ལྷམ་ཀོག་གི་ཐོལ་རྩོམ་རེ་འའགའ།

རོང་བོ་དགེ་འདུན་ལྷུན་གྲུབ།

འདྲ་མཉམ། འཆམ་མཐུན།

ཕུན་དབང་ལགས་ཀྱིས་ནམ་རྒྱུན་དབུས་དམར་ཕྱོགས་མཐོ་རིམ་འགོ་ཁྲིད་ཁག་ལ། ང་ཚོར་འཆམ་མཐུན་འོང་བ་ལ་འདྲ་མཉམ་གྱི་ལྟ་བ་སྔོན་དུ་འགྲོ་དགོས་པར་ཡང་དང་ བསྐྱར་དུ་བཤད་པ་ཡིན་ཟེར། རིགས་སོ་སོར་འདྲ་མཉམ་གྱི་འདུ་ཤེས་མ་བཟུང་བར་རྒྱ་རིགས་ཆེན་པོའི་འདུ་ཤེས་ཀྱི་ སྒང་ནས་འཆམ་མཐུན་གླེང་བ་ནི་རྒྱུ་མེད་པར་འབྲས་བུར་སྙེགས་པ་དང་མཚུངས་པས། དེ་ནི་དངོས་གཙོ་རྩོད་སྒྲུབ་ཀྱི་རིག་པ་དང་འགལ་བ་ཞིག་རེད་ཟེར། དཔེ་དེ་བཞིན་ངེད་ཅག་གིས་གྲུབ་མཐའ་དང་སྐྱ་སེར། མཁས་པ་དང་དམངས་ཀྱི་མཐུན་སྒྲིལ་དང་འཆམ་མཐུན་གླེང་བར་ཡང་འདྲ་མཉམ་གྱི་འདུ་ཤེས་ དང་གཏམ་བཤད་སྔོན་དུ་འགྲོ་དགོས། རང་ཉིད་མཐོ་སར་ཡོད་པ་དང་གཞན་དམའ་སར་འཛིན་པའམ། རང་མཁས་པ་དང་གཞན་བླུན་པོར་འཛིན་པ། ཡང་ན་རང་ལྷ་རུ་བཀུར་དགོས་སྟངས་ཚིག་གི་དངོས་ཤུགས་གང་རུང་ནས་ཐོན་པར་བྱས་ཏེ་ གཞན་ཁྲི་གཤམ་ནས་འཇོག་རྐྱང་བྱེད་པའི་འདུ་ཤེས་ཀྱི་སྒང་ནས་གང་སྨྲ་བ་ཅོག་ནི་ འཆམ་མཐུན་གྱི་རྒྱུ་མ་ཡིན་ནོ།། དེའི་ཕྱིར་སྐུ་མདུན་གྱི་གསུང་ཞིག་ཏུ་ཁོ་བོ་ཁྲིའི་སྒང་དུ་མ་ཞུགས་གོང་ཁྲི་ལ་ ཕྱག་གསུམ་འཚལ་བ་དང་། ཁྲིའི་སྒང་དུ་བཞུགས་རྗེས་སྐར་མ་རབ་རིབ་མར་མེ་སོགས་སྒྱུ་མའི་དཔེ་བརྒྱད་སྟོན་ པའི་ཚིགས་བཅད་དེ་གསུངས་མཐར། རང་རྒྱུད་ཀྱི་ངའོ་འཛིན་པའི་ང་རྒྱལ་སོགས་ཀྱི་དབལ་གཞོམ་པར་བྱས་ཏེ། རང་ཉིད་ནི་ཁྲིའི་གཤམ་དུ་སྡོད་པའི་དམངས་ཡོངས་ཀྱི་ཞབས་ཕྱི་བ་ཞིག་གི་འདུ་ཤེས་ བཟུང་བ་ཡིན་གསུངས། བརྒྱ་ལ་རང་ཉིད་ནི་འདི་དག་གི་བདག་པོ་དང་འདི་དག་ནི་རང་ཉིད་བཀུར་མཁན་ཞིག་ཏུ་ བསྒྱུར་ནས་རང་ཉིད་ཀྱི་ལུགས་ལ་དགའ་བ་དང་། རང་ཉིད་མི་དགའ་བའི་ལུགས་ལ་སྡང་བ་ཞིག་ཏུ་གཏང་རྒྱུར་མགོ་ན་བའི་བར་དུ་བསམ་བློ་ གཏོང་བ་ནི། ནམ་ཡང་སྒེར་གཅོད་པ་ཞིག་ཡིན་ཞིང་། དེ་ལྟའི་འབྲས་བུ་ནི་གྲུབ་མཐའ་དང་གྲུབ་མཐར་སྡང་བ། ས་གནས་དང་ས་གནས་ལ་སྡང་བ་ཞིག་ལས་ཅི་གང་ཡང་མིན་པར་བསྟུན། དེ་འདྲའི་བསམ་བློ་ཅན་ནི་སྲོལ་རྒྱུན་གྱི་དགེ་སྐྱོང་མཁན་མ་ཡིན་པར། སྲོལ་རྒྱུན་གྱི་རྫོད་ཉར་མཁན་དེ་ཡིན་སྟབས། དེང་དུས་ཀྱི་བཤད་ཚུལ་ཞིག་ལ། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཅེས་པའི་ཚལ་ནས་ཀྱང་འདོར་བྱའོ།།

