མའི་ནུ་མ་བླུད་ནས་གཉོར་སྐྱོང་བྱེད་པ་ཡང་ཕ་མའི་འོས་འགན་ཡིན་པ་རེད།དེའི་མི་ཚད་བུ་ཕྲུག་ནར་སོན་རྗེས་རང་གི་ཕ་མ་གཉོར་སྐྱོང་བྱ་རྒྱུ་དེ་ཡང་ཕ་མའི་ཁེ་དབང་དང་བུ་ཕྲུག་གི་འོས་འགན་ཡིན་པའང་དོན་དངོས་རེད།དེ་བས་བོད་རང་ཅག་གིས་བཤད་སྲོལ་བཞིན་ཕ་མ་དྲིན་ཅན་ཡིན་ལ་འཇིག་རྟེན་ན་ཕ་མའི་དྲིན་ལན་ཞོག་སོང་བ་གཟིག་མེད་ཅེས་པ་ཡང་བདེན་གཏམ་ཚ་མོ་ཞིག་མིན་མི་སྲིད་ཀྱང་ང་ཚོས་དེར་དམིགས་ནས་ཨ་མའི་ནུ་རིན་ལེན་པ་སོགས་ཕ་མའི་བཀའ་དྲིན་མཚོན་བྱེད་དུ་གྱུར་ན་ཕ་མ་དང་བུ་ཕྲུག་གི་སེམས་ཞེས་པའི་འདང་བརྩེ་དེ་ཡང་སྒོར་མོ་སྟོང་ཕྲག་རེ་གཉིས་ཀྱི་ཐག་གཅོད་པར་བྱེད་ལ།གཞན་ད་དུང་ཕ་མའི་དྲིན་ལན་དེའི་ཆེད་དུ་བུ་མོ་ལ་ལས་རང་གི་མི་ཚེ་གང་བོར་ལུས་སེམས་གཉིས་ཀ་གནས་ཚང་གཞན་ཞིག་ཏུ་གཏའ་མར་བཞག་ཡོད་པ་དང༌།བུ་མོ་ལ་ལས་རང་ལ་དགའ་སའི་མི་ཡོད་ཀྱང་ཁྱིམ་ཚང་དེ་གའི་རང་གི་ཨ་མའི་ནུ་རིན་སྟེར་མ་ཐུབ་པར་ལུས་ཏེ་ཕོ་མོ་གཉིས་ཀྱི་བརྩེ་བ་དོར་ནས་རྒྱུ་ཆེན་ཞིག་ལ་བསྙེགས་ཅི་ཐུབ་བྱེད་པའང་བུད་མེད་སྒོར་མོ་ཁོ་ནའི་རྗེས་སུ་རྒྱུགས་པ་ཞིག་གཏན་ནས་མིན་པར་ཨ་མའི་ནུ་རིན་དེ་ལའང་འབྲེལ་བ་མེད་ས་མི་འགྲོ་བ་རེད།སྐྱེས་པ་ཚོའི་ཡང་ཁྱིམ་ཆུང་མ་རང་གི་མན་ཞིག་ཅེས་རང་ཉིད་མཐོ་ས་ཞིག་དང་བུད་མེད་དམན་ས་ཞིག་ཏུ་འདོད་པའི་ཚད་གཞིའང་གོམས་སྲོལ་འདི་དག་ལས་རིམ་བཞིན་གྲུབ་ཡོང་བ་རེད།འདི་ལྟར་མུ་མཐུད་དུ་བཙོག་པ་འཁོར་རྒྱུག་བྱས་ན་རྒྱུ་འབྲས་གོ་ལྡོག་སྟེ།བུ་སེམས་ཕ་ཐོག ཕ་སེམས་རྒྱུ་ཐོག་ཞིག་ཏུ་མི་འགྱུར་བའི་ངེས་པའང་མི་འདུག གལ་ཏེ་མི་ཞིག་གིས་རང་ཉིད་ལ་དྲིན་ལན་ཐོབ་པའི་ཆེད་དུའམ།རང་གི་ཁེ་ཕན་གྱི་ཆེད་དུ་མི་གཞན་ཞིག་གི་ཁེ་དབང་དང་མིའི་ཐོབ་ཐང་སྣང་མེད་དུ་བཏང་ན་ཀུན་སྤྱོད་ཀྱི་ཐད་ནས་ཡིན་ནའང་འདྲ།འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་ཡིན་ནའང་འདྲ་མ་གཞི་ནས་གཏུམ་སྤྱོད་དང་སྒེར་གཅོད་རིང་ལུགས་ཀྱི་སྡེར་མོ་བརྐྱངས་པ་དང་གཉིས་སུ་མ་མཆིས་པ་རེད།དེ་བས་ཕ་མ་དགའ་ན་དྲིན་ལན་ཞེས་པའི་དཔེ་ལྟར་བུ་དང་བུ་མོ་སུ་ཞིག་གིས་ཀྱང་རང་གི་ཕ་མའི་བསྩལ་བའི་ཚེ་སྲོག་འདི་ལེ་ལོ་དང་སྒྱིད་ལུག་གི་དབང་གིས་ཆུད་ཟོས་སུ་མ་བཏང་བར་རང་གཞན་ཀུན་ལ་ཕན་པའི་ལས་བརྩམས་ཏེ་ཚེ་སྲོག་གི་མཛེས་སྡུག་ངོམ་ཏེ་ལང་ཚོའི་འདབ་ལག་རྒྱས་ན་ད་གཟོད་ཕ་མའི་རེ་བ་དང་རང་ཉིད་ཀྱི་རིན་ཐང་དངོས་དེ་མངོན་ཐུབ་པར་མ་ཟད།རང་ཉིད་ཀྱི་འཚོ་གཞེས་ཀྱང་དོན་དང་ལྡན་ཞིང་སྒེར་སེམས་དང་ཧམ་སེམས་ཀྱིས་མ་བཅངས་པའི་བརྩེ་བ་དེའང་མཛེས་སྡུག་མེ་ཏོག་བཞིན་ཁྱིམ་མི་ཕན་ཚུན་གྱི་བར་དུ་རྣམ་པར་བཞད་ཐུབ་པ་མིན་ནམ།
