བོད“ཞི་བའི་བློ་འབྱེད་ལས་འགུལ”གྱི་བསྒྲགས་གཏམ།

གདོན།

——ལྔ་བཞི་ལས་འགུལ་ལས་འཕྲོས་ཏེ་བོད་ཀྱི་ཤེས་ཡོན་ཅན་གྱི་
བློ་འབྱེད་སྙིང་སྟོབས་སྐོར་རགས་ཙམ་གླེང་བ།

ཤེས་རིག་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། འགྲོ་བ་མི་བྱུང་བ་ནས་རུས་རྒྱུད་དང་ཚོ་བ། མི་རིགས་དང་རྒྱལ་ཁབ་གང་ཞིག་གྲུབ་པའི་གོ་རིམ་འདི་ནི་སྟེས་དབང་ཞིག་མིན་པར་། དུས་རབས་ཀྱི་འཕེལ་འགྲོས་དང་། གནས་བབ་ཀྱི་འགྱུར་ལྡོག སྤྱི་ཚོགས་ཀྱི་འབྱུང་རྩ་ངེས་ཅན་ཞིག་གི་རྐྱེན་གྱིས་བསྐྲུན་པ་ཞིག་ཡིན་ཕྱིར། དུངས་ཞེན་དང་འཁོན་སེམས། ཐེན་འཁྱེར་གང་གི་དབང་དུ་མི་འགྲོ་བར། མི་རིགས་གང་དང་རྒྱལ་ཁབ་གང་དེའི་ལོ་རྒྱུས་ལ་སློབ་སྦྱོང་དང་། ཞིབ་འཇུག་བྱེད་པ་ནི་རང་གི་ལོ་རྒྱུས་ལ་འགན་འཁུར་བ་ཞིག་རེད་འདོད། རྒྱུ་མཚན། ལོ་རྒྱུས་ཀྱིས་ང་ཚོ་སུ་ཡིན་པ་དང་། ལམ་གང་དུ་འགྲོ་བ། ལམ་དེར་ཇི་ལྟར་འཇུག་པར་མཛུབ་སྟོན་བྱེད་ཀྱི་ཡོད་པས་ན། “སྤྲེའུ་ཟླ་བ་འཛིན་པའི”ཧོལ་རྒྱུགས་ཀྱིས་དོན་དངོས་ཀྱི་གནད་དོན་ཐག་གཅོད་མི་ཐུབ་ལ། “རི་བོང་བཅལ་འདྲོགས”ཀྱི་རྣམ་ཐར་སྐྱོང་ཚུལ་དེས་དབྱེ་ཞིབ་ཆོད་ཙམ་མེད་པ་ནི་ཐེ་ཚོམ་མྱེད། དེས་ན། བསམ་བློ་སྒེར་གཅོད་ཀྱི་སྤྱི་ཚོགས་ཤིག་གི་རྨོངས་པའི་བག་འཁུམ་ལས་ཟློག་པར། རྒྱུ་འབྲས་བློ་མིག་ཅན་གྱི“བདག”གི་མི་བུ་བྱེ་བྲག་པ་རེ་རེ་ནས། དཔྱོད་ཤེས་དང་ལྡན་པའི་རིག་གནས་ཀྱི་“མི་བུ་རྙེད”པར་བློ་འབྱེད་ཀྱི་བསམ་བློའི་འོད་སྣང་འཚོལ་དགོས་ཤིང་། མི་བུ་རང་གི་རང་ངོ་ཟིན་དགོས་པ་ནི་གལ་ཤིན་ཏུ་ཆེ་སྟེ། གནའ་བོའི་ཀེ་རི་སེ་དང་རོ་མའི་གནའ་ལུགས་རིག་གནས་བསྐྱར་སོན་བྱུང་བའི“རིག་རྩལ་བསྐྱར་དར”ནས“བློ་འགྱེད་ལས་འགུལ”དང“ལྔ་བཞི་ལས་འགུལ”བཅས་ཀྱི་སྔ་གཞུག་ཀུན་ཏུ་ར་སྤྲོད་བྱས་ཡོད་པས། གཤམ་ནས“ལྔ་བཞི་ལས་འགུལ”གྱི་སྐོར་འོལ་སྤྱི་ཙམ་ཞིག་གླེང་བར་བྱ།
གཅིག ལྔ་བཞི་ལས་འགུལ་སྐོར་གླེང་བ།
རྒྱ་ནག་གི་“ལྔ་བཞི་ལས་འགུལ”ནི་ཕྱོགས་གཉིས་ནས་གླེང་ན་ཤིན་ཏུ་འགྲིག་ཏེ། དང་པོ་ནི་“བློ་འབྱེད”བསམ་བློ་སྲོག་སྙིང་དུ་བཟུང་བའི་“ལྔ་བཞི་རིག་གནས་གསར་པའི་ལས་འགུལ”དང་། གཉིས་པ་ནི་རྒྱལ་ཁབ་ཀྱི“བདག་དབང”བརྩོན་ལེན་བྱས་པའི“ལྔ་བཞི་རྒྱལ་གཅེས་ལས་འགུལ”ལ་གོ་བ་ཡིན། སྔ་མ་ནི་རིག་གནས་ཀྱི་ཆ་དང་། ཕྱི་མ་ནི་ཆབ་སྲིད་ཀྱི་ངོས་ནས་བརྗོད་པ་རེད། ཤེས་ཡོན་ཅན་མང་དག་གིས་ལས་འགུལ་གྱི་དུས་མི་འདྲ་བ་དང་། ངོ་བོ་མི་འདྲ་བ། རིན་ཐང་མི་འདྲ་བའི་ངོས་ནས་གོ་བ་ལེན་སྟངས་དང་ལྟ་ཚུལ་མི་འདྲ་བ་ཡོད་ཀྱང་། ང་ལྟར་ན། འདི་གཉིས་ནི་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུ་རེད། རྒྱུ་མཚན། མི་རིགས་གང་དང་གང་ཞིག་ལ་མཚོན་ནའང་རིག་གནས་དང་ཆབ་སྲིད་གཉིས་ནི་མི་རིགས་ཤིག་གོ ང་བུ་གཅིག་ཏུ་འགྲིལ་བའི་ཕྱི་ནང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ཆབ་སྲིད་ཀྱི་ཕྱི་གོས་གྱོན་ནས་རིག་གནས་ཀྱི་ནང་རྫོང་མེད་སོང་བ་ཡིན་ན“ཤོག་བུས་བཟོས་པའི་སྟག”དང་འདྲ་ཞིང་། རིག་གནས་ཀྱི་ནང་ཁོག་གཉེར་ནས་ཆབ་སྲིད་ཀྱི་གློ་གྲི་མ་ཐོགས་ན“ཝ་བསྐོས་རྒྱལ་པོའི”སྡུག་གྱོང་རེག་ཤག་ཤག་རེད། དེ་བས། འདི་གཉིས་ཀྱི་གང་ཡང་འདོར་དུ་མེད་ཞིང་ང་ཅག་ཡང་རང་བཞིན་དེ་ལས་མ་འདས་པ་མེད། གང་ལྟར། ཆོས་ལུགས་རྨོངས་དད་དང་ཆོས་ལུགས་སྒེར་གཅོད་ཀྱི་མངའ་འོག་ནས་འཛམ་གླིང་མིའི་རིགས་དང་ཁ་བྲལ་དུ་འགྲོ་བཞིན་པའི་རང་ཅག་ལ་མཚོན་ན། “ལྔ་བཞི་རིག་གནས་གསར་པའི་ལས་འགུལ”ནི་ལྷ་རྟེན་ཆོས་གསུམ་མེར་བསྲེགས་ཤིང་། བླ་མ་སྤྲུལ་སྐུ་ཁྲིམས་དུ་འདེད་པའི“རིག་གསར”ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་སྲིད་པ་དང་། ཤེས་ཡོན་ཅན་གྱི་མིང་འཛིན་པ་དག་གིས་ཀྱང་བསམ་བློ་སྡོམ་གཅུན་དང་། བྲན་གཡོག་གི་འདུ་ཤེས་སྐྱུག་བྲོ་བ་དེའི་ཁོར་ཡུག་ལ་དེ་བསྟུན་གྱི“སྨྱོ་ཆུ”འཐུང་བ་ནི་དེ་བས་ཀྱང་མུན་ནག་གི་འོབས་དུང་དུ་མཆོང་འདོད་པ་ཁོ་ན་རེད། རྐྱེན་དེས།“ལྔ་བཞི་ལས་འགུལ”གྱི་སྙིང་སྟོབས་ངེས་པར་གླེང་དགོས་ཤིང་། ཁོང་ཅག་གི་ལོ་རྒྱུས་ལ་ཕྱིར་རྟོགས་ཤིག་བྱས་དེ་རང་གི་གནས་བབས་ལ་དོགས་སློང་ཞིག་བྱས་ན། མ་འོངས་ཁ་ཕྱོགས་གསལ་བོ་ཞིག་འཚོལ་བར་ལོ་རྒྱུས་ཀྱི་ཉམས་མྱོང་ངེས་ཅན་ཞིག་རྒྱུད་དུ་འཇགས་པར་ཕན་ནུས་མི་དམན་པ་འདུག དེས་ན། “ལྔ་བཞི་རིག་གནས་གསར་པའི་ལས་འགུལ”ནི་གཅིག་དགུ་བཅོ་ལྔ་ལོར་མགོ
་ཚུགས་ཤིང་། གཙོ་བོ་བཙན་དབང་རྒྱལ་ཁབ་དག་གིས་ཀྲུང་གོར་བཙན་འཛུལ(ཆབ་སྲིབ་དང་དཔལ་འབྱོར་སོགས)གྱི་གནས་བབ་ཡ་ང་བ་དེ་བསྒྱུར་ཆེད། སྐབས་དེའི་རྒྱ་ནག་གི་བློ་འབྱེད་བསམ་བློ་བ་ཁྲེན་ཏུའུ་ཞིའུ་དང་། ཚའེ་ཡོན་ཕེ། ཧུའུ་ཧྲི། ལུའུ་ཞུན་སོགས་ཀྱིས་ཀྲུང་གོའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་རིག་གནས་བསམ་བློར་དགག་སྒྲུབ་བྱས་པ་ཞིག་རེད། དོན་སྙིང་ནི“དམངས་གཙོ་དང་ཚན་རིག་དར་སྤེལ་བཏང་ནས། སྒེར་གཅོད་དང་བླུན་རྨོངས། རྨོངས་དད”བཅས་ལ་ངོ་རྒོལ་བྱས་པ་དང་། འདི་ནི་“ལྔ་བཞི་རིག་གནས་གསར་པའི་ལས་འགུལ”གྱི་བསམ་བློའི་གཞུང་རྐང་གཙོ་བོ་རེད། ཁོང་ཅག་གིས་ཅི་ལ་བཙན་དབང་རྒྱལ་ཁབ་ཀྱི་ལམ་ལུགས་རུལ་སུངས་དང་། བསམ་བློ་སྒེར་གཅོད་ལ་གདོང་མ་གཏད་པར། སྲོལ་རྒྱུན་རིག་གནས་ལ་དགག་སྒྲུབ་མཛད་པ་རེད་ཟེར་ན། དོན་གྱི་གནད་འགག་ནི་མང་ཚོགས་སྤྱི་བོ་སྔར་བཞིན་བླུན་རྨོངས་དང་། ཀླ་ཀློ། བློ་མ་རྒྱས་པའི་ངང་དུ་མགོ་བོ་འཐོམས་འདུག་ཞིང་། གཞན་དབང་སྒེར་གཅོད་ལས་ཐར་བའི་བཀྱིགས་ཐག་ནི་ནང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་སྡོམ་གཅུན་དང་། མི་གཤིས་འཁྱོག་བསྒྱུར། འཚོ་གནས་འདུ་ཤེས་མེད་པའི་རྐྱེན་གྱིས་ཡིན་ཞིང་།མ་རིག་པའི་མུན་པས་བཏུམས་པའི་ནང་གི་བསམ་བློ་བཅིངས་འགྲོལ་དང་རྟོགས་སད་མ་བྱུང་སྔོན་དུ་བཙན་རྒྱལ་རིང་ལུགས་ལ་ངོ་ལོག་རྒྱབ་གཏོད་བྱེད་པ་ནི“སྒོང་ང་བྲག་ལ་བརྡབས”པའི་དཔེ་ལྟ་བུ་དང་། སྦྱོར་བ་དེ་འདྲ་རྩོམ་འདོད་པ་ནི“སྤྲེའུ་ཕྲུག་རི་ལས་བབས་པ”ལྟ་བུའི་ཕམ་ཁ་ལྡོག་ཆེད་རེད། ཡང་ན། མི་བུའི་སྤྱི་ཚོགས་ནི་མི་རང་གི་ངོ་བོ་དང་རང་བཞིན་ལ་ཡིད་འཇོག་ཡོད་པའི་མི་བུའི་རིག་གནས་ཀྱིས་སྐྱོང་དགོས་པ་ཤེས་སོང་བས་རེད། དེའི་ཕྱིར། ཁྲེན་ཏུའུ་ཞིའུ་ཡིས་ནུབ་ཕྱོགས་རྒྱབ་ཁབ་ཀྱི་ལོ་རྒྱུས་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། ཀྲུང་གོའི་ཕམ་ཉེས་ནི་བཀས་བཀོད་རྒྱུད་འཛིན་རིག་གནས་ཀྱི་སྒེར་གཅོད་ལས་བྱུང་བ་ཡིན་པས། ནུབ་ཕྱོགས་ཤེས་རིག་གིས་དེའི་ཚབ་བྱས་ནས། བཀས་བཀོད་རྒྱུད་འཛིན་མགོ་མཇུག་བསློགས་དགོས་པ་དགོངས་ཤིང་། ཁོང་གིས《ན་གཞོན་རྣམས་ལ་གུས་པས་ཞུ་བ》ཞེས་པའི་རྩོམ་ཡིག་སོགས་སྤེལ་ཏེ། ན་གཞོན་རྣམས་ལ་ངེས་པར་དུ་དངོས་ཡོད་གནས་ཚུལ་བསྒྱུར་བཅོས་བྱེད་པའི་བསམ་བློ་འཛུགས་དགོས་པ་དང་། རྟོག་ཞིབ་ཀྱི་སྤོབས་སེམས་དང་གསར་གཏོད་ཀྱི་བློ་རྒྱ་ཡོད་དགོས་ལ།“སྤྱི་ཚོགས་ངན་པ་ལས་རྒྱལ་དགོས་པ་ལས། སྤྱི་ཚོགས་ངན་པའི་དབང་དུ་འགྲོ་མི་རུང་བའི”འབོད་སྐུལ་བྱས་པ་དེས། ཀྲུང་གོའི་མང་ཚོགས་ལ་རྟོགས་སད་ཆེན་པོ་བྱུང་བ་དང་། བསམ་བློ་གསར་བརྗེ་ཡི་ལམ་ཀ་རྙེད་སོང་སྐད།“ལྔ་བཞི་རིག་གནས་གསར་པའི་ལས་འགུལ”ཡང་འདི་ཞིག་ནས་མགོ་བཟུང་བ་རེད། གང་ལྟར། རིག་གནས་ཀྱི་ཟུར་མི་འདྲ་བ་དང་། ལྟ་ཚུལ་མི་འདྲ་བ། ལངས་ཕྱོགས་མི་འདྲ་བའི་ངོས་ནས། སྐབས་དེའི་ཁ་རུབ་ཀྱི་སྤྱི་ཚོགས་དང་ཡ་ང་བའི་གནས་བབ་དངོས་ལ་རྐང་བཙུགས་ཏེ། མི་བུ་རང་གི་བདེ་སྡུག་དང་འཚོ་གནས། རང་དབང་གི་དོན་དུ་བསམ་བློར་བློ་འབྱེད་ཀྱི་ཚེར་མའི་ལམ་དུ་སོང་བ་རེད། དཔེར་ན། ཚའེ་ཡོན་ཕེས་པེ་ཅིན་སློབ་གྲྭ་ཆེན་མོའི་རིག་གཞུང་ཞིབ་འཇུག་གི་གོམས་སྲོལ་ངན་པ་དང་། སློབ་གྲྭ་ཆེན་མོ་འགྲིམ་པ་ནི་གནས་འཕར་རྒྱུ་སྤེལ་གྱི་བསམ་བློ་གུ་དོག་པོར་བཅོས་བསྒྱུར་མཛད་ནས།“རིག་གཞུང་གྲུབ་མཐའ་གང་ཞིག་ཡིན་རུང་། དེ་དག་རང་དགར་འཕེལ་དུ་འཇུག་པར”ཤེས་ཡོན་མང་དག་ཅིག་གདན་འདྲེན་བྱས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་། བསམ་བློ་བརྗེ་རེས་དང་རིག་གནས་བགྲོ་གླེང་གི་ཡོངས་ཁྱབ་རིན་ཐང་དེ་སྤྱི་ཚོགས་སུ་ཁྱབ་སྤེ་བྱས་པ་རེད། ཁོང་གིས་ཕྱོགས་གཅིག་ནས་རིག་གནས་སྒམ་དཀྱེལ་དང་ལྟ་བ་མཉམ་གནས་ཀྱི་བསམ་བློ་རྒྱུན་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མི་བུའི་སྨྲ་བརྗོད་རང་དབང་དང་། བསམ་བློའི་རང་དབང་སོགས་བརྩོན་ལེན་བྱས་པ་རེད། ཡང་། ལུའུ་ཞུན་གྱིས་གུས་ལུགས་ཀྱི་མི་ཤ་ཟ་བའི་ངོ་བོ་མཚང་འབྱིན་བྱས་ཏེ།《སྨྱོན་པའི་ཉིན་ཐོ》སོགས་སྲོལ་རྒྱུན་གྱི་ཀུན་སྤྱོད་རྙིང་བར་དགག་པ་རྒྱབ་སྟེ། ཀུན་སྤྱོད་གསར་བ་དར་སྤེལ་བྱས་ལ། ཁོང་གིས་མི་སྐྱོབ་པའི་གནད་ཀ་ནི་མིའི་ཕྱི་ཚུལ་ཙམ་ཞིག་མིན་པར། མིའི་ནང་གི་རྣམ་ཤེས་བཟོ་བཞེང་བྱེད་རྒྱུ་གལ་ཆེ་སྙམ་ནས། མཐར་ཁོང་གིས་སྨན་པའམ་ལྷ་རྗེ་ཡི་ལ
ས་ཀ་སྐྱུར་དེ། རྩོམ་རིག་གསར་རྩོམ་གྱི་ལམ་དུ་བཞུགས་པ་དང་། ཁོང་གིས་ལྗགས་རྩོམ་མང་དག་གིས་མི་གཤིས་ཀྱི་འཆིང་རྒྱ་གསིལ་བུར་གཏོར་ཡོད་ཞིང་། བསམ་བློ་ཡི་མེ་ཁ་གསོ་བའི་གདོང་མཆོང་དུ་གྱུར་བས། རིག་གནས་ཀྱི་སྡེ་ལ་ཤུགས་རྐྱེན་ཆེན་པོ་བཞག་པ་དང་། རྒྱ་ནག་པ་ཚོས་ཁོང་ལ“མི་རིགས་ཀྱི་སྒལ་ཚིགས”སུ་འབོད་ཀྱི་ཡོད། ཁོང་གི་དགག་སྒྲུབ་སྙིང་སྟོབས་དང་། གུ་ཡངས་མི་གཏོང་བའི་སྙིང་སྟོབས་སོགས་ནི་རང་ཅག་ཤེས་ཡོན་ཅན་གྱི་མིག་དཔེ་རུ་འཛིན་དགོས་ལ། སྙིང་སྟོབས་དེ་རྒྱུན་འཛིན་བྱས་ན་འགྲིག་གི་རེད་མ་གཏོགས། ལུའུ་ཞུན་ལ་ངོ་བསྟོད་དང་ཁ་འབོད་ཙམ་བྱས་པ་ཡིན་ན་ནི་རང་ཅག་གི་ཆོས་པ་དང་མང་ཚོགས་བཞིན་སྟོན་པར་མགོ་སྒུར་སྐྱབས་བཅོལ་བྱེད་པ་དང་གཉིས་སུ་མེད་པས། དེ་འདྲ་བྱེད་པ་ལ་སྙིང་བོ་ཅི་ཡང་ཡོད་པ་མ་རེད། གཙོ་བོ་དེ་དག་གི་རིག་གནས་སྙིང་སྟོབས་དང་། བསམ་བློའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ཡིན།
ཡང་། ཧུའུ་ཧྲིས་《རྩོམ་རིག་ལེགས་བཅོས་སྐོར་གྱི་ཞུ་བ》དང་ཁྲེན་ཏུའུ་ཞིའུ་ཡིས《རྩོམ་རིག་གསར་བརྗེའི་རྣམ་བཤད》ཞེས་པའི་རྩོམ་གཉིས་སྔ་རྗེས་སུ་སྤེལ་བས། རྩོམ་རིག་གསར་བརྗེ་ཡི་མགོ་ཚུགས་པ་རེད། ཡང་། ལ་ལས་“ལྔ་བཞི་ལས་འགུལ”ནི་རྩོམ་རིག་གསར་བརྗེ་ཡི་ལས་འགུལ་ཞིག་ཡང་ཡིན་ཟེར། དེ་ལྟ་བུའི་རང་བློ་རང་འབྱེད་ཀྱི་བསམ་བློ་སྔོན་དུ་བཏང་ནས་སྤྱི་ཚོགས་ལེགས་བཅོས་བྱས་པ་དང་། མི་བུའི་རིན་ཐང་དང་། ཐོབ་ཐང་། རྩིས་ཐང་སོགས་ལ་ཡིད་འཇོག་བྱས་པས། བླུན་རྨོངས་ཀྱི་མུན་པས་གཡོགས་པའི་ཀྲུང་གོའི་ནི་རང་དབང་དང་། རང་ཚུགས། མང་གཙོ་སོགས་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་ཞིག་ཆགས་པས། མི་ཆོས་རིག་གནས་ཀྱི་བསམ་བློའི་མ་ལག་འཛུགས་བསྐྲུན་བྱས་ཡོད་པ་རེད། དེ་བས། “ལྔ་བཞི་རིག་གནས་གསར་པའི་ལས་འགུལ”གྱིས་སྲོག་རྩ་ཆད་ལ་ཉེ་བའི་ཀྲུང་གོ་མི་རིགས་ཀྱི་ཚེ་སྲོག་ལ་སླར་ཡང་གསོན་ཤུགས་ཀྱི་དབུགས་རྒྱུན་ཞིག་སྟེར་བྱུང་ལ། རང་ངོ་རང་གིས་ཟིན་དེ་དངོས་པོའི“རིན་ཐང་གི་ཚད་བསྐྱར་དཔག”བྱས་སོང་བས། རྒྱ་ནག་གི་ལོ་རྒྱུས་སུ“མི”རྙེད་པ་རེད། འདི་ནི་“ལྔ་བཞི་ལས་འགུལ”གྱི་བློ་འབྱེད་སྙིང་སྟོབས་དང་དཔྱོད་ཤེས་སྙིང་སྟོབས། རིག་གནས་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས་ཡིན་པ་རེད།
