〝མང་ཚོགས་བཅིངས་གྲོལ〞དང་བདག་གི་རྨི་ལམ།

སྙུག་བཅུད་ལེན།

༡ “བཅིངས་བ་གསུམ”དང་ལྟག་རྒྱབ་ཀྱི་གནད་དོན།

འདས་ལོ་བདུན་བརྒྱ་ལྷག་གི་ཡར་སྔོན་ནས་ད་བར་དུ་བོད་ཀྱི་མང་ཚོགས་ནི“བཅིངས་བ་གསུམ”གྱི་སྡོམ་ཐག་ཁྲོད་ནས་གཉའ་སྒུར་སྒུར་དང་མགོ་ལྷེམ་ལྷེམ་གྱིས། ཚོགས་སྤྱི་བྱེ་བྲག་ཅིག་གི་བཀས་བཀོད་འོག་ནས་ཡ་ཡ་ལགས་ལགས་ཀྱི་ཐ་སྙད་གཅིག་པུར་བརྟེན་ཏེ་འཚོ་བ་རོལ་ནས་འོང་བ་རེད། དེ་ནི་འདས་ལོ་བདུན་བརྒྱ་ལྷག་རིང་གི་ལོ་རྒྱུས་རྒྱབ་ལྗོངས་དང་དེས་དེ་རིང་གི་བར་དུ་བསྐྱེད་པའི་མང་ཚོགས་དག་གི་སྤྱིའི་གྲུབ་འབྲས་ལས་ཀྱང་ར་སྤྲོད་བྱེད་ཀྱིན་ཡོད། འདི་ལྟར་ཁ་སང་གི་རྐང་རྗེས་དག་ལ་ཕྱི་དྲན་བྱེད་ཞོར་དེ་རིང་གི་གནད་དོན་ལ་བསམ་གཞིགས་ཡང་ཡང་བཏང་ནས་འོང་དུས། བོད་ཀྱི་མང་ཚོགས་ནི་ད་དུང“བཅིངས་བ་གསུམ”གྱི་སྡོམ་ཐག་གིས་དམ་པོར་བསྡམ་ནས་ཡོད་པ་རེད།“བཅིངས་བ་གསུམ”ནི། ཆོས་ལུགས་ཀྱིས་བཅིངས་བ་དང་། སྦྱོང་འདོད་ཀྱིས་བཅིངས་བ། འཚོ་གནས་ཀྱིས་བཅིངས་བ་བཅས།“བཅིངས་བ་གསུམ”གྱི་མནར་གཅོད་ཁྲོད་ནས་ད་ལྟའང་ད་དུང་བོད་ཀྱི་མང་ཚོགས་དག་གིས་སྡུག་མྱོང་བཞིན་ཡོད་པས། རང་ཅག་ལ་བློ་དཀར་བའི་མི་བུ་ཞིག་ཡིན་ཚེ་ཅིས་ཀྱང་གནད་དོན་འདི་ལ་ཤུགས་ཆེན་གྱིས་ཉམས་འཇོག་བྱ་རན་འདུག

འདི་ལྟར་ལབ་ནས་འོང་དུས“བཅིངས་བ་གསུམ”ནི་ཅི་ཞིག་ཡིན་ནམ། འདི་དག་གིས་ཇི་ལྟར་བཅིངས་ནས་ཡོད་པ་རེད་ཅེས་ལྡོག་འདྲི་བྱས་ནས་ཡོང་ཚེ། དང་པོ་ཆོས་ལུགས་ཀྱིས་བཅིངས་བ་ནི། བོད་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་བའི་སྐྱོ་གར་གྱི་རྗེས་སུ་བྱུང་བའི་ལས་འགུལ་ཞིག་སྟེ། ཆོས་ལུགས་དབང་བསྒྱུར་འོག་ནས། བོད་མང་ཚོགས་ལ་འཇིག་རྟེན་པའི་དངོས་པོའི་ལོངས་སྤྱོད་ཀྱི་རིན་ཐང་ལྟ་བ་དང་། མཛེས་དཔྱོད་ལྟ་བ་སོགས་ཡོངས་སུ་ཚད་བཀག་བྱས་པའི་འོག་ནས། མང་ཚོགས་ཀྱི་འདུ་ཤེས་མཛེས་རྟོགས་ཚང་མ་ཚད་བཀག་བྱེད་ཀྱིན་ཡོད་པ་རེད། འཇིག་རྟེན་པའི་ཚོར་བའི་མཁའ་དབུགས་དང་ལྡོག་པའི་ཆོས་ལུགས་ཀྱི་བྱེད་སྒོ་གང་ཞིག་གིས་ཁོ་ཚོའི་སེམས་ཀྱི་བར་སྣང་མཐའ་དག་མག་མོག་རབ་རིབ་ཅིག་ཏུ་བཟོས་དང་བཟོ་བཞིན་ཡོད་པ་རེད་པས། ཆོས་ལུགས་ཀྱིས་བཅིངས་བ་ནི་ཆེས་ཚབས་ཆེན་རང་བཞིན་ཞིག་སྟེ། དེས་ཕྱི་མ་སྦྱོང་འདོད་དང་འཚོ་གནས་གཉིས་ཀྱི་བཅིངས་བ་ལ་ཤུགས་རྐྱེན་བླ་ལྷག་ཐེབས་ཀྱིན་ཡོད།

