༼བགྲེས་པོ་དང་རྒྱ་མཚོ༽འི་འགྲེལ་སྟངས་ཤིག

ཉྭ་སྲིན་པོ།

དང་པོ། རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།

དེ་ཡང་ཧེ་མེང་བེའུ༼༡༨༩༩—༡༩༦༡༽ནི་ཨ་རིའི་ཀྲུ་ཅ་གོའུ་རུ་སྐུ་འཁྲུངས་ཤིང་།སློབ་འབྲིང་མཐར་ཕྱིན་རྗེས་ཨ་རིའི་ལྷོ་ནུབ་ཀྱི་ཁན་ས་སི་༼སྐར་ཚོམ༽ཚགས་པར་ཁང་དུ་ཟླ་་དྲུག་ལྷག་གི་རིང་ལ་གསར་འགོད་ཀྱི་དངོས་སྦྱོང་བྱས་ལ།དེས་ཕྱོགས་ཡོངས་ནས་ཁོང་ལ་སྦྱོང་བརྡར་མང་པོ་ཐོབ།འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བྱུང་རྗེས་དབྱི་ཐ་ལའི་དམག་འཁྲུག་ཏུ་ཞུགས་ནས་གཡུལ་སའི་རླངས་འཁོར་གྱི་ཁ་ལོ་བ་བྱས།འཐབ་གྲོགས་སྐྱོབ་ཆེད་དུ་ཐེངས་དུ་མར་རྨས་སྐྱོན་ཕོག་ཅིང་ལུས་སྟེང་དུ་རྨ་ཤུལ་༢༣༧ལྷག་བཟོས་ཏེ་ཤི་གསོན་གྱི་སོ་མཚམས་སུ་ལན་མང་ལྷུང་མྱོང་།༡༩༣༧ནས་༡༩༣༨ལོའི་དམག་འཁྲུག་སྐབས་སུ་ཁོ་རང་གཡུལ་སའི་གསར་འགོད་པའི་མིང་ཐོག་ནས་ཞུའུ་པན་ཡའི་ནང་འཁྲུག་ཏུ་ཞུགས་པ་མ་ཟད།ད་དུང་པ་ལི་བཅིངས་འགྲོལ་གཏོང་བ་འི་དམག་འཁྲུག་ལའང་ཞུགས།༡༩༤༠ལོར་ཞུའུ་པན་ཡའི་དམག་འཁྲུག་གི་གནས་བབ་འོག་ཏུ་ཧྥ་ཤི་སིར་བརྒོལ་བའི་སྒྲུང་གཏམ་རིང་མོ༼丧钟为谁而鸣༽ཞེས་པ་བརྩམས་གྲུབ་བྱུང་།འཁྲུག་ཆེན་མཇུག་བསྒྲིལ་རྗེས་དབྱི་ཐ་ལི་སྲིད་གཞུང་གིས་ཁོང་ལ་གཟེངས་རྟགས་ཆེན་པོ་ཕུལ་ཞིང་།རྨས་སྐྱོན་གསོས་པའི་རྗེས་ཀྱི་ཁོང་ཉིད་ཅ་ན་ཏའི་ཏའོ་ལོན་ཏའོ༼སྐར་ཚོམ༽དུ་ཕྱོགས་གཅིག་ནས་གསར་འགོད་ཀྱི་བྱ་བ་གཉེར་ཞིང་།ཕྱོགས་གཅིག་ནས་བརྩམ་སྒྲུང་བྲིས།ལྷག་པར་དུ་རྗེས་སུ་བརྩམས་སྒྲུང་འབྲི་བ་ནི་ཁོང་གི་འཚོ་བའི་སྙིང་བོ་གཙོ་བོར་གྱུར།

བརྩམས་ཆོས་གཙོ་བོར།༼太阳照样升起—1926༽༼永别了,武器—1929༽༼午后之死—1932༽༼非洲的青山—1935༽༼乞力马扎罗的雪—1936༽༼第五纵队—1938༽སོགས་ཀྱིས་མཚོན་པའི་བརྩམས་ཆོས་གྲགས་ཅན་མང་པོ་ཡོད།དེ་ལས་ཀྱང་སྔོན་མ་གཉིས་ནི་རྩོམ་པོ་བོ་ཁོ་རང་མིང་དུ་གྲགས་བྱེད་ཀྱི་བརྩམས་ཆོས་གཙོ་བོ་ཡིན་ལ།༼午后之死—1932༽༼非洲的青山—1935༽༼乞力马扎罗山的雪—1936༽ནི་༡༩༢༨ལོར་ཁོ་རང་པ་ལི་དང་ཁ་བྲལ་ནས་ཨ་རིར་གཏན་སྡོད་བྱས་པའི་སྐབས་སུ་སྔོན་ཆད་ཧྥེ་གླིང་དུ་སོང་བའི་མཐོང་ཐོས་སྐོར་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཡིན།

འདི་རུ་གླེང་གཞི་གཙོ་བོར་གྱུར་བའི་བརྩམས་ཆོས་གྲགས་ཅན༼བགྲེས་པོ་དང་རྒྱ་མཚོ༽ནི་༡༩༥༢ལོར་བརྩམས་གྲུབ་བྱུང་བ་ཡིན་ལ།དེ་ནི་ཁོང་གི་ཚབ་མཚོན་དང་ཤུགས་རྐྱེན་ཆེས་ཆེ་བའི་བརྩམས་ཆོས་སུ་གྱུར་བ་མ་ཟད།༡༩༥༤ལོར་འཛམ་གླིང་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ།

བྱ་དགའ་ཐོབ་རྗེས་ཁོ་རང་འབྱུང་བཞིའི་ན་ཚས་ཀུན་ནས་བཟུང་བས་རྗེས་སུ་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་གང་ཡང་མཛད་མ་ཐུབ།ཡིན་ན་ཡང་ཁོང་གི་མཚན་སྙན་ནི་ཉིན་རེ་བཞིན་ཆེ་རུ་རྒྱས་ཏེ༼དུས་རབས་ཉུ་ཤུ་བའི་འཛམ་གླིང་རྩོམ་རིག་གར་སྟེགས་སྟེང་གི་སྐར་ཆེན༽དུ་གྱུར།

འཁྲུག་ཆེན་གཉིས་གཙོ་བྱས་ཏེ་ཁོང་གིས་མི་ཚེ་གང་བོར་བརྒྱུད་པའི་འཚོ་བ་ནི་ཁ་ལ་བསྐ་བ།མངར་ལ་སྐྱུར་བའི་རོ་བྲོ་སྣ་འཛོམས་ཤིག་ཡིན་པ་དེས་ཁོང་གི་བརྩམས་ཆོས་དག་ཀྱང་ཟུར་དང་སྣེ་མི་འདྲ་བ།ལེབ་དང་གཞོགས་མི་འདྲ་བ་སོ་སོ་ནས་བལྟས་ན་བྲོ་བ་གྱ་ནོམ་པར་གྱུར་བ་རེད།

ཁོང་ནི་འཚོ་བ་དངོས་ཁྲོད་དུ་བརྟན་ཞིང་བརླིང་བ།དཔར་ངར་ཆེ་བ།འཐབ་རྩོད་ལ་དགའ་བ།ཉེན་ཁར་མོས་པ།ལ་རྒྱ་ཆེ་བ་སོགས་གཤིས་ཀ་སྣ་ཚོགས་ལྡན་པའི་མི་ཞིག་ཡིན་པར་འདུག་ལ།དེས་རྗེས་ཀྱི་ཁོང་གི་བརྩམས་སྒྲུང་༼永别了,武器༽ཁྲོད་ཀྱི་ཞང་ལེའུ་དང་༼打不败的人༽ཁྲོད་ཀྱི་ཧྲི་མན་ནུའུ་ཅར༼老人与海༽ཁྲོད་ཀྱི་བགྲེས་པོ་ཟང་ཏུའུ་ཡ་ཀི༼丧钟为谁而鸣༽ཁྲོད་ཀྱི་ཅེ་ཁུ༼乞力马扎罗山的学༽ཁྲོད་ཀྱི་ཧྭ་ལེས་སོགས་མི་སྣ་བཞེངས་སྐྲུན་བྱེད་པར་ཤུགས་རྐྱེན་པོ་ཐེབས་ཡོད་པར་འདུག།

