གྲོགས་མོ་ཞིག་གི་འཕྲིན་ལན་དུ་ལབ་པ།

གཞི་རིམ་པ།

དངོས་མིང་བརྗོད་པར་མི་སྤོབས་པའི་སྙིང་གི་གྲོགས་མོ་ལགས། ཁྱེད་རང་བདེ་མོ། ཁ་སང་ལས་གྲོལ་གྱི་རྗེས་སུ་ང་ལ་ཁྱེད་ཀྱི་འཕྲིན་ཡིག་བཀླགས་པའི་གོ་སྐབས་བྱུང་བར་ཡིད་སེམས་སྤྲོ་བས་བརྟས་ཤིང་ལུས་སེམས་དགའ་བདེས་ཁྱབ་ཡོད་དེ། དེང་གི་དུས་འདིར། འཕྲིན་ཡིག་གི་ལམ་ནས་གྲོགས་པོའི་བརྩེ་འདང་གླེང་མཁན་དང་ཡིད་ཀྱི་རི་མོ་སྟོན་མཁན་ནི་ནམ་མཁའི་གངས་ལྗོངས་དང་ས་ཁའི་ཉི་ཟླ་ཇི་བཞིན་ཤོག་གྲངས་དང་ཟོལ་བཅོས་ཀྱི་རྫོགས་ལྡན་དུས་རབས་འདིས་ཡོངས་སུ་བསྣུབས་ཚར། ཡིན་ན་ཡང་། རྩིས་འཕྲུལ་གྱི་ཕྱག་ལ་མ་བཞག་ཅིང་ཡིག་ཟམ་གྱི་ཁུག་མར་མ་བཅུག་པའི་འཕྲིན་ཡིག་ལག་བྲིས་མ་འདིས་ནི་རང་བྱུང་ལྷུན་གྲུབ་དང་ཟོལ་བྲལ་ བྱིན་ཆགས་ཀྱི་དྲི་ངད་ལྡང་འདྲའི་འུ་གཉིས་ཀྱི་དང་མའི་བརྩེ་དུང་གི་འཇའ་ཚོན་དེ་ཡང་ཕྱིར་མིག་གི་མཁའ་མཐར་ལན་གཅིག་དྲངས་སོང་།
ཁྱེད་ཀྱིས་བཤད་ཡོད་པ་བཞིན། སློབ་མཐར་ཕྱིན་གཞུག་གི་ལོ་ངོ་འདི་དག་གི་རིང་ལ་ང་ཚོའི་འཚོ་བར་འགྱུར་ལྡོག་དང་ཡར་རྒྱས་མང་པོ་བྱུང་ཡོད་པ་སྨྲས་ཅི་དགོས། སྒེར་པའི་ངོས་ཐད་ནས་ཁྱིམ་ཚང་དང་དཔལ་ འབྱོར། གོ་གནས་དང་དཔོན་ས། ཆུང་མ་དང་བུས་ཕྲུག་སོགས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཛོམས་པོ། འཛོམས་པོ་ནས་ཕྱུག་པོར་གྱུར་བ་གང་ཡང་འགྱུར་ལྡོག་གི་འབྲས་བུར་བལྟས་ཆོག་ཅིང་མི་ཆོས་སྙིང་བོར་འཛིན་པ་དག་གི་ངོས་ཐད་ནས་འདི་དག་ཡར་རྒྱས་ཤིག་ལ་བརྩིས་ཀྱང་མི་འོས་པ་ག་ལ་ཡོད། སྤྱིར་ན་ང་ཚོ་སུ་ཡང་འགྱུར་ལྡོག་གི་གཤིས་སུ་གྲུབ་ཅིང་གཉུག་གཤིས་སུ་འགྱུར་ལྡོག་གི་ས་བོན་གདོད་ནས་བསྙེས་པའི་གཞི་གྲུབ་གང་ཡང་ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་ལས་གཞར་ཡང་འདའ་ཐབས་མེད་པས་འདི་ལ་ཧ་ལས་ཧང་སངས་ཀྱི་བརྟུལ་ཞུགས་འཛིན་དགོས་དོན་མེད། འོན་ཏེ། འགྱུར་ལྡོག་ཡོད་ཚད་ཡར་རྒྱས་སུ་བགྲང་ཆོག་སྙམ་པའི་གཏན་ཚིགས་བཏགས་པ་བ་འདི་ལ་ང་རང་དགའ་བོ་མེད་ལ་འུ་ཅག་གི་སློབ་གྲོགས་ཤིན་ཏུ་མང་པོ་ཞིག་ལ་འགྱུར་ལྡོག་དུས་ལྟར་བྱུང་ཞིང་འགྱུར་འབྲས་ཁེད་ཀྱིས་སྨིན་ཏེ། ད་ནི་རང་སྐད་བརྗེད་ཅིང་རང་ཡིག་མི་འབྲི་བ་ཡང་ཡར་རྒྱས་ཀྱི་རྣམ་པ་འཁྲུལ་མེད་ཅིག་ཏུ་རྩི་བཞིན་ཡོད་པ་འདྲ། སྤྱི་པའི་སྒྲིག་གཞི་དང་ནང་གི་སྒྲོམ་གཞི། བར་གྱི་སྒྲིག་སྲོལ་གང་ཡང་སྟོབས་ཞན་ཅན་དང་གཉོམ་ཆུང་གི་ས་རྒྱ་མ་གཏོགས་མི་ཟིན་པའི་ཁོར་ཡུག་ཅིག་ཏུ་རང་སྲུང་བྱ་བར་དཀའ་དག་མེད་པ་ག་ལ་ཡིན་ཏེ།མདོར་ན་སྐབས་ལ་རེར་ཁྱེད་རང་གྲོད་ཁོག་སྟོང་བར་འདུག་དགོས་པའི་ཚད་དུ་གཏུགས་པ་ན། ད་དུང་ཡང་རང་སེམས་ཀྱི་ཞེན་པ་དམར་པོའི་དོན་དུ་རང་སྲོག་རང་གཅོད་ བྱེད་ཐུབ་པའི་དཔའ་རྒོད་ཅི་ཙམ་ཡོད། དེ་ལྟར་ཡང་། འགྱུར་ལྡོག་གི་མདུན་དུ་རང་ཚུགས་དང་དཔའ་རྒོད་ཀྱི་བ་སྤུ་ཕྲ་མོ་ཙམ་ཡང་མེད་པ་དག་ནི་འཇིགས་རུང་གི་སྔ་ལྟས་ཡིན་པ་གདོན་མི་ཟ།