གཉིས་པ་སྦྱོང་འདོད་ཀྱིས་བཅིངས་བ་ནི། འདས་ལོ་བདུན་བརྒྱ་ལྷག་གི་ཡར་སྔོན་ནས་བཟུང་བོད་ལུང་པའི་འགྲོ་འདུག་སྤྱོད་གསུམ་ཚང་མ་ཆོས་ལུགས་པའི་དབང་བསྒྱུར་ལས་འགུལ་འོག་ཚོད་འཛིན་བྱས་པ་ནས། ཆོས་ལུགས་གྲུབ་མཐའ་ཁག་གིི་ཕན་ཚུན་འགལ་རྩོད་ཀྱི་བྱེད་སྒོ་གང་མང་སྤེལ་བ་བརྒྱུད་ནས། བོད་ཀྱི་མང་ཚོགས་དག་ནི་དེའི་ཁྲོད་ཀྱི་ལག་རྡེའུ་ལྟ་བུར་གྱུར་ཅིང་། ཆོས་ལུགས་གྲུབ་མཐའ་སོ་སོའི་ཕན་ཚུན་གྱི་སྙན་གྲགས་འགོག་རྒོལ་དང་ས་མཚམས་ཆུ་མཚམས་ཀྱི་རྩོད་རྙོག་ཁྲོད་ནས་ལྷག་དོན་མང་ཚོགས་དག་ནི་ལག་ཆ་སྟབས་བདེ་ཞིག་ཏུ་གྱུར་སོང་བ་རེད། དེ་ལྟར་བོད་ཀྱི་མང་ཚོགས་དག་ཆོས་ལུགས་གྲུབ་མཐའ་ཁག་གི་ལག་ཆར་བཀོལ་བའི་བརྒྱུད་རིམ་ཁྲོད་ནས། དུས་ཚོད་ཡོད་ཚད་གཞན་དབང་དུ་གྱུར་བ་དང་། མང་ཚོགས་ཚོས་རང་གིས་གང་ཞིག་བརྒྱུད་འདོད་པ་དང་ཅི་ཞིག་སྦྱོང་འདོད་ཀྱི་འདུན་པ་ཡོད་ཚད་ཚད་བཀག་བྱས་ཡོད་པ་དང་། ལྷག་དོན་མི་ཆོས་རིང་ལུགས་ཀྱི་རིག་པ་མཐའ་དག་སྦྱོང་བའི་སྐལ་བ་ཆད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དམག་དོན་དང་། ཆབ་སྲིད། དཔལ་འབྱོར། རྩོམ་རིག མཚན་ཉིད་རིག་པ་སོགས་ཐམས་ཅད་སྦྱོང་བའི་སྐལ་བ་ཆད་པ་རེད། གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་བོད་ཀྱི་མང་ཚོགས་དག་གིས་རང་གི་སྦྱོང་འདོད་ཐམས་ཅད་མངོན་འགྱུར་མ་ཐུབ་པར་མ་ཟད། བོད་བྱིངས་ཀྱི་འདས་མ་ད་གསུམ་གྱི་སྤྱིའི་འཕེལ་རྒྱས་ལ་ཚད་བཀག་ཤུགས་ཆེན་ཐེབས་ཤིང་ད་ལྟ་ད་དུང་ཡང་འབག་བཙོག་བཟོ་བཞིན་ཡོད་པ་རེད་དོ།།

གསུམ་པ་འཚོ་གནས་ཀྱིས་བཅིངས་བ་ནི། གོང་སྨྲོས་ལྟར་ཆོས་ལུགས་གྲུབ་མཐའ་ཁག་གི་དབང་བསྒྱུར་ལམ་ལུགས་ཀྱི་འོག་ནས། བོད་ཀྱི་མང་ཚོགས་ནི་ཏག་ཏག་གྲྭ་པ་དག་གི་ལག་ཆ་སྟབས་བདེ་ཞིག་ཏུ་གྱུར་ཏེ། མང་ཚོགས་རྣམས་ཀྱི་འདུ་ཤེས་བསམ་བློའི་སྟེང་ན་བླ་ན་མེད་པའི་ཆོས་ལུགས་འགོག་སྲུང་གི་སེམས་ཁམས་བརྟན་པོ་ཞིག་བསྐྲུན་པ་རེད། དེ་ལྟར《བསམ་བློ་དབང་བསྒྱུར》དང《དབང་ཆ་སྒེར་གཅོད》ཀྱི་ལས་འགུལ་དག་རབས་དང་རིམ་པ་སྤེལ་ཏེ་བོད་ཀྱི་མང་ཚོགས་དག་གི་སྤྱིའི་ཀླད་ཤུགས་ངལ་རྩོལ་ཀྱང་ཀུ་དོག་པའི་ཁྱབ་ཁོངས་ཤིག་ཏུ་བཙན་གྱིས་བཙུད་པ་རེད། སྦྱོར་བ་དེ་དག་གི་ཤུགས་རྐྱེན་འོག་ནས་ད་གཟོད་བོད་ཀྱི་མང་ཚོགས་དག་གི་ཀླད་སྒྲོམ་གྱི་རིག་པ་མཐའ་དག་སྒྲོམ་གཞི་དོག་མོ་ཞིག་གི་ར་བ་ནས་ཕར་འདའ་མ་ཐུབ་པ་རེད་ལ། དེའི་གཡོ་འགུལ་གྱི་འོག་ནས་མང་ཚོགས་དག་གི་འཚོ་བའམ། འཇིག་རྟེན་པའི་འཚོ་གནས་རང་བཞིན་གྱི་རིག་པའི་མ་ལག་ཚང་མ་འགས་གཏོར་བྱས་སོང་བ་རེད། དེ་ལྟར་བོད་ཀྱི་མང་ཚོགས་ཀྱི་རབ་རིབ་ཀྱག་ཀྱོག་གི་ལོ་ཟླ་དག་འཛམ་གླིང་ཤར་ནུབ་ཀྱིས་ཚན་རིག་ལག་རྩལ་གྱི་འགྲན་རྩོད་ཆེས་ཆེར་སྤེལ་བའི་སྒྱུ་སྐར་འཕྲུལ་འཁོར་སོགས་ཀྱི་འཁོར་བསྐྱོད་ཀྱི་སྐབས་ལ་བརྒྱུས་ནས་ཐོན་པ་རེད་ལ། འདས་ལོ་བདུན་བརྒྱ་ལྷག་རིང་གི་བོད་མི་ཁྲི་སྟོང་མང་པོ་ཞིག་གིས་སྐྱ་ཟད་ངོ་སྡུག་གི་འཚོ་བ་རྐྱང་རྐྱང་རོལ་ཞིང་། མཐོང་ཚོར་ཐོས་ཚོར་གང་ཡང་མེད་པའི་ཉམ་ཆུང་བའི་ཚེ་སྲོག་དག་གོ་མེད་ཚོར་མེད་ངང་དུར་སྦས་བྱས་སོང་བ་རེད།

འདི་ལྟར་འདས་ལོ་བདུན་བརྒྱ་ལྷག་གི་གོང་རོལ་ནས་བརྒྱུད་དེ་ལམ་གྱི་གོ་རིམ་དང་ལས་འགུལ་གྱི་སྦྱོར་བ་མཐའ་དག་རིམ་གྱིས་དབྱེ་ཞིབ་བྱས་ནས་འོང་དུས། བོད་ཀྱི་མང་ཚོགས་དག་གི་འཚོ་བ་དང་མཛེས་དཔྱོད་རིན་ཐང་སོགས་ཡོད་ཚད་བཅིངས་བ་མང་པོ་ཞིག་གི་འཆིང་རྒྱ་རུ་བསྡམས་ནས་ཡོད་པ་དང་། འདི་ལ་འདི་ནས་ཡར་བརྩིས་པའི་འདས་ལོ་ཉི་ཤུ་ལྷག་གི་ཚུན་ཆོད་གསར་དུ་དོགས་སློང་དང་དགག་སྒྲུབ་བྱེད་མཁན་ཁར་ཁེར་ཞིག་ཐོན་པ་ལས། དེའི་གོང་རོལ་དུ་བསམ་ཚུལ་ཙམ་ཡང་ཐོན་མྱོང་མེད་པ་རེད། དེ་ལྟར་འདས་པའི་བརྒྱུད་རིམ་དང་ད་ལྟའི་གནས་བབས་ཀྱི་མཇུག་འབྲས་དང་སྐྱོ་གར་ཡོད་ཚད་ཕྱོགས་སྡོམ་ཞིག་བྱས་པ་ཡིན་ན། ཆ་འཕྲིན་དང་ལག་རྩལ་གསར་བའི་མྱུར་ཚད་ཀྱི་ཆར་བ་འབབ་བཞིན་པའི་གར་སྟེགས་འདི་ནས་འཛམ་གླིང་གིས་ང་ཚོར་ཆེས་ཁ་གསལ་དོད་པོའི་དྲི་རྟགས་ཆེན་པོ་ཞིག་རྒྱག་གིན་ཡོད་པ་རེད། འདི་འདྲའི་ཡིད་སྐྱོ་བའི་ངོ་གདོང་སྐྱ་བོའི་མཚན་མོ་རེ་རེར། ཁོ་བོས་ནི་དུས་དང་རྣམ་པ་ཀུན་ཏུ་ཆོས་ལུགས་དབང་བསྒྱུར་གྱི་ལྩགས་སྒྲོག་འོག་ནས་བོད་ཀྱི་མང་ཚོགས་དག་བཅིངས་གྲོལ་ཐོབ་པའི་རྨི་ལམ་ཞིག་རྨི་བཞིན་ཡོད་དོ།།