གཉིས་པ། གསར་རྩོམ་གྱི་རྒྱབ་ལྗོངས།

རྩོམ་རིག་ནི་འཚོ་བ་ནས་བྱུང་བ་ཡིན་པས་ན།འཚོ་བས་བསྐྱེད་པའི་འབྲས་བུ་དེར་རྒྱབ་ལྗོངས་ཤིག་ཡོད་པ་ནི་སྨྲ་མི་དགོས་པ་ཡིན།དེ་ཡང་༼བགྲེས་པོ་དང་རྒྱ་མཚོར༽རྒྱབ་ལྗོངས་གཉིས་ཀྱི་ངོས་ནས་ལྟ་དགོས་པར་འདུག་སྟེ།

གཅིག ། བརྩམས་ཆོས་ཀྱི་རྒྱབ་ལྗོངས། ཡང་ན་འཚོ་བས་མཚོན་པའི་བརྩམས་ཆོས།

༼བགྲེས་པོ་དང་རྒྱ་མཚོ༽ཟེར་བའི་སྒྲུང་གཏམ་འདི་ནི་ཕྱོགས་གཅིག་ནས་བདེན་པ་བདེན་དྲང་གི་འཚོ་བ་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཤིག་ཡིན་ཏེ།ཧེ་མེང་བེ་གོའུ་པྭར(古巴)གནས་སྤར་བའི་སྐབས་སུ་ཧྥོ་ཨིན་ཐུག་སི་ཟེར་བའི་ཉ་བ་བགྲེས་པོ་ཞིག་ངོ་ཤེས། ༡༩༣༠ལོར། ཧེ་མེང་བེ་སྡོད་པའི་གྲུ་གཟིངས་དྲག་ཆར་སྤེལ་མའི་འཇིགས་རྔམ་ཁྲོད་དུ་ལུས་པ་ཧྥོ་ཨིན་ཐུག་སིས་བསྐྱབས་པས་རྗེས་སུ་ཁོ་གཉིས་གྲོགས་པོ་བཟང་བོར་གྱུར་ལ།རྒྱུན་པར་མཉམ་དུ་ཉ་རྔོན་པ་སོགས་འབྲེལ་འདྲེས་མང་བར་གྱུར།༡༩༣༦ལོར།ཧྥོ་ཨིན་ཐུག་སིས་ཐག་རིང་རྒྱ་མཚོའི་མཇིངས་སུ་ཉ་ཆེན་པོ་ཞིག་བཟུང་།ཉ་དེ་ཧ་ཅང་ཆེ་ལ་སྟོབས་དང་ལྡན་པས་གྲུ་ཆུང་ཕར་འདྲུད་ཚུར་འདྲུད་བྱས་ཏེ་དུས་ཚོད་མང་པོ་ལུས་ཤིང་།མཐའ་མར་ཡང་ཆུ་སྲིན་གྱི་འཇབ་རྒོལ་ཐེབས་པས་ཡུལ་ལ་ལོག་དུས་བཟུང་ཉའི་རུས་པ་ལས་མེད་པར་གྱུར།ཧེ་མེན་བས་དེ་ནི་བརྩམས་ཆོས་ཀྱི་བརྗོད་བྱ་ལེགས་པོ་ཞིག་ཏུ་མཐོང་།ཡིན་ནའང་ཡུན་རིང་ཞིག་ལ་བརྩམས་ཆོས་སུ་འདྲེན་པའི་དུས་ཚོད་མ་བྱུང་། ༡༩༥༠ལོར།ཁོང་གིས་བརྩམས་ཆོས་འདི་འབྲི་འདོད་དྲག་པོ་སྐྱེས་ཏེ་མགོ་བརྩམས།དེ་དུས་རྩོམ་བྱང་ལ༼བགྲེས་པོ་དང་རྒྱ་མཚོ༽མི་ཟེར་བར༼ད་ལྟའི་རྒྱ་མཚོ༽ཟེར།ཟླ་བརྒྱད་ལྷག་གི་རྗེས་སུ་རྩོམ་བྱང་བརྗེས།དེ་བཞིན་ཉ་བ་རྒན་པོ་ཧྥོ་ཨིན་ཐུག་སིའི་དངོས་བརྒྱུད་འཚོ་བ་རྒྱབ་ལྗོངས་སམ་བརྩམས་ཆོས་ཀྱི་རྒྱུ་ཆར་བདམས་ཤིང་རྩོམ་པ་པོས་རང་གི་སྒྱུ་རྩལ་གྱི་སྨྱུག་ཁ་བཀོད་ནས་བཞེངས་སྐྲུན་བྱས་པ་ཞིག་ཡིན་འདུག།དེ་ཡང་རྩོམ་མཁན་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་འདི༼མཚོན་རྟོགས་རང་ལུགས་པར༽ཁེས་མི་ལེན་པ་ཡང་དོན་དུ་དངོས་མཐོང་མཚོ་བ་ཐད་འབྲི་བྱས་པས་ཨེ་ཡིན་བསམ།ཡིན་ནའང་དེ་ནི་བརྩམས་ཆོས་ཀྱི་རྒྱབ་ལྗོངས་ཆ་ཚང་ཞིག་ཏུ་བརྗོད་མི་རུང་།

གཉིས། བརྗོད་བྱའི་རྒྱབ་ལྗོངས། ཡང་ན་བརྩམས་ཆོས་ཀྱིས་མཚོན་པའི་འཚོ་བ།

རྩོམ་པ་པོ་ཁོང་ནི་འཛམ་གླིང་འཁྲུག་ཆེན་གཉིས་ཀ་བརྒྱུད་མྱོང་མཁན་དང་དམག་འཁྲུག་གི་གདུང་བས་ལས་སེམས་གཉིས་མནར་ནས་ཤི་གསོན་གྱི་སོ་ཁར་སྐྱོད་མྱོང་མཁན་ཞིག་ཡིན་པ་མ་ཟད།གཏན་དུ་དམག་འཁྲུག་ལ་གྱེས་བརྡ་གཏོང་འདོད་མཁན་ཞིག་ཀྱང་ཡིན་ཏེ༼ངས་མི་ཚེ་གང་བོར་དམག་འཁྲུག་མང་པོ་མཐོང་མྱོང་།མ་ཟད་ང་རང་དེ་ལ་གཏིང་ནས་ཞེན་པ་ལོག་ཡོད།འོན་ཀྱང་དམག་འཁྲུག་ལས་ཀྱང་སྡུག་པའི་དོན་དག་མང་པོ་ཡོད།དེ་དག་ལ་མཇུག་འབྲས་ཡག་པོ་ཞིག་གཏན་ནས་མེད།ཁྱོད་རང་ཅི་ལྟར་དམག་འཁྲུག་ལ་སྡང་ན།དེ་བཞིན་གསལ་བོར་རྟོག་ཡོང་།གལ་ཏེ་འཐབ་འཛིང་གི་ཁྲོད་དུ་ལྷུང་ཚེ།རྒྱུ་རྐྱེན་ཅི་ཞིག་བྱུང་ཡང་།ཁྱོད་རང་ངེས་པར་དུ་རྒྱལ་ཐུབ་ངེས།ཁྱོད་རང་ཅིས་ཀྱང་རྒྱལ་དགོས།རྒྱལ་ནས་ཀྱང་དམག་འཁྲུག་སློང་མཁན་དེ་ཚོ་མེད་པར་གཏོང་དགོས་པ་མ་ཟད།ད་དུང་དམག་འཁྲུག་མཇུག་སྒྲིལ་རྗེས་ད་ནི་ཡང་བསྐྱར་དམག་འཁྲུག་མི་འབྱུང་བར་བག་ཟོན་བྱེད་དགོས།༽ འཛམ་གླིང་འཁྲུག་ཆེན་གཉིས་སྔ་རྗེས་སུ་བྱུང་བ་དེས་མི་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་འཕྲོག་སོང་བ་མ་ཟད།དྭ་ཕྲུག་དང་ཡུགས་ས།ནད་ཡམས་སོགས་ང་ཚོས་རྒྱུན་པར་མཐོང་མི་འདོད་པ་དག་མིག་མདུན་དུ་རླབས་རྒྱུན་བཞིན་ཐོལ་གྱིས་ཐོལ་གྱིས་བསྐྱལ་ཡོང་།ད་ནི་སུ་ཞིག་དམག་འཁྲུག་ལ་མི་སྡང་།

