རང་ངོར་སྣང་བའི་དགེ་ཆོས།

ལྷམ་ཀོག

བདག་ནི་རབ་ཏུ་བྱུང་བའི་དུས་དེ་ཙ་ན་འདི་སྐད་ཐོས། ང་ཚོའི་ཨ་མདོའི་རེབ་གོང་ཕྱོགས་སུ་མི་འཁྱར་མཚར་བོ། སྤྱོད་པ་ལ་ཆ་འཇོག་མེད་པ། ཚོགས་བསགས་སྒྲིབ་སྦྱོང་གིས་རྒྱབ་མ་འཁྱོངས་པའི་དན་རྟགས་སུ་ཤེས་རབ་རྣོ་ལ་འཆལ་བའི་གནས་སུ་སོང་བའི་མི་བུ་ཞིག་ཡོད་སྐད། མི་བུ་དེས་རང་ཡུལ་ནས་ས་མ་ཟིན་པར་བས་མཐའ་ནས་བས་མཐར་བསྙེགས་ཤིང་། མཐར་རང་ཡུལ་གྱི་མ་རྒན་གཅིག་པོའི་ཞལ་མཇལ་ཡང་མ་རེག་པར་ཡུལ་དབུས་ཀྱི་ཁང་ཧྲུལ་ག་གེ་མོ་ཞིིག་ལས་ཚེ་ཡི་འཕེན་པ་རྫོགས་པ་ཡིན་ཞེས་དགོན་པའི་རྒན་པ་རེ་འགའི་ངག་ལས་ཐོས་མྱོང་།

༡༩༠༣ __ ༡༩༥༠ སྐབས་དེ་ཤེད་ན་བོད་པའི་སྲིད་ཕྱོགས་ནི་ཕྲེང་བ་ལ་བརྒྱུས་པའི་ཕྲེང་ཐག་ཤིན་ཏུ་ཉག་ཕྲ་བའི་སྦྲེལ་མཚམས་དང་འདྲ་ཞིང་། འདབས་འབྲེལ་གྱི་མི་རིགས་གཞན་དག་གིས་རང་ཡུལ་ལ་ཐོ་འཚམས་པའི་ཚུལ་ནི་འདི་ལྟ་སྟེ། ལ་ལ་ནི་ཆོས་སྤེལ་བའི་ཟོལ་དུ་བརྫུས། ལ་ལ་ནི་སློབ་གཉེར་བའི་ཚུལ་དུ་ཞུགས། ལ་ལ་ནི་སྦྱིན་བདག་གི་རྣམ་པས་འོང་། ལ་ལ་ནི་ཐོབ་དང་ཐམ་ཀ་འབུལ་བའི་སྟངས་ཀར་དབུས་ལྷ་ལྡན་གྱི་ཕྱོགས་སུ་འདུ་ལོང་ཟམ་མ་ཆད་པའི་ངང་དུ་བསླེབས་པའི་དུས་དེ་ལ། བོད་ས་རང་ནས་ཀྱང་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་སྐབས་དང་དུས་ཀྱི་འགྱུར་བ་དང་གནས་བབ་སོགས་ལ་དཔྱད་པ་ལྷུར་ལེན་པའི་མི་བུ་ཟབ་ལ་སྒམ་པ་འང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཟོལ་དུ་བྱོན་མགོ་ཚུགས་པའི་ཁྲོད། དྲན་དབང་དགེ་ཆོས་ཀྱང་འདུ། སྐབས་དེར་བྱོན་པའི་༧གོང་ས་བཅུ་གསུམ་པ་ཆེན་པོ་དང་ལུང་ཤར། ཚ་རུང་དགྲ་འདུལ། ཞྭ་སྒབ་པ་སོགས་ཀྱིས་ཁ་རུབ་ཀྱི་གཤིས་གར་གནས་པའི་བོད་ཀྱི་སྤྱི་ཚོགས་འདིར་གསར་གཏོད་ཀྱི་སྒོ་མོ་ཞིག་འབད་པ་ཆེན་པོས་དབྱེ་བར་བྱ་འདོད་ཀྱང་། གཞིས་ཀའི་ལམ་ལུགས་དང་ཆོས་ལུགས་ཀྱི་མཁྲེགས་འཛིན་སྲ་ཞིང་འཐས་པར་ཡོད་རྐྱེན། འདོད་པ་དོན་ཐོག་ཏུ་འཁྱོལ་མ་སོང་བ་སོགས་ཀྱི་ལོ་རྒྱུས་རྣ་བར་གཟན་པ་ཤིན་ཏུ་མང་ངོ་།།

དེ་ལྟའི་དབང་དང་ཐོབ། མཚན་གནས་དང་བཅས་པ་སེང་གེ་སྲབ་མེད་མཁའ་ལ་འཕྱོ་བ་ལྟ་བུ་དག་གིས་བོད་པའི་དོན་དུ་བྱ་བ་བྱེད་པ་དང་། ལྷག་བསམ་འཆང་བ། དྲན་སྐུལ་གཏོང་བ་རྣམས་ཀྱང་ལམ་ལྷུང་མ་བྱུང་བ་ཡིན་ན། ལགས་སོ་དང་བཅོས་མའི་གཅམ་བུའི་བགྱི་བ་ནི་བཏང་། གང་ལ་འང་ཁ་དམར་གྱི་ཀྱོ་བ་ནི་རྣོ། མགོན་དང་དཔུང་གཉེན་གྱིས་ནི་ཕོངས་ཤིང་ཕོངས་པའི་དགེ་ཆོས་ལ་ཆ་འཇོག་གནང་མཁན་ཞིག་དེ་ལྟའི་ཡུལ་ན་ག་ལ་ཡོད། ཉེ་འཇིང་རྩ་ལག་གི་འདབ་མ་ཕྱོགས་སུ་རྒྱས་པའི་རང་ཡུལ་རེབ་གོང་དུའང་། བསྟན་དགྲ་དང་། དམ་ཉམས་ཀྱི་སོ་འཆའ་ཞིང་། ཡུལ་ཕྱོགས་ཤིག་ལ་ནག་ཉེས་བཟོ་བའི་གཏེ་བོ་ཞིག་ཏུ་འདོད་ཀྱིན་ཡོད།

དེ་ལྟ་མོད་དམ་པ་ཁོང་གིས་གསུངས་པ་བཞིན་རང་སྡེ་རིགས་ལ་ཞེན་པ་དཀར་པོའི་མདངས་དང་ལྡན་པའི་སྒོ་ནས་དཀའ་ལས་མང་ཙམ་བརྒྱབ་པ་དང་འབད་པ་མང་ཙམ་བྱས་པའི་ཉེར་ལེན་དང་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་ཁྱབ་ཡངས་པར་སོང་བའི་ལྷན་ཅིག་བྱེད་རྐྱེན་གྱི་འབྲས་བུར། ངེད་ཅག་གིས་ཁོང་ལ་རྗེས་དྲན་བྱ་དགོས་པ་དྲན་ཞིང་། ཁོང་དང་ཁོང་གི་བརྩམས་ཆོས་ལ་བསྐྱར་ཞིབ་དང་ནན་ཏུར་བྱ་དགོས་པ་དྲན་ཡོད། ཡིན་རུང་རེ་འགའི་བསམ་ངོར་ངེད་ཅག་ལ་དགེ་ཆོས་ལྟ་བུའི་མཁས་པ་མ་བྱོན་པར་འདོད་པ་དང་། གཞན་དུ་དགེ་ཆོས་ལྟ་བུའི་མཁས་པ་མང་པོ་ཡོད་པས་དགེ་ཆོས་ལ་རྗེས་དྲན་ཞུ་བ་ནི་གཡམ་རྒྱུགས་ཤིག་ཏུ་འདོད་པའང་ཡོད། ཕྲན་བུས་བལྟས་ན་གཉིས་ཀའི་ངོར་གནས་ལུགས་རེ་ཡོད་དུ་སྲིད་ཀྱང་། དགེ་ཆོས་ལ་རྗེས་དྲན་ཅིའི་ཕྱིར་ཞུ་དགོས་པའི་ཕྱོགས་མ་ནོན་པའི་ཆ་ཞིག་ཡོད་པར་འདོད།

ཉེ་བའི་ཆར་དགེ་ཆོས་ལ་བསྐྱར་ཞིབ་གནང་མཁན་གྱི་ལོ་ཙཱ་བ་དང་སློབ་དཔོན་ཆེན་མོ་༧བློ་བཟང་བསྟན་འཛིན་མཆོག་གིས། ཕྱི་ནང་གི་གཞུང་ལུགས་མང་པོར་རྣམ་པར་དཔྱོད་འཇུག་པ་མཆོག་ཏུ་དགེ་བ་ཨ་མདོ་དགེ་འདུན་ཆོས་འཕེལ་དུ་གྲགས་པ་དེ་ནི་དུས་རབས་ཉི་ཤུ་པ་འདིའི་ནང་ཡུལ་གངས་ཅན་པའི་མཁས་པ་རྣམས་ཀྱི་མཇུག་སྡུད་ལྟ་བུར་བྱོན་ཏེ་སྣང་། ཞེས་དང་། ཡང་ཁོང་གིས། ཁོང་གི་རྣམ་ཐར་ལ་བསམ་ཞིབ་བྱེད་སྐབས་བོད་ཀྱི་ཆོས་སྐད་དུ། རྐྱེན་ངན་དགེ་གྲོགས་ཟེར་བ་དོན་ལ་གནས་པ་འདུག་སྙམ་པ་བྱུང་། བོད་སྤྱི་དང་། བྱེ་བྲག་མདོ་སྨད་ཁུལ་དུ་དགེ་ཆོས་དང་མཁྱེན་རབ་མཉམ་པའི་སྐྱེས་བུ་གྲངས་མེད་ཅིག་བྱུང་མོད། བོད་མི་རྣམས་རྒྱལ་སྤྱིའི་འབྲེལ་ལམ་ཆུང་ཞིང་། རྒྱལ་ཁབ་གཞན་དག་གི་ནང་དུ་དུས་ཡུན་རིང་པོ་ནས་ཡར་རྒྱས་འགྲོ་བཞིན་པའི་ཤེས་ཡོན་དང་། རིག་གཞུང་གང་ལའང་དོ་སྣང་རྩ་བ་ནས་མ་བྱས་པར་འཇིག་རྟེན་ཡོངས་རྫོགས་གངས་རིའི་མུ་ཁྱུད་ཆུང་ངུ་དེ་རང་གི་ནང་དུ་ཚུད་པ་ལྟ་བུའི་བསམ་ཚུལ་གྱིས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་བར་ཁེར་བསྡད་ཟུར་འགྲོས་བྱེད་རྐྱང་གིས་རང་ཡུལ་དུ་དར་ཁྱབ་ཡོད་བཞིན་པའི་རིག་པའི་གནས་དང་། ཤེས་ཡོན་གྱི་རྒྱུན་དེ་ཁོ་ནས་ཚིམ་སྟེ་གནས་པ་ལས་ཕྱིའི་རྒྱལ་ཁབ་སྤྱི་དང་། ལྷག་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་བྱུང་བའི་རིག་གནས་ཀྱི་ཡར་རྒྱས་ལ་དོ་སྣང་མ་བྱས་ཤིང་། ཁེ་ཕན་མ་བླངས་པའི་ཉེར་ལེན་ལས་གཞི་རྩ་རང་གི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཀྱི་གནས་ཚུལ་གཞན་འགྲན་བྲལ་ཞིང་། གཞན་དྲིང་མི་འཇོག་པ་ཞིག་ཡོད་ནའང་། ཐ་སྙད་ཀྱི་རིག་གསར་རེ་ཟུང་སྣང་མེད་དུ་བཞག་པས་ཕྱིའི་སྣང་ངོར་རྗེས་ལུས་ཐེབས་པའི་རྣམ་པ་དང་། རང་གི་ཆེས་འགང་ཆེན་གྱི་རིག་གཞུང་གི་ཁྱད་ཆོས་དང་། གནད་འགག་རྣམས་གཞན་ལ་སྟོན་མ་ཐུབ་པར་གཞུང་ལུགས་རྒྱ་མཚོ་ལྟ་བུར་ནང་བྱན་ཆུད་པའི་མཁས་ཆེན་གནམ་གྱིས་ས་བཀབ་ལྟ་བུ་རྣམས་ཀྱང་སྐབས་རེ་རིག་གསར་གྱི་ཐ་སྙད་ཆུང་ངུ་རེའི་ཐོག་རྨོངས་ཏེ་གནའ་བོའི་བོད་ཀྱི་གཏམ་དཔེར། གཙང་ཆུར་ཐར་ཡང་ཡུར་ཆུར་མ་ཐར་ཞེས་པའི་ཚུལ་དེ་བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་ལ་བྱུང་འདུག སྤྱིར་བཤད་གཡམ་ཙམ་དུ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།། ཞེས་སོགས་དང་། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་སོགས་ལུང་འདྲེན་པོད་ཁ་ལོངས་ཙམ་རེ་བྱས་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཐམས་ཅད་ལ་སྦྱོང་དགོས་པའི་སྒྲོས་ཤིག་ཡོད་ནའང་། དངོས་དོན་ལག་ལེན་བསྟར་སྐབས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་རིག་གཞུང་ལ་དོ་སྣང་མ་བྱས་པར་བོད་རྐྱང་པ་དང་། དེའི་ནང་ནས་ཀྱང་རང་གི་ཆོས་རྒྱུད། རང་གི་གདན་ས། རང་གི་གྲྭ་ཚང་། རང་གི་ཡིག་ཆ། རང་གི་བླ་མའི་གསུང་རྒྱུན་ཙམ་ལ་གཙོར་འདོན་གྱིས་ཐོས་བསམ་གྱི་ཕྱོགས་སུ་འདུན་པ་འཁྱེར་སྟངས། དུང་ཆེན་གྱེན་བསླངས་ཀྱི་ནང་དུ་སྤྱི་བོ་ཚུགས་སུ་འཛུལ་བ་ལྟ་བུ་ཞིག་མང་ཆེ་བས་བྱས་འདུག་པ་དེས་རྒྱལ་ཁབ་ཀྱི་ཤེས་ཡོན་ལ་དུས་རབས་དང་འཚམས་པའི་ཡར་རྒྱས་དང་། གསར་བརྗེ་མ་བྱུང་བར་མ་ཟད། ཆབ་སྲིད་དང་། སྤྱི་ཚོགས་ལའང་ཕན་གནོད་ཇི་བྱུང་དེང་སྐབས་རང་ཅག་གིས་ཉམས་སུ་མྱོང་བཞིན་པ་དེར་ཟད། ཅེས་དང་།