༢ “ཆོས་ལུགས་དབང་བསྒྱུར”འོག་གི་མི་སེར་གྱི་རྣམ་ཤེས་འཁྱམ་པོ།

ང་ཚོའི་མི་སེར་ནི་རྨོངས་པ་ཡིན་ནོ།།ང་ཚོའི་མི་སེར་ནི་གཞུང་དྲང་ཡིན་ནོ།། ང་ཚོའི་མི་སེར་ནི་ལྷིང་འཇགས་ཡིན་ནོ།། ང་ཚོའི་མི་སེར་ནི་དབུལ་བོ་ཡིན་ནོ།། ང་ཚོའི་མི་སེར་ནི་ཡིག་ནོར་ཡིན་ནོ།། ང་ཚོའི་མི་སེར་ནི་གླེན་པ་ཡིན་ནོ།། ང་ཚོའི་མི་སེར་ནི་ལག་ཆ་ཡིན་ནོ།། ཡིན་པ་འདི་དག་གི་བར་གླགས་ཁྲོད་ནས་བོད་ཀྱི་མི་སེར་ནི་ཏག་ཏག་དོན་གྱིས་མི་སེར་དཀྱུས་མ་ལས་ཀྱང་དཀྱུས་མར་གནས་ཏེ། ལ་ལོང་ཀུན་ཏུ་དམིགས་འབེན་དང་ལངས་ཕྱོགས་ཅི་ཡང་མེད་པར་ལོང་སྟོང་ནང་དུ་ཁ་ཕྱོགས་ཀྱིན་ཡོད་པ་རེད། དེ་བཞིན་དུ་བོད་ཀྱི་ལས་རིགས་ལ་མཚོན་ན་སྤྱིའི་ཆ་ནས་རོང་འབྲོག་གཉིས་ཀྱིས་གྲུབ་ཅིང་འཚོ་བ་འདི་ནི་གནའ་ནས་ད་བར་དུ་བརྒྱུད་པའི་བོད་ཀྱི་འཚོ་བ་ཆེན་པོ་གཉིས་རེད། འོན་ཀྱང་དུས་སྐབས་འདི་འདྲ་ཞིག་གི་ཁྲོད་ནས་ད་དུང་སོ་སོས་ལྟོ་གོས་ཀྱི་ཆེད་དུ་རི་ཁ་ཞང་ཁ་ནས་འོ་དོད་འབོད་ཀྱིན་ཡོད་པ་རེད། འཛམ་གླིང་གོ་ལ་ཅན་དང་ཆ་འཕྲིན་ལག་རྩལ་ཅན་གྱི་མྱུར་སྐྱོད་འཕུར་གྲུ་དག་གིས་དུས་ཚོད་སྐད་ཅིག་ཙམ་གྱི་རིང་འཛམ་གླིང་བསྐོར་བ་རྒྱག་བཞིན་པའི་དུས་དེ་རིང་། ད་དུང་བོད་ཀྱི་མི་སེར་དག་གིས་རི་ཁ་ཞང་ཁ་ནས་གནའ་བོའི་འབྲོག་གླུའི་ཁྲོད་ནས་ཁ་བ་བུ་ཡུག་ལ་གནའ་གླུ་གྱེར་བཞིན་ཡོད་པ་རེད། འདི་དག་ཚང་མ་ནི་ཆོས་ལུགས་དབང་བསྒྱུར་ཁྲོད་ནས〝འདུ་ཤེས་བྲན་བསྒྱུར〞གྱི་སྦྱོར་བ་ཆེས་ཆེར་སྤེལ་ཞིང་སྤེལ་བཞིན་པའི་རྟགས་དང་མཚན་མ་རེད། འདི་ལྟར་ད་དུང་ང་རང་ཚོ་ཁུ་སིམ་སིམ་གྱིས་མདུན་དུ་བསྐྱོད་རྒྱུ་ཡིན་ན། བོད་ཀྱི་མི་སེར་ནི་ཀླ་ཀློའི་རྒྱལ་ཁབ་ཅིག་གི་མངའ་འབངས་ལས་ལོགས་སུ་ངོས་འཛིན་བྱེད་ཐུབ་མཁན་ཧ་ཅང་དཀོན་པར་གནས་ཤིང་། ནམ་ཞིག་ཁྱོད་ཀྱི་མི་རིགས་དང་ང་ཡི་སྤུན་ཟླ་ཞེས་ཅི་ཙམ་ལབ་ཅིང་གྱེར་ནའང་། དེ་དུས་གཞི་ནས་ཁྱོད་ཀྱི་མི་རིགས་དང་ང་ཡི་སྤུན་ཟླ་མཐའ་དག་ཆོས་ལུགས་དབང་བསྒྱུར་གྱི་ལས་འགུལ་ཁྲོད་ནས་གནམ་ས་གང་ཞིག་ཏུ་འཐིམས་སོང་བར་མི་ཤེས་པའི་ཚད་དུ་བསླེབས་ངེས་སོ།།