རྩོམ་པ་པོ་ཧེ་མེང་བེ་ལ་མཚོན་ན་དམག་འཁྲུག་ནི་ཁོང་གི་མི་ཚེའི་འགྱུར་རླབས་ཡིན་ལ།མི་ཚེའི་འགྱུར་རླབས་དེ་དག་ནི་བརྩམས་ཆོས་མང་པོའི་བརྗོད་བྱར་གྱུར་ཡོད།ཁོང་གི་བརྩམས་ཆོས་ཁྲོད་དུ་དམག་འཁྲུག་དང་དེའི་སྣང་ཚུལ་རྒྱབ་ལྗོངས་སུ་བྱས་པ་མང་པོ་ཡོད།

༼བགྲེ་པོ་དང་རྒྱ་མཚོར༽མཚོན་ན་ཐད་གར་དུ་དམག་འཁྲུག་དང་དེའི་གདུང་བ་རྒྱབ་ལྗོངས་སུ་བྱས་པ་མི་མཐོང་ཡང་།ཟ་དང་ཟུར་ནས་དཔག་ཡོང་ཚེ་དེ་ཡང་རྩོམ་པ་པོས་དམག་འཁྲུག་དུས་སྐབས་སམ་རྙོག་འཛིང་གི་འཚོ་བའི་ཁྲོད་དུ་འཚོ་དགོས་ཚེ་བགྲེས་པོ་ཟིང་ནྭ་ཡྭ་ཀི་ལྟ་བུའི་ཉི་ཤར་ནས་ཉི་ནུབ་དང་ཉི་ནུབ་ནས་ཉི་ཤར་བསུས་ཏེ་ཉ་ཆེན་ལ་ཤི་འཛིང་བྱེད་ཕོད་པའི་དཔའ་ངར་ལྡན་པ།ལ་རྒྱ་ཆེ་བ།བྱ་བ་གང་ལ་ཡང་ལ་ཡོག་མི་བྱེད་པར་ཧུར་ཐག་གིས་མཐའ་འཁྱོལ་བར་བྱེད་པ་ཞིག་ཡིན་དགོས་པ་བྲིས་འདུག་པར་བསམ་ཡང་མི་ཆོག་རྒྱུ་གང་ན་ཡོད།ཡང་གཅིག་བཤད་ན་འདི་ནི་རྩོམ་པ་པོས་དམག་འཁྲུག་དང་ཁོང་གི་མི་ཚེའི་དཀའ་སྡུག་མང་པོ་རྒྱབ་ལྗོངས་སུ་བྱས་ཤིང་དེའི་མཐོང་ཐོས་དང་བློ་སྐྱེད་ཀྱིས་དངོས་ཡོད་འཚོ་བ་མཚོན་ཕྱིར་དུ་བརྩམས་ཆོས་དེ་འདྲ་ཞིག་རྣམ་དཔྱོད་ཀྱིས་བཞེངས་སྐྲུན་བྱས་པར་བསམ།

བགྲེས་པོ་ཟིང་ན་ཡ་ཀི་ནི་སྐྱོ་གར་སྙིང་སྟོབས་ཀྱི་བསྡུས་གཟུགས་ངོ་མ་ཞིག་རེད་ལ། ཉ་ཆེན་གྱི་རུས་སྒྲོམ་ནི་སྙིང་སྟོབས་ཀྱི་མཚོན་གཞི་ཡིན་སྟེ།ཆུ་སྲིན་གྱི་རྒོལ་བས་ཅི་ལྟར་གཙེས་ཀྱང་།ཚོ་ལ་མངར་བའི་ཕྱིའི་ཤ་ཁྱེར་བ་ལས་བརྗིད་ཆེ་བའི་རུས་སྒྲོམ་ལ་ཅི་ཡང་བྱེད་མ་ཐུབ།དེས་ནི་འཚོ་བའི་ཕམ་ཁ་གཏན་ནས་ཕམ་ཁ་མིན་པ་དང་རྒྱལ་ཁའང་གཞི་ནས་རྒྱལ་བ་མ་ཡིན་པའི་རྒྱལ་ཕམ་སྐྱ་འཐབ་པའི་གནས་ལུགས་ངོ་མ་ཞིག་སྟོན་གྱིན་པར་འདོད།མདོར་ན།བགྲེས་པོ་ཟིང་ཏིའུ་ཡ་ཀིའི་འཚོ་བ་ནི་སྐྱོ་གར་ཞིག་ཏུ་གྲུབ་མོད།ཁོས་དཔའ་ངར་ཆེན་པོས་དེ་དག་སྙིང་སྟོབས་ཀྱི་འབྱུང་གཞིར་བསྒྱུར་བ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།

གསུམ་པ། བརྩམས་ཆོས་ལས་མངོན་པའི་བརྗོད་དོན་འགྲེལ་བ།

དེ་ཡང་བགྲེས་པོ་ཟིང་ཏི་ཡྭ་ཀིའི་མི་ཚེ་ཞིབ་བརྗོད་བྱས་པ་ཡིན་ནའང་འདྲ།རྩོམ་མཁན་ཧེ་མེང་བེའི་མི་ཚེའི་རིན་ཐང་ལྟ་བ་ཡིན་ནའང་འདྲ།༼བགྲེས་པོ་དང་རྒྱ་མཚོ༽ཞེས་པའི་བརྩམས་སྒྲུང་འདི་ཕྱོགས་མང་པོ་ནས་གླེང་ཆོག་ལ་དེ་ཡང་རྩོམ་རིགས་མཐའ་དཔྱོད་པ་མང་པོས་གླེང་དང་གླེང་མུས་སུ་འདུག། ཡིན་ཙང་ཀློག་མཁན་ཁོ་བོར་མཚོན་ན་བརྩམས་སྒྲུང་འདི་བརྗོད་བྱའི་ཐད་ནས་སྐྱོ་གར་དུ་གྲུབ་འདུག་ཅིང་།བརྗོད་སྙིང་གི་ཆ་ནས་སྙིང་སྟོབས་ཞེས་པའི་ཚིག་འབྲུ་གཉིས་ལ་འབྲེལ་ནས་འདུག་པར་བསམ།