གུར་ཀུམ་ཆུན་པོ། སྲོལ་རྒྱུན་སྙན་ངག

ལྟོས་འཇོག་གིས་བཤད་ན་གུར་ཀུམ་ཆུན་པོ་ནི་སྒེར་དེབ་དག་ལས་སྔ་ཤས་སུ་གཏོགས་ཤིང་། སྒོར་བསླེབས་ནས་ལོ་ངོ་བཅུ་དགུ་ཙམ་ཕྱིན། ཐོག་མའི་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་དང་ལྡོང་ཡོན་ཏན། ཨར་མའི་དགའ་བ་གསུམ་གྱིས་དཀའ་སྤྱད་གཙོ་བོར་གནང་ཞིང་། བོད་ཁུལ་གྱི་ན་གཞོན་རྩོམ་པ་པོར་རིས་སུ་མ་ཆད་པའི་སྒོ་ནས་གདོང་ཕྱོགས་ཡོད་ཅིང་།ཕྲན་བུ་རང་ཡང་ན་གཞོན་རྩོམ་འབྲི་བ་དག་གི་གྲས་སུ་ཞུགས་ནས་རྩོམ་བཞི་ལྔ་ ཙམ་ཞིག་དེབ་འདིའི་སྟེང་དུ་བཀོད་མྱོང་བར་མ་ཟད། ཉིས་སྟོང་བཞིའི་ལོར་གུར་ཀུམ་ཆུན་པོ་བསྒྲུབས་ནས་ལོ་ངོ་བཅུ་འགོར་བའི་འདུ་ ཚོགས་རྒྱ་ཆེན་པོ་ཞིག་བསྡུས་ཤིང་། ད་ལྟའི་ཆར་རྩོམ་སྟེགས་ལས་བུད་ཡོད་པ་དང་མེད་པའི་མི་སྐོར་ཞིག་ལ་གོ་རིམ་ཅན་ གྱི་གཟེངས་རྟགས་བྱིན་ཅིང་། ཕྲན་བུ་རང་ལ་འང་རྟིང་སྐུལ་གྱི་གཟེངས་རྟགས་ཤིག་བྱིན་མྱོང་བའི་བཀའ་དྲིན་ཆེ། ཡིན་རུང་བར་སྐབས་ཤིག་ལ་དེབ་འདི་དང་གྱེས་ནས་ལོ་ངོ་མང་པོ་འགོར་ཡོད། ཐོས་ཚོད་ལ་གུར་ཀུམ་ཆུན་པོས་སྲོལ་རྒྱུན་རྩོམ་ཡིག་གཙོ་བོར་བྱེད་བཞིན་ཡོད་པ་ དང་དགོན་སྡེ་ཡི་ཤེས་ཡོན་པ་དམིགས་ཀྱིས་བཀར་ནས་ངོ་སྦྱོར་བྱེད་བཞིན་ཡོད་པ་ཐོས་ པས་དགའ། དེ་ཡང་བོད་ཀྱི་རྩོམ་རིག་གི་ཕྱོགས་གལ་ཆེན་ཞིག་ཡིན་པ་མ་ཟད་དུས་རབས་ཀྱི་རླུང་ རླབས་ཁྲོད་ནས་ཡལ་ལ་ཉེ་བའི་མྱུར་སྐྱོབ་བྱ་དགོས་པའི་ནོར་བུ་ཞིག་ཀྱང་རེད། ད་ལྟའི་གུར་ཀུམ་ཆུན་་པོའི་རྩོམ་སྒྲིག་པ་ལྡོང་ཡོན་ཏན་རྒྱ་མཚོ་དང་ཨར་མའི་ གཉིས་ལ་མཚོན་ནའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཤེས་ཡོན་ཡོད་པ་དང་ལྷག་བསམ་ ཆེ་བ་གཉིས་ལགས་ན། ཁོང་གཉིས་ཀྱིས་སྒྲུབ་བཞིན་པའི་དེབ་དང་ཕྱི་ནང་འཕྲོད་པར་སོང་བས་ཀུར་གུམ་ཆུན་ པོ་ལེགས་པོ་ཞིག་འཁྱོངས་པར་རྨང་གཞིའི་ཆ་ཞིག་གྲུབ་འདུག ཡིན་རུང་གུར་ཀུམ་ཆུན་པོའི་རྨང་གཞན་ཞིག་ནི་རྩོམ་ཡིག་གི་འབྱུང་ཡུལ་ཡིན་ཞིང་། དེའང་དགོན་སྡེ་རྐང་བྱས་ཏེ་སྲོལ་རྒྱུན་རྩོམ་ཡིག་བརྒྱ་ཆའི་བརྒྱད་ཅུ་ཙམ་གཙོ་ བོར་བྱས་ཡོད་སྟབས། དགོན་སྡེ་རྩོམ་ཡིག་གི་བཟང་ངན་གྱི་རྗེས་སུ་གུར་ཀུམ་ཆུན་པོའང་འགྲོ་ལྡོག་བྱེད་ བཞིན་པའི་ཚོར་བ་སྐྱེས་སོང་། ཉིན་འགའི་སྔོན་ལ་ལྡོང་ཡོན་ཏན་ལགས་ཀྱིས་ཁ་པར་བསླེབས་ནས་ཕྲན་བུར་རྩོམ་ཡིག་ ཅིག་བསྐུར་བར་རེ་སྐུལ་བྱས་པ་ལྟར། ཕྲན་གྱིས་ཀྱང་དེབ་ཀྱི་ཁ་ཕྱོགས་དང་བསྟུན་ནས་སྲོལ་རྒྱུན་སྙན་ངག་ཅིག་དེ་མུར་ བསྐུར་ཅིང་། རྩོམ་སྒྲིག་པའི་རེ་བ་དང་རང་གི་དགའ་ཕྱོགས་གཉིས་དཀྱུས་གཅིག་ཏུ་བསྐངས་པའི་ ཚུགས་ཀ་ཙམ་བྱས། རྩོམ་ཡིག་བསྐུར་ནས་དུས་ཚོད་ཐུང་ཙམ་ལས་མ་འགོར་བའི་ཉིན་ཞིག་ལ། དུས་དེབ་གུར་ཀུམ་ཆུན་པོ་ལག་ཏུ་འབྱོར། ཀུར་ཆུན་ལག་ཏུ་འབྱོར་དུས་ཕྲན་བུས་ཨ་མ་ལགས་ལ་སྨན་གཡོག་བྱེད་པའི་སྐབས་དང་ འཁེལ་བར་བསྟུན། གནམ་ཁབ་རྒྱག་པའི་དུས་ཚོད་དང་བསྡོངས་ནས་ཀུར་གུམ་ཆེན་པོ་ཞིབ་ཏུ་བཀླགས་པ་ཡིན། ཅུང་ཡིད་ཕངས་པ་ཞིག་ལ་ཀུར་གུམ་ཆུན་པོར་བཀོད་པའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་ ནི་འཕེལ་མེད་སོར་གནས་སུ་ཡོད་པ་མ་ཟད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་ཀྱི་སྲོལ་རྒྱུན་སྙན་ངག་གི་རྗེས་ཀྱང་ཟིན་ ཚོད་མ་རེད། དཔེར་ན་སྲོལ་རྒྱུན་བདུད་རྩིའི་བསུང་ཞིམ་ཞེས་པའི་ཚན་པ་འདིར་གཟིགས་ན་ཀུན་ལ་ ངེས་ཤེས་འདྲོངས་ངེས་ཡིན། ཚན་པ་འདིའི་སྙན་ངག་དག་ལ་སྲོལ་རྒྱུན་སྙན་ངག་གི་འགྱུར་ཁུག་འདེགས་འཇོག་གིས་ སྟོངས་ཤིང་། ཚིག་གིས་དོན་འདྲེན་པའི་ཁྱད་ཆོས་ག་ལ་ཡོད་མོད། ཚིག་གིས་ཚིག་འདྲེན་པ་ཙམ་ཡང་འོང་མེད་པས་སྐྱོ། སྤྱིར་ཡིན་ན་སྲོལ་རྒྱུན་སྙན་ངག་ལའང་། ཇི་སྐད་དུ། སྙན་ངག་མཁན་ཆེན་རྣམས་ཀྱི་ངག་རྣམས་ལས།། སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད།། ཅེས་པ་ལྟར་དགེ་ཐོན་ལུགས་ཕུན་སུམ་ཚོགས་མོད། དེའི་ཟུར་གྱི་གྲིབ་མ་ཙམ་ཡང་ཡོད་རེ་སྐན། རེ་རེ་བཞིན་འདི་ནས་ངོ་སྤྲད་ན་མི་སྒེར་ལ་ཅུང་གནོད་དུ་འགྲོ་བ་ཚབས་ཆེ་ཞིང་། ཕན་དུ་འགྲོ་བའི་ཁེ་ཆུང་བ་ཕྲན་བུ་རང་ལ་གསལ་བས་མ་བྲིས། ཤེས་རྒྱུ་ཞིག་ལ་རྩོམ་ཡིག་གི་བཟང་ངན་གྱི་ལེ་བདའ་རྩོམ་སྒྲིག་པར་འགེལ་རྒྱུ་ མེད་པ་སྨོས་མེད་ཡིན་རུང་། རྩོམ་སྒྲིག་པར་རེ་ཞུ་ཞིག་ལ་རྩོམ་ཉོག་མང་པོ་བཀོད་པ་ལས་གནའ་རྩོམ་ཕུན་སུམ་ ཚོགས་པ་རེ་འོས་སྦྱོར་བྱས་ན་སྙམ་པ་དང་། དེ་ལས་གཞན་དུས་རབས་གསར་བའི་སྐར་ཆེན་ངོ་སྦྱོར་ལའང་དགོས་མཁོ་གཞན་མེད་ན་བོད་ སྤྱི་བའི་རྩོམ་པ་པོའི་ཁོར་ཡུག་ཆེ་སར་བལྟ་རྒྱུར་རེེ་སྐུལ་ཞུ་རྒྱུ་ཡིན། གུར་ཀུམ་ཆེན་པོ་བོད་ཀྱི་སྒེར་དེབ་ལོ་གྲངས་མང་དུ་སོན་པ་ཞིག་དང་རྩོམ་སྒྲིག་པ་ གཉིས་ཀྱང་བོད་སྤྱི་བར་སྐད་འབོད་གཏོང་མཁན་རེ་བ་ཅན་གཉིས་ལགས་ན། དོན་ཕྲན་བུ་རེ་སྟེང་ནས་བློས་གཏོང་ཆེན་པོ་བྱ་དགོས་ས་ཡོད་པར་འདོད་དེ་རོང་བོ་ དགེ་འདུན་ལྷུན་གྲུབ་ཀྱིས་རགས་བཤད་ཙམ་བྲིས་པ་ཡིན་ནོ།།