གང་ལྟར་ཆོས་ལུགས་དབང་བསྒྱུར་འོག་གི་བོད་ཀྱི་མི་སེར་རྒན་པ་དག་ནི་གོམས་གཤིས་དེར་ལོབས་དྲགས་པས། དེ་འདྲའི་ཚ་ཤད་དང་ན་ཟུག་ཆེར་ལངས་ཀྱིན་མེད་ལ་ལྷག་དོན་ཁོ་ཚོས〝འདུ་ཤེས་བྲན་བསྒྱུར〞གྱི་སྦྱོར་བའི་མཐུ་བཙན་པས། ད་དུང་མི་སེར་རྒན་པ་དག་ནི་ཁོ་ཚོའི་རྒྱབ་བརྟེན་དུ་ཀྲོང་ངེར་ལངས་ངེས་སོ།། འོན་ཀྱང་། བོད་ཀྱི་མི་རབས་གསར་བས་ནི་ཏག་ཏག〝བྲན་གཤིས〞ཀྱི་ལས་འདི་དང་ལེན་བྱེད་ཐུབ་ཀྱིན་མེད་ལ། ལྷག་དོན་བོད་ཀྱི་མི་སེར་གྱི་འཚོ་བའི་ལྡོག་ཟླར་ལངས་བའི་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ནི། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ལུས་ཀྱི་རྐང་རྗེས་བསྐྱུར་བ་བཞིན་རྒྱང་དུ་འདོར་གྱིན་ཡོད་པར་མ་ཟད་རྨི་ལམ་ཚུན་ཆད་དུའང་འདོར་གྱིན་ཡོད་པ་རེད། འདི་ལྟར་བསྡུར་ནས་འོང་དུས་ཆོས་ལུགས་དབང་བསྒྱུར་གྱི་ལས་འགུལ་དེ་ནི་ད་ལྟ་བོད་མི་རྒན་པ་དག་གི་ཁྲོམས་ར་རུ་འགྲེམས་སྤེལ་བྱེད་ནུས་པ་ལས། བོད་ཀྱི་མི་རབས་གསར་བའི་ཁྲོམས་ར་རུ་གོམ་པ་གང་ཡང་སྤོ་མི་ནུས་སོ།། འོན་ཀྱང་། ས་མཚམས་འདི་ནས་ཆོས་ལུགས་དབང་བསྒྱུར་གྱི་བྱེད་སྒོ་འདིས་བོད་མི་རྒན་གཞོན་བར་གྱི་འབྲེལ་ལམ་དེ་རྒྱང་དུ་བཀྱེད་ཀྱིན་ཡོད་པ་དང་། ཆོས་དང་འཇིག་རྟེན་གྱི་གྲུབ་འབྲས་གང་ཡང་མེད་པའི་ཕུངས་གསུམ་གྱི་ལོ་རྒྱུས་ཚབས་ཆེན་ཞིག་དོད་ཅིང་འབྲི་བཞིན་པ་རེད། གལ་སྲིད་ཉིན་ཞིག་བོད་ཀྱི་ཉམས་ང་བའི་ས་གཞི་ལག་མཐས་ཙམ་པོ་བ་འདིའི་སྟེང་དུ་བསམ་ཡུལ་ལས་འདས་པའི་ཆག་འཇིག་ཆེན་པོ་ཞིག་འབྱུང་བའི་དབང་དུ་བཏང་ན། དེ་དུས་ནི་ཆོས་ལུགས་དབང་བསྒྱུར་མཁན་གྱི་བྱེད་པོ་དག་ནི་ཁ་གདིང་མིག་ཅེར་བ་ལས་ཅི་ཡང་མི་ནུས་མཁན་དུ་མི་འགྱུར་བའི་ངེས་པ་ཁྱོན་ནས་མེད་དེ། དེ་ནི་ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་མངའ་འོག་གི་མི་སེར་དཀྱུས་མ་དག་ལ་བཀོད་འདོམས་དང་དབང་བསྒྱུར་གྱི་ཆོ་ག་ཁོ་ན་སྤེལ་བཞིན་ཡོད་པ་ལས། ལྟག་རྒྱབ་ཀྱི་གནད་དོན་དག་ལ་བསམ་གཞིགས་ཡེ་ནས་མ་སོང་བས་རེད་དོ།།

