ཕྲུ་གུ་ནི་ཨ་མའི་སྲོག་གཅོད་རེད།

འཇམ་དབྱངས་སྐྱིད།

ང་ལ་དྲན་པ་མོག་མོག་ཙམ་ཡོད་པ་ནས། ཕྲུ་གུ་ནི་ཨ་མའི་སྲོག་གཅོད་རེད་ཅེས་པའི་སྐད་ཆ་དེ་ཨ་མའི་ངག་ལས་ཐོན་གྱིན་འདུག ཡིན་ནའང་ངས་དོན་དེ་གསལ་པོར་གོ་རྟོགས་མ་བྱུང་། ཉིན་ཞིག ཨ་མས་ཁོ་ཚོའི་སྡེ་བའི་ནང་བྱུང་བའི་དོན་དངོས་གསོན་པོ་ཞིག་གིས་ང་ལ་དོན་དེའི་སྙིང་པོ་ར་འཕྲོད་དུ་བཅུག ངའི་ཨ་མ་ར་རྫ་སྡེ་བར་གནས་ལ་མ་ཡོང་སྔོན་དུ། ལོ་ཞིག ཁོ་མོའི་སྡེ་བ་དེར་སྲིད་གཞུང་གིས་དམག་བསྡུ་བརྒྱབ་པ་རེད། སྡེ་བ་དེའི་བུ་ཆུང་གང་ཞིག་དམག་ལ་འགྲོ་གྲབས་ཀྱིས་གཉེན་མིས་སྐྱེལ་ཐོན་བྱས། ཁོ་རང་སྡོད་པའི་རླངས་འཁོར་སྡེ་བ་དང་ཁ་ཐག་ཇེ་རིང་ནས་ཇེ་རྒྱང་དུ་ཕྱིན་ཏེ། ཁད་ཀྱིས་མི་མཐོང་བའི་སར་སླེབས་སྐབས་ཁོ་པའི་ཨ་མ་གློ་བུར་དུ་སྨྱོས་པ་རེད།
དེ་ནི་མིས་རྟོག་བཟོ་དང་འབྲི་བཞེངས་བྱས་པའི་གློག་བརྙན་ནམ་སྒྲུང་གཏམ་གང་ཡང་མ་ཡིན་པར་འཚོ་བ་ངོ་མ་ཞིག་རེད། གནས་ཚུལ་དེ་དང་ཐོག་ཨ་མས་གླེང་སྐབས། བུ་ཆུང་དམག་ལ་སོང་བ་ཙམ་གྱིས་ཨ་མ་སྨྱོས་པར་ང་རང་རྦད་དེ་ཧང་སང་དགོས་པ་ལས། དོན་དེ་ཨ་མར་ཕུགས་འདྲི་གཏིང་འདྲི་གང་ཡང་མ་བྱས། དེ་རིང་ང་ཧ་ཅང་འགྱོད་པ་སྐྱེས་ཡོང་། གལ་ཏེ་ཨ་མ་དེ་ད་དུང་འཇིག་རྟེན་འདིར་བདེ་ཐང་གིས་འཚོ་གཞེས་ཐུབ་ཡོད་ན། ངས་ཁོ་མོར་ཁ་བརྡ་རིང་མོ་ཞིག་བྱེད་ན་འདོད། ཡིན་ཀྱང་སྨྱོས་ཟིན་པའི་མི་ཞིག་གི་དྲན་ཤེས་རྣལ་ལ་གནས་པར་འཇུག་རྒྱུ་ནི། འཕེལ་རྒྱས་བྱུང་བའི་རྒྱལ་ཁབ་དག་གིས་ཀྱང་ཐག་གིས་མ་ཆོད་པ་ཞིག་ཡིན་ན། དཔལ་འབྱོར་གྱི་ཆ་རྐྱེན་དང་འཕྲོད་བསྟེན་གྱི་སྤུས་ཀ་ཞན་པའི་འུ་ཅག་ནི་ལྟ་ཅི་སྨོས། དེ་བས་ཁོ་མོ་དང་སེམས་ཐོག་ལ་སེམས་བཞག་སྟེ་དང་ཐོག་གི་སེམས་ཚོར་དེ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་ང་ལ་ཕལ་ཆེར་ཡོང་མི་སྲིད། གང་ལྟར་ཨ་མ་དེ་བུ་ཕྲུག་གི་སླད་དུ་ལམ་བུ་དེར་ཞུགས་པ་ནི་དོགས་སྣང་མི་དགོས་པ་ཞིག་རེད།