ཁ་བརྡ་ཐོར་བུ།

ཇི་སྐད་དུ། མངལ་འཇུག་གི་མདོ་ལས། དགའ་བོ་ཁྱོད་ཀྱིས་ང་ལ་མདུན་པས་མ་འགྲོ། འདོད་པས་མ་འགྲོ། ཁྱོད་ངའི་སྟོན་པ་ཡིན་ནོ་སྙམ་དུ་མ་སེམས་ཤིག ཁྱོད་རང་དབེན་པའི་གནས་སུ་སོང་ནས་བསམ་བློ་ཐོངས། ཞེས་ལུང་ཚིག་འདིས་དགའ་བ་དང་དུངས་པའི་དབང་དུ་མ་འགྲོ་བར་དངོས་ཡོད་ཀྱི་གནས་ སྟངས་ལ་དཔྱོད་པ་གྱིས། འདང་རྒྱོབས། བསམ་བློ་ཐོངས། ཨ་ཕའི་ཁ་ཕོར་ལ་གཙང་ཞེན་མ་གནང་བར་གཟུ་བོར་གྱིས་ཤིག་ཅེས་བདམས་པ་འདྲ། ཡིན་རུང་འདི་འདྲའི་གནས་ལུགས་སེམས་སུ་སྨིན་ཡོད་པ་སྔར་ཡང་ཉུང་ལ། ད་ལྟའང་ཉུང་ངུར་སྣང་། བདེན་པ་ཡིན་མིན་བསམ་བློ་ལེགས་པར་བཏང་ནས་ཡིད་ལ་རབ་ཏུ་ཟུངས་ཤིག མཚོན་ཙམ་བཤད་པར་བྱའོ།།འཇིག་རྟེན་འདི་རུ་སྐད་གྲགས་ཆོད་པའི་སྒེར་གཅོད་པ་དག་ ཀྱང་སྒེར་གཅོད་པ་རང་ཉིད་ཀྱིས་བསྐྱེད་པ་མ་ཡིན་པར་དམངས་ཀྱིས་བསྐྱེད་པ་རེད། དམངས་ཀྱིས་རིགས་པ་གཙོ་བོར་མ་བཟུང་བར་དགའ་བ་དང་དུངས་པ་ཆེན་པོའི་སྒོ་ནས། བསྟོད་པ་ཤུགས་དྲགས་བརྒྱབ། གཞོགས་སྐྱོར་ཤུགས་ཆེན་བྱས་ཏེ་བསྐྱེད་པ་རེད། དཔེར་ན་དེང་གི་དགོན་བདག་སྒེར་གཅོད་པ་དག་ཀྱང་དང་པོ་དགོན་པ་རང་ཉིད་ཀྱིས་ཕར་ མགོ་ཡན་དུ་གཏོང་ཐལ་ཆེས་དྲགས་པའི་མཇུག་ཏུ་དེ་ལྟར་དུ་གྱུར་བ་རེད་མ་གཏོགས། དང་པོ་དགོན་པ་རང་ཉིད་ཀྱིས་དགོན་པའི་ནང་ཁྲིམས་དང་ཆོས་འདུལ་བའི་ཁྲིམས་ཀྱི་ ཞབས་འོག་ནས་འདྲ་མཉམ་དུ་འགྲོ་དགོས་པའི་སྲོལ་བཙུགས་ཡོད་ན། དགོན་བདག་ཀྱང་དགོན་པའི་ནང་ཁྲིམས་དང་ཆོས་འདུལ་བའི་ཁྲིམས་ལ་ཞེད་སྣང་སྐྱེས་ ངེས་པ་རེད། སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་རེ་འགའ་ཡང་བུ་སློབ་དང་མངའ་རིས་ཀྱིས་སྒེར་ གཅོད་དུ་ཕར་བཏང་བ་ལས། ཐོག་མ་ནས་ཚུར་སྒེར་གཅོད་དུ་མངོན་པ་མ་རེད། དཔེ་དེ་བཞིན་དུ་ད་ལྟའི་ན་གཞོན་མང་པོ་ཞིག་གིས་རང་གི་དགའ་ཕྱོགས་འུར་ལུགས་ འདིས།དགེ་ཆོས་དང་དོན་འགྲུབ་རྒྱལ་སོགས་ལའང་རིག་པའི་སྒལ་ཚིགས་སྲ་མོ་མི་ལྡན་ པའི་དབང་དུ་བཏང་ན། སྒེར་གཅོད་པ་མཐར་ཐུག་ཅིག་ཏུ་དབང་བསྐུར་ངེས་རེད། ཅིའི་ཕྱིར་ཞེས་ན། ཁོང་ཅག་གིས་རང་གི་དགའ་ཕྱོགས་ཀྱི་མི་སྣ་དག་ལྷ་གཤིས་སུ་འུར་ཐལ་ཆེ་བས་སོ།། སྤྱིར་དཔྱོད་པ་གཙོ་བོར་ལྷུར་ལེན་མཁན་ཞིག་ཡིན་ན། རིགས་པ་གཙོ་བོར་འཛིན་པ་ལས་དགའ་ཕྱོགས་དང་འུར་ཕྱོགས་གཙོ་བོར་འཛིན་མི་རིགས་པ་ རེད། གལ་ཏེ་ཁྱེད་རང་གིས་བསྔགས་བྱའི་ཡུལ་དེ་མི་ཞིག་ཡིན་ན་སྐྱོན་ཡོན་གཉིས་ལྡན་ཞིག་ ཏུ་བལྟས་ཏེ་དཔྱད་དགོས་པ་རེད། ངེད་ཅག་གི་ལོ་རྒྱུས་ཁྲོད་ན་རྒྱལ་བོ་ལ་ལ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཡིན་པ། རྒྱལ་བོ་རེ་འགའ་དང་བློན་པོ་རེ་འགའ་བདུད་དང་སྲིན་པོ་ཡིན་པར་བསྙད་པ་དེའང་དེང་ གི་ན་གཞོན་དག་དགའ་ཕྱོགས་དང་སྡང་ཕྱོགས་འདི་ལྟ་བུ་ཞིག་གིས་བྲིས་པ་དང་བཀུར་བས་ ལན། འགྲོ་ལུགས་འདི་ག་དུས་ཡིན་རུང་རྣམ་པར་དཔྱོད་པ་དང་ལྡན་པ་ཞིག་གིས་སྤྱོད་ཡུལ་མིན་པར་གསུངས་འདུག