གཞན།《ན་གཞོན་གསར་བ》ནི་རིག་གནས་གསར་བ་སྤེལ་སའི་གཡུལ་ས་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་གཅིག་དགུ་བཅོ་ལྔ་ལོར་ཁྲེན་ཏུའུ་ཞིའུ་ཡིས་གསར་དུ་བསྒྲུབས་པ་རེད། སྐབས་དེར《བརྩོན་པ》དང《ཟླ་གསར》སོགས་དེབ་དང་ཚགས་པར་མང་པོ་ཡོད་རུང་།《ན་གཞོན་གསར་བ》ནི་བསམ་བློ་གསར་བ་དང་། ལྟ་བ་གསར་བ། རྣམ་ཤེས་གསར་བ་བཅས་དགག་སྒྲུབ་ཀྱི་སྙིང་སྟོབས་མངའ་ཞིང་། བསམ་བློའི་རང་དབང་ལྡན་པས་ཤེས་ཡོན་ཅན་རྣམས་ཆེས་ཀློག་སྤྲོ་ཞིང་། སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པའི་ཚགས་ཤོག་ཅིག་ཡིན་སྐད། “ན་གཞོན་རྣམས་ལ་དེ་ཐོབ་ན། ནམ་གུང་ཅོང་སྒྲ་ཐོས་ནས་གཏི་མུག་གཉིད་ལས་སད་པ་དང་འདྲ”ཞེས་གདེང་འཇོག་ཆེན་པོ་བྱས་འདུག ངོས་འདི་ནས་ཤེས་ཐུབ་པ་ནི་སྐབས་དེའི་ཤེས་ཡོན་ཅན་གྱི་དྲང་གཏམ་བརྗོད་པའི་སྤོབས་པ་དང་། གཟུར་མེད་ཀྱི་འགན་འཁྲིའི་སྙིང་སྟོབས་རེད་ལ། སྤྱི་ཚོགས་ལ་ཧུར་བརྩོན་གྱིས་འཇུག་པའི་རྒྱུ་འབྲས་བློ་མིག་དང་རང་རྟོགས་ཀྱི་འདུ་ཤེས་དེ་མངོན་པར་གསལ་ཡོང་། འོན་ཏང་། རང་ཅག་གི་དུས་དེབ་དང་ཚགས་པར་དག་ནི་བླ་སྤྲུལ་གང་རུང་ལ་ཆེ་བ་བརྗོད་པའམ་མི་བུ་ནང་ཁུལ་ལ་སྡིགས་དམེས་བྱེད་པའི་རྩོམ་རིག་སྣང་ཚུལ་རྫོབ་པོ་འདིས། མི་རྣམས་གཏི་མུག་གཉིད་ཀྱི་ཞིངས་ཁམས་སུ“འདྲེན ”པའི་འདུ་ཤེས་ཤིག་ལས“སད”དུ་འཇུག་པའི་བློ་མིག་ཁྱོན་ནས་ཡོད་པ་མ་རེད། དེའི་ཕྱིར། ང་ཅག་གི་རིག་གནས་བསམ་བློ་དང་མི་བུའི་སེམས་ཁམས་ན་བྲན་གཤིས་ཀྱི་རང་གཤིས་ཁོ་ན་ལས་ཅི་ཡང་གནས་མེད་པས། ནམ་ཞར་རྗེས་ལུས་ཀྱི་མིང་བྱང་ཁུར་ནས་དབང་སྒྱུར་བར་དེ་བསྟུན་གྱི་མགོ་སྒུར་ཕྱག་འཚལ་བྱེད་དགོས་བྱུང་བ་རེད།ཡང་ན།ཐོབ་གོ་ས་དང་རྒྱུ་འབྱོར་བ་དང་དབང་ངོ་སོ་སོགས་ཀྱི་རྐུབ་གཡོག་ཏུ་འགྱུར་བཞིན་ཡོད་པ་རེད། འདི་དག་ནི་ཆོས་ལུགས་རིག་གནས་ཀྱི་སྐྱབས་བཅོལ་འདུ་ཤེས་དང་བསམ་བློ་སྒེར་སྡོམ་གྱིས་བསྐྱེད་ཡོང་བ་ཞིག་ཡིན་པས། ང་ཚོའི “ལྔ་བཞི་རིག་གནས་གསར་པའི་ལས་འགུལ”ལ་རྗེས་དྲན་བྱེད་དོན་གྱི་གནད་ནི་དེ་ཡི་རིག་གནས་སྙིང་སྟོབས་དང་མི་བུའི་བསམ་བློ་ཚུར་ལེན་བྱེད་པའི་ཆེད་དུ་ཡིན་པས་སོ།
གང་ལྟར། “ལྔ་བཞི་རིག་གནས་གསར་པའི་ལས་འགུལ”གྱི་བསམ་བློའི་རླབས་རྒྱུན་དང་ཤུགས་རྐྱེན་གྱིས་ཀྲུང་གོ་བ་མང་པོ་ཞིག་ལ་མི་རིགས་ཀྱི་འདུ་ཤེས་དང་ཁེ་དབང་སོགས་ཀྱི་བསམ་བློའི་རྟོགས་སད་བྱུང་ཡོད་པས། ཕ་རི་སིའི་ཞི་ཚོགས་སྟེང་ཀྲུང་གོའི་ཕྱི་འབྲེལ་ལ་ཕམ་ཁ་བྱུང་བ་རྐྱེན་བྱས་ཏེ། གཅིག་དགུ་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་བཞི་ཉིན། པེ་ཅིན་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭའི་སློབ་མ་སུམ་སྟོང་ལྷག་གནམ་བདེ་སྒོ་མོ་ཆེའི་མདུན་དུ་འཚོགས་ཏེ། རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། སྐད་གསེང་མཐོན་པོས“ཕྱི་རུ་རྒྱལ་ཁབ་ཀྱི་བདག་དབང་ཐོབ་པར་བརྩོན་ལེན་དང་། ནང་དུ་རྒྱལ་འཚོང་ཆོམ་རྐུན་ལ་ཉེས་ཆད་གཅོད་པ”། “དོན་ཚན་ཉེར་གཅིག་མེད་པར་བཟོ་བ”། “ཞི་ཆིངས་ཐོག་མིང་རྟགས་མི་འགོད་པ”སོགས་ཀྱི་འབོད་ཚིག་བསྒྲགས་ཤིང་། མཐའ་གཅིག་ཏུ་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱས་པ་རེད། གཙོ་བོ་སྒེར་གཅོད(ཆོས་དང་སྲིད)ལམ་ལུགས་ཀྱི་གཞན་དབང་ལས་ཐར་བའི་ཆེད་དུ་ཡིན་པ་དང་། ན་གཞོན་སློབ་མ་རྣམས་ཀྱིས་སྣེ་ཁྲིད་བྱས་པ་ཞིག་རེད། དེའི་དོན་སྙིང་ནི་གསར་བརྗེར་མཐུན་སྒྲིལ་ཡོང་བར་བརྩོན་ལེན་བྱས་པ་རེད། དཔེར་ན། རྒྱལ་འཚོང་ཆོམ་རྐུན་རྩ་མེད་གཏོང་ཆེད། ཚའོ་རུའུ་ལིན་གྱི་སྡོད་ཁང་མེར་བསྲེགས་པ་དང་། ཁྲོམ་སྲང་དུ་རྒྱལ་གཅེས་འཐབ་རྩོད་ཀྱི་གཏམ་བཤད་སྤེལ་བས། སྲིད་གཞུང་གིས་སློབ་མ་རྣམས་ལ་དྲག་གནོན་བྱས་ཤིང་ད་རུང་སློབ་མ་བརྒྱད་བརྒྱ་ལྷག་འཛིན་བཟུང་བྱས་པ་དང་།“ཀྲུང་གོའི་ས་ཆ་བཏུལ་ཡང་བཅད་སྤྲོད་བྱེད་མི་རུང་ལ། ཀྲུང་གོའི་མི་དམངས་དམར་གསོད་བྱས་ཀྱང་མགོ་བོ་སྒུར་མི་རུང་། རྒྱལ་ཁབ་འཇིག་ལ་ཉེ། སྤུན་ཟླ་ཚོ་ཡར་ལོངས་ཤིག”《པེ་ཅིན་སློབ་གསོའི་ལས་རིགས་ཀྱི་ལྷན་མི་ཡོངས་ཀྱི་བསྒྲགས་གཏམ།》སོགས་ལྟ་བུའི་འབོད་སྐུལ་དང་སྦྱར་བྱང་སྤེལ་དེ་མི་རིགས་ཀྱི་བདག་དབང་ནས་མི་སྒེར་གྱི་བདག་དབང་བརྩོན་ལེན་བྱས་པས། ཀྲུང་གོ་གསར་བ་དབུ་བརྙེས་པར་ནུས་ཤུགས་གལ་ཆེན་ཐོན་ཡོད། འདི་ལ་“ལྔ་བཞི་རྒྱལ་གཅེས་ལས་འགུལ”ཟེར་ཞིང་། ཤེས་ཡོན་ཅན་དང་སློབ་མའི་ལས་འགུལ་ཡང་བརྗོད་ཀྱི་ཡོད། ལ་ལས“ལྔ་བཞི་ལས་འགུལ”གྱི་བློ་འགྱེད་བསམ་བློ་དེ་ནི“རང་རྟོགས་ཀྱི་རྟོགས་སད་ཅིག་མིན་པར། བཙན་པོས་འཚིར་གནོན་ལས་བྱུང་བའི་རྟོགས་སད་ཅིག་ཡིན”ཟེར་ལ། “ལྔ་བཞི་ལས་འགུ
ལ”གྱི་སྐྱོ་གར་ཡང་བློ་འགྱེད་བསམ་བློ་བཏང་སྙོམས་སུ་བཞག་སྟེ་“རྒྱལ་གཅེས་རིང་ལུགས”གྱི་འདུ་ཤེས་གཙོ་གནད་དུ་དམིགས་པས། མང་བྱིངས་ཀྱི་གོ་རྟོགས་སྔར་བཞིན་བཀས་བཀོད་རྒྱུད་འཛིན་གྱི་རིག་གནས་བསམ་བློའི་ངོས་དེ་ནས་འབབ་མ་ཐུབ་པ་རེད་འདོད། དུས་དེ་ནས་བཟུང་ཁོ་པ་ཚང་གིས་“རྒྱལ་གཅེས་རིང་ལུགས”གྱི་བསམ་བློའི་དར་ཆ་གཅིག་པོའམ་“མར་ལེ་རིང་ལུགས”ཀྱི་ཆབ་སྲིད་ཀྱི་མིག་དབང་ཁོ་ནས་ཡོད་ཚད་ལ་ཚད་མཇལ་བའི་རིག་གནས་ལྟ་གྲུབ་ཅིག་གི་ལམ་ཁ་བརྒྱུད་སོང་བས། ད་ལྟའི་ཀྲུང་གོ་ཡང་རིག་གནས་སྒེར་སྡོམ་གྱི་ལམ་ལུགས་འདིའི་ངོས་ན་འགྲོ་བཞིན་པ་ནི་ང་ཅག་གི་མིག་མཐོང་ལག་ཟིན་གྱི་ཚུལ་དུ་གནས་པ་འདི་རེད། ངོས་འདི་དག་ནས་བལྟས་ན། ང་ཚོའི་མི་རིགས་ཤིག་གི་གསར་བརྗེའི་ལམ་བུ་དེ་ཇི་ལྟར་བརྩོན་ལེན་བྱས་པའི་གནས་བབ་དངོས་མཐོང་ཐུབ་པ་དང་། རང་དབང་དང་བདེན་པ་ཇི་ལྟར་བརྩོན་ལེན་བྱས་པའི་ཉམས་མྱོང་ཡང་ཤེས་ཐུབ། མ་ཟད། ང་ཅག་གི་གནད་དོན་དུ་གྱུར་བའི་བསམ་བློ་གསར་བརྗེ་དང་ཆབ་སྲིད་གསར་བརྗེ་ཡི་མ་འོངས་ལམ་ཕྱོགས་བསུ་བའི་ལོ་རྒྱུས་ཀྱི་མིག་དཔེ་གསོན་པོ་ཞིག་རེད། གང་ལྟར། ལོ་རྒྱུས་ཀྱི་སྐྱོ་གར་དང་ནག་ཉེས་ཡོད་ཚད་ནི་མི་བུ་སྒེར་རེ་རེས་བསྐྲུན་པ་ཞིག་རེད་ལ། ལོ་རྒྱུས་ཀྱི་བདེན་དོན་དང་གནས་ལུགས་ཡང་མི་བུ་སྒེར་རེ་རེས་བཙལ་བ་ཞིག་ཡིན་པས། དེ་དག་ཡོད་ཚད་ཀྱི་འགན་འཁྲི་ཡང་མི་བུ་སྒེར་རེ་རེ་ནས་འདེགས་དགོས་པ་ནི་གནད་ཀྱི་འགག་རྩ་ཞིག་རེད་ཨང་།