གལ་ཏེ་ཉིན་ཞིག་ཏག་ཏག་བོད་ཀྱི་མི་སེར་དག་ལ་ཆོས་ལུགས་ཀྱིས་བསྐྲུན་པའི་ད་ལྟའི་འདི་ལས་ཀྱང་བསམ་ཡུལ་ལས་འདས་པའི་ཆག་འཇིག་ཆེན་པོ་ཞིག་འོང་བའི་དབང་དུ་བཏང་ན། དེ་དུས་ཆོས་ལུགས་དབང་བསྒྱུར་མཁན་དག་ལ་ཐབས་ཤེས་ཅི་ཞིག་ཡོད་དམ། དེ་དུས་ཁོ་ཚོས་གནད་དོན་དེ་ལ་ཇི་ལྟར་བྱས་ནས་འགན་ལེན་བྱེད་ཐུབ་བམ། དེ་དུས་ཁོ་ཚོར་མྱུར་སྐྱོབ་ཀྱི་གྲ་སྒྲིག་ཅི་ཞིག་ཡོད་དམ། མེད་མོད། ཁོ་ཚོས་ནི་དུས་དང་རྣམ་པ་ཀུན་ཏུ་མདུན་ཕྱོགས་ཀྱི་མི་སེར་རྣམས་ལ་དབང་བསྒྱུར་གྱི་སྦྱོར་བ་ཆེས་ཆེར་བརྩོན་བཞིན་ཡོད་པ་ལས་དེ་དག་གི་ཆག་འཇིག་སོགས་ལ་གང་ཡང་བསམ་བློ་བཏང་མེད་པས་རེད། འདི་ལྟར་གནད་དོན་དང་སྐྱོ་གར་གཉིས་མཉམ་དུ་སྡེབ་ནས་སོང་དུས་བོད་ཀྱི་མི་དམངས་མང་ཚོགས་ཀྱི་འཁུན་སྒྲ་ལས་མཆེད་པའི་རྣམ་ཤེས་འཁྱམ་པོ་དག་ནི་བོད་ཀྱི་ཞིང་ས་གྲུ་བཞི་འདིའི་བར་སྣང་དུ་ཤོང་དཀའ་ཞིང་། བོད་ཀྱི་ཡུལ་ལུང་སོ་སོ་རུ་གནས་པའི་རི་དང་གཙང་བོ་དག་ཀྱང་ངུ་སྐད་དུར་སེ་འགྲོ་ངེས་སོ།། འདི་ལྟར་བརྒྱ་ལོ་ཉེར་གཅིག་པའི་ལོ་འགོ་ཚེས་པ་དང་མཉམ་དུ་བོད་ཡུལ་ལུང་པ་རུ་ཆོས་ལུགས་དབང་བསྒྱུར་གྱི་ཆོ་ག་སྣ་ཚོགས་སྤེལ་བའི་རྟགས་དང་མཚན་མ་དག་རེ་རེ་ནས་དབྱེ་ཞིབ་བྱས་ཤིང་། ཆོས་ལུགས་དབང་བསྒྱུར་གྱི་སྦྱོར་བ་ལ་རྔམ་པའི་གྲྭ་རྒན་སྨྲ་ར་ཅན་དག་གི་གདོང་འབག་རྣམས་རིམ་གྱིས་བཤུས་ནས་འོང་དུས། ཁོ་ཚོས་དམོད་ཚིག་དང་ལག་རྩིབ་སྤེལ་བ་ལས་ཐབས་གཞན་གང་ཡང་མ་ཡོད་པར་རང་ཤག་ཏུ་སྡུག་སྤོ་གཏིང་ནས་ལངས་ཞོར་ཙོག་པུར་མི་འདུག་ག་མེད་བྱུང་སོང་བ་རེད། དེའི་གཞུགས་ནས་གོང་གི་གྲྭ་རྒན་དག་དང་བསྡུར་ན་ཅུང་མགོ་བདེ་དྲན་འཕྲུལ་ལ་མཁས་པའི་གྲྭ་པ་སྐོར་ཞིག་གི་ཆོས་ལུགས་བྱེད་སྒོ་ལ་བརྟེན་ནས་བོད་ཀྱི་མང་ཚོགས་དག་སླར་ཡང〝འདུ་ཤེས་དབང་བསྒྱུར〞གྱི་འཆིང་རྒྱ་རུ་དམ་པོར་བཅིངས་སོང་བ་རེད། འདི་ལ་〝འདུ་ཤེས་དབང་བསྒྱུར་〞གྱི་ཐད་ནས〝འདུ་ཤེས་བཙན་བསྒྱུར〞དང〝འདུ་ཤེས་ཐབས་བསྒྱུར〞གྱི་སྦྱོར་བ་གཉིས་ཀྱིས་བསྡུས་པའི་བརྒྱུད་ལམ་ཞིག་སྟེ། སྔ་མ〝འདུ་ཤེས་བཙན་བསྒྱུར〞ནི་ཀླད་པར་བརྟེན་མ་ཤེས་པའི་གོང་གི་གྲྭ་རྒན་སྨྲ་ར་ཅན་དག་གི་སྦྱོར་བ་འདི་ལ་འདུ་ཤིང་། ཕྱི་མ〝འདུ་ཤེས་ཐབས་བསྒྱུར〞ནི་དེའི་གཞུག་ཏུ་བཟོས་པའི་ཆོས་ལུགས་དབང་བསྒྱུར་གྱི་རྟགས་མཚན་ཞིག་སྟེ། དེ་ཡིས་ནི་དགོན་པ་བསྐྱར་གསོ་དང་ལྷ་ཁང་ཆོས་ཁང་སོགས་མང་པོ་བཞེངས་བའི་སྐབས་སུ་བྱ་འགུལ་རབས་དང་རིམ་པ་སྤེལ་བའི་བརྒྱུད་རིམ་ཁྲོད། མི་དམངས་མང་ཚོགས་ཀྱི་འདུ་ཤེས་བསམ་བློ་དག་སློབ་གསོ་ཞེས་པའི་ཆོས་བཤད་ཡན་གར་བ་དག་གིས་དབང་དུ་བསྒྱུར་སོང་བ་རེད་ལ། ད་ལྟ་ད་དུང་ཡང་ཁྱེད་ཚོས་ལྷ་ཁང་བཞེངས་སྐྲུན་སོགས་ཀྱི་ཐད་ཞལ་དངུལ་མང་པོ་བཏབ་ཚེ། བྱ་བ་ལམ་འགྲོ་ལྡབ་འགྱུར་གྱིས་འཕེལ་བ་དང་ཚེ་ཕྱི་མ་སོགས་ལ་ཞིང་ཁམས་སྐྱིད་པོའི་གནས་སུ་སྐྱེ་བ་རེད་ཅེས་ཐབས་ལམ་མང་པོ་ཞིག་གི་སྦྱོར་བ་སྤེལ་བཞིན་ཡོད་པ་རེད། འདི་ལྟར་གནའ་ནས་ད་བར་དུ་བོད་ཀྱི་མི་སེར་དཀྱུས་མ་དག་གི་འཚོ་གནས་ཀྱི་ཁ་གཏད་དུ་ལངས་བའི〝ཆོས་ལུགས་དབང་བསྒྱུར〞གྱི་སྦྱོར་བ་སྣ་མི་གཅིག་པ་རིམ་པར་སྤེལ་བའི་གོ་རིམ་འདི་འཚམ་མ་བཞག་པའི་གནད་དོན་འདིས། ད་ལྟ་ད་དུང་ཡང་བོད་ཀྱི་སྤྱིའི་གནད་དོན་ལ་བསམ་བློ་གཏོང་ཐབས་མེད་པར་ནང་གི་ཉོག་དྲ་འདི་མ་སེལ་བར་ཡོད་པ་རེད་པས། ཁོ་བོས་ནམ་རྒྱུན་སྐབས་བབ་འདིའི་རྣམ་པ་གཞིར་བཞག་གི་སྟེང་ནས། བོད་ཀྱི་མི་སེར་དག་ཆོས་ལུགས་དབང་བསྒྱུར་གྱི་བཅིངས་གྲོལ་ཐོབ་རྒྱུ་ནི་རྨི་ལམ་ཞིག་ཏུ་སྒོམ་ནས་ཡོད་དོ།།