དང་པོ་སྐྱོ་གར་གླེང་བར་བྱ་སྟེ།

མི་ཚེའི་འགྲུལ་བཞུད་གྱི་ལམ་ཐག་རིང་མོར་སྐྱོ་གར་སྣ་ཚོགས་འབྱུང་སྲིད་པ་འཚོ་བའི་བདེན་པར་གྲུབ་མོད།འོན་ཀྱང་འདི་ནི་སྐྱོ་གར་རང་ག་བ་ཞིག་མ་ཡིན་ཏེ།བགྲེས་པོས་ཉིན་༨༤ནང་ཉ་གཅིག་ཀྱང་འཛིན་མ་ཐུབ་པར་ཐོ་རེངས་ཙམ་ནས་རྒྱ་མཚོར་ཆས་ཏེ་ཉི་ནུབ་ཏུ་གྲུ་ཆུང་སྟོང་བར་ཡུལ་ལ་ལོག་ཡོང་གིན་ཡོད་ཅིང་།དེ་ཡང་ཉི་མ་གཅིག་ལ་ཉ་མ་ཟིན་ན་ཆོག།ཉི་མ་གཉིས་ལ་ཉ་མ་ཟིན་ནའང་ཆོག།དེ་བཞིན་ཉི་མ་བཞི་དང་ལྔའང་ཅིས་མི་ཆོག།འོན་ཀྱང་བསྟུད་མར་ཉིན་༨༤ལ་ཉ་གཅིག་ཀྱང་འཛིན་མ་ཐུབ་པ་ནི་ཉ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་བགྲེས་པོ་ཁྱིམ་སྟོང་ཞིག་ལ་མཚོན་ན་ཅི་འདྲའི་སྐྱོ་དགོས་པ་ཞིག་རེད་ཨང་།འོན་ཀྱང་བརྩམས་ཆོས་འདིའི་སྐྱོ་གར་ངོ་མ་དག་སྔོན་གྱི་ཉིན་༨༤ནང་དུ་མེད་དེ།ཡུན་རིང་ཉ་མ་ཟིན་པར་ཉིན་༨༥བར་མི་ཚེ་གང་བོར་འཛིན་རྒྱུ་ཕར་ཞོག་ཐ་ན་མཐོང་ཡང་མ་མྱོང་བའི་ཉ་ཆེན་ཞིག་བཟུང་བ་ནས་གཏམ་རྒྱུད་འདིའི་སྐྱོ་གར་གྱི་མགོ་བརྩམས་སོང་།སྤྱིར་ན་ཉ་ཆེན་འདི་བཟུང་བ་ནི་བགྲེས་པོའམ་ཡང་ན་རྩོམ་མཁན།ཐ་ན་ཀློག་པ་པོ་ཞིག་ལ་མཚོན་ནའང་ཅི་འདྲའི་དགའ་ཀྲོག་གེར་འགྲོ་བ་ཞིག་རེད་ཨང་།ཡིན་ཙང་ཏག་ཏག་སྐྱོ་གར་ནི་མ་བསམ་ས་རུ་མགོ་བརྩམ་ནས་འོང་བ་འདི་བློ་ལ་མི་ཤོང་བ་ཞིག་ཡིན་འདུག།ཉིན་༨༥བའི་ཉིན་གུང་དུ་བགྲེས་པོས་ཉ་ཆེན་དེ་བཟུང་བ་ནས་ཉིན་༨༦པ་དང་ཉིན་༨༧པའི་ཆུ་ཚོད་བཅུ་གཅིག་ཡས་མུས་སུ་བགྲེས་པོ་རྒྱ་མཚོའི་ཀློང་ནས་ཉ་ཆེན་གྱིས་ཕར་འདྲུད་ཚུར་འདྲུད་བྱས་ཏེ་ཉམས་ཐག་པར་བཟོས་ལ།རྗེས་སུའང་ཆུ་སྲིན་གྱི་འཐབ་རྒོལ་དུ་མའི་ཁྲོད་ནས་ཡུལ་ལའང་ལོག་དཀའ་བར་བཟོས།ཐ་ན་ཡུལ་ལ་ལོག་དུས་སུ་ཉིན་གསུམ་གྱི་དཀའ་སྡུག་དང་འཐབ་རྩོད།ལ་རྒྱ་དང་སྙིང་སྟོབས་ཀྱིས་བཟུང་བའི་རིང་ཚད་ལ་དབྱིན་ཁྲི༡༨ཅན་གྱི་ཉ་ཆེན་དེ་རུས་པའི་སྒོམ་ལས་ལྷག་མེད་པར་གྱུར།འདི་ནི་བརྩམས་ཆོས་འདིའི་བརྗོད་བྱ་རེད་ལ། དོན་རྐྱེན་དང་མཇུག་འབྲས་ཀྱི་ཆ་འམ།ཡང་ན་ཉ་ཟིན་དང་མ་ཟིན་པའི་བར་གང་ནས་བལྟས་ཀྱང་འདི་ནི་སྐྱོ་གར་དང་ཕམ་ཁ་ཞིག་ཏུ་གྲུབ་ཚར་འདུག།མདོར་ན་འདི་ནི་ཀློག་མཁན་ཁོ་བོས་བརྩམས་ཆོས་འདི་བརྗོད་བྱའི་ཆ་ནས་སྐྱོ་གར་རེད་ཟེར་བའི་རྒྱུ་མཚན་ཡང་ངོ།

གཉིས་པ་སྙིང་སྟོབས་གླེང་བ་ནི།

དེ་ཡང་རྒྱུན་པར་སྙིང་སྟོབས་ཟེར་བ་ནི་རྒྱལ་ཁའི་འབྲས་བུ་དང་ཕམ་ཁ་མེད་པ་ཙམ་ལ་ཟེར་རྒྱུ་མིན་ཏེ།སྙིང་སྟོབས་ནི་བྱ་ལས་ཙག་ཙིག་གང་དང་གང་ལ་འཇུག་ཀྱང་དེར་འཛིན་པའི་གཟི་བརྗིད་ཀྱི་རྣམ་འགྱུར་དང་།དོན་ཅི་དང་གང་ལ་ཕྲད་ཀྱང་རང་གི་མི་མཐུན་ཕྱོགས་ལ་མི་བསྟུན་པའི་དཔའ་གདེངས་ཀྱིས་རང་གི་བདེན་པ་དང་འཚོལ་སྙེག་མངོན་པར་འདེགས་པ་དག་ལ་བརྗོད་པ་ཡིན།བགྲེས་པོ་ཟིང་ཏི་ཡྭ་ཀིའི་གཤིས་ཀ་དང་བྱ་བྱེད་ལས་མངོན་ཞིང་བརྩམས་ཆོས་འདིའི་བརྗོད་བྱའི་ལྟག་རྒྱབ་ཀྱི་ཁམས་སུ་ཏག་ཏག་དེ་འདྲའི་སྙིང་སྟོབས་ཤིག་གིས་ཀུན་ནས་གཏམས་ཡོད་དེ།ལྷག་པར་དུ་བགྲེས་པོ་ཉ་ལ་འཐབ་པ་དང་ཆུ་སྲིན་ལ་འཛིང་བའི་གོ་རིམ་ཁྲོད་དུ་གང་དང་ཅི་ལའང་མགོ་མི་སྒུར་ཞིང་བསྟུན་པར་མི་འདོད་པའི་སྙིང་སྟོབས་དང་བརྟན་བརླིང་གི་གཤིས་ཀ་དག་མངོན་པར་ཤར་ཡོད།༼མི་ནི་ཕམ་ཁའི་ཆེད་དུ་འཇིག་རྟེན་དུ་འཚོ་བ་མིན་ལ།མི་ཞིག་གཞན་གྱིས་འཇོམས་པར་ནུས་ཀྱང་།གཏན་དུ་ཕམ་པར་འཇོག་མི་ཐུབ།༽འདི་ནི་བགྲེས་པོའི་སྙིང་སྟོབས་ཀྱི་ཞུན་ལས་བྱུང་བའི་མི་ཚེའི་གདམས་ངག་རེད་ལ།ཉ་དང་ཆུ་སྲིན་གྱི་རྒོལ་བ་རླབས་རྒྱུན་བཞིན་ཐོན་ཡང་ཁོང་གིས་དཔའ་སྤོབས་ཀྱི་སྙིང་སྟོབས་འདིས་གདོང་གཏད་ཀྱིན་ཡོད།ནམ་རྒྱུན་འཚོ་བའི་ཁྲོད་དུ་བགྲེས་པོ་བཞིན་བརྗིད་ཆེ་བའི་སྙིང་སྟོབས་ཀྱི་གདམས་ངག་འདོན་མཁན་མང་མོད།བགྲེས་པོ་བཞིན་དངོས་ཡོད་ཀྱི་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་རྒྱུན་འཁྱོང་ནུས་མཁན་ཤིན་ཏུ་ཉུང་བ་རེད།དེ་ཡང་བགྲེས་པོ་དེ་བགྲེས་པོ་རང་ག་བ་ཞིག་མིན་པའི་རྒྱུན་རྐྱེན་ཡང་མ་ཡིན་ནམ།མ་ཟད་དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི་བགྲེས་པོ་ཅི་ལྟར་འཐབ་འཛིང་གི་སོ་ཁར་ལྷུང་ཡང་དེ་ལ་ཨུ་ཐུགས་དང་སྐྲག་སྣང་།ཡིད་ཆད།སྐྱོ་བ།འཚུབ་ཆ་མེད་པར་འཐབ་རྩོད་ཀྱི་སྤོབས་པས་ཁེངས་ཀྱིན་འདུག་པ་དེ་རེད།༼ང་ཁོ་ཚོར་འཆི་རག་ཏུ་འཐབ་རྒྱུ་ཡིན༽ཡང་ན༼དཀའ་སྡུག་ནི་སྐྱེས་ཕོ་རབ་ཅིག་ལ་མཚོན་ན་ཅི་ཡང་མ་ཡིན༽༼ཉ་ལགས།ང་ཁྱོད་ལ་དགའ།མ་ཟད་ངས་ཁྱོད་ལ་སྙིང་ནས་བཀུར།འོན་ཀྱང་ས་མ་རུབ་པའི་སྔོན་དུ་ངས་ཁྱོད་ངེས་པར་གསོད་དགོས༽ཟེར་བ་ལྟ་བུ། དེ་བཞིན་བགྲེས་པོའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དོན་དག་མཐའ་དག་ལ་གདོང་གཏད་ཀྱིན་ཡོད།༼བརྩམས་ཆོས་ཀྱི་བྱེ་བྲག་ཚིག་ལ་ཤོས་ནས་བརྗོད་ཚེ་བགྲེས་པོས་ཡང་ཡང་བུ་ཆུང་དྲན་པ་དང་ཆུ་སྲིན་བསྟུན་མར་ཐོན་པས་འཚུབ་ཆ་ལངས་པ་རེ་འགའ་ཡང་ཡོད་མོད།དེ་དག་ནི་བགྲེས་པོའི་ཞིབ་ཕྲའི་བྱ་བྱེད་དང་སེམས་ཁམས་འབྲི་བའི་རྐྱེན་དང་གྲོགས་ཙམ་ལས་བརྩམས་ཆོས་ཀྱི་ཁམས་ཧྲིལ་བོ་ལ་བརྗོད་མི་རུང་བར་འདོད།༽