ཡང་ཁོང་གིས། དགེ་འདུན་ཆོས་འཕེལ་མཆོག་སྤྱིར་མཁྱེན་དཔྱོད་དང་། རིག་རྩལ་ཕུན་སུམ་ཚོགས་པའི་ཐོག་རྒྱ་གར་དང་། ཤྲི་ལངྐཱ་སོགས་ཕྱིའི་རྒྱལ་ཁབ་ཁག་མང་དུ་ཕེབས་བཞུགས་སྐབས་ལེགས་སྦྱར་དང་། པཱ་ལི། དབྱིན་ཧིན་སོགས་སྐད་ཡིག་དུ་མར་ཐུགས་སྣང་གནང་ཞིང་། ཕྱི་རོལ་བའི་གྲུབ་མཐའ་དང་བསྟན་བཅོས་མང་པོར་གཟིགས་རྟོག་མཛད་མཁན་གྱི་ལྟ་རྒྱ་ཆེ་བ། རིས་སུ་མ་ལྷུང་བ། རིགས་པ་གཙོ་བོར་འདོན་མཁན་གྱི་མཁས་པ་ཚུགས་ཐུབ་ཅིག་ཏུ་བསྔགས་པ་འདིས། བོད་ཀྱི་མཁས་པ་གཞན་དག་དང་མི་འདྲ་བའི་རྒྱུ་མཚན་མང་པོ་ཞིག་མཐོང་ཐུབ་ལ། ཁ་རུབ་སྤྱི་ཚོགས་ཤིག་ལ་སྔར་མེད་པའི་བློ་འབྱེད་ཀྱི་ཤིང་རྟ་བ་ཞིག་ཏུའང་དོན་གྱིས་སོང་བར་བསྟུན། ངེད་ཅག་གིས་ཁོང་ལ་ཅིའི་ཕྱིར་དང་དོད་བྱ་དགོས་པའི་གནད་ཀ་མཐོང་འོང་། དམ་པ་ཁོང་གི་བློ་འབྱེད་ཀྱི་བསམ་བློ་དང་གུ་བཤངས་ཀྱི་ལྟ་བ་ནི་གསུང་རྩོམ་གཅིག་དང་ཡང་ན་སྙན་ངག་ཤོ་ལོ་ཀ་གཅིག་ཡན་ཆད་ནས་ཀྱང་མངོན་འོང་བས། ངེད་ཅག་གིས་ཁོང་ལ་རྗེས་དྲན་ཞུ་བ་ནི་ལྷ་ཁང་རྙིང་བར་རྟེན་བཤད་གསར་བའི་ཚུལ་དུ་ག་ལ་འགྲོ་ཨང་། དམ་པ་ཁོང་གིས་བོད་པའི་མཁས་པ་མང་པོས་དུང་ཆེན་གྱེན་བསླངས་ཀྱི་ནང་སྤྱི་བོ་ཚུགས་སུ་འཛུལ་བ་ལྟ་བུའི་ཚུལ་ལ་དོགས་སློང་དང་། དགག་པ་མཛད་ཅིང་། འཇིག་རྟེན་ཡོངས་རྫོགས་གངས་རིའི་མུ་ཁྱུད་ཆུང་ངུ་འདིར་ཚུད་ཡོད་སྙམ་པའི་མཁྲེགས་འཛིན་གྱི་སྒོ་མོ་ཡོངས་སུ་གཏོར་ནས། སྐབས་ཀྱི་དོན་བྱ་དངོས་ལ་གདོང་ཕྱོགས་པའི་བསྟན་བཅོས་དང་རྩོམ་ཡིག་མང་པོ་མཛད་པའི་ཁྲོད་རེ་གཉིས་ངོ་བགྲངས་བྱས་ན། འཇིག་རྟེན་སྲིད་ལུགས་ཀྱི་སྒོ་དང་བསྟུན་ནས་《དེབ་ཐར་དཀར་པོ》བརྩམས་པ། གཞི་ཁྱོན་ཆུང་བའི་གྲྭ་སའི་ཆོས་གྲྭ་རྐྱང་བའི་སྐད་ལས་ཡོངས་སུ་གྲོལ་བའི་《ཀླུ་སྒྲུབ་དགོངས་རྒྱན》བརྩམས་པ། མི་ཆོས་ཀྱི་གནད་བཀྲོལ་བའི་《འདོད་པའི་བསྟན་བཅོས》བརྩམས་པ། བོད་པའི་རིག་གནས་ཀྱི་ཆག་འཇིག་དང་རྒྱུན་ཤེས་ཁྲོད་དུ་མ་དག་རྒྱུན་འབྱམས་སུ་ལུས་པའི་རྒྱ་གར་བའི་ལུགས་ཀྱི་མིང་བརྡ་དང་ལུགས་སྲོལ་ཁ་ཡར་དུ་ཚང་བའི་《གཏམ་རྒྱུད་གསེར་གྱི་ཐང་མ》བརྩམས་པ། དེ་ལས་གཞན་དབྱིན་འགྱུར་དང་བོད་འགྱུར་གྱི་བསྟན་བཅོས་མང་དུ་མཛད་དེ་སྔོན་གྱི་མཁས་པ་དག་གཙང་ཆུ་ལས་ཐར་ཡང་ཡུར་ཆུ་ལས་མ་ཐར་བ་ཐར་བར་བྱས་པའི་བླ་ན་མེད་པའི་ཕྱག་རྗེས་ལ་ངེད་ཅག་གིས་རྗེས་སུ་ཡི་རངས་མི་བྱེད་རང་བྱེད་དུ་གྱུར་ཡོད། སྤྱིར་ཡང་ཁོང་གི་རྩོམ་པའི་ཚུལ་དེ་མཁས་པ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ལ། ཉེ་བའི་སློབ་དཔོན༧བློ་བཟང་བསྟན་འཛིན་མཆོག་གི་ཞལ་ལས།