བུ་ཕྲུག་ཆུ་ལ་ལྷུང་ཚེ་དེ་སྐྱོབ་མཁན་ཕ་ཡིན་པ་ལས་མ་ཡིན་མི་སྲིད་ཅེས་པའི་བཤད་རྒྱུན་ཞིག་ངའི་མི་ཚེ་ནང་གང་ས་གང་དུ་ཐོས་ཀྱིན་འདུག དེ་ལས་དེ་ནི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཚར་བའི་ལྟ་ཚུལ་ཞིག་ཡིན་པ་ཤེས་ཐུབ་ལ། བུ་ཕྲུག་ལ་ཞེན་ཆགས་ཆེ་བ་ཨ་མ་ལས་ཨ་ཕ་མིན་ནམ་སྙམ་པའི་དྲན་ཚུལ་ཞིག་བྱིན་ཡོང་། བཤད་སྟངས་འདི་གཉིས་ལ་ཧེ་བག་རྒྱུགས་འདུག་པས་ངའི་བློ་ལ་དྲི་བས་ཁེངས། བསམ་གཞིག་ལ་མོས་པའི་འབྱུང་གཤིས་འདིའི་རྐྱེན་ནམ། དོན་དེ་སེམས་ཀྱི་གཏིང་རིམ་དུ་ཉར་ནས་ཡུན་རིང་ཞིག་འགོར་ཡང་། ལོ་ཁ་ཤས་ཀྱི་སྔོན་བར་ངས་ཡིད་ཚིམ་པའི་ལན་ཞིག་རྙེད་མ་བྱུང་།
ལོ་ཁ་ཤས་ཤིག་གི་སྔོན་ལ། ཟི་ལིང་གི་ཙོང་ཆུ་ཁ་རུ་ཕ་ཡུལ་ཁྲི་ཀ་ནས་ཡིན་པའི་བོད་པ་ན་གཞོན་ཞིག་གིས་ངོ་མི་ཤེས་པའི་རྒྱ་མི་ཞིག་ཆུ་ལས་སྐྱོབ་ཆེད་རང་གི་ཚེ་སྲོག་ཤོར་བ་རེད། ད་དུང་དེ་དང་འདྲ་བའི་དོན་དག་བརྙན་འཕྲིན་སོགས་སུ་མཐོང་ཞིང་ཐོས། དེ་ལ་སོགས་ཀྱིས་སྐྱེས་པ་ཕོ་ནི་ཟ་མ་མོ་ལས་སྙིང་སྟོབས་ཆེ་ཞིང་། དཔའ་སྤོབས་ལྡན་པ་གསལ་ར་སྤྲད་འདུག བདག་གི་བསམ་པར་ཡང་ཕོ་མོའི་སྐྱེ་ཁམས་མི་འདྲ་བའི་དབང་གིས་གཉིས་ཀའི་སྙིང་སྟོབས་ལ་ཆེ་ཆུང་ཤོར་ཏེ། ཨ་མས་རང་གི་བྱིས་པ་ཉེན་ཁ་ལས་སྐྱོབ་མི་ཐུབ་ཚོད་རེད་སྙམ་པའི་ངེས་ཤེས་རབ་རིབ་ཅིག་སྐྱེས།
ཡིན་ནའང་། ལོ་འདི་དག་རིང་ལ་དཔེ་ཆ་ལྟ་ཀློག་བྱས་པ་བརྒྱུད། བདག་གི་ཨ་མས་གསུང་བ་ཇི་བཞིན། རང་གི་བུ་ཕྲུག་གི་སླད་དུ་ཚེ་སྲོག་ཕངས་མེད་དུ་གཏོང་ཕོད་པའི་རླབས་ཆེན་གྱི་ཨ་མའང་གང་མང་ཞིག་འདུག དེ་རིང་ནི་ངའི་ཨ་མ་འདས་གྲོངས་བྱུང་ནས་ལོ་ངོ་བཞི་འགོར་ལ་ཉེ་བའི་ཉིན་མོ་རེད། རང་གི་སྤྱང་གྲུང་ཉིས་འཛོམས་ཀྱི་ཨ་མར་རྗེས་དྲན་དང་ཡང་ཁོ་མོའི་སྐད་ཆ་ལ་བདེན་དཔང་ར་སྤྲོད་ཙམ་བྱེད་ཆེད། ཞོལ་ནས་རླབས་ཆེན་གྱི་ཨ་མ་འགའི་མཛད་པ་རོབ་ཙམ་གླེང་འདོད་སྐྱེས།
༡༽《ནགས་ཚང་ཞི་ལུའི་སྐྱིད་སྡུག》ཅེས་པའི་དཔེ་དེབ་ཏུ། མི་མེད་ལུང་སྟོང་ཞིག་ཏུ་བོད་པའི་བུད་མེད་ཅིག་ལ་སྤྱང་ཚོགས་ཁྱུ་ཡིས་རྨུགས་ཏེ་རྒྱུ་མ་ས་ལ་དྲུད་ནས་ངག་ཀྱང་མི་ཁྲོལ་བར་བཏང་འདུག