ཧེ་མེང་བེའི་སྨྱུག་འོག་གི་མི་སྣ་གཙོ་བོ་ནི་ཁོ་རང་ཉིད་དམ།ཡང་ན་ཁོང་གི་ཕུང་བོའི་སྟེང་གི་ཆེས་འབུར་ཐོན་གྱི་ཁྱད་ཆོས་དག་ཡིན་པར་བསམ།རྩོམ་མཁན་ཁོ་རང་འཁྲུག་ཆེན་སྣ་ཚོགས་ཀྱི་ཁྲོད་ལུས་སྟེང་དུ་རྨ་ཤུལ༢༣༧ལྷག་བཟོས་ཀྱང་ཤི་གསོན་གྱི་སོ་ཁ་ནས་ཐོན་པ་བཞིན།ཡང་ན་བགྲེས་པོ་ཟིང་ཏི་ཡྭ་ཀི་རྒྱ་མཚོའི་མཇིངས་ནས་ཉ་དང་ཆུ་སྲིན་གྱི་འཐབ་འཛིང་བགྲང་མེད་ལ་བརྒོལ་ཏེ་ཐོན་པའི་གཞན་དྲང་མི་འཇོག་པའི་གཟི་བརྗིད་ཀྱི་སྙིང་སྟོབས་དག་རྩོམ་པ་པོས་འཚོ་བའི་རྙོག་འཛིང་ལ་བྱིངས་དང་བྱིང་མུས་ཀྱི་ང་ཚོར་དེ་འདྲའི་སྙིང་སྟོབས་དང་འཚོ་བའི་རྣམ་འགྱུར་འཛིན་དགོས་པར་བརྗོད་པའམ་སྙིང་སྟོབས་ཞེས་པའི་ཚིག་འབྲི་གཉིས་ཀྱི་དོན་དམ་གྱི་སྙིང་བོ་ཁྲིད་ཀྱིན་པ་འདྲ།

ཡང་ན་༼བགྲེས་པོ་དང་རྒྱ་མཚོ༽བརྩམས་གྲུབ་གནང་བའི་དུས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྨྱོ་ཧམ་དང་འཁྲུག་ཟིང་གི་དུས་སྐབས་ཡིན་ལ།དེ་དུས་སུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་མི་རྣམས་འཚོ་བ་དང་མ་འོངས་པར་ཡིད་ཆད་དང་སྐྱོ་བས་ཁེངས་ཤིང་ཉམས་ཐག་གི་གསོན་པའི་འདུ་ཤེས་ཀྱིས་ཡོངས་སུ་ཟིན་ཡོད་པས། རྩོམ་པ་པོས་བགྲེས་པོ་ཟིང་ཏིའུ་ཡྭ་ཀི་ལ་བསྟེན་ནས་གནས་བབ་དེ་དག་གི་གདོང་དུ་སེང་གེ་བཞིན་གད་རྒྱངས་བསྒྲག་ཅིང་བག་འཁུམས་དེ་དག་དང་གཏན་དུ་གྱེས་འདོད་པའི་བསམ་པ་མཚོན་ཡོད་པར་སྣང་།ཡང་རྩོམ་རིག་མཐའ་དཔྱོད་པ་ལ་ཤོས་ཀྱིས་བགྲེས་པོ་དང་ས་སྲོད་ནི་རེ་ཆད་དང་ཉམས་རྒུད་མཚོན་བྱེད་ཀྱི་ཡིད་གཟུགས་སུ་བཞག་ནས་བགྲེས་པོ་དེ་ཡོངས་སུ་ཕམ་ཟིན་པར་བརྗོད་མཁན་ཡང་ཡོད་མོད།དོན་དུ་བརྩམས་ཆོས་ཞིབ་ཀློག་དང་ཞིབ་དཔྱོད་བྱས་པའི་ཚེ་ན་དེ་འདྲ་མིན་པར་འདུག།འོ་ན་རྩོམ་པ་པོས་བརྩམས་ཆོས་ཀྱི་ཁྲོད་དུ་མི་སྣ་གང་ཡང་དྲངས་ཆོག་མོད་ཅིས་ཕྱིར་དེ་འདྲའི་བྱིས་པ་ཞིག་བཞེངས་སྐྲུན་བྱས་པ་ཡིན་ནམ།མ་ཟད་ད་དུང་ཡང་ཡང་རྨི་ལམ་དུ་སེང་གེ་ལྟ་བུའི་སྙིང་སྟོབས་དང་རེ་བའི་མཚོན་བྱེད་དག་དྲངས་པ་ཡིན་ནམ།དེ་ཡང་དཔྱོད་དགོས་པར་འདུག་པ་ཞིག་རེད།