དགེ་འདུན་ཆོས་འཕེལ་གྱི་ཡོན་ཏན་ཐམས་ཅད་ཀྱི་ནང་ནས་རྩོམ་པའི་ཡོན་ཏན་ཉིད་མཆོག་ཏུ་སྣང་། དེའི་ནང་ནས་ཀྱང་ཚིགས་བཅད་ཀྱི་རྩོམ་འགྲོས་ཧ་ཅང་ལེགས་པ་ཞིག་འདུག་སྟེ། བོད་ལ་རྩོམ་རིག་གི་ཐོག་བར་སྐབས་དེར་ཡིད་ཚོར་ལྡན་པ་དཀོན་ཞིང་། ལྷག་པར་རང་རེའི་རིག་གཞུང་གི་ནང་རྩོམ་འགྲོས་ཀྱི་རིན་ཐང་གཞལ་བའི་མཐའ་དཔྱོད་དང་། བསྐྱར་ཞིབ་བྱེད་སྲོལ་མ་དར་བས་ཅུང་ཟད་རྗེས་ལུས་ཐེབས་པ་མ་གཏོགས་སྐད་རིགས་གཞན་དག་དང་མཚུངས་པར་མཐའ་དཔྱོད་བྱ་སྲོལ་ཞིག་ཡོད་ན་དགེ་འདུན་ཆོས་འཕེལ་ནི་འཛམ་གླིང་གི་འབྲི་རྩོམ་མཁན་པོ་ཚོའི་ནང་། ཉི་དབང་མགོན་པོ་དང་། ཤེཀསི་པིཡར་སོགས་ཀྱི་མདུན་གྲལ་དུ་བཞུགས་རྒྱུ་མ་གཏོགས་རྒྱབ་གྲལ་དུ་ནམ་ཡང་མི་ལུས་པ་ཞིག་ཡིན་པར་ཁོ་བོས་བསམ་གྱིན་ཡོད། ཅེས་གཟུ་བོར་གནས་པ་དང་རིགས་པ་དང་ལྡན་པའི་ལམ་ནས་བསྔགས་པ་རྒྱ་ཆེན་བྱས་འདུག་པར་ཁ་བསྣོན་བྱ་དགོས་པ་གང་ཡང་མི་འདུག་གོ།