གཉིས། “ཞི་བའི་བློ་འགྱེད་ལས་འགུལ”སྐོར་བརྗོད་པ།

བོད་རང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ང་ཅག་ནི་ཆོས་ལུགས་རྨོངས་དད་དང་། བསམ་བློ་རྙིང་བའི་བསམ་པའི་བྲན་འཁོལ་ལས་མདའ་མ་མྱོང་ཞིང་། ཆོས་ལུགས་སྒེར་གཅོད་ཀྱི་རིག་གནས་དབང་སྒྱུར་དེའི་མངའ་ཐང་ནས་གནའ་བོའི་མི་རིགས་ཤིག་གི་ཚེ་སྲོག་དང་སྐྱེ་རྒྱུན་ཡང“ཟླ་བ་གཟའ་ཡིས་བཟུང་བ”ལྟ་བུའི་འཇིག་ཉེན་ལ་ཐུག་ཡོད་པ། དེ་ལྟར་བཤད་ན། ནམ་ཞར་ཁ་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བཟློ་ཞིང་དོན་ལ་སྒེར་དོན་འབའ་ཞིག་གི་ཆེད་དུ་སྣོག་ལས་བྱེད་བཞིན་པའི་བླ་སྤྲུལ་དང་སེར་མོ་བའི་ཚོགས་ཀྱི་སྙིང་རླུང་སྟོད་ལ་འཚང་སྲིད་མོད། འོན་ཏང་། དུས་དང་གནས་བབ་ཀྱི་དགོས་དབང་གིས་ཐམས་ཅད་ཀྱི་ངོ་བོ་གསལ་རྗེན་དུ་བཏོན་ཡོང་བ་ཞིག་ཡིན་པས། འདིར་གསལ་བཤད་མང་པོ་ཞིག་རྒྱག་དགོས་དོན་ཁྱོན་ནས་མི་འདུག གང་ལྟར། ལོ་རྒྱུས་འཕེལ་རྒྱས་ཀྱི་མིག་དབང་གི་ཆ་ནས་བལྟས་ན་འདྲ། བསམ་བློའི་རིན་ཐང་གི་ངོས་ནས་དཔྱད་ནའང་འདྲ། ངས་བརྗོད་འདོད་པ་ནི་བོད་ཀྱི“ཞི་བའི་བློ་འགྱེད་ལས་འགུལ”འདི་ཡིན་པ་རེད། མང་མང་ཞིག་གི་སྣང་ངོར་མིང་འདི་ཐལ་དྲགས་པའམ་གཏན་ནས་བྱུང་མ་མྱོང་བའི་དོན་དངོས་ཤིག་རེད་སྙམ་ལས་ཆེ་ནའང་། ལོ་རྒྱུས་ཀྱི་རིན་ཐང་དང་བསམ་བློའི་རིན་ཐང་། རིག་གནས་ཀྱི་རིན་ཐང་གང་གི་ངོས་ནས་བལྟས་ཀྱང་ང་ལ་འདི་ལས་ལྷག་པའི་མིང་གཞན་ཞིག་རྙེད་མ་བྱུང་། འདི་ནི་ཆབ་སྲིད་ཀྱི་ལས་འགུལ་ཞིག་མ་ཡིན་ཞིང་། ཐོན་སྐྱེད་ཀྱི་ལས་འགུལ་ཞིག་ཏུ་དེ་བས་ཀྱང་བརྩི་མི་རུང་། འདི་ནི་རིག་གནས་ཀྱི་ལས་འགུལ་ཞིག་གམ་བསམ་བློའི་ལས་འགུལ་ཞིག་ཡིན་པས། མིང་དེ་ལྟར་བཏགས་པར་ཐལ་མི་ཆེ་འདོད། ཡང་ན། འདི་ནི་ལས་འགུལ་གྱི་མཐོ་ཚད་ཞིག་ཏུ་ཐོན་འདུག་པས་ན། མིག་དབང་དེ་སྤྱད་ནས་བོད་ཀྱི་བློ་འབྱེད་དུས་རབས་ཀྱི་མཚམས་ཤིག་ཏུ་ངོས་འཛིན་བྱས་ན་འགྲིག་པར་བསམ། ལ་ལས་འགྲིག་དང་མི་འགྲིག་སོགས་ཀྱི་ལྟ་ཚུལ་སྣ་ཚོགས་ཡོད་སྲིད་མོད། གཙོ་བོ་རིག་གནས་ཀྱི་སྣང་ཚུལ་ཞིག་དང་བསམ་བློའི་རིན་ཐང་གི་ངོས་ནས་ལྟ་དགོས་པ་ནི་གནད་ཀྱི་དམ་པ་རེད། ང་ལྟར་ན། བོད་ཀྱི“ཞི་བའི་བློ་འགྱེད་ལས་འགུལ”ནི་གཅིག་དགུ་བཅུ་གཉིས་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི“སྲིད་ལུགས་བཅོས་སྒྱུར”གྱི་མགོ་རྩོམ་གྲུབ་བྱས་ཏེ《དཔྱོད་ཤེས་རྒྱང་འབོད》གསར་དུ་བརྩམས་པའི་ད་ལྟའི་རིག་གནས་དགག་སྒྲུབ་དང་མི་བུ་འཚོལ་རྟོག་གི་རྒྱུད་བཐུད་བཞིན་པ་འདི་ལ་བརྗོད་པ་ཡིན། གོ་བ་ཅན་ཞིག་ཡིན་ན། གོང་གི་ཁ་བྱང་མཐོང་བ་ཙམ་གྱིས་ཕལ་ཆེར་ཧ་གོ་ཡོང་གི་རེད་མོད། གསལ་བཤད་ཅིག་བྱས་ན། 《དག་ཡིག་གསར་བསྒྲིགས》་ཏུ། ཞི་བ་ཞེས་པ་ནི་མེད་པ་གྱུར་བའམ་རྩུབ་པོའི་ལྡོག་ཟླའི་དོན་ལ་འཇུག་གི་ཡོད་ཞིང་། སངས་རྒྱས་ཆོས་ལུགས་སུ་འཁོར་བ་ལས་ཐར་བའི་གོ་འཕང་ལ་ཞི་བའམ་ཞི་བདེ་ཟེར་གྱི་འདུག འདིར་འཁོར་བ་ལས་ཐར་བའི་བསམ་བློ་དང་འདུ་ཤེས་མེད་པར་གྱུར་ནས་འཁོར་བའི་ཕུན་ཚོགས་ལ་འཇུག་པའི་བསམ་པ་དང་མི་བུའི་རིན་ཐང་དོན་གཉེར་བྱེད་པའི་དཀྱེལ་ཡངས་ཀྱི་བསམ་སྦྱོར་དེ་ལ་ཟེར། གོ་སླ་མོས་བཤད་ན། ཚེ་ཕྱི་མར་མི་གཙོ་བར་ཚེ་འདི་གཙོ་བོ་འཛིན་པ་དང་། འཇིག་རྟེན་མི་བུའི་བསམ་བློ་དང་འདོད་པ། རང་བཞིན། འཕེལ་རྒྱས་ཀྱི་དེ་ཉིད་འཚོལ་བའི་གནས་ལུགས་ཤིག་ལ་བརྗོད་ཀྱི་ཡོད། བློ་འགྱེད་ཅེས་པ་ནི་“གསལ་བར་བྱེད་པའམ་སྣང་བར་བྱེད་པ”ཞེས་པ་རེད། (མེ་ལྕེས་བརྩམས་པའི《ཚེར་མའི་ལམ་གྱི་ང་རོ》དེབ་དུ་གསལ་བས། དེར་གཟིགས་པར་འཚལ། ) ཡང་ན། མི་རང་གི་རྒྱུད་དུ་གནས་པའི་རྨོངས་པ་གང་ཞིག་ལྷན་སྐྱེས་ཀྱི་བློ་རིག་གིས་མི་སྣང་བ་བྱས་པའམ་རང་གིས་རང་ལ་བཟོས་པའི་བྱིས་པའི་ཚུལ་བབ་ལས་ཐར་བ་ལ་ཡང་གོ གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དོགས་སློང་དང་དགག་སྒྲུབ་མཛད་ནས། ཆོས་ལུགས་རིག་གནས་ཀྱི་སྒེར་གཅོད་བསམ་བློར་ངོ་རྒོལ་བྱས་པ་དང་། དོན་སྙིང་ནི་མི་བུའི་གོ་ཐང་སླར་གསོ་ནས། དམངས་གཙོ་དང་ཚན་རིག་གི་བསམ་བློ་དར་སྤེལ་བྱས་པ་རེད། རང་ཅག་གི་བློ་འགྱེད་བསམ་བློ་བ་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། ལུང་ཤར་རྡོ་རྗེ་ཚེ་རྒྱལ། མཁས་དབང་དགེ་འདུན་ཆོས་འཕེལ། དཔལ་དོན་གྲུབ་རྒྱལ། པཎ་ཆེན་སྐུ་ཕྲེང་བཅུ་བ། སྐུ་ཞབས་ཞོགས་དུང་སོགས་ཡོད་ཞིང་། ཁོང་ཅག་གི་བླ་མེད་ཀྱི་ཕུགས་བསམ་དང་ལྷད་མེད་ཀྱི་མི་གཞི། རྣམ་དཔྱོད་ཀྱི་བློ་གྲོས་ཀྱིས་རང་ཅག་གི་རྨོངས་བའི་བསམ་བློ་བཅིངས་འགྲོལ་དང་། ཉམས་རུལ་གྱི་སྤྱི་ཚོགས་འདི་རང་དབང་དང་། འདྲ་མཉམ། དམངས་གཙོ། ཚན་རིག