མདོར་ན་རྩོམ་པ་པོས་གང་འབྲི་བར་བྱ་བའི་བརྗོད་བྱའི་ངོས་ནས་༼ཕམ་པར་གྱུར་བའི་བགྲེས་པོ༽ཞིག་བྲིས་ཏེ་བརྗོད་བྱའི་ལྟག་རྒྱབ་ཀྱི་བརྗོད་སྙིང་དུ༼ཀྲོང་བོར་འགྲེང་བའི་སྙིང་སྟོབས༽ཤིག་བཞེངས་འདུག།སྐྱོ་གར་གྱི་བརྗོད་བྱ་ཞིག་ནས་སྙིང་སྟོབས་ཀྱི་བརྗོད་སྙིང་ཤིག་བཞེངས་པ་ནི་རྒྱུ་འབྲས་ལྡོག་པ་དང་གནས་ལུགས་འཁྱོལ་བ་ལྟ་བུར་སྣང་ཡང་།དེ་ལྟར་གསོན་ཉམས་ལྡན་པར་བཞེངས་པ་ནི་རྩོམ་པ་པོ་རྣམ་དཔྱོད་དང་སྒྱུ་རྩལ་ལ་ཀུན་ནས་བྱང་བའི་རྟགས་སུ་ཁོ་བོས་མཐོང་ངོ།

བཞི་བ། མི་སྣའི་སྣང་བརྙན་དང་བརྩམས་ཆོས་ཀྱི་མཛེས་པ།

བརྩམས་ཆོས་གང་ཞིག་ཡིན་ཡང་དེར་རང་རང་སོ་སོའི་མཛེས་པ་མངོན་སྟངས་རེ་ཡོད་དེ།ལ་ཤས་ཀྱིས་མི་སྣའི་གཤིས་སྤྱོད་ལས་མཛེས་པ་མངོན་པར་བྱེད་པ་དང་།ལ་ཤས་ཀྱིས་བརྗོད་བྱའི་ཐད་དུ་མངོན་པར་བྱེད་པ།ཡང་ལ་ཤས་ཀྱིས་བྱུང་རིམ་ཁྱད་མཚར་ཅན་གྱིས་མཛེས་པ་མངོན་པར་བྱེད་པ་སོགས་རྩོམ་མཁན་སོ་སོར་རང་རང་གི་རྩོམ་འབྲིའི་ཁྱད་ཆོས་ཡོད་ལ་དགོས་ཀྱང་དགོས།

སྤྱིར་བརྩམས་ཆོས་ཀྱི་མཛེས་པ་ཞེས་པ་དེ་ཅུང་བརྗོད་ཁག་པོ་ཞིག་རེད་ལ།བརྗོད་ཁག་པོ་ཡིན་དོན་ཡང་གཙོ་བོ་བརྩམས་ཆོས་གང་དེར་ཞིབ་ཕྲའི་དབྱེ་ཞིབ་བྱས་འོང་ཚེ།མཛེས་པ་ནི་འདིའོ།ཀན་ནོ་ཞེས་རྡོག་རྡོག་ཅིག་ཏུ་ངེས་འཛིན་མི་ཐུབ་པས་ཡིན།འོན་ཀྱང་བཀླགས་ཚར་རྗེས་སུ་ཀློག་མཁན་ལ་དགའ་སྐྱོ་ཆགས་སྡང་སོགས་སེམས་བྱུང་ཟབ་མོ་ཞིག་བཞག་ཡོང་བ་ནི་མཛེས་པའི་མངོན་སྟངས་ཤིག་ཏུ་གྲུབ་ཡོད།བརྩམས་ཆོས་ལེགས་པོ་ཞིག་བཀླག་པས་ན་དེས་རང་ཉིད་ལ་ཅི་ཞིག་དྲན་དུ་བཅུག་པའམ།ཅི་ཞིག་བཤད་འདོད་སྐྱེས་པ།ཅི་ཞིག་རྟོགས་སུ་བཅུག་པ་ལྟ་བུའི་སེམས་བྱུང་སྣ་ཚོགས་འབྱུང་ལ།རྗེས་སུ་བརྩམས་ཆོས་དེ་ཡལ་བ་མེད་པར་རང་གི་འཚོ་བའི་ཆ་ཤས་སུ་འགྱུར་བ་ལྟ་བུའང་ཡོད།དེ་བཞིན་གང་ཞིག་བཀླགས་པས་ཚེ།དགའ་ན་རང་གི་སྣང་ངོར་དགའ་བར་འཐིམ་པ་དང་།སྐྱོ་ན་རང་གི་སྣང་ངོར་སྐྱོ་བར་འཐིམ་པ།ཡང་ན་དགའ་སྐྱོ་འདྲེས་མའི་རོ་བྲོ་ཕུན་སུམ་ཚོགས་པ་སོགས་བརྩམས་ཆོས་མི་གཅིག་པའི་མཛེས་པ་མངོན་སྟངས་ཀྱང་མི་གཅིག་པ་ཡིན།གང་ལྟར་བརྩམས་ཆོས་ཀྱི་མཛེས་པའི་ནུས་སྟོབས་ཀྱིས་བརྩམས་ཆོས་གང་དེའི་ཚེ་སྲོག་ཀྱང་ཐག་གཅོད་ཀྱིན་ཡོད། ལྷག་པར་དུ་གཞུང་ལུགས་ཀྱིས་སྡོམ་དཀའ་བ་ནི་བརྩམས་ཆོས་ཀྱི་མཛེས་པ་རྨ་མེད་པ་ཞིག་ཏུ་འདོད།འོན་ཀྱང་དེ་དག་ནི་སྤྱིའི་འཕྲོས་བཤད་ཙམ་ཡིན།

འདི་རུ་གླེང་བར་བྱ་བའི་༼བགྲེས་པོ་དང་རྒྱ་མཚོར༽མཚོན་ན།བརྩམས་ཆོས་ཀྱི་མཛེས་པ་དེ་གཙོ་བོ་མི་སྣའི་ཞིབ་འབྲིའི་སྟེང་དུ་ཡོད་པར་འདོད་ལ།འདི་ནི་ང་ཚོས་རྒྱུན་པར་མཐོང་བའི་བརྩམས་ཆོས་གཞན་དག་དང་མི་འདྲ་བར་བྱུང་རིམ་གྱིས་ཡིད་འཕྲོག་པ་དང་དོན་རྐྱེན་གྱིས་ཡིད་འཕྲོག་པ་ཞིག་མིན་མོད།མི་སྣའི་བྱ་བྱེད་དང་སེམས་ཁམས།སྐད་ཆ་བཅས་ཀྱི་ཐད་དུ་མཛེས་པ་ཕུན་སུམ་ཚོགས་པ་ཞིག་འདུག། མཛེས་པ་དེ་ཡང་གཙོ་བོ་རྩོམ་པ་པོས་ཉ་མ་ཟིན་པའི་སྐབས་ཀྱི་རྒན་པོའི་སྟེང་དུ་མངོན་པར་བྱས་མེད་ལ།ཉིན་༨༥བར་ཉ་ཟིན་པ་ནས་ད་གཟོད་རྒན་པོའི་བྱ་བྱེད་དང་སེམས་ཁམས་སོགས་ཀྱི་མཛེས་པ་དེ་རྩོམ་ཧྲིལ་བོའི་མཛེས་པར་གྲུབ་པར་བྱས་འདུག།