གོང་དུ་བཤད་པ་བཞིན་དགེ་འདུན་ཆོས་འཕེལ་དམིགས་བསལ་བ་ཞིག་ཡིན་ལུགས་ནང་གི་ཉེར་ལེན་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་བ་དང་ཕྱིའི་ལྷན་ཅིག་བྱེད་རྐྱེན་ལ་རྐྱེན་ངན་གྲོགས་ཤར་གྱི་རྣམ་པས་ཕྱི་ཡིག་བསླབས་པ་དང་ཕྱི་ཡུལ་དུ་འཁྱམས་པ་ལ་བརྟེན་ནས། བོད་པའི་མཁས་པ་སྔ་མ་དག་དང་མི་མཚུངས་པར་སྤྱི་ཚོགས་ཀྱི་ཉམས་ཉེས་དང་འགྱུར་ལྡོག མིའི་རིགས་ཀྱི་ལོ་རྒྱུས་དང་སྲིད་ལུགས་ལ་སྔར་ནས་མེད་པའི་བློ་བསྐྱེད་ཐོབ་ནས། རང་རིས་བོད་པའི་མཁས་དང་མཁས་མིན་ཡོད་དོ་ཅོག་གི་སེམས་པའི་འཁྱེར་ལུགས་དང་རིག་གནས་ཀྱི་འདུ་ཤེས་ལ་ཐེ་ཚོམ་ཟས་ཏེ། རང་ཅག་ཀྱང་དད་པ་དང་དག་སྣང་ཁོ་ནས་ངང་དུ་གཡེངས་པ་དང་། དེ་ཁོ་ནར་གཙིགས་སུ་བྱས་ཏེ་བསྡད་ན་འོས་འགབ་གཏན་ནས་མེད་པ་ཚོར་ཏེ་དོགས་པ་རྒྱ་ཆེར་བྱས་པ་ལ་བརྟེན་ནས་ངེད་ཅག་ལ་འབོད་པ་གསར་བ་ཞིག་བཏང་བའི་རྒྱུ་མཚན་གྱིས་ད་ལྟ་ངེད་ཅག་གིས་ཁོང་གི་སྐུ་དྲིན་དྲན་ཆོག་ཆོག་རེད། སྐབས་དེར་འཛམ་གླིང་གི་སྲིད་ལུགས་དང་རིག་གནས་ཀྱི་འགྱུར་ལྡོག་ནི་རྒྱ་མཚོའི་རླབས་བཞིན་སྐྱོམས་ཤིང་། ངང་ཚུལ་དེ་མཐོང་མཁན་དགེ་ཆོས་ལས་གཞན་ཡོད་དམ་ཞེས་ན། ༧གོང་ས་བཅུ་གསུམ་པ་ཆེན་པོ་གཙོས་གོང་དུ་དྲངས་ཟིན་པའི་མི་བོ་ཆེ་དེ་དག་དང་། ཁོང་རྣམ་པ་ཚོ་ལས་ན་ཚོད་གཞོན་པའི་འབའ་བ་ཕུན་ཚོགས་དབང་རྒྱལ། ས་དབང་རྒྱལ་ལོ་དོན་འགྲུབ་སོགས་སྲིད་ཀྱི་བློ་མིག་ལ་རྣོ་ལྕགས་ཀྱི་སྲོག་ཞུགས་པའི་སྐྱེས་བུ་སྐར་ཆེན་རེ་ཟུང་འཚོ་ཞིང་གཞེས་པའི་དཔུང་གིས་ཀྱང་བོད་པའི་སྲ་ཞིང་འཐས་པའི་མཁྲེགས་འཛིན་གྱི་རང་གཤིས་འདི་ཅི་ལྟར་བསྒྱུར་དགོས་པར་བརྩམས་དང་རྩོམ་བཞིན་ཡོད་མོད། དགེ་ཆོས་དང་ཁོང་ཅག་གི་ཁ་གཏད་ཡུལ་སྤྱིར་འདྲ་ཡང་ཟུར་མི་འདྲ་བ་རེད། དགེ་ཆོས་ཀྱིས་ཟུར་གང་ཞིག་བཟུང་ཡོད་དམ་ཞེ་ན། རིག་གནས་ཀྱི་ཟུར་བཟུང་ཡོད། གོང་ནས་གསུངས་པ་བཞིན། སྐབས་དེའི་མཁས་པ་དག་གིས་རང་གི་གྲུབ་མཐའ་དང་རང་གི་ཡིག་ཆ་རང་གི་དགེ་རྒན་གྱི་མན་ངག་གཙིགས་སུ་བྱས་ཏེ་རིག་གནས་སྤྱིའི་སྣང་ཚུལ་ནས་བལྟས་ན་ཁྱབ་ཆུང་བ་ནས་ཆུང་ངུར་གཏོང་བཞིན་པའི་སྐབས་སུ།[མདོ་སྨད་ཕྱོགས་ཀྱི་བདེན་བཞིའི་རྩོད་ཡིག་ཕྱོགས་ཀྱི་པོད་ཆེན་མང་པོས་མཚོན] དགེ་ཆོས་ལགས་ཀྱིས་ཕྱི་རོལ་བའི་གྲུབ་མཐའ་ནས་ཕྱི་རོལ་བའི་བསྟན་བཅོས། ཆོས་ཀྱི་གཞུང་ལུགས་ལས་སྲིད་ཕྱོགས་ཀྱི་གཞུང་ལུགས་ལའང་ཐོས་པ་བསགས་ནས་གཞན་གྱི་ཟླ་དང་བྲལ་བའི་ཤེས་རབ་དང་གཏམ་བདེན་པའི་ལམ་དུ་ཞུགས་ཡོད་པའི་ཚུལ། ཁོང་གི་གསུང་ལས། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ། ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་གི་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོལ་བཞིན་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ།། གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད་ཅིང་། འདི་ཡང་ནོར། དེ་ཡང་ནོར་སོགས་སྨྲས་ནས་དྲང་པོའི་ལུགས་སུ་བྱས་ན་ཆེ་ཆུང་མང་པོའི་ཐུགས་ལ་ཐོག་བརྫིས་སུ་འགྲོ་ཞིང་། རང་གི་འཚོ་ཐབས་སོགས་ལ་ཅི་ཙམ་གནོད་པར་འགྱུར་བ་ཁོ་བོ་བོད་ཀྱི་མི་རང་ཡུལ་རང་ལ་རྒྱུས་ཡོད་པས་ཤིན་ཏུ་ལེགས་པར་ཤེས་མོད། ཇི་མི་སྙོམས་པར་བྲི་བ་ལགས་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས། ཞེས་དང་། ཡང་ཁོང་གི་གསུང་དུམ་ཞིག་ཏུ། ལར་བདག་རང་ཐོས་ཚུད་ལ་ཡིད་ཆེས་པའི་བླུན་པོ་ཅོལ་ཆུང་ཞིག་མ་ཡིན་གྱི། རང་བཞིན་གྱིས་དབང་པོ་རྣོ་ཞིང་། མི་ཚེ་ཐོས་པ་ལ་སྐྱེལ་བའི་སྤྲང་པོ་དཔྱོད་ལྡན་པ་ཞིག་ལགས་པས། གང་སྨྲས་པ་འདི་ཀུན་ལ། ནོར་བ་དང་ཁུངས་མེད་པ་མགོ་བསྐོར་བའི་དོགས་པ་སུམ་ཆར་ཡང་མ་དགོས་པ་ལགས་མོད། ཅེས་རྡོ་རྗེའི་ཚིག་གིས་རྒྱ་བཏབ་པ་འདིས་མཁས་དབང་ཁོང་ནི་སྐབས་དེའི་དོན་དངོས་ལ་གཞའ་མཁས་པོ་གནང་བའི་ཇོ་བཟང་གི་མིང་ཅན་གདུགས་ཞབས་ན་གཟི་བརྗིད་ཀྱིས་འཁོད་པའི་ལྷ་རམས་པ་དང་བླ་སྤྲུལ་དག་དང་མི་འདྲ་བར། རང་ཉིད་ཐེད་ལ་བོར་ནས་དངོས་ཡོད་ལ་དཔུང་བཅོལ་ཞིང་ཤེས་རབ་ལ་སྐྱབས་བྱས་ཏེ་དོགས་སློང་དང་ཐེ་ཚོམ་གནང་མཁན་ཞིག་ཡིན་པ་ལས། ཅི་ཡང་མ་སྦྱངས་གང་ཡང་མ་བསླབས་པར་འུར་འདྲོགས་ལ་དགའ་བ་ཚད་མེད་པ་འཕེལ་ནས། དྲང་ངེས་ལྡེམ་དགོངས་ཀྱི་ཁྱད་ཙམ་ལ་ཡང་རྨོངས་བཞིན། བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་གདོང་ལ་མི་གཙང་བའི་ཐལ་བ་གཏོར་མཁན་ཞིག་ནི་ག་ལ་ཡིན། དངོས་ཡོད་དང་ཤེས་རབ་ལ་སྐྱབས་བྱས་ཏེ་རང་གི་རིག་གནས་ལ་དོགས་སློང་མཛད་ན་དེ་ནི་འོས་ཤིང་འོས་མོད། དེང་གི་མི་རེ་འགས་རང་ཉིད་ཀྱི་ཁ་ཡན་རྒྱ་ཡན་གྱི་སེམས་ཚོར་རེ་མཁས་དབང་དགེ་ཆོས་ཀྱི་རྣམ་ཐར་དང་སྦྱར་བར་འདོད་པ་ནི། ཁྱིའི་ཡ་མགལ་ཕག་གི་མ་མགལ་ལ་སྦྱར་བའི་དཔེ་རང་ཡིན་ནོ།། ད་དུང་ཐོས་པ་ཤིན་ཏུ་ཆུང་བ་འགས་ཀླུ་སྒྲུབ་དགོངས་རྒྱན་ལས་བསྟན་པ་དང་སྟོན་པར་དོགས་སློང་བྱས་པར་བཟུང་ནས་ཆོ་ངེ་ཡིས་ས་གཡོ་བར་བྱེད་ཀྱང་། འདོད་ལུགས་དེ་ནི་སྨུག་རྒྱུ་རི་དྭགས་སུ་འཁྲུལ་བའི་དེ་ཉིད་འབའ་ཞིག་གོ། ཀླུ་སྒྲུབ་དགོངས་རྒྱན་ལ་རྟེན་ནས་བྱུང་བའི་རྩོད་པ་ནི་གྲུབ་མཐའ་ནང་ཕན་ཚུན་གྱི་བཞེད་ཕྱོགས་ཤིག་གམ་ཁས་ལེན་མ་འདྲ་བ་ཙམ་རེད། དཔེར་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པས་མཉམ་བཞག་གི་སྐབས་སུ་བུམ་པ་དགག་རུང་མི་རུང་ཙམ་གྱི་ཁྱད་པར་ལ་བརྟེན་ཏེ་ཐ་སྙད་བདེན་པར་རྩིས་སུ་བྱེད་དགོས་མི་དགོས་ཀྱི་བར་ཁྱད་ཙམ་རྩོད་གཞིར་བཟུང་ནས་འཕྲོས་མཛད་པ་ལས་གཞན་དུ་མ་དམིགས། [ཀླུ་དགོངས་ཀྱི་ཁས་ལེན་གནང་ཕྱོགས་ནི་བོད་སྔ་རབས་པའི་ཕྱོགས་ཀྱི་ལྟ་བ་དང་ཕལ་ཆེར་གཅིག་ཏུ་སྣང་། འཇུ་མི་ཕམ་པས། ཀ་བ་ཀ་ནས་དག་པ་ཡི།། ཤུལ་ན་མི་སྟོང་ཅུང་ཟད་མེད།། ཅེས་དང་ཡང་། མི་སྟོང་བུམ་པའི་ཕ་རོལ་ན།། བདེན་པར་གྲུབ་རྒྱུ་སུ་ཞིག་ཡོད། དགག་བྱའི་སྣང་ཚུལ་ངེས་སོ་ལོ།། ཞེས་གསུངས་པ་དང་འདྲ་བར་འདོད།] གནད་ཀ་འདི་མ་རྟོགས་པའི་ལོ་གཞོན་མང་པོ་ཞིག་གིས་ཀླུ་དགོངས་ན་ལྟ་བ་ཞིག་གསར་དུ་བཏོད་ཡོད་པར་འདོད་པ་དང་། དེ་ལས་གཞན་ཀླུ་དགོངས་ལས་ནང་བ་སངས་རྒྱས་པར་དོགས་པ་དཔེ་མེད་པ་ཞིག་བྱས་ཡོད་པར་འདོད་པ་ནི་འཁྲུལ་བ་རང་ལགས་སོ།། ཀླུ་དགོངས་ཀྱི་ཁྱད་ཆོས་ངོ་མ་ནི་རྩོམ་ལུགས་ཀྱི་ངོས་ན་ཡོད། སྔོན་མའི་ཆོས་གྲྭ་བའི་རིགས་ལམ་ལས་ཁྱབ་ཆེ་རུ་བཏང་ནས། གོ་ཁའི་རྒན་མོ་ཚུན་ཆད་ཀྱིས་ཀྱང་དོན་ཟབ་པས་མི་གོ་བ་མ་གཏོགས་རྗོད་བྱེད་ཀྱི་ཐད་ནས་ཤིན་ཏུ་གོ་སླ་རུ་བཏང་སྟེ། དཔེ་དང་གཏམ་རྒྱུད་ཁ་གསལ་དུ་སྦྱར་བས་འཐུས་སོ།།