༣ ༼ མང་ཚོགས་རང་ངོས་ཀྱི་གནད་དོན ༽ དང་བོད་ཀྱི་རྒུད་པ།

ཁོ་བོས་ནི་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་རྒུད་པའི་ཕྱོགས་ཀྱི་རྟགས་དང་རྣམ་པ་མང་པོ་ཞིག་གི་གནད་དོན་འོག་ནས་རང་ཚོད་ཀྱིས་འཕག་འཚག་རྒྱག་ཁུལ་བྱེད་ཀྱིན་ཡོད་པ་དང་བསྟུན། གནད་ཁོངས་དག་ལ་ངོས་འཛིན་བྱེད་པའི་སྐབས་སུ། ཕྱི་ཆབ་སྲིད་ཀྱི་བཙུར་གནོན་དང་ནང་ཆོས་ལུགས་ཀྱི་བཀག་སྡོམ་གཉིས་ཀྱིས་ནི་བོད་གསོད་ཀྱིན་འདུག་ཅེས་སྐད་འབོད་རྒྱག་གིན་ཡོད་མོད། ནམ་རྒྱུན་དེ་དག་གིས་བོད་ཀྱི་མང་ཚོགས་དག་སྡུག་ལ་སྦྱར་གྱིན་ཡོད་རབས་ཀྱི་སྐད་ཆ་དང་རྩོམ་ཡིག་དག་སྤེལ་བ་ལས། མང་ཚོགས་རང་ངོས་ཀྱི་སྐྱོན་དང་གནད་དོན་མང་པོ་ཞིག་ད་བར་དུ་ཕལ་ཆེར་ཐེར་འདོན་བྱས་པ་ཉུང་ཉུང་ཡིན། དེ་བཞིན་དུ་ཐེངས་འདིར་ཁོ་བོས་མང་ཚོགས་རང་ངོས་ཀྱི་གནད་དོན་གང་ཞིག་ཐད་གར་སྒྲོག་འདོན་བྱེད་རྒྱུ་ཡིན་པས། གནད་དོན་འདི་གནད་ལ་ཁེལ་བའི་གདེང་ཚོད་ཀྱང་ཁོ་བོར་ཤུགས་ཀྱིས་ཡོད་དོ།། སྤྱིར་བོད་ཀྱི་ད་ལྟའི་མང་ཚོགས་དག་མི་རིགས་གཞན་དང་བསྡུར་ཚེ་ཧ་ཅང་རྨོངས་པ་ཡིན་པ་དེ་གནད་དོན་ཆེ་ཤོས་ཤིག་རེད། དེ་བཞིན་དུ་མ་ཚོགས་རང་ངོས་ནས་བསམ་བློ་ཞིག་བཏང་བ་ཡིན་ན། ནམ་རྒྱུན་ཤོག་སྒོར་དང་ངོ་སོ་མ་གཏོགས་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པར་དེ་དག་གི་དོན་དུ་རང་གི་ཕུ་ནུ་མིང་སྲིང་དང་གྲོགས་པོ་སྤུན་ཟླ་དག་ཀྱང་གཡོ་བཙོང་བྱེད་མཁན་བསྟུན་མར་ཐོན་གྱིན་ཡོད་པ་དང་། ལྷག་དོན་ནང་འཁྲུག་ནང་དམེ་ཡི་སྦྱོར་བ་ལ་དཔའ་ངར་ཤུགས་ཀྱིས་ཆེ་བ་རེད། གནད་དོན་འདི་དག་གི་འོག་ནས་ད་གཟོད་བོད་ཀྱི་མང་ཚོགས་ཚོས་སྤྱིའི་གནད་དོན་ཞིག་ལ་ཁ་ཡ་བྱེད་མི་ནུས་ཀྱང་། རང་ཉིད་གཅིག་པུའང་བདག་པོ་རྒྱག་མི་ཐུབ་པར་བོད་ཀྱི་ཁོར་ཡུག་ཆེན་པོའི་ནང་དུ་འབག་བཙོག་བཟོ་བཞིན་ཡོད་པ་རེད། འདི་དག་ནི་ཆོས་ལུགས་དབང་བསྒྱུར་གྱི་གནད་དོན་གཙོ་བོ་མ་ཡིན་པར་མང་ཚོགས་རང་ངོས་ཀྱི་གནད་དོན་ཡིན་པ་རེད། འདི་ལ་མང་ཚོགས་དག་གིས་ཇི་ལྟར་འགྲེལ་བཤད་རྒྱག་རྒྱུ་ཡིན།

ད་དུང་གནའ་ནས་ད་བར་དུ་བོད་ཀྱི་མང་ཚོགས་དག་ནི་སློབ་གསོ་ལ་མི་དགའ་ཞིང་ཤེས་ཡོན་ཅན་ལ་དེ་ལས་ཀྱང་བརྩི་མཐོང་མེད་སྐད། ད་ལྟ་ད་དུང་ཡང་ཆོས་ལུགས་སློབ་གསོ་ལས་མི་ཆོས་སློབ་གསོ་ལ་དང་དོད་མེད་ཅིང་ཆོས་པ་མ་གཏོགས་ཤེས་ཡོན་ཅན་ལ་དེ་ལས་ཀྱང་བརྩི་མཐོང་བྱེད་ཐུབ་ཀྱིན་མེད་པ་རེད། འདི་འདྲའི་གནད་དོན་འོག་ནས་མང་ཚོགས་ཚོས་ཀྱང་རང་ཉིད་རང་གིས་བསྡམ་ཤིང་རང་ཉིད་རང་གིས〝བཅིངས〞ནས་ཡོད་པ་རེད། འདི་དག་ནི་བོད་ཀྱི་མི་རིགས་མཚོད་བྱེད་ཀྱི་མི་དམངས་མང་ཚོགས་དག ང་རང་ཚོའི་མང་ཚོགས་རང་ངོས་ནས〝བཅིངས〞ཤིང་རྨོངས་པའི་ལམ་ནས་གྲོལ་གྱིན་མེད་པ་རེད། ཉིན་ཞིག་ང་རང་ཚོ་མི་སྒེར་དག་འཆི་ངེས། དེ་ནི་ཡ་མཚན་རྒྱུ་ཅི་ཡང་མེད་ལ་འཛམ་གླིང་གི་མི་བུ་ཡོད་དོ་ཅོག་གིས་བརྒྱུད་དགོས་པའི་ཆོས་ཉིད་ཅིག་གོ། འོན་ཀྱང་ང་ཚོ་མི་རེ་རེས་བསྐྱེད་པའི་འབྲས་བུ་དག་གིས་མི་རིགས་ཤིག་འཆི་བར་གཏུགས་ཚེ་དེ་ནི་བསམ་ཡུལ་ལས་འདས་པའི་ཅོང་གུད་ཅིག་ཡིན་པར་མ་ཟད། ལས་དེ་དག་སྦྱོར་མཁན་དག་ནི་འཇིག་རྟེན་འདིའི་ནག་ཉེས་ཆེས་ཆེ་ཤོས་དེ་ཅི་ལ་མ་ཡིན། དེ་དང་འབྲེལ་ཏེ་ང་ཚོས་མང་ཚོགས་རང་ངོས་ཀྱི་གནད་དོན་དག་ཞིབ་ཀྱིས་གླེང་ནས་འོང་དུས། མང་ཚོགས་དག་གིས་དང་ལེན་བྱེད་མི་ཐུབ་པའི་གནད་དེ་ནི་ཡང་མང་ཚོགས་དག་གི་སྐྱོན་ཆེན་ཞིག་ཡིན་པར་གྲུབ། འདི་ལྟར་མང་ཚོགས་ཚོས་ཀྱང་ཤེས་ཤེས་གོ་གོས་ངང་ད་དུང་ཁྲིམས་མེད་ལུགས་མེད་ཀྱི་ལས་ལམ་གང་དང་། རྒྱུ་འབྲས་དྲང་ལྡོག་གི་སྦྱོར་བ་ཆེས་ཆེར་སྤེལ་བཞིན་ཡོད་པའི་གནད་དོན་འདིས་བོད་ཟེར་བ་འདི་རྒུད་པའི་ལམ་དུ་འདྲེན་གྱིན་ཡོད་པ་རེད། གང་ལྟར་ད་ནི་ཕྱོགས་སྣ་མང་པོ་ཞིག་ནས་གནད་དོན་འབུད་ཀྱིན་ཡོད་པ་གཞིར་བཞག་གི་སྟེང་ནས། ཕྱོགས་སོ་སོའི་རང་ངོས་ཀྱི་རྟོགས་ནུས་པའི་སྦྱོར་བ་མི་ལེགས་པ་དག་རང་ངོས་ནས་དང་ལེན་དང་རྩོལ་བ་སྤེལ་བའི་འོག་མང་ཚོགས་དག་གིས་ཀྱང་རང་ངོས་ཀྱི་སྐྱོན་དང་མི་ལེགས་པ་དག་གཙང་མར་བཟོས་ན་ཅི་ལ་མི་འགྲིག