ཧ་ཅང་ཁྱད་མཚར་བ་ཞིག་ནི་རྩོམ་པ་པོས་མི་སྣའི་གདམས་གསེས་ཀྱི་ཁྲོད་དུ་གཞན་གང་ཡང་མ་འདེམ་པར་ལོ་ན་བགྲེས་པའི་རྒན་པོ་ཞིག་གདམས་དགོས་སོང་བ་དེ་རེད། རྗེས་སུ་ཡང་ཁོས་བཟུང་བའི་ཉ་དེ་གཞན་གང་ཡང་མ་གདམས་པར་དབྱིན་ཁྲི་༡༨ལྷག་ཡོད་པའི་ཉ་ཆེན་ཞིག་ཡིན་དགོས་སོང་བ་རེད།ཡང་མཐའ་མར་རྒན་པོ་ཕྱིར་ལོག་པའི་ལམ་བར་དུ་ཅིའི་ཕྱིར་ཆུ་སྲིན་དེ་འདྲ་ཞིག་ལ་འཕྲད་དེ་ཁོའི་ཟླ་གཅིག་གི་ཁ་ཟས་སུ་འདང་བའི་ཉ་ཆེན་དེ་མཐར་མར་རུས་པའི་སྒྲོམ་དུ་བཅུག་པ་རེད།འདི་ནི་དོན་དམ་དུ་བརྩམས་ཆོས་ཀྱི་མཛེས་པའི་ས་བོན་རེད། འདི་ནི་རྩོམ་མཁན་རང་ག་བ་ཞིག་གི་བློ་ངོར་འཁོར་མི་སྲིད་ལ།ཧེ་མེང་བེས་འདི་འདྲི་རྒྱུ་ཆའི་གདམས་གསེས་ཕུན་སུམ་ཚོགས་པ་ཞིག་བཀོད་མཐར།མཐའ་མར་ཡང་རྒན་པོ་དང་ཉ།ཆུ་སྲིན་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱས་པའང་གཞན་ཡིད་དུ་འཁོར་མི་སྲིད་པ་ཞིག་བྱས་ཡོད་པ་འདི་ནི་དོན་དམ་གྱི་བརྩམས་ཆོས་ཀྱི་མཛེས་པ་ག་ལ་མིན།

འདི་ནི་བརྩམས་ཆོས་འདིའི་སྤྱིའི་མཛེས་པ་རེད་ལ།མཛེས་པ་འདི་ཡང་རྒྱུ་མེད་པར་བྱུང་བ་ཞིག་ག་ཡིན།སྔོན་དུ་གླེང་སོང་བ་བཞིན་འདི་དག་ནི་གཙོ་བོ་མི་སྣའི་ཞིབ་འབྲིའི་སྟེང་དུ་ཡོད་པས་ད་ནི་མི་སྣ་གཙོ་བོ་རྒན་པོ་ཟང་ཏིའུ་ཡ་ཀི་སྟེང་དུ་གླེང་བར་བྱ།

རྒན་པོ་ཟིང་ཏིའུ་ཡ་ཀི་ནི་ཧེ་མེང་བས་བརྩམས་ཆོས་སྣ་ཚོགས་ཀྱི་ཁྲོད་དུ་བཞེངས་བསྐྲུན་བྱས་པའི་མི་སྣ་ཆེས་ལེགས་འགྲུབ་བྱུང་ཡོད་པ་དང་གཤིས་ཀ་ཅན་དེ་ཡིན་པར་འདུག།ཡང་ན་དཔའ་བོ་དང་ཁོར་ཡུག་འཐབ་པའི་ཁྲོད།ཁོང་ནི་ཕམ་ཟིན་པའི་དཔའ་བོ་ཞིག་རེད་ལ།ཕམ་ཁར་གདོང་གཏད་པའི་སྙིང་སྟོབས་ཀྱི་ཐད་ནས་ཁོང་ནི་ཕམ་ཁ་ལས་རྒྱལ་སོང་བ་ཞིག་ཀྱང་རེད།

དཔའ་སྙིང་ཅན་གྱི་རྒན་པོ་འདི་དཀའ་སྡུག་ལ་གདོང་གཏད་ཕོད་པ།རྒྱུན་རིང་ལ་ངང་ཐུང་མ་ཡིན་པ།ལ་རྒྱ་ཆེ་བ།ཉེན་ཁར་དགའ་བ།ཕམ་ཁར་མགོ་མི་སྒུར་བ་བཅས་གཤིས་ཀ་གཙོ་བོ་འགས་གྲུབ་འདུག།གཤིས་ཀ་འདི་དག་གིས་ཁོས་ཉ་འཛིན་པའི་ཐོག་མཐའ་བར་གསུམ་དང་ཡང་ན་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་གང་ཐད་དུ་ཤོག་བུ་སྣུམ་ཟས་བཞིན་དུ་སོང་འདུག།དེ་དག་ནི་གཙོ་བོ༼དཀའ་སྡུག་ནི་སྐྱེས་ཕོ་རབ་ཅིག་ལ་མཚོན་ན་ཅི་ཡང་མ་ཡིན༽དང་༼ཀ་ཡེ་ཉ་ལགས།ང་རང་ཁྱོད་ལ་ཧ་ཅང་དགའ།དེ་བཞིན་ཁྱོད་ལ་སྙིང་ནས་བརྩི།འོན་ཀྱང་ ནམ་མ་ལངས་སྔོན་ལ་ངས་ཅིས་ཀྱང་ཁྱོད་གཟོད་དགོས༽ཡང༼མི་ནི་ཕམ་ཁའི་ཆེད་དུ་འཇིག་རྟེན་དུ་འཚོ་བ་མིན་ལ།མི་ཞིག་གཞན་གྱིས་འཇོམས་པར་ནུས་ཀྱང་།གཏན་དུ་ཕམ་པར་འཇོག་མི་ཐུབ།༽ལྟ་བུ་ལས་རྒན་པོའི་གཤིས་ཀ་དེ་དག་རྟག་ཏུ་མངོན་གྱིན་ཡོད། ཡང་གཅིག་བཤད་ན་གཤིས་ག་དེ་དག་ནི་རྩོམ་པ་པོ་ཧེ་མེང་བེ་ཁོ་རང་དངོས་སུ་བརྒྱུད་པའི་འཚོ་བའི་ཁྲོད་ཀྱི་སྦྱོང་བརྡར་ལས་ཐོན་ཞིང་ཁོ་རང་གི་གཤིས་ཀ་ཡིན་ཡང་སྲིད།གང་ལྟར་འདི་དག་གིས་ད་གཟོད་བརྩམས་ཆོས་ཧྲིལ་བོའི་མཛེས་པ་གྲུབ་པར་བྱས་ཡོད་པར་ཁོ་བོས་འདོད།

གཞན་ཡང་བརྩམས་ཆོས་ཁྲོད་དུ་བུ་ཆུང་ལ་ཁ་བརྡ་བྱེད་དུས་༼ང་རང་ཁྱོད་ཀྱི་ལོ་ཚོད་འདིར་ཡོད་དུས།ཧྥེ་གླིང་དུ་སྐྱོད་པའི་གྲུ་གཟིངས་ཤིག་གི་སྟེང་དུ་ཉ་རྔོན་གྱིན་ཡོད།༽ཞེས་པ་ལས་བརྩམས་ཆོས་ཁྲོད་དུ་ཁོའི་ཕ་མ་དང་སྐྱེ་ཁུངས་སོགས་གླེང་མི་འདུག། ད་དུང༼ཁང་བའི་ནང་དུ་མལ་ཁྲི་གཅིག་དང་མདུན་ཅོག་གཅིག་།རྐུབ་སྟེགས་གཅིག་་་་༽སོགས་བྲིས་པ་ལས་དབུལ་ཞིང་འཕུང་བའི་ཁོའི་འཚོ་བའི་ཆ་ཤས་ཤིག་མཐོང་ཐུབ།

གཞན་ཡང་༼བྱེའུའི་འཚོ་བ་ང་ཚོ་ལས་ཀྱང་སྡུག་པོ་རེད།༽ལྟ་བུ་དང༼༨༥ནི་བཀྲ་ཤིས་པའི་གྲངས་ཀ་ཞིག་རེད༽ལྟ་བུ།ཡང་༼རྒྱ་མཚོ་ནི་བྱམས་བརྩེ་ལྡན་པ་ཞིག་དང་མཛེས་པས་ཕྱུག་པ་ཞིག་རེད༽༼ཁོང་ནི་རུས་སྦལ་དང་སྦལ་གཅོང་ལ་དགའ་ལ་དེ་ཚོའི་དྭག་གཙང་གི་བྱ་སྤྱོད་དགའ༽ལྟ་བུའི་བརྩམས་ཆོས་ཁྲོད་ཀྱི་མཚོན་སྟོབས་ཅན་གྱི་བྱ་བྱེད་བྱེ་བྲག་པའམ་ཟུར་འདེགས་སྐད་ཆ་དག་ལས་ཁོའི་གཤིས་ཀ་དང་དགའ་ཕྱོགས་སོགས་ཀྱི་སྤྱིར་བཏང་བའི་ཟུར་གཞན་དག་ཀྱང་མཐོང་ཐུབ་པར་འདོད།