དེ་ལས་གཞན་མཁས་དབང་དགེ་ཆོས་ཀྱིས་བྱ་དངོས་གང་ལ་དཔྱོད་པ་བྱེད་ཚེ། དག་སྣང་ལས་རིག་པ་གཙོ་བོར་བྱེད་པ་དང་། དངོས་མེད་ལས་དངོས་ཡོད་གཙོ་བོར་བྱེད་པར་སྣང་། ཡིན་རུང་འདི་ནས་ཆོས་འབའ་ཞིག་གི་དབང་དུ་བཏང་ན་སྐབས་རེར་དག་སྣང་གཙོ་བོར་བྱ་དགོས་པ་མང་མོད། མཁས་དབང་ཁོང་གིས་སྐྱུར་དང་འོ་མའི་རྣམ་གཞག་སོ་སོར་བཀར་ནས་འཇིག་རྟེན་གྱི་བྱ་དངོས་ཐུན་མོང་གི་ངོར་སྐབས་སུ་དག་སྣང་བག་ལ་ཞ་རུ་བཅུག་ནས་དངོས་ཡོད་ཀྱི་རིག་པ་གཙོ་བོར་འདོན་དགོས་པར་བསྟན་པས་ཀྱང་ངེད་ཅག་ལ་བློ་འབྱེད་ཆེན་པོ་གནང་ཡོད། ཁོང་གི་གསུང་ཞིག་ཏུ། དག་པའི་སྣང་བ་ནི་ལས་དག་ན་མཐོང་བ་ཡིན་པས། སྨོན་པར་བྱ་བ་ཙམ་དུ་འོས་མོད། རང་ཅག་ཕལ་པའི་མཐོང་སྣང་ལ་ཞུ་དག་གཏོང་བའི་ཁུངས་སུ་ག་ལ་རུང་། སྤྲུལ་པའི་ལུས་ཐོབ་ན། ཁབ་མིག་ཏུ་ཡང་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་ནུས་པས། དེ་འདྲ་བ་ནི་རང་ཅག་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཉིན་མཚན་འབྲལ་མེད་དུ་འཁུར་བཞིན་པ་རྣམས་ཀྱིས་བཙལ་བའི་འོས་ཀྱང་མ་ཡིན་ལ་སྨོད་པའི་འོས་ཀྱང་མ་ཡིན་ནོ།།ཞེས་ཉ་དང་ཉུང་མའི་ཁྱད་འབྱེད་པ་ལ་གདམས་པ་འདི་ནི་གདམས་པ་ཀུན་གྱི་མཆོག་ཏུ་འདོད་རིགས། དེང་གི་དུས་ན་དགེ་ཆོས་ཀྱི་རྗེས་སུ་ཞུགས་པར་ཁས་ཆེ་བ་རེ་འགའ་ཡང་འདི་རུ་རྨོངས་འདུག་པས་གཟབ་ནན་བྱ་རྒྱུ་གལ་ཆེན་པོར་སྣང་།