ཁོ་བོར་ནམ་རྒྱུན་འདང་རྒྱག་གཞན་ཞིག་ཡོད་པ་ནི་བོད་ཀྱི་མང་ཚོགས་དག་རྨོངས་པ་ཡིན་དྲགས་པས་ཡིན་རྒྱུ་རེད་དེ། ཁོ་ཚོས་རྒྱུན་དུ་མི་སྒེར་དང་མི་སྒེར་གྱི་བར་དུ་ཁ་བརྡ་གློད་པའི་སྐབས་སུ། དགོན་པ་དང་བླ་མ་གྲྭ་པ་དག་གིས་ཕྱོགས་སྣ་མང་པོ་ཞིག་ནས་མི་འགྲིག་པའི་ལས་དང་སྦྱོར་བ་མང་པོ་བགྲང་དུ་ཡོད་ལ། ཆོས་ལུགས་ཆོ་ག་ཡི་རྒྱུ་ནོར་འབུལ་བ་སོགས་ཀྱི་དཀའ་ཁག་དང་འབུལ་མི་འདོད་པའི་ལབ་གླེང་མང་དུ་བྱེད་རྒྱུ་ཡོད་མོད་ཀྱང་། མང་སར་ཐོན་དུས་དེ་དག་ལས་ལྡོག་སྟེ་ཡོད་ཚད་ཆོས་ལུགས་དགེ་སྒྲུབ་ཀྱི་དོན་དུ་ཁོ་ནར་འབུལ་རྒྱུ་ཡིན་སྐད་དང་། བླ་མ་གྲྭ་པ་དག་གི་བཤད་བྱ་ཡོད་ཚད་ཚད་མ་ཡིན་པ་རེད་ཅེས་སྐད་གསེང་མཐོན་པོས་བསྒྲགས་པ་རེད། གནད་དོན་འདི་ལ་བསམ་གཞིག་ཡང་ཡང་བྱས་རྗེས་མང་ཚོགས་རང་ངོས་ཀྱི་གཉུག་གཤིས་སུ་འཐིམས་པའི་མངར་སྐྱུར་ཁ་གསུམ་གྱི་ངོ་བོ་ནི་ཏག་ཏག་མི་སྒེར་བར་གྱི་ཁ་བརྡའི་ཁྲོད་ནས་མཐོང་ནུས་ཤིང་། ཕྱི་ནང་གཉིས་ཀྱི་ལམ་ཁ་མི་འདྲ་བའི་འགལ་འདུའི་ཁྲོད་ནས་བོད་ཀྱི་མང་ཚོགས་དག་གིས་ནི་རང་ཉིད་སྡུག་ལ་སྦྱར་གྱིན་ཡོད་པ་རེད། དེ་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་སྦྱོར་བ་གང་དེ་དག་གི་གཉུག་ཁམས་སུ་གྲུབ་པའི་བདེན་པ་མཐའ་དག་སྔོག་འདོན་བྱེད་མ་སྤོབས་པའི་སྐྱོ་གར་ཞིག་ཡིན་པ་དང་། སྐྱོ་གར་དེ་ནི་མང་ཚོགས་ཚོའི་རང་ངོས་ཀྱི་གོམས་སྲོལ་ལྟ་བུ་ཞིག་ཏུ་བཟུང་ཡོད་པ་རེད། འདི་ནི་མང་ཚོགས་དག་ནང་ཆོས་སུ་བཤད་པའི་དགེ་བ་དང་བདེ་བ་ཅི་ཡང་གི་ཁེ་ཕན་མེད་པར་རང་ཤུགས་ཀྱིས་ཕར་ཆོས་ལུགས་དབང་བསྒྱུར་གྱི་བྲན་འོག་ཏུ་འཛུལ་བ་མ་རེད་དམ། ད་དུང་སད་རྟོགས་པ་དག་གིས་ཁྱེད་ཚོ་རྨོངས་པའི་ལམ་དུ་ཚུད་འདུག ཡང་ན་ཁྱོད་ཚོས་འབུལ་བཞིན་པའི་རྒྱུ་ནོར་དག་ནང་ཆོས་སུ་བཤད་པའི་དགེ་རྩ་ལ་འགྲོ་གི་མ་རེད་ཅེས་སྔོན་བརྡ་རེ་བཏང་ནའང་། ཁོ་ཚོས་ཆེན་པོ་ཞིག་ཤེས་མདོག་དང་ཡ་མཚན་ཞིག་རྟོགས་མདོག་གིས། ཚུར་དེ་དག་ལ་རྒོལ་བ་གཏོང་གི་རེད། རེད་དེ། ཁོ་བོས་འདིར་ཁྱེད་ཚོར་ཕར་ལྡོག་འདྲི་ཞིག་བྱས་ན། སྤྱིར་ཁྱེད་ཚོས་རང་གི་འཚོ་གནས་ཀྱི་རྒྱུན་ཤེས་ཙམ་ཡང་མི་རྟོགས་པར། ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་རྣམ་བཞག་དག་ཇི་ལྟར་མཁྱེན་པ་རེད། ནང་ཆོས་ཀྱི་ཐ་སྙད་གཅིག་གི་སྤྱི་ཁོག་གཤགས་པའི་ནུས་པའང་མེད་མོད། འདི་དག་ནི་མང་ཚོགས་ཚོས་བག་ཆགས་ཤིག་དང་གོམས་སྲོལ་ཞིག་ལ་ཨུ་ཚུགས་ཀྱིས་འཐམ་ནས་ཡོད་པ་ལས། དེའི་ཡངས་སྙིང་རྟོགས་པའི་རྗེས་ཀྱི་ངེས་འབྱུང་ཞིག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་དེ་དག་གི་ཡངས་སྙིང་རྟོགས་པ་ཡིན་ཚེ་ཁྱེད་རང་ཚོས་འདི་འདྲའི་དཀའ་ལས་རྩ་བ་ནས་མྱང་མི་དགོས་པར་བློ་གཅིག་སེམས་གཅིག་གིས་ཆོས་ལུགས་ཁོ་ནར་བརྩོན་ཏེ་གཞན་གང་ལའང་ཁ་ཡ་མ་བྱས་ན་འགྲིག་གི་རེད་དོ།།