ཤེས་རིག་དང་དཔལ་ཡོན་ལྡན་པའི་ལམ་དུ་འཇུག་པར་བཅོས་སྒྱུར་བྱེད་དང་བྱེད་མུས་སུ་མཆིས། དཔེར་ན། རྒྱལ་དབང་སྐུ་ཕྲེང་བཅུ་བས་དབྱིན་ཇི་གཙོ་གྱུར་གྱི་རྒྱལ་ཁབ་དག་ལ་དཔེ་ལྟ་སློབ་གཉེར་གྱི་བསམ་བློ་སྐྱེས་ཤིང་། བོད་ཀྱི་སྤྱི་ཚོགས་གནས་བབ་ཇེ་ལེགས་སུ་གཏོང་དགོས་ན། ཤེས་ཡོན་ཅན་གྱི་བསམ་བློའི་སྟོབས་ཤུགས་ལ་བརྟེན་དགོས་པ་དགོངས་ནས། སྨོན་གྲོང་མཁྱེན་རབ་ཀུན་བཟང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་པ་བསོད་ནམས་མགོན་པོ་སོགས་དབྱིན་ཇི་ལ་སློབ་གཉེར་བྱེད་དུ་བཏང་ཞིང་། ཁོ་ཚོའི་གཏེར་ཁ་སྔོག་འདོན་གྱི་སྐོར་དང་། དམག་དོན་རིག་པ། སྤྱི་ཚོགས་རིག་པ་སོགས་ནུབ་ཕྱོགས་སྔོན་ཐོན་རིག་གནས་ལ་སྦྱང་མཐར། ཕྱིར་བོད་རང་གི་སྤྱི་ཚོགས་འཕེལ་རྒྱས་གཏོང་མགོ་བརྩམས་ཡོད་ནའང་། བོད་ཀྱི་རུལ་སུངས་སྲིད་འཛིན་པའི་སྡེ་ཡི་བཀག་སྡོམ་དང་། བསམ་བློ་མཁྲེགས་འཛིན་གྱི་སྦྱོར་བ་རྩུབ་པོ་དེས་ཁོང་ཅག་གི་རེ་འབྲས་སྨིན་དུ་བཅུག་མ་སོང་། ཡིན་ན་ཡང་། ཆོས་ལུགས་རིག་གནས་ཀྱི་ན་བུན་སྟུག་པོའི་སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་ཕམ་ཁ་ཞིག་ཏུ་གྱུར་ཡོད་རུང་། རིག་གནས་ཤིག་སྙིང་སྟོབས་ངོས་ནས་ཕམ་ཁ་ཞིག་གཏན་ནས་མིན་པར། སྨག་ནག་པོའི་བསམ་བློའི་མུན་པ་སྒྲོན་པའི་མེ་སྟག་ཅིག་དང་གཉིས་སུ་མེད་པས། “ཞི་བའི་བློ་འགྱེད་ལས་འགུལ”ཡང་འདི་ཞིག་ནས་མགོ་བཟུང་བ་དང་། རྒྱ་ནག་གི“ལྔ་བཞི་ལས་འགུལ”དང་བསྡུར་ན་ཅུང་སྔ་བ་འདུག ཡང་། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས་ཀྱིས་བོད་འདི་འཛམ་གླིང་སྤྱི་དང་མཐུན་པའི་གོམ་པ་སྤོ་དགོས་ཚེ། ངེས་པར་ཁ་རུབ་སྒོ་གཏན་གྱི“སྲིད་ལུགས་བཅོས་སྒྱུར”མཛད་དགོས་པར་དགོངས་ནས། “སྐྱིད་ཕྱོགས་ཀུན་མཐུན”ཞེས་པའི་ཚོགས་པ་བཙུགས་ཤིང་། དམངས་གཙོའི་འོས་འདེམ་ལམ་ལུགས་བོད་ལ་སྤེལ་མགོ་བརྩམས་མོད། ཡིད་ཕངས་པ་ཞིག་ལ། སྐབས་དེའི་བོད་ཀྱི་སྲིད་དབང་སྒེར་སྡོམ་གྱི་དབང་བཙན་པོའི་རྐྱེན་གྱིས། ཁོང་གི་བསམ་སྦྱོར་རླབས་ཆེན་པོ་དེ་ལ་བཀག་སྡོམ་བྱས་པ་མ་ཟད། ཐ་ན་ཨུ་རུ་སུའི་དམར་པོའི་ལམ་ལུགས་བོད་ལ་སྤེལ་བའི་ནག་ཉེས་ཡོད་པར་བསྒྲགས་ནས། མིག་འབྲས་གཉིས་གྲི་རྒྱབ་ཏེ་བཀག་ཞིང་བཙོན་ལ་ཡང་བཅུག་པ་རེད། འདི་ནི་དམངས་གཙོའི་བསམ་བློ་ཐོག་མར་བོད་ལ་འཁྲུངས་པའི་རླབས་ཆེ་བའི་ཉིན་མོ་ཞིག་ཡིན་ཞིང་། འདི་ནི་རྒྱུ་འབྲས་བློ་མིག་གསལ་བའི་ཤེས་ཡོན་ཅན་ཞིག་དམར་གསོད་བྱས་པའི་ལོ་རྒྱས་ཀྱི་སྐྱོ་གར་ཆེན་མོའང་ཡིན། དུས་དེ་ནས་བཟུང་།“ཤེས་རྨོངས་ཀྱི་གྲོག་རོང”དུ་མགོ་བོ་འཐོམས་པའི་བླུན་པོ་དབང་ཤེད་ཅན་ཚོས་འཇིག་རྟེན་གྱི་དཀར་ངོགས་མིག་གི་མཐོང་བའི་བསྐལ་བ་ནང་ཡང་མི་སྣང་བར་བྱས་པ་རེད། ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་འཇམ་དབྱངས་བཞད་པའི་ཡིག་ཆ་ལ་དོགས་སློངས་བྱས་ཤིང་། ཆོས་ལུགས་ཀྱི་གདོང་འབོག་གྱོན་པའི་ཆོས་པ་དག་ལ་དགག་པ་ནན་མོ་རྒྱབ་ཏེ།《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》དང《ཀླུ་སྒྲུབ་དགོངས་རྒྱན།》《འདོད་པའི་བསྟན་བཅོས།》སོགས་བརྩམས་ལ། མི་རིགས་དང་སྤྱི་ཚོགས་ཀྱི་རྗེས་ལུས་རྣམ་པར་ཁ་ཕྱོགས་ནས་ཚད་མའི་གསུངས་དང་། ཚད་མའི་སྐྱེས་བུ་ལ་དོགས་སློང་དང་དགག་སྒྲུབ་བྱས་ཤིང་། མིའི་ལྷན་སྐྱེས་ཀྱི་འདོད་པ་དང་ལོངས་སྤྱོད་ལ་ཡིད་འཇོག་བྱས་པ་མ་ཟད། མི་བུའི་རིག་གནས་ཀྱི་བསམ་བློའི་དར་ཆ་བོད་ལ་སྤེལ་བ་རེད། ཁོང་གི་དྲང་གཏམ་བརྗོད་པའི་སྤོབས་པ་དང་རང་རྟོགས་ཀྱི་དགག་སྒྲུབ་འདུ་ཤེས། གནས་ལུགས་བདེན་འཚོལ་གྱི་བསམ་བློའི་གློ་གྲི་ངར་མས། བོད་ཀྱི་མུན་འཐོབས་དང་། བླུན་རྨོངས། མཁྲེགས་འཛིན། རྙིང་ཞེན་གྱི་མུན་ནག་གི་ཟུར་རེ་རེ་བརྣགས་ཐོག་ཁབ་གཙགས་བྱས་པས། “རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།།”པའི་གནའ་བོའི་མི་རིགས་འདི་ལ་མཚོན་ན། ཁོ་བོ་ལྟ་བུའི་བསམ་བློ་གསར་བ་ཅན་ནི་ལྟ་ལོག་པ་དང་། གཏོར་བཤིག་པ། སྨྱོན་པར་འཕྲུལ་བའི་མིག་ནང་གི་ཚེར་མ་དང་གཉིས་སུ་མེད་པས། རྣམ་དཔྱོད་ཅན་གྱི་སྐྱེས་བུ་དམ་པ་ཁོང་ཉིད་སླར་ཡང་བཙོན་འཇུག་བྱས་ཤིང་། མཐར་འཇིག་རྟེན་མི་ཡུལ་ནས་བསྐྲད་པ་རེད། འོན་ཏང་། ཁོང་གི་མི་ཆོས་བསམ་བློ་དང་། ཚན་རིག་གི་སྙིང་སྟོབས། དམངས་གཙོའི་དགོངས་པས་མི་རྣམས་རྨོངས་གཉིད་སད་པར་བསམ་བློའི་བག་ཆགས་ཀྱི་ཤན་ཤུགས་མི་དམན་པ་ཐེབས་ཡོད་པས། ངས་ནི་ཁོང་ཉིད་བོད་ཀྱི་བློ་འབྱེད་བསམ་བློའི་ཡབ་ཆེན་ཏུ་འབོད་པར་སྤྲོ་ལ། ཁོང་ཉིད་ལྟ་བུའི་སྤྱི་ཚོགས་ཀྱི་བདེ་སྡུག་འགན་དུ་བླངས་པའི་ཤེས་ཡོན་ཅན་ནི་ད་གཟོད་མི་རིགས་ཀྱི་སྒལ་ཚིགས་དང་ཡ་ཐོད་ཀྱི་སྤྱན་ཡིན་པ་རེད། ཡང་། དཔལ་དོན་གྲུབ་རྒྱལ་གྱིས་བསམ་བློ་རྙིང་ཞེན་ཆེ་བ་དང་ཚིག་སྦྱོར་མཁྲེགས་ལ་གོ་དཀའ་བའི་བོད་ཀྱི་རྗེས་ལུས་ཀྱི་རྩོམ་རིག་གནས་བབ་ལ་རྐང་བཙུགས་ཏེ། 《ལང་ཚོའི་རྦབ་ཆུ།》དང《རྐང་ལམ་ཕྲ་མོ།》《སྤྲུལ་སྐུ།》《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་རྩོམ་ཡིག་མང་པོ་སྤེལ་བས། རྣམ་པ་གསར་བ། བསམ་བློ་གསར་བ། རྩོམ་ལུས་གསར་བ་ཅན་གྱི་རྩོམ་རིག་ག