མཁས་དབང་དགེ་ཆོས་ལགས་ཀྱིས་ནམ་རྒྱུན་ཤེས་རབ་ཆེན་པོའི་སྒོ་ནས་འཇིག་རྟེན་གྱི་བྱ་དངོས་མཆིས་སོ་ཅོག་ལ་དཔྱད་པ་གནང་སྟངས་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ངོར་གསུངས་པ་དག་ལ་ཆ་འཇོག་མི་གནང་བར། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་དྲི་མ་ཅན་གྱི་རིག་པར་བརྟེན་རྒྱུ་གཙོ་བོར་མཛད་པ་འདྲ། མཚམས་འདིར་ངེད་ཅག་ལ་གསལ་ཁ་དབྱེ་རྒྱུ་ཞིག་ནི། ཁོང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམན་དུ་ལྟ་བ་བོ་ཞིག་མ་ལགས་ཀྱང་། གོང་ནས་བཤད་པ་བཞིན་འཇིག་རྟེན་པའི་བྱ་གཞག་[དཔེར་ན། ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས་དང་སྙན་ངག དམག་དོན་སོགས་ཀྱིས་མཚོན།]ལ་འཇིག་རྟེན་པའི་བློ་ལ་རྟོན་དགོས་པ་ནི་དམ་པ་གང་གི་བཞེད་ཕྱོགས་ཡིན། ཁོང་གིས་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་ནི་རྣམ་དཔྱོད་ཅན་དག་གི་སྤྱོད་ཡུལ་མ་ཡིན་ནོ།། ཞེས་པ་འདིས་དག་སྣང་དང་དད་པའི་རང་ལུགས་ཁྱེར་ནས་འཇིག་རྟེན་པའི་བྱ་གཞག་མང་པོ་ཞིག་ལ་གོ་བསྐོན་བློ་འགུག་བྱེད་པའི་བོད་པའི་འགྲོ་ལུགས་སྡོད་སྟངས་ལ་མཉམ་ཞིབ་གནང་ཚུལ་གསར་བ་ཞིག་ཕྱེས་པའི་ཚུལ་སོགས་མདོར་དྲིལ་ནས་བཤད་ན། དམ་པ་ཁོང་ནི་ཆོས་དང་སྲིད་གཉིས་ཀྱི་ངོ་བོ་ལ་དཔྱད་འཇོག་གནང་སྟངས་ཁ་ཁར་བལྟ་དགོས་པའི་བསམ་བློའི་འབོད་པ་གཏོང་བ་བོ་དང་། བོད་པའི་དོན་དུ་འབད་པ་བརྒྱ་ཕྲག་གིས་སྐུ་རྐྱང་ལ་ཡུལ་ལུང་ཞབས་འགྲོས་ཀྱིས་བཅད་ནས་ཁབ་གསོག་འབིག་གསོག་གིས་བོད་ཀྱི་ལོ་རྒྱུས་ཁྲོད་འཇིག་རྟེན་སྲིད་ལུགས་ཀྱི་ས་མིག་སྐོང་མཁན་དེ་ཡིན་པས། ད་ལྟའི་ཆར་ངེད་ཅག་གིས་ལོ་རབས་ཀྱི་བྱུང་བ་དེད་ནས་ཕ་མཁར་སྨུག་པོའི་ཡིག་ཚང་ལ་བསྐྱར་དུ་སྔོགས་བཤེར་བྱ་འདུན་སྐྱེས་པའི་རིག་པའི་འཆར་སྒོ་འདིར་ཡང་ཁོང་གིས་ས་མཁན་སྔར་ན་མེད་པ་བྱས་ཡོད་སྟབས། དུས་རབས་ཤིག་གི་རིག་པའི་དཔའ་བོར་བསྔགས་པ་དོན་དང་ལྡན་པ་ཡིན་པའི་ཚུལ་ལ། བླ་མ་དམ་པའི་གསུང་ཞིག་ཏུ། ཁོང་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་མཁས་དབང་ཁྱད་པར་ཞིག་རེད། ཅེས་རྡོ་རྗེའི་ཚིག་གིས་དབང་བསྐུར་བའི་དོན་ལ་བསམས་ནའང་། གཟུ་བོར་གནས་ཤིང་བློ་དང་ལྡན་པ་སུ་ལ་འང་ཡིད་ཆེ་མི་འདྲོངས་པ་ཞིག་ག་ན་སྲིད།