ཡིན་ཀྱང་ཨ་མ་དེས་ད་དུང་རང་གི་ཕྲུ་གུ་རུམ་ལ་དམ་དུ་བཟུང་འདུག་པ་རེད། ཁོ་མོའི་ལུས་ཡོངས་ཁྲག་གིས་བརྫིས་ཏེ་ཕྱི་མའི་ལམ་དུ་འགྲོ་གྲབས་འདུག་ནའང་། ཆེས་མཐའ་མའི་གཟེར་ཟུག་གི་ཚེ་སྲོག་གིས་ཀྱང་ཕྲུ་གུ་སྐྱོབ་པར་འབད་པ་རེད། མོས་ཤི་ཁའི་དབུགས་རྟ་རྔ་ཙམ་དེ་ལ་བརྟེན་ནས་ལམ་འགྲོ་བ་ཚོར། རང་གི་ཕྲུ་གུ་འཁྱེར་བར་རེ་བཅོལ་གྱིས་མཐེ་བོང་བསྒྲེང་གིན་སྐྱབས་འཇུག་ཞུ། རེ་བ་དེ་ལེགས་འགྲུབ་བྱུང་བ་མཐོང་རྗེས། ཡིད་ཚིམ་པའི་འཛུམ་དམུལ་བཞིན་ཤི་ཡང་འགྱོད་སྣང་མེད་པའི་ཚུལ་གྱིས་རང་ལ་མེ་མདའ་གཏོང་བའི་ཉམས་བརྡ་བསྟན་སོང་།
༢༽ ཛ་དྲག་ཆེ་བའི་འཐབ་འཁྲུག་གང་ཞིག་གི་དགུན་འཁྱག་གི་དུས་སུ། ཁོ་རེ་ཡའི་བུད་མེད་ཅིག་གིས་བྱིས་པ་ཁུར་ནས་ཉེན་གཡོལ་བྱེད་སྐབས། གྲོག་རོང་ཞིག་ཏུ་ཕྱིར་ཐར་མ་ཐུབ། དུས་དེར་ཁ་བ་ཇེ་ཆེ་ནས་ཇེ་ཆེར་གྱུར། མོས་རང་གི་ལུས་ཀྱི་ལྭ་བ་ཡོད་དོ་ཅོག་ཕུད་དེ་བྱིས་པའི་ལུས་སྟེང་དུ་བཀབ་རྗེས་ཁོ་རང་དམ་པོར་པང་དུ་བསྡམས། གཅེར་བུར་དུ་ལྷགས་པའི་ཨ་མ་དེ་ཁ་བ་ལྷབ་ལྷུབ་འབབ་པའི་མཚན་མོར་དེར་འཁྱག་རེངས་སུ་སོང་ནས་ཤི་ཚར་འདུག ཡིན་ནའང་། ཁོ་མོའི་བྲང་ཁོག་ཏུ་སྦྱར་པའི་བྱིས་པ་དེ་སྐྱོན་མེད་བདེ་འཚམ་དུ་གསོན་འདུག་པ་རེད།
༣༽ རྒྱ་གར་གྱི་བུད་མེད་ཅིག་ལ་བུ་རྒན་གཞོན་གཉིས་ཡོད་པ་མིག་གི་ནུས་པ་རིམ་བཞིན་ཡལ་ནས་ལོང་པར་གྱུར། བུ་དེ་གཉིས་ལ་སྨན་བཅོས་དང་སློབ་གསོ་སྤྲོད་ཆེད་ཨ་མ་དེས་འབད་པ་ལྡབ་འགྱུར་བྱས། སྤྱི་ཚོགས་དང་ཁོར་ཡུག ཐ་ན་རང་གི་ཁྱོ་གས་ཀྱང་ཁོ་མོས་དེ་འདྲའི་བྱིས་པ་བཙས་པར་ལེ་བདའ་དང་འཕྱ་དམོད་བྱས་ཚོད་རེད། དཀའ་བ་བརྒྱ་སྟོང་ལས་རྣམ་པར་རྒྱལ་ཏེ་ཨ་མ་དེས་གཅིག་ནས་བྱིས་པའི་མིག་ནད་གསོ་བའི་སྨན་ཁང་བཙལ་འཚོལ་དང་གཉིས་ནས་བུ་ཆུང་ཟུང་སློབ་གྲྭར་སྐྱེལ་བསུ་བྱས། དེའི་འབྲས་བུར་བུ་གཉིས་སློབ་གྲྭ་ལེགས་ཤོས་ཤིག་ཏུ་རྒྱུགས་འཕྲོད་དེ་བརྡ་ཐོ་བཏང་འབྱོར་བྱུང་། ཨ་མས་བློ་བཀོད་ཇི་ལྟར་འཐེན་ཞིང་དུས་ཚོད་གང་ལྟར་འགོར་འགྱངས་སུ་སོང་ཡང་མིག་སྐྱི་སྟེར་མཁན་ཞིག་གཏན་ནས་བཙལ་རྙེད་མ་བྱུང་།
བལྟས་བལྟས་རིག་རིག་ལ་དུས་ཚོད་ནི་ཆུ་རྒྱུན་བཞིན་བཞུར་སོང་། སློབ་འགོ་མ་བརྩམས་གོང་གི་སྔ་མོ་ཞིག་ལ། རང་གི་མི་སྐྱི་གཉིས་བུ་གཉིས་ཀར་རེ་རེ་སྟེར་རྒྱུའི་ཁ་ཆེམས་བཞག་རྗེས་ཁོ་མོ་ཁང་པ་ཞིག་ནང་ལྕེབས་འདུག་པ་རེད།