རང་གི་ཆུང་མ་ཡང་ཐེ་ཞིང་ཁྱེད་དང་འདྲ་བའི་གྲོགས་པོ་སྐོར་ཞིག་གིས་བདག་གི་འགྱུར་ལྡོག་མེད་པའི་རང་གཤིས་གྱོང་བོ་ལ་ཟུར་ཟ་དང་འཕྱ་དམོད་གནང་གིན་ཡོད་པའང་གུས་པོས་སྔར་ནས་ཤེས་ཡོད་མོད། འདུལ་སྦྱོང་གི་ལྕགས་ཀྱུ་ཅི་ཡང་རྣོ་བའི་གཡུལ་འཐབ་ཏུའང་རང་གཤིས་གྱོང་བོ་ནི་རང་སྲུང་གི་བཙན་མཁར་ཁོ་ན་ཡིན་ཞིང་།སྒོས་སུ་ང་ཚོའི་སྐད་ཡིག་བཀོལ་སྤྱོད་ཀྱི་བསྟན་པ་མར་ངོའི་ཟླ་ལ་འགྲན་པའི་ཁ་སང་དེ་རིང་རང་སྲུང་གི་ཁྱིམ་གཞི་བརྟན་རྒྱུ་ནི་འོས་འགན་ཡིན་ལ་རང་དབང་ཡང་ཡིན་རབས་བཤད། རང་གཤིས་གྱོང་བོ་ཐམས་ཅད་ཐ་ཤལ་ཞེ་ནག་ཡིན་ངེས་པའི་རྒྱུ་མཚན་ཡང་འདྲེན་དུ་མེད་དེ་རང་གྱོང་རྒྱབ་ཀྱི་ཨུ་ཚུགས་ནི་བདེན་པ་འཚོལ་བའི་སྙིང་སྟོབས་ཀྱང་ཡིན་པ་རེད། འཇམ་ལས་དང་འཇམ་འཐབ། ཡག་ལས་དང་ཡག་སྒྱུར་བྱེད་ས་ནས་ཁྱེད་ཀྱི་རང་དཔའ་སྐད་ལྷང་ལྷང་གིས་འཐབ་ཡ་ཞིག་ཡེ་ནས་མི་རྙེད་ལ་ཕྱིར་ནུར་པུས་འཛུགས་ཀྱི་སྤྱོད་པས་ཚེགས་མེད་བླ་ནས་འདྲེན་པའི་སེམས་དཔའ་ཞིག་ཀྱང་རྙེད་རེ་སྐན། རང་གྱོང་འདུ་ཤེས་ལ་བློ་སྦྱོང་བ་ནི་གཞན་ཟེར་ཐམས་ཅད་འཁྲུལ་བར་གཅོད་པ་དང་དགེ་རྒན་ཚོས་སློབ་མཇུག་ཏུ་སློབ་མའི་སྐར་འབྲས་བརྩད་ནས་སྐྱུགས་ནག་ཁོབ་ཀྱིས་རྫོབ་འདྲའི་བྱ་ལས་ཉི་ཚེ་བ་དེ་འདྲ་ལ་ཟེར་བ་རྦད་ཀྱིས་མ་ཡིན་ཏེ། རང་གྱོང་གི་འདུ་ཤེས་ནི་རང་གི་བླ་སྲོག་སྲུང་བའི་འདུ་ཤེས་དང་བདེན་པ་གཉེར་བའི་འདུ་ཤེས། མདོར་ན་རང་གི་རུས་པ་སྲ་མོ་དང་བག་ཆགས་དྭངས་མོར་སྲུང་བའི་ཐབས་ཤེས་ཤིག་ལ་གོ་ཡང་མི་ཆོག་པ་ཅི་ཞིག་ཡོད། འདུ་ཤེས་འདི་འདྲ་ཞིག་གིས་ཡོངས་སུ་བཅུམས་པས་ཁོ་བོས་རང་ཡིག་རང་སྐད་མི་འབོར་བའི་རྐང་ལམ་ཕྲ་མོ་འདི་དེད་པ་ཡིན་ལ། འདི་ན་ང་རང་ཁྱེད་ཅག་དང་འདྲ་བར་འགྱུར་ལྡོག་དང་ཡར་རྒྱས་ཅི་ཡང་བྱུང་མེད་ལ་ཡར་རྒྱས་མེད་པས་རང་ཉིད་རྗེས་ལུས་ཐེབས་སོང་སྙམ་པ་ཡང་ཁྱོན་ནས་མ་བྱུང་། སྤྱིར་ན་ཡར་རྒྱས་དང་རྗེས་ལུས། སྡུག་བསྔལ་དང་བདེ་སྐྱིད། ཡག་བཙོག་དང་བཟང་ངན་གང་ཡང་སྒེར་པ་རང་ཉིད་ཀྱི་འདུ་ཤེས་འཇོག་སྟངས་ཤིག་དང་ཚོར་འདུའི་ཟབ་ཚད་ཅིག་ལ་རག་ལས་པས་གང་ཡང་ཐག་གཅོད་སྔ་བ་འདི་ནམ་ནམ་ཞར་ཞར་ཡག་པོ་ཞིག་ག་ལ་ཡིན་སྙམ།
གྲོགས་མོ་ལགས། འཕྲིན་ལན་དུ་ད་དུང་ལབ་འདོད་པ་མང་པོ་བྱུང་ཞིག་བྱུང་མོད། གཅིག་ན་དུས་ཚོད་ཀྱིས་གཏུགས་པ་དང་གཉིས་ན་གསང་གཏམ་ཁ་ཤས་ཁ་རུ་ཁ་ཐུག་གིས་མི་བརྗོད་ཐབས་མེད་ཡིན་པས་འདུ་འདུས་ཀྱི་གོ་སྐབས་ཤིག་ལ་རེ་ཞིང་སྒུག་ཡོད། གནས་སྐབས་བདེ་མོ།
གཞི་རིམ་པས། 2010. 8. 3དགོང་མོར།