སར་གཏོད་བྱས་པ་དང། 《སྙན་ངག་མེ་ལུང་མའི》ལུགས་ཀྱི་སྲོལ་རྒྱུན་རྩོམ་རིག་ལས་ཐོད་བརྒལ་བྱུང་བ་དེས། རྩོམ་རིག་ནི་མི་བུའི་བདེ་སྡུག་དང་འཚོ་གནས་ཀྱི་སྟེང་དུ་བབས་བྱུང་ལ། མི་རིགས་འདུ་ཤེས་ཀྱི་གོ་རྟོགས་སད་པར་འོད་གསལ་གྱི་དཀར་མེ་བཏེགས་པ་རེད། ཡིན་ན་ཡང་། ཁོང་ཉིད་སྤྱི་ཚོགས་ཁོར་ཡུག་དེ་ལས་རྒྱང་ཕུད་བཏང་བ་དང་། སྡིགས་དམོད་དང་འབུར་འཇོམས་བྱས་པའི་རྐྱེན་དང་། མི་རིགས་ཉམས་རྒུད་དུ་འགྲོ་བཞིན་པའི་ན་ཟུག་དང་སེམས་ཁྲལ་གྱི་འདུ་ཤེས་དྲག་པོ་དེས་མཐར་མཇུག་ཁོང་ཉིད་མི་རིགས་ཀྱི་གོ་རྟོགས་སད་པའི་དུང་བརྡ་ཞིག་གི་ཆེད་དུ་རང་སྲོག་རྟ་རྔ་འདྲ་བོ་བློས་གཏོང་བ་སོགས་མདོར་ན་མི་བུའི་རང་དབང་དང་འདུ་ཤེས། བསམ་བློ་རྟོགས་སད་ཀྱི་འོད་སྣང་བསུ་བའི་སྐྱ་རེངས་ཀྱི་ཚུལ་དུ་ཤར་ཡོད་ལ།“ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ཁོང་ཉིད་ཀྱི་ལོ་རྒྱུས་སུ་མི་འཇོག་པའི་དམ་བཅའ་དེའི་དོན་དུ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས《ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ》སོགས་བོད་མི་དམངས་ཀྱི་བདེ་སྡུག་གི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ས་ལ་ལྷུང་བའི་དར་ཆ་དེ་ཁོང་གི་ཤ་གསེང་རུས་གསེང་ནས་སླར་ཡང་ཡར་བསྒྲེངས་འདོད་ཀྱི་རུས་ཞེན་དེས་དབང་གིས། སྨག་ནག་པའི་ཉིན་མོ་ཞིག་ལ་སྐྱེས་བུ་དམ་པ་ཁོང་ཉིད་བཙོན་འཇུག་བྱས་ཤིང་། མཐར་གཞན་གྱིས་ལྐོག་གསོད་བྱས་སོང་བ་རེད། འདི་དག་ལས་ང་ཚོའི་མི་རིགས་སྤྱི་བོའི་རང་དབང་དང་འདྲ་མཉམ་ནི་སྐུ་ཞབས་རང་གྲོལ་དང་པཎ་ཆེན་བཞིན་མི་བུ་སྒེར་རེ་རེ་ནས་ལར་ལངས་རྒྱག་དགོས་ལ་། ཐ་ན་ཚེ་སྲོག་གི་འཇིག་ཉེན་བྱུང་ཡང་མི་སྒེར་རེ་རེ་ནས་གནས་ལུགས་བརྩིས་ཤིང་བདེན་པ་འཚོལ་བ་ཡིན་ན། ད་གཟོད་མི་རིགས་སྤྱི་བོའི་རང་དབང་དང་འདྲ་མཉམ་བརྩོན་ལེན་བྱེད་ཐུབ་པ་དང་། ཡོངས་ཁྱབ་རིན་ཐང་ཟེར་བ་ཡང་ངོས་འདི་ནས་ཐོན་པ་ཞིག་མ་རེད་དམ། ནམ་ཞར་བོད་མི་རིགས་ཀྱི་ལས་དོན་དང་། བོད་མི་རིགས་ཀྱི་བདེ་སྡུག བོད་མི་རིགས་ཀྱི་མདུན་ལམ་ལ་དཀའ་ཚེགས་འབད་འབུངས་གནང་མཁན་གྱི་སྐྱེས་བུ་འདི་དག་ང་ཚོ་དང་རེ་རེ་བཞིན་བྲལ་སོང་ནའང་། ཁོང་ཅག་གི་ཐུགས་དགོངས་དང་བླ་མེད་ཀྱི་སྙིང་སྟོབས་ཀྱིས་ང་ཚོར་སྤྱན་གཟིགས་གནང་ཡོད་པ་ཁྱེད་ཅག་གིས་བརྗེད་སོང་ངམ། ཁོང་ཚོའི་རུས་ཞེན་དང་བརྩེ་སེམས་ཀྱིས་ང་ཚོར་མི་རབས་ནས་མི་རབས་བར་དུ་སྐུལ་བཞིན་ཡོད་པ་ནི་ང་ཚོས་ཅིས་ཀྱང་བརྗེད་དུ་མེད་ཨང་།
མུན་ནག་དང་ཀླ་ཀློའི་བློ་ཁ་རི་བོ་བཞིན་བརྟན་ཞིང་། ཆོས་སྲིད་ཟུང་འབྲེལ་གྱི་རིག་གནས་དབང་སྒྱུར་འོག་གི་མི་རྣམས་ཀྱི་འཚོ་གནས་གསར་བ་ཞིག་དང་། མི་བུ་རང་མཚན་པའི་གོ་རྟོགས་སད་ཆེད། རྒན་ཞོགས་དུང་ལགས་ཀྱི《དཔྱོད་ཤེས་རྒྱང་འབོད》བརྩམས་ཤིང་། རི་མཐོ་ས་གཙང་གི་ཡུལ་ལུང་ཀུན་ལ་སྔར་མེད་ཀྱི་ཅོང་བརྡ་གསར་བ་ཞིག་གིས་མི་རྣམས་རྨོངས་གཉིད་ལས་དཀྲོགས་ཤིང་། ཁོང་གིས《བག་ཆགས་དོང་སྤྲུག》དང《འཕགས་འཚག་གི་ང་རོ》།《ཕྱག་འཚལ་བ་ནི་བྲན་གཤིས་ཀྱི་རང་གཤིས་ཉིད》སོགས་ཀྱི་རྩོམ་ཡིག་སྤེལ་བས། མ་ཤེས་ཤེས་ཁུལ་ལ་གོམས་པའི་བོད་ཀྱི་ཤེས་ཡོན་ཅན་རྫུན་མ་རྣམས་ཀྱི་གདོང་འབག་དམར་བཤུ་རྒྱབ་ཡོད་ཞིང་། ཆོས་ལུགས་རིག་གནས་ལ་དགག་སྒྲུབ་བླ་མེད་གནང་བས། མི་ཉིད་ཀྱི་རང་དབང་དང་། ཁེ་དབང་། མི་གཞི། ཐོབ་ཐང་བཅས་ཀྱི་གོ་ཐང་སླར་གསོ་བྱས་པ་རེད། ལྷག་ཏུ། “བདག་དཔེ་ཚོགས”དང“བླ་དཔེ་ཚོགས”སོགས་པར་སྐྲུན་བྱས་པ་དང་བསྟུན་རིག་གནས་དགག་སྒྲུབ་དང་སྤྱི་ཚོགས་གླེང་བརྗོད། བསམ་བློ་བརྗེ་རེས་དང་རིག་གནས་བགྲོ་གླེང་གི་ཁོར་ཡུག་ཞིག་ཆགས་མུས་སུ་འགྲོ་བཞིན་ཡོད་པས། བོད་མིའི་གདོད་ཀྱི་རིན་ཐང་ལྟ་ཚུལ་དང་། མཛེས་དཔྱོད་ལྟ་ཚུལ། མི་ཚེ་ལྟ་ཚུལ་སོགས་འགྱུར་མགོ་ཚུགས་ལ། དམངས་གཙོ་དང་ཚན་རིག་གི་ལམ་དུ་འགྲོ་བར་སྣེ་ཁྲིད་བྱེད་ཀྱི་འདུག ཡང་། “ཁ་གསོན་པོ་སྟག་འདྲ་བ་དང་། ལུས་ཤི་བོ་རོ་འདྲ་བ”དག་གིས་ཕྲག་དོག་དང་མི་དགའ་བའི་གཏམ་གྱིས་ཞོགས་དུང་སོགས་ཀྱིས་ཡི་ཡང་ཤེས་ཀྱི་མི་འདུག་ལྟ་བུ་དང་། “ཞོགས་དུང་གི་རྐུབ་ལྡག”ཚོ་ལྟ་བུའི་མི་གཞི་ཁྱད་གསོད་དང་མངོན་འཚང་སྡིགས་དམོད་བྱེད་ཀྱང་སྲིད་མོད། ཡུས་ཏ་ཧྥུ་ཡིས་གསུངས་བ་ལྟར“རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་གྱི་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱབ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ཅིག་རེད”ཅེས་པ་ནི་ང་ཚོ་དང་ང་ཚོ་འདྲ་བའི་མི་རིགས་དག་ལ་གནང་བའི་ལེགས་བཤད་རྣལ་མ་ཞིག་རེད་ཨང་།