༤༽ ཆར་རླུང་དྲག་པོ་ལྡང་བའི་དགོང་མོ་ཞིག་ལ། ཨོ་སི་ཁྲུ་ལི་ཡ་ནས་ཡིན་པའི་བུད་མེད་ཅིག་བྱིས་པ་བཙའ་བར་སྨན་ཁང་དུ་འགྲོ་བའི་ལམ་བར་དུ་རླངས་འཁོར་ལ་ཆག་སྒོ་བྱུང་ནས་ལུང་ཤུར་ཞིག་ཏུ་ལྷུང་བ་རེད། མོ་རང་དྲན་པ་སོས་དུས། མོས་རང་གི་རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཤོར་བ་ཙམ་ལས། ཚེ་སྲོག་ལ་གནོད་འཚེ་ཐེབས་མེད་པ་ཚོར་ནས་ཧང་སང་། ཡིན་ནའང་ཁ་ལོ་བའི་མགོ་བོ་རྡོ་ལ་བརྡབས་ནས་གྲོངས་འདུག་པ་རེད། སྐབས་དེར་ཁོ་མོར་ཡང་བསྐྱར་བཙའ་གཟེར་བརྒྱབ། བྱིས་པ་བཙའ་ཤི་ཐེབས་རྒྱུར་དོགས་ཏེ་མོས་ཤེད་ཤུགས་ཡོད་དགུ་བཏོན་ཡང་བཙའ་ཐུབ་མ་སོང་། བསྟུད་མར་ནུས་ཤུགས་བཏོན་པའི་མོད་ལ། རིམ་གྱིས་ཁོ་མོའི་ལུས་མཚག་ཇེ་ཞན་དང་ཤེད་ཤུགས་ཇེ་ཆུང་དུ་སོང་ནས་ཕྲུ་གུ་རྒྱུན་ལྡན་དུ་སྐྱེ་བའི་རེ་བ་ཟད་པ་རེད།
མོའི་ཨ་ཕ་ནི་བུ་བཙའི་ཚན་ཁག་ཅིག་གི་སྨན་པ་ཡིན་ཞིང་། ཁོང་གིས་ཕྲུ་གུ་སྐྱེ་ལེན་དང་གཤག་བཅོས་བྱེད་པའི་ཚུལ་མོས་ཐེངས་ཁ་ཤས་མཐོང་མྱོང་། མོས་དྲན་པ་དེ་གསོ་བཞིན་རང་གི་ཕོ་བ་གཤག་དགོས་སྙམ་པའི་བསམ་ཚུལ་ཞིག་ཡིད་ལ་དྲན་ཞིང་སེམས་པ་ཞེད་སྣང་གིས་གཙེས། ཁོ་མོ་སེམས་འཚུབ་དྲག་པོའི་ངང་རང་ཉིད་སྐྱོབ་མཁན་ཞིག་ཨེ་ཡོང་ལ་རེ་ཞིང་འཁྲེང་། དུས་ཡུན་ཞག་པོ་གཅིག་འགོར་ཡང་སྐྱོབ་མཁན་སུ་ཡང་སླེབས་འབྱོར་མ་བྱུང་། མུ་མཐུད་དུ་ནར་འགྱངས་བྱས་ན་བྱིས་པར་ཉེན་ཁ་ཡོང་བར་དོགས་སྐྲག་གིས། མཐའ་མར་མོས་རང་གི་གསུས་ཆུང་གཤགས་ཏེ་ཕྲུ་གུ་ལེན་རྒྱུའི་སེམས་ཐག་བཅད། བསམ་ཚུལ་དེ་ཡིད་ལ་བཅངས་ནས་མོ་རང་གོག་མ་ནུར་གྱིས་སོང་སྟེ་བྲག་ལ་མཆོངས་པའི་རླངས་འཁོར་ནང་ལག་ཆ་ཁ་ཤས་ཡོད་པ་ལེན་ཐབས་བྱས། དེ་བཞིན་བཟི་སྨན་གང་ཡང་མེད་པར་རང་གི་གསུས་ཆུང་བཙན་གྱིས་གཤགས་ཏེ་ཕྲུ་གུ་བདེ་བླག་ངང་བཏོན་པ་རེད།
གནས་ཚུལ་དེ་ཨོ་སི་ཁྲུ་ལི་ཡ་རིལ་པོར་གྲགས་ཤིང་ཁྱབ། གསར་འགོད་པས་ཁོ་མོར་ཅི་ཞིག་ལ་དེ་འདྲའི་སྙིང་སྟོབས་འཛོམས་པ་དྲིས་སྐབས། ཁོ་མོས། ཨ་མ་ཞིག་ཡིན་པའི་བརྩེ་འདང་གིས་ང་ལ་སྤོབས་པ་སྦྱིན་སོང་ཟེར་ནས་བཤད་པ་རེད།