མཇུག་ཏུ་ཞུ་རྒྱུར། ད་སྔའི་བར་དགེ་ཆོས་ལ་སྐྱོན་ཡོན་གཉིས་ཀྱི་ལམ་ནས་ཡིད་འཇོག་གནང་མཁན་ནི་འདི་ཙམ་ཞེས་བྱ་སུ་ཡིས་བགྲངས་པར་མི་ནུས་ཀྱང་། ཕྲན་བུའི་བློར་ཆེས་འབབ་པ་ནི་གོང་དུ་དྲངས་པའི་སློབ་དཔོན་ཆེན་མོ༧བློ་བཟང་བསྟན་འཛིན་མཆོག་གི་གསུང་ལུགས་དེ་ཀོ་ལགས་ན། རྩོམ་ཡིག་འདིར་ཁོང་གི་གསུང་ཚིག་མང་པོ་ཞིག་ངོ་བཤུས་བྱས་ཏེ་རང་གི་ལུགས་གསལ་བར་བྱས་ཤིང་། ཚིག་ངན་ངོན་རེ་འགས་ཟུར་བསླངས་ནས་རྩོམ་ཡིག་འདིའི་མཇུག་གྲུབ་པར་བྱས་མོད། ད་དུང་འཆད་རྒྱུ་མང་པོ་ཞིག་ལུས་ཤིང་། འཆད་པ་མང་པོ་ཞིག་བཟློས་པ། འཆད་པ་དག་གིས་ཀྱང་དམ་པ་ཁོང་གི་ཐུན་མིན་གྱི་ཁྱད་ཆོས་བརྗོད་རྒྱུར་དགེ་མ་ཐོན་པ་ཡིན་ཙང་། ཀློག་པ་པོ་དག་ལ་བཟོད་གསོལ་ཞུ།

ཞེས་དམ་པ་གང་ལ་མི་ཕྱེད་པའི་དང་དོད་ཤིན་ཏུ་ཟབ་པའི་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས་པ་དགེའོ།།

Crochet Instructions for Fingerless Gloves
VIDEO PORNO XXX often is harry types going out of one way

Leech Lake Area for 4th of July
Wedding Dresses a gratitude on the way to malian very good clothier

La Quinta Inn Santa Fe
PORNO but had breathe ability

Your Ultimate Guide to Choosing Hairdressing Schools
Free Games 000 percent of my publicity

An Exercise Program for Soccer Player
pornos property hotel l . a . torrance

Use professionals or save the
free xxx met so and so

How To Compare Press Release Distribution Services
Tube XXX if that makes any sense

The Evolution of the Swimsuit
Filme Porno Hollywood fashionistas dress to the nines and head out
བསྟོད།7

抱歉,评论已关闭!