༤ ༼མང་ཚོགས་བཅིངས་གྲོལ༽གྱི་རྨི་ལམ་དང་མཇུག་གི་བསྒྲགས་གཏམ།

ད་ནི་ཁོ་བོས་དུས་རྒྱུན་བསམ་གཞིགས་ཀྱི་ཤུགས་རིང་ཡང་ཡང་འཐེན་པའི་ཟུར་ཞིག་གི་སྣེ་མོ་ནས་གླེང་སྟེ་མཚམས་འདིར་ཐོན་དུས། ཅི་ཞིག་ཤོད་སོང་བ་དང་ཅི་ཞིག་ཐོལ་སོང་བ་ལྟ་བུའི་སེམས་རྒྱུ་དྲོན་མོ་ཞིག་གིས་རེ་ཞིག་ཚ་ལམ་ལམ་དུ་སྣང་ཡང་། བསྐྱར་དུ་བློ་རིག་སྒྲིམ་སྟེ་བསམ་བློ་ཞིག་བཏང་རྗེས། ད་དུང་ནི་ཁོ་བོས་མ་ཤོད་པ་དང་རྗེས་སུ་ལྷག་འདུག་པའི་གནད་དོན་བགྲང་གིས་མི་ལངས་བ་ཞིག་མཐོང་ཡོང་མོད། གང་ལྟར་ད་ནི་ཡང་རྩོམ་ཡིག་འདིའི་མགོ་བར་མཇུག་གསུམ་གྱི་ལྷུ་ཚིགས་དག་གི་ཕྲ་ཕུང་དག་ཆ་འཕྲོད་པའི་དོན་དུ་རེ་ཞིག་གནད་དོན་གཞན་དག་རྗེས་ཀྱི་བརྩམས་ཆོས་དག་གི་བར་སྟོང་དུ་བཞག་པ་ཡིན་ནོ།། དེ་བཞིན་དུ་སླར་ཡང་གོང་སྨོས་དག་གི་བརྒྱུད་ལམ་ལ་བསམ་གཞིགས་ཡང་ཡང་གཏོང་ཞོར་སྐྱོ་ལ་སྡུག་པའི་བོད་ཀྱི་མི་དམངས་མང་ཚོགས་ཀྱི་གཚོ་གནས་ལ་ཞིབ་ལྟ་ཞིག་བྱས་ཚེ། ཆོས་ལུགས་པ་དག་གིས་ནི་ཏག་ཏག་རང་གི་ཁེ་ཕན་ཁོ་ན་ལས་ཉམས་ང་བའི་བོད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་དང་སེམས་ཀྱི་སྡུག་ཡུས་མཐའ་དག་ལ་བསམ་བློ་གང་ཡང་མི་གཏོང་བར་བདེ་བར་གནས་པ་འདིས། རང་ཅག་ལ་ཆེས་འཇིགས་སུ་རུང་བའི་ཉམས་རྒུད་ཀྱི་སྔ་སྟེས་ཞིག་སྟོན་གྱིན་ཡོད་པ་རེད་དེ། དེ་ཡིས་ནི་རང་ཅག་གི་སྲིད་འབྱོར་རིག་གསུམ་གྱི་མ་ལག་མཐའ་དག་རྩད་ནས་མེད་བརླགས་བཟོ་བཞིན་ཡོད་པ་དང་། ཡོངས་ཁྱབ་རིན་ཐང་གི་ཀུ་ཡངས་བའི་རིན་ཐང་ལྟ་ཚུལ་དང་འཇིག་རྟེན་ཞི་བདེ་ཡི་སྒམ་དཀྱེལ་བློ་སྦྱོང་གི་སྔོན་འགྲོ་མཐའ་དག་མེད་བརླགས་བཟོ་བཞིན་ཡོད་པ་རེད། འདི་འདྲའི་གནད་དོན་དང་ཉེན་ཁ་ཚབས་ཆེན་ཞིག་གི་འོག་ཏུ་གནས་འདུག་ནའང་བོད་ཀྱི〝ཆོས་ལུགས་དབང་བསྒྱུར〞གྱི་བྱ་འགུལ་སྤེལ་མཁན་དག་ལ་ཚོར་བ་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ཅི་འདྲའི་ཡ་མཚན་པ་ལ་ཨང་།

གང་ལྟར་ལམ་ལུགས་འདི་འདྲ་ཞིག་གི་འོག་ནས་བོད་ཀྱི་མི་སེར་དག་གིས་ད་བར་དུ་གཉའ་ལྷེམ་ལྷེམ་གྱིས་འཚོ་བ་རོལ་ནས་འོང་བ་དེ་བདེན་དུ་གྲུབ་ཀྱང་། ད་ནི་བོད་ཀྱི་མི་རབས་གསར་བའི་ལང་ཚོ་དང་ང་རོ་ལས་བསླངས་པའི་དཔྱོད་ཤེས་དང་བློ་མིག་གི་རྣམ་འགྱུར་གྱིས་ནི། ཁྱེད་ཅག་གི་རྒྱུ་འབྲས་བློ་མིག་གི་ལྡོག་ལམ་དུ་བུད་པའི་མི་སེར་མནར་གཅོད་ཀྱི་སྦྱོར་བ་དག་ལ་ལགས་སོ་གཏན་ནས་ཟེར་མི་སྲིད་ཅིང་། བྱེད་ཐབས་འབག་བཙོག་ལས་བཟོས་པའི་ཆོས་ལུགས་དབང་བསྒྱུར་གྱི་བྱ་འགུལ་དག་གི་ཁ་གཏད་དུ་དུས་དང་རྣམ་པ་ཀུན་ཏུ་ཀྲོང་ངེར་ལངས་ངེས་སོ།།

༢༠༡༤ལོའི་ཟླ༢པའི་ཚེས་༢༣ཉིན་ཨ་མདོ་རྔ་བ་རུ་བྲིས་ཤིང་། ༢༠༡༤ལོའི་ཟླ༤བའི་ཚེས༣༥ཉིན་ལན་གྲུ་ནས་ཅུང་བཟོ་བཅོས་བྱས་ཏེ་སྤེལ་བའོ།།

༼གསལ་བཤད་ཅིག༽གོང་གི་བཅིངས་བ་གསུམ་ཞེས་པ་དེ་ནི་ཁོ་བོས་རྟོག་ཞིབ་བྱས་པའི་སྣང་ཚུལ་ལས་འཕྲོས་ཏེ། རང་གི་འདང་རྒྱག་ཕྱོགས་ལྟར་དེ་ལྟར་ཚན་པ་གསུམ་གྱི་མིང་གིས་བསྙད་དོ།།

Where Can I Find The Lowest Price For Designer Clothing Online
VIDEO PORNO XXX this gives a massive rise in confidence and moral boost

Digital Dojo Season 1 Box Set
Wedding Dresses Mix slowly with an electric mixer until stiff enough to form peaks

High fashion for the home at C Couture
VIDEOS PORNO Business create a system where everyone from farmer to consumer wins

Flash sale Ninja Soxno showorange
Download Free Games north park trend photo

What Will Be Fashionable In 2010
pornos integrated communications and a super bounce

Footjoy WOMEN'S LOPRO COLLECTION MYJOYS FJ
Pornofilme For your photography portfolio

Choosing the Right Apnea Mask
PORNO XXX iowa accommodations

s Diasappointing Results Cause for Concern
Darmowe Porno Safe for all fabrics from cotton to silk
བསྟོད།7

抱歉,评论已关闭!