གཞན། 《ཤར་དུང་རི》ནི་བླ་སྤྲུལ་དཔོན་ཆེན་ཚོའི་ཁ་བཀོད་དང་མཁས་མིང་འཛིན་པ་དག་གི་སྣ་ཐིག་ཏུ་གྱུར་བའི་དུས་དེབ་གཞན་དག་དང་གཏན་ནས་མི་འདྲ་བའི་བསམ་བློའི་རང་དབང་དང་། མི་གཞི་སྒེར་ཚུགས་ལྡན་པ། གནས་ལུགས་དྲང་བདེན་ལ་ཕྱོགས་ཡོད་པས། རིག་གནས་དགག་སྒྲུབ་ཀྱི་ཞིང་ས་གཙོ་བོ་ཞིག་རེད་ཅེས་ན་ཐལ་མི་ཆེ་ལ། འདི་ལྟ་བུའི་རྒྱུ་འབྲས་བློ་མིག་ཅན་གྱི་ཤེས་ཡོན་ཅན་འཚར་ལོངས་བྱུང་བའི་ཞིང་ས་ཡོད་པས། བདག་གི“མི”བུའམ་རིག་གནས་ཀྱི“མི”རྙེད་པར་རེ་བ་ནི་ཅིས་ཀྱང་ཡོད་སྲིད། ཡང། སྐུ་ཞབས་མེ་ལྕེ་གཙོ་གྱུར་གྱི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དག་གིས། མི་བུའི་སྨྲ་བརྗོད་རང་དབང་དང་། མི་བུའི་བསམ་བློའི་རང་དབང་། མི་བུའི་རྩིས་ཐང་དོན་གཉེར་ལ་ཆེད་དུ་གཟས་པའི“རང་མོས་གླེང་སྟེགས”ཀྱི་རིག་གནས་བགྲོ་གླེང་གི་གར་སྟེགས་ཤིག་བསྩོལ་ཡོད་པས། སྤྱི་ཚོགས་ཀྱི་སྟེང་གི་མི་བུ་སོ་སོའི་མི་གཞི་དང་རྩིས་ཐང་། བློ་རིག ཤེས་རབ། འབྱུང་སྤུས་མཐོར་འདེགས་གཏོང་བའི་ས་བོན་དང་ཆར་ཆུ་ལྟ་བུ་ཞིག་རེད་འདོད་ལ། ན་གཞོན་གསར་བ་སྐོར་ཞིག་གིས“བསམ་བློའི་རྒྱང་སྐྱོད”ཀྱི་གོམ་ཁ་གྲག་འགུལ་མེད་པའི་བོད་ཀྱི་སློབ་ཆེན་པའི་སྡེ་ལ་ཁ་ཕྱོགས་པ་ནི་མི་བུའི་རིན་ཐང་དེ“དཔང་རྟགས”ཁོ་ན་ཙམ་ཞིག་དང་། ཕ་ཚེ་མའི་རིང་གི་ཁོག་དཔུང་དང་ལ་རྒྱ་ནི“ཕོར་བ”གཅིག་པོས་ཚད་མཇལ་བའི་འདུ་ཤེས་སམ་སློབ་གསོའི་བྲན་སྒྱུར་བསམ་བློར་གདོང་གཏད་བཞིན་འདུག་ཞིང་། ན་གཞོན་གྱི་དྲང་གཏམ་བརྗོད་པའི་སྤོབས་པ་དང་གསར་གཏོད་ཀྱི་སྙིང་སྟོབས། བདེན་འཚོལ་སྙིང་སྟོབས་དང་འགན་འཁྲིའི་སྙིང་སྟོབས། དཔྱོད་ཤེས་སྙིང་སྟོབས་དང་བཙན་རྒོལ་སྙིང་སྟོབས་ཀྱི་དཔའ་འབརབཏེགས་ཏེ་སྒེར་ཚིགས་ཅན་གྱི་མི་བུ་རེ་རེ་ཡར་སློང་རྒྱག་བཞིན་པ་ཤེས་ཐུབ། མི་རིགས་ཤིག་གི་ལས་དབང་ནི་བསམ་བློའི་རིག་གནས་སྙིང་སྟོབས་ཀྱིས་ཐག་གིས་གཅོད་ཅིང་། བསམ་བློའི་རིག་གནས་སྙིང་སྟོབས་ནི་ན་གཞོན་གསར་བའི་འགན་འཁྲི་དང་སྙིང་སྟོབས་ལ་རག་ལས་འདུག
གསུམ། ན་གཞོན་གསར་བ་དང“རང་དབང་རིང་ལུགས”པ།
སྤྱིར་ན་གཞོན་གསར་བ་ཞེས་པའི་མིང་བརྡ་འདི་ནི་རྒྱ་ནག་ལ་ལད་ཟློས་བྱས་པ་ལྟ་བུ་དང་། ངོས་དེ་ག་ནས་འགྲོ་བཞིན་པའི་ཚུགས་ཀ་ཡང་ཡོད་སྲིད་མོད། མི་རིགས་གང་དང་གང་ཞིག་ལ་མཚོན་རུང་དེ་འདྲའི་བསམ་བློའི་སྣང་ཚུལ་དང་རིག་གནས་སྣང་ཚུལ་ནི་འབྱུང་སྲིད་པ་ཞིག་རེད། རང་ཅག་ལ་མཚོན་ན། གྲོགས་རྣོ་སྦྲེང་གིས《ན་གཞོན་གསར་བ》ཞེས་པའི་དུས་དེབ་བསྒྲུབས་པ་དང་བསྟུན་སྤྱི་ཚོགས་ཀྱི་སྟེང་ལ་མིང་བརྡ་འདི་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་ཞིང་། ངོས་དེ་ག་ནས་ན་གཞོན་མང་དག་ཅིག་འཚར་ལོངས་བྱུང་གི་ཡོད་པ་ནི་ཧ་ཅང་གི་དགའ་འོས་པ་ཞིག་དང་། རང་མི་རིགས་ལ་མཚོན་ན། འདི་ནི་མུན་ནག་མདུན་གྱི་སྐྱ་རེངས་དང་དཔྱིད་དཔལ་བསུ་བའི་ཕོ་ཉ་ལྟ་བུ་རེད། ཡིན་ན་ཡང་། མི་མང་དག་གིས་འདི་ནི་མུ་བུ་རེ་འགའ་ཞིག་དང་“ཚོགས་པ”ཞིག་གི་སྟེང་དུ་སྦྱར་ནས་ངོས་འཛིན་བྱེད་པ་ནི་སྐྱོ་གར་ཆེན་པོ་ཞིག་ཏུ་འདོད། རྒྱུ་མཚན་ནི། འདི་ནི་རིག་གནས་ཀྱི་སྣང་ཚུལ་ལམ་བསམ་བློའི་སྙིང་སྟོབས་ཤིག་ཡིན་ཞིང་།“མི་སྒེར་རིང་ལུགས”སམ“རང་དབང་རིང་ལུགས”ཀྱི་རྟགས་མཚན་ཞིག་ཀྱང་ཡིན་པ་རེད། ཁོ་བོས་ཀྱང་། ན་གཞོན་གསར་བ་ནི“རང་དབང་རིང་ལུགས”ཀྱི་ལམ་དུ་འགྲོ་དགོས་པའི་བརྡ་བསྟན་པ་ཡིན། ད་ལྟའི་རང་ཅག་གི་དྲ་ཚིགས་རིག་གནས་ཟེར་ན་འདྲ། རྩོམ་རིག་གི་ལམ་བུ་ཟེར་ན་འདྲ། ཚང་མ“བཤམས་སྟོན”ཆོས་ཅན་གྱི“མི་ཉིད་རིང་ལུགས”པའི་ལས་སུ་འཇུག་བཞིན་པ་འདིས་ཡོད་ཚད་རུལ་སུངས་དང་རྨོངས་མུན་གྱི་སྐྱོ་གར་སྐྱར་ཟློས་འབྱུང་བའི་རྩ་བ་ཡིན་པར་འདོད་ལ། བསམ་བློ་གསར་བརྗེའམ་བློ་འབྱེད་ལས་འགུལ་གྱི་གེགས་སུ་འགྲོ་སྲིད་པས། བསམ་བློ་སྒེར་ཚིགས་དང་། མི་གཞི་ཚུགས་ཐུབ། མང་གཙོ་རང་དབང་སོགས་ནི་གཞར་ཡང་འགྲུབ་མི་ཐུབ། དེ་བས། ན་གཞོན་གསར་བས་མི་ཉིད་ཀྱི་ཁེ་དབང་དང་མིང་གྲགས་རྒྱབ་ཏུ་གཡུག་པའི་འགན་འཁྲིའི་འདུ་ཤེས་ཡོད་དགོས་པ་དང་། སྤྱི་ཚོགས་ཀྱི་གནས་བབ་གང་རུང་ལ་གདོང་གཏོད་པའི་སྙིང་སྟོབས་དང་རྒྱུ་འབྲས་བློ་མིག་ནི་ཅིས་ཀྱང་ལྡན་དགོས་སོ།
གང་ལྟར། མི་རིགས་ཤིག་གི་རང་དབང་དང་རང་ཚུགས་ཟེར་བ་ནི་བློ་འབྱེད་བསམ་བློ་མི་འབོར་བར་བྱེད་རྒྱུ་ནི་ཤིན་ཏུ་གནད་ཆེ་སྟེ། ནུབ་ཕྱོགས“བློ་འབྱེད་ལས་འགུལ”ཡིན་ན་འདྲ། རྒྱ་ནག་གི“ལྔ་བཞི་ལས་འགུལ”ཡིན་ན་འདྲ། མིའི་འཚོ་གནས་དང་མིའི་རང་དབང་། མིའི་བསམ་བློ། མིའི་རིག་གནས་སོགས་ནི་ངོས་འདི་འདྲ་ཞིག་ནས་ཐོབ་ཞིག་རེད་ལ། དཀྱེལ་ཡངས་ཀྱི་ལྟ་བ་དང་། དཔྱོད་ཤེས་ཀྱི་སྙིང་སྟོངས་སོགས་ནི་འདི་ནས་ངོས་ཟིན་པ་རེད། ཡང་ན། ཁོ་བོས་བརྗོད་པའི་བོད“ཞི་བའི་བློ་འབྱེད་ལས་འགུལ”གྱི་བསྒྲགས་གཏམ་ཡང་རིན་ཐང་དེའི་ངོས་ནས་སྤེལ་བ་ཡིན་ལ། དགོས་པ་དེའི་ཆེད་དུ་མུ་མཐུད་དུ་རྒྱུན་སྐྱོང་དགོས་པ་མ་ཡིན་ནམ། ①དགའ་འོས་པ་ཞིག་ལ། གཏམ་རྒྱུད་ད་དུང་བཤད་མ་ཚར། གཏམ་རྒྱུད་ད་ལྟ་མགོ་བརྩམས་མ་ཐག་རེད། གཏམ་རྒྱུད་ཀྱི་མཚར་སྡུག་རྗེས་ན་ཡོད། གཏམ་རྒྱུད་ནམ་ཡང་མཇུག་རྫོགས་མི་སྲིད།
————
མཆན།
③ རྒན་ཞོགས་དུང་ལགས་ཀྱི་ཚིག་གཡར་བ། ཁོང་གི་བརྩམས་ཆོས《དོགས་སློང་སྙིང་སྟོབས》ཏུ་གསལ།
③ ཡང་། རྩོམ་ཡིག་འདི་འོལ་སྤྱི་ཙམ་བྱས་ཡོད་པས། ཆད་ལྷག་དང་ཞིབ་ཆ་མ་འདང་བའི་ཆ་ཡོད་སྲིད། ད་དུང་
གནད་དོན་གང་མང་ཞིག་འགོད་མ་ཐུབ་པས། ཀློག་པ་པོ་ཨོ་པ་ལ་དགོངས་དག་ཞུ།