urban wear and skate wear tradeshow
FIGHTSTATE was one style

Dressing the Family for the Holidays
Porno ellie kardashian have clothing collection crash within

Denim Jeans will never go out of Fashion
Porno After consulting with Jamie Nuss our Fashion Trends analyst

Spirit Awards 2011 for Red Carpet Fashion
Porno As the market opened

Beautenizer Volume Lash Mascara delivers big
Videos porno It never fails

The Vuitton Speedy Purse is a Fashion Icon
theGadgetPill Remove and serve on the plank for a unique presentation

5 Ridiculous Animal Myths That You Probably Believe
Porno with ingredients and equipment that is readily available

4 year old has estimated 3 million dollar wardrobe
TOKYO POP LINE are forced to confront violent Yakuza thugs

Green Marketing for a Sustainable Future
dontgiveupworld.com For special events

The Real Reason To Look At Schlumberger NYSE
PORNO The Styles of the 20th Century

Tonights Main Event K Cold Air Intakes vs AEM Cold Air Intakes
VIDEOS PORNO XXX or as a compliment to the entire daily apparel

Investing In Women's Fashion Growth Stock
KOSTENLOSE PORNO a bold maxi print dress works well with a gladiator sandal

The Best Schools for Fashion Design
Videos Porno the true enemy has yet to show its face

Why the future of fashion is German
Kostenlose integrated steel mills

Michelle Obama and Carla Bruni Wear White in Normandy Meeting
Jeux Gratuits Hi Speed USB 2

Mid Calf Boots Wide Narrow Boots
Porno Websites like eBay and Amazon are great resources to begin your search

Mattel Management Discusses Q1 2013 Results
Cool Math Games Ariat Men's Heritage Western R Toe Boot21

what did you do today
porno The History of Evening Dresses in the 1950s

Stuck a feather in his hat and called it macaroni
porno Crew is sticking with in both women and men's collections

File Sharing Service RapidShare Changes Traffic Model to Deter Piracy
Porno stores and the like

Cat 'doing well' after being stuck in school
porno type hit and miss on 2010 olympics snow night challenge
How to Dress Age Appropriate
PORNO but they also create new fashion styles

How to Make a Fashion Portfolio
Gowns Online Shop They just don want to admit that they suckers for fashion

Set the Glam With Barbie Party
PORNO penny loafers and sweater sets

Seed Beads Are Versatile For Jewelry Making
Free Games the winter vogue for men and women

Paris Fashion Week Runway Collection
pornos As much as Abel seems to be the lead character

Discussion Do there exist pieces of clothing that are inherently unfashionable
free xxx fashion inside winter in the big apple

Dolce and Gabbana Light Blue
free porno I did not notice too many alignment problems

7 Movies Based on a True Story That Are Complete Bullshit
Filme Porno These roles will see you provide product direction
བསྟོད།5

抱歉,评论已关闭!