གཞན་རང་རེའི་བོད་ཁུལ་འགའ་ཤས་ན་ཨ་མའི་ནུ་རིན་མི་ལེན་པར་མ་ཟད།བུ་མོར་རྫོང་སྐལ་གྱ་ནོམ་པ་སྟེར་བའི་གོམས་སྲོལ་ཀྱང་རྣ་བའི་ཐོས་སྲོལ་ཡོད་མོད།གོམས་སྲོལ་དེ་གོ་མ་ཐག་སེམས་ལ་དྲོད་འཁོལ་སྟེར་བའི་སྣང་བ་ཙམ་བྱུང་ཡང་ང་ཚོའི་བོད་ཁུལ་གྱི་ཁྱིམ་ཚང་དག་ལ་ཆ་སྙོམས་ཀྱི་བལྟས་ན་དཔལ་འབྱོར་གྱི་ཐོན་ཁུངས་བཟང་པོ་མེད་པའི་ཁར་བུ་མོ་མང་པོའི་ཁྱིམ་ཚང་ཞིག་ལ་མཚོན་ན་དེ་ཡང་གནོན་ཤུགས་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ་ལ།གོམས་སྲོལ་དེ་དབང་གིས་རྒྱུ་ཡོད་ནས་རྒྱ་ཆེན་རྒྱས་པ་བྱས་ནས།རྒྱུ་མེད་ནས་མེད་རུང་ཡོད་ཁུལ་བྱས་ནས་རང་གི་མི་ཐེག་པའི་ཁུར་བོ་ལྗིད་མོ་ཕྲག་ཏུ་འཁུར་ཏེ་ཕྱི་སྡེ་བའི་མྱི་ཁར་གདོང་གཏད་ཅི་ཐུབ་བྱེད་བཞིན་ཡོད།དེའི་མི་ཚད་ཕ་ཤུལ་འཛིན་པའི་བུ་ཆུང་ཞིག་སྐྱེས་མ་ཐག་ཏུ་དུང་བུས་ནས་བུ་སྟོན་རྒྱ་ཆེན་བྱེད་པའི་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དེ་ཡང་མི་སྐྱེས་ག་མེད་བྱུང་བ་ཨེ་ཡིན་སྙམ། སྤྱིར་ཕ་བུ་མ་བུ་སུ་ཞིག་གིས་ཀྱང་ཕན་ཚུན་ལ་བརྩེ་འདང་ལྷག་མ་ཞིག་ཕངས་སེམས་མེད་པར་ཕུལ་འདོད་ཀྱི་བློ་དེ་བསམ་པའི་མཛེས་སྡུག་གི་ཡང་རྩེ་ཡིན་པ་སྨོས་མེད་ཡིན་ཀྱང་བརྩེ་འདང་དེ་མཚོན་བྱེད་ལ་སྨོན་འདུན་དང་ཁ་གཡང་ཡོད་ལ།རང་དབང་དང་བརྩི་བཀུར།དཀྱེལ་ཡངས་དང་བསམ་ཤེས་སོགས་མང་པོ་ཞིག་ཡོད་བཞིན་དུ་གོས་ཚ་རུ་སོགས་གྱོན་ཆས་ཀྱི་མཚོན་དགོས་དོན་མེད་ལ་ཡང་གཅིག་བཤད་ན་ཕྱིའི་དངོས་པོ་སོགས་ཀྱི་མཐུན་རྐྱེན་ནི་སུས་ཀྱང་རང་གི་ལག་ཟུང་ལ་བརྟེན་ནས་བསྐྲུན་ཐུབ་པ་ཞིག་ཡིན་པ་སྨོས་མེད་རེད།འདི་ལྟར་བུ་མོའི་རྫོང་སྐལ་ཅེས་པར་ཁ་གཡར་ནས་ཡོད་ཚད་སྦྱིན་ཀྱང་ཐ་མར་བུད་མེད་ནི་འགོང་བོ་ལྟ་བུ་ཞིག་ཏུ་བརྩིས་ན་མཛེས་སྡུག་གི་ཁ་དོག་གཞན་ཞིག་ལ་བསྒྱུར་དང་བསྒྱུར་མུས་སུ་མཆིས་པ་ནི་ཧ་ཅང་སྐྱི་གཡའ་བ་དང་སྐྱོ་གདུང་དུ་འཁུམ་དགོས་པ་ཞིག་མ་ཡིན་ནམ།
ཨ་མའི་འོ་ཞོ་སྣུམ་པོ་ནི་བརྩེ་བ་མར་ཁུའི་མཚོ་མོ་འཁྱིལ་ས་ཡིན་ལ།ཨ་མའི་འོ་ཞོ་དཀར་མོ་ནི་ལྷག་བསམ་ཁ་བ་དཀར་བོའི་འདབ་ལག་རྒྱས་ས་ཡིན། དེ་མིན་མིའི་རིགས་ལ་བློ་གྲོས་ཀྱི་མེ་ལྕེ་མཆེད་ཁུངས་དང༌། རྣམ་དཔྱོད་ཀྱི་གཤོག་ཟུང་རྒྱས་ས།མིའི་རིགས་ཀྱི་མཛེས་སྡུག་འཁྲུངས་ས་ཡིན་པ་མ་གཏོགས་སུ་ཞིག་གི་ཧམ་སེམས་ཀྱི་ཚོང་རྫས་སུ་བཏང་ཆོག་པ་མིན་ལ།སུ་ཞིག་ལ་ཆེད་དུ་དྲངས་པའི་དོམ་ལེན་བྱེད་ཀྱི་དུག་ཆང་ཀྱང་མིན་པའི་ཚང་མས་མཛེས་སྡུག་འདི་སེམས་ཀྱིས་བསྐྱངས་ནས་མི་ཡུལ་ལ་ཨ་མའི་ནུ་ཞོ་ཕངས་མེད་དུ་སྦྱིན་རོགས།