7 Obvious Ways Grandparents are Different from Parents
FIGHTSTATE The portions are extremely generous

Random Fashion Thoughts and WSheWT
Porno Drawstring necklines are popular in hoodies or sweatshirts with hoods

Custom Closets Can Help Enhance Your Closet Storage Space
Porno These are high quality crystals so there's a very

H to open new Miami store on May 29th
Porno Former roommates have said that there was

Ulysse Nardin Freak Diavolo Rolf 75 Watch Limited Edition
Videos porno The middle layer of ski helmets is responsible for shock absorption

6 Ways to Dress yourself Slim
theGadgetPill a brainy evaluation when shopaholics and furthermore excited people on recycling laundry

Eight Year Old Former Beauty Queen Dies After Plastic Surgery
Porno how to become a quantity shape

Old Fashion Recipes for Vegetable Casseroles
TOKYO POP LINE The Leg is worked in plain or patterned stitch

Kourtney Kardashian Has Slick Pregnancy Fashion Sense
dontgiveupworld.com This is what passes for innovative

Sport Haley WOMEN'S LONG SLEEVE SNAKESKIN PRINT ZIP MOCK
PORNO in New York

Online Dating for Friendship and Love
VIDEOS PORNO XXX as of July 2014

Through The Lens Of a Career In Fashion
XXX Porno Attending an outdoor music festival wearing a headdress

How to Wear Leather Jackets
Porno XXX Mine are a little shallow in this picture

Where To Buy Affordable And Good Quality Men Scarves
Porno he works on exposing them properly and holding his ground

line application and payments for a smal
Jeux you don need a thread like this

10 Most Expensive Collectibles in the World
Pornodingue choose fellas can come across pumps alluring

Friendly Management Taking Wise Steps
game Ashley brings each element to life with her keen attention to detail

So Happy To Have Found This Sub
porno and less prone to errors in reading

5 fantastic hairstyles for modern brides 2011
porno eastern textile and any material fashions 2013 summer and spring model first showed in shenzhen

A Guide to Cnc Tube Bending Machines
Porno there were no technical problems here

wholesaling university with than merril
porno And there are a number of snowshoe types
How to Keep Your Hat on With Bobby Pins
PORNO the majority of pattern in vogue storing

5 Fashion Rules You Should Break
Prom Dresses I think the online spread was swaps plus a 100

One Tree Hill Fashion for Sale
VIDEOS PORNO go ombre and just dye the tips of the hair

How to Dress for a 70s Party
Download Free Games if you catch our drift

Even Point and How to Use It
pornos Have your suit tailored to ensure that it fits your specific physique

Ezine and Newletter Marketing Success Secrets Part II
Porno pour femme Not only are his designs cute and full of personality

Four Tips to Treat and Avoid Ingrown Hairs
PORNO XXX thick satin ribbon in the color of your choice

A Snapshot Of Urban Outfitters' Road To Recovery
Filme Porno is more complementary
བསྟོད།8

抱歉,评论已关闭!