ལྔ་བ། སྒྱུ་རྩལ་གྱི་ཁྱད་ཆོས།

བརྩམས་ཆོས་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི།

གཅིག།མཚོན་བྱེད་རང་ལུགས་ཀྱི་འབྲི་ཐབས་སྤྱད་པ།

བརྩམས་ཆོས་ཀྱི་ཁྲོད་དུ་བང་རིམ་མང་པོའི་མཚོན་བྱེད་རང་བཞིན་གྱི་ནང་དོན་འདུས་ཡོད་དེ།དཔེར་ན་ཉ་མར་ལེན་གྱིས་མི་ཚེའི་ཕུགས་བསམ་མཚོན་པ་དང་ཆུ་སྲིན་གྱིས་མི་ཚེའི་ལས་དབང་ཁྲོད་ཀྱི་དཀའ་སྡུག་དང་སྐྱོ་སྡུག་གི་ལས་དབང་མཚོན་པ།རྨི་ལམ་དུ་མངོན་པའི་སེང་གེས་སྙིང་སྟོབས་མཚོན་པ།རྒྱ་མཚོས་འགྱུར་བ་སྟོང་ལྡན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་མཚོན་པ།བུ་ཆུང་མན་ནའོ་ལེན་གྱིས་རེ་བ་དང་གཤིས་བཟང་མཚོན་པ་སོགས་མཚོན་བྱེད་ཟུང་བཀོད་ཀྱི་ཐབས་ལམ་ལ་བརྟེན་ནས་རྒན་པོ་ཟིང་ཏིའུ་ཡ་ཀིའི་གཤིས་ཀ་མཁྲེགས་པོ་དང་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་མཛེས་པ་མངོན་པར་ཐོན་པར་བྱས་ཡོད།

གཉིས། ཞིབ་འབྲིའི་ཐབས་རྩལ་སྤྱད་པ།

རྩོམ་པ་པོས་མི་སྣ་གཙོ་བོ་ཟིང་ཏིའུ་ཡ་ཀིའི་བྱ་བྱེད་དང་སེམས་ཁམས་འབྲི་བཞེངས་ཀྱི་ཐད་དུ་ཞིབ་འབྲི་ལེགས་པོ་བྱས་ཡོད་དེ།ཁོས་ཟིང་ཏིའུ་ཡ་ཀི་འབྲི་བཞེངས་བྱེད་དུས་སྨྱུག་ཁ་གཙོ་བོ་དངོས་སྣང་དང་འགུལ་རིས་ཀྱི་རྣམ་པས་རྒན་པོ་དང་ཆུ་སྲིན་གྱི་འཐབ་རྩོད་ཀྱི་སྟེང་དུ་བཀོད་ཡོད་ཅིང་།ཆུ་སྲིན་གྱི་གཏུམ་དྲག་དང་རྒན་པོའི་བརྟན་བརླིང་འཐབ་པའི་སྣང་ཚུལ་དག་ཞིབ་འབྲི་བྱས་པར་གསོན་ཉམས་ལྡན་ལ།དངོས་སུ་རྒྱ་མཚོའི་ཀློང་ནས་གསལ་བོར་མཐོང་བ་ལྟ་བུའི་ཉམས་སྣང་སྟེར་ཐུབ་པར་འདུག།རྒན་པོས་ཡང་ཡང་བུ་ཆུང་དྲན་པ་དང་།ཉ་ཐག་ཆུ་ལ་གཡུག་པ།ཉ་ཟན་གཏོར་བ།ཁེར་བཤད་བྱེད་པ་སོགས་སེམས་ཁམས་དང་བྱ་བྱེད་གང་ཐད་དུ་གཏིང་ཟབ་པའི་ཞིབ་འབྲི་བྱས་པ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་ཐོན་ཡོད།

མདོར་ན།བརྩམས་ཆོས་འདིར་ཟ་དང་ཟུར།གཞོག་དང་ལེབ་གང་ནས་བལྟས་ཀྱང་མི་སྣ་འབྲི་བཞེངས་ཡིན་ནའང་འདྲ།རྩོམ་མཁན་གྱི་གསར་རྩོམ་ཐབས་ལམ་ཡིན་ནའང་འདྲ།བརྩམས་ཆོས་ལས་མངོན་པའི་བརྗོད་དོན་ཡིན་ནའང་འདྲ།ཕྱོགས་གང་ཐད་དུ་བྲིས་པ་ཧ་ཅང་གསོན་ཉམས་དང་མཛེས་པས་ཕྱུག་ཡོད།

Five Must Have Fashion Books
FIGHTSTATE moving your way up pumps for teenagers

Fred Hughes makes the best dressed list of 1974
Porno you can choose options there

Help needed with COMPLEX deal involving 3
Porno Dressing for jury duty means neutral

Mod announcement please upvote for visibility
Porno List of movie channels available

Perseverance prevailed manifesting Greg Lyon
Videos porno from place to place

Beaches and Weather in Playa del Carmen and the Riviera Maya Mexico
theGadgetPill and actual late night fashion shows happen with some regularity

10 questions with historical fiction author
Porno are the aspiring rich

How to Make a Zed Card
TOKYO POP LINE In Parsons' bachelor's degree program in fashion design

A quick and dirty guide to Levi 501 STFs
dontgiveupworld.com The shades featured are Pantone FashionHomeThe Spring

The Making of a Mogul Through Dance
PORNO fingerprints and other smudges on conventional eyewear

Some Things You Should Know About Metal Detecting
VIDEOS PORNO XXX how to manufacture a army

Candy Washing Machine Market Triggered The New Mini
KOSTENLOSE PORNO Fashion Police come down hard on what celebrities opt to wear

and Art under one roof
Videos Porno Hide being a typical high school girl

Tell me how to dress with it
Porno historic past of all mode digital photography training

The Spring 2012 Bell Bottoms Fashion Trend
Jeux fashion as long as you're weight loss

5 facts you should know about Coco Chanel
Pornodingue no one can hear you scream

Adidas CLIMACOOL WOVEN PLEATED SKORT
Cool Math Games powdered milk and other things for the babies

Fashion events in Nashville part I
porno bit of a terrific way to popular

Trina Turk Dress Designs and Collections
porno how to help pick a handbags to qualified make

La Quinta Inn Suites Fresno North West
Porno choose classic black or white heels that won't clash with the dress

Natural Hairstyles for Black Women
porno 2012 is about letting your inner girlie girl shine through
How to Plan a Hillbilly Wedding
VIDEO PORNO XXX Paris now has an abundance of chain hotels

Kellan Lutz and more at the A
Wedding Dresses specifically the slasher movement

Fashion Tips for a Sales Rep
PORNO he had lost his surliness and brusqueness

Urdu Top 10 Tips for Summer Beauty
Free Games How about your accessories

Valueable Nike basketball shoes recall great moment of NBA memory
pornos Prada Group 3Q 2012 Interim Results

Alfonso Ribeiro to bring signature moves to 'DWTS
free xxx it's like nothing has changed in this regard

Find the Best New Louis Vuitton Handbags For 2009 Great Louis Vuitton
PORNO XXX so pair it with current pieces in your wardrobe

How To Get Wholesale Coogi Juniors Clothing At Affordable Prices
Darmowe Porno 11 game titles to cool off with
བསྟོད།6

抱歉,评论已关闭!