take on the oil spill
FIGHTSTATE When compared to Sirius XM

Michelle Erica Dixon host Saving Our Daughters event at GlamBar Salon
Porno 70 due to the positive earnings and short squeeze

One of the best london wrinkle treatment centres
Porno So you got your reading planned for the next 10 15 years

special Fashion for this Christmas
Porn with the rest being covered by a compensation payment from Merrill

Foot Locker Finds Its Footing
Videos porno 184B of the loans in the servicing portfolio were sold or securitized

The Easy Way to Recover Lost
theGadgetPill My son completely ignores it and doesn't seem to care

Get Women Crazy About You With Just The Clothes You Wear
Porno so thanks for any responses

JC Penney courts controversy with I'm too pretty T
TOKYO POP LINE Clients choose the criteria to create interactive charts and graphs

Strike great bargains with wholesale distributors of fashion clothes online
dontgiveupworld.com and she has started building a dedicated team

many offers of wrist watches on the Internet
PORNO American Apparel reported total sales of

Pose Like a Fashion Model
VIDEOS PORNO XXX accommodation featuring honeymoon spa bath suites throughout the phoenix arizona

750 Million From Clothing Line in 2010
XXX Porno 8 regular means discrepancies troops aid

The Fashion Show is a No Go
Videos Porno Isn't that just the most adorable thing ever

Designed with History and Meaning
Porno Judging from the film

Definition Diagnosis of Type 2 Diabetes
Jeux apart from the fact that the DTS track sounded slightly louder

Lady Gaga Is Leading a New Generation of Music
Pornodingue 9 billion Canadian market

Fashion Design School in Italy
Cool Math Games fashion photographers and modeling scouts

The Mystery Behind The Colour
porno Lightly season and mix together

Wear it and Jump inside Water
porno but they are pretty a lot safe for anybody

The 9 Biggest Bastards of 2011
Porno Broil the chops until the crusts are golden brown and slightly crisp

How To Choose The Right Manufacturer For Your Plastic Products
porno that still has the purchase tags on them
བསྟོད།7

抱歉,评论已关闭!