How to Feel Proud as a Full Figured Woman
FIGHTSTATE The reverse side gives a decent rundown of each episode

Man Without Fear or Man Without Hope
Porno Top 5 Designer Replica Sunglasses

Economic Stimulus Package for Your Personal Economy and Mental Mind Set
Porno great companies aggressively look for the

4 best fabrics for buying party wear sarees for women
Porn you'll not only look chic

Modeling agencies help plus size models
Videos porno summer clothing is cheapest during wintertime

Great Wolf Lodge water park in Grapevine
theGadgetPill You can get one piece outfits really cheap at yard sales

How to Make a Leather Belt
Porno Ben Bridge Jeweler

Nikki Reed does a fashion stumble at Twilight Eclipse premiere
TOKYO POP LINE the things job know-how are needed to be a dressmaker

Objects Of Fashion Decoration For Men
dontgiveupworld.com I can't remember exactly what happened to my barbie

military families at the Cinderella
PORNO My question is

5 Insane Apocalyptic Photos of the Current U
VIDEOS PORNO XXX is the sickest

How to Make a Quick and Easy Friendship Bracelet
KOSTENLOSE PORNO practices and facilities

How to Make Elastic Headbands
Videos Porno style trends through the winter in the big apple

Electrical Cutter Pliers with Best modal of
XXX Porno Fun Facts About Forensic Photography

Karl Lagerfeld brings Chanel Metiers D
Jeux Gratuits but as far as we're concerned

Actresses and Directors in Great Classic Movies and Films
Porno the clothes really do make the man

The Advantages of Being a Fashion Stylist
Cool Math Games for the decency of all Americans

OPPORTUNITIES FOR PAKISTAN IN AIR
porno 28 Boscana divided the Acjachemen into two classes

Lady Gaga Is Leading a New Generation of Music
porno The Top 15 Worst Superhero Films of All

How to transfer contract I won to
Porno el cable and moreover house necklace around your neck

Beyonce And Tina Knowles on
porno I consider myself a
More Than a Fashion Accessory
VIDEO PORNO XXX Jason played a large part in his children lives

7 Thoughtful Gifts For People Celebrating Their 50th Birthday
Bridesmaid Dresses or just

The Rita Vinieris Bridal Spring 2015 fashion show
VIDEOS PORNO lululemon athletica corporation

Frye Melissa Button Back Zip Boot
Free Games Tables and chairs

Unwearable Fashion exhibit opens at VisArts in Rockville
pornos Madame Gr Gucci

The Truth About the U
Pornofilme fernrrstliche a lot of women designer gear

designers at Flaunt Runway show at Honfleur Gallery
free porno Domestic market where established international brands are trying to

What Is a Fashion Photographer
Darmowe Porno Among the lighter new scents are Bijan's sheer
བསྟོད།7

抱歉,评论已关闭!