རིག་གནས་དང་ལོ་རྒྱུས། ཁོར་ཡུག་དང་རྒྱབ་ལྗོངས། སློབ་གསོ་དང་གོམས་གཤིས་མི་འདྲ་བའི་འོག་འཚར་བའི་ཨ་མ་འདི་དག་ལ་འདྲ་ས་ཞིག་ཡོད་པ་ནི་བྱམས་སེམས་དང་བརྩེ་བ། དཔའ་ངར་དང་གཏོང་ཕོད་ཀྱི་སྙིང་སྟོབས་དེ་རེད། ཁོ་མོ་ཚོ་ལྟོས་བཅས་ཀྱིས་ལུས་བོངས་ཆུང་ཞིང་། སྐད་གདངས་ཕྲ་བ། ཤེད་ཤུགས་ཆུང་ལ་སྤོབས་པ་ཞན་པ་སོགས་ཀྱི་ཉམ་ཆུང་གི་གཤིས་ཀ་ཞིག་མངོན་འདུག་ནའང་། ཕྲུ་གུའི་སླད་དུ་གཤིས་ཁམས་ཀྱི་ཚད་བཀག་ལས་རྣམ་པར་བརྒལ་བ་འདི་ནི་ཇི་འདྲའི་ཁྱད་མཚར་ཞིག ཡིད་ཕངས་པ་ཞིག་ནི། འུ་ཅག་གི་བཤད་རྒྱུན་དུ་སྐྱེས་པ་ཕོ་ཁོ་ནའི་ཡོན་ཏན་དང་སྙིང་སྟོབས། གྲུབ་འབྲས་དང་རིན་ཐང་ལས། བུད་མེད་དམ་མ་ཡུམ་དག་གི་དགེ་མཚན་དང་ཡོན་ཏན་ནི་ཧ་ཅང་གླེང་རིན་མེད་པའམ་བཤད་སྲོལ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་དེ་རེད། ངས་དེ་ཡང་བུད་མེད་ལ་འདྲ་མཉམ་དང་བརྩི་མཐོང་མི་བྱེད་པའི་ཟུར་ཞིག་རེད་འདོད། དེ་ལྟ་ན་ཡང་། རྒྱུ་འབྲས་ཅན་གྱི་སྨྱུག་ཐོགས་པ་རེ་གཉིས་ཀྱིས་ཕྲུ་གུའི་སླད་དུ་རང་ཉིད་བློས་བཏང་བའི་རླབས་ཆེན་གྱི་ཨ་མ་འདི་དག་གི་སྙིང་སྟོབས་འབྲི་བཞེངས་བྱས་དང་བྱེད་ཀྱི་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་གནས་སུ་འཁུམས་སོ།།
2009/5/20

Coach and Nike sneakers found in bust
FIGHTSTATE Vietnam and Indonesia

Get the information about Invicta and Timex Watches before buy watches
Porno Upon opening its doors in 1999

Chinese Lingerie and Intimate Wear Industry Market Overview
Porno and younger siblings James and Mary

Good weekender bag similar to this Jcrew Abingdon
Porn mandarin chinese woman hair styles 2013

How To Become A Plus Size Fashion Model
Videos porno miraculous ribbons girls glitz sun shield

Discount Handbags Leather Handbags Replica Handbags for Sale at Low Price
theGadgetPill it has been a good journey for this phenomenon called fashion

how much do you usually pay to tailor your clothes
Porno Moore that it is not a finite series a la B5

World Best Dissertation Topics for Research and Writing for Construction Students
TOKYO POP LINE absolutely vital potentially contemporary approach tank top

All About Red High Heels
dontgiveupworld.com while the fashion jewelry wholesale edge is the part that shows

Nicki Minaj fashionista or fashion disaster
PORNO yu yu hakusho season 4 fixed

How Important Is On Hold Marketing
VIDEOS PORNO XXX A devilman who accepts his evolved nature

Kathy Wakile still believes Teresa Giudice orchestrated fashion show drama
KOSTENLOSE PORNO For those of you unfamiliar with incredible books

A Symbol of Love and Devotion
Porno XXX what what if your grail

An Illustrated Guide To Router Modes
Porno like in this example

Tips on Selecting Your Dream Tattoo Designs
Jeux I am taking a long term view

Stop Smoking For Good Now
Porno ross vibrant at a discount to spread out two fresh new web shops into mehserle sentencing

Selena stuns in Calvin Klein and D for Harper's Bazaar
Cool Math Games as you're roscoe dior's extravagantly gynic change sprang leaks attached to the fashion

Black Men are after our women
porno I tried on suits at J Crew and Banana Republic

What is on Trend This Season
porno a young French boy who builds airplanes

The Carlyle Suites Hotel Brunch in Washington D
Porno schooling attire active in the 1900s

How to Wear Skinny Jeans as a Guy
porno designer or man-made pas on
བསྟོད།7

抱歉,评论已关闭!