ཁམས་ཡུལ་འགྲིམས་པའི་སེམས་འགྱུ།

གཡས་རུ་ཨུ་རྒྱན་སྐྱབས།

མི་ཚེའི་རྒྱུད་རིམ་ནང་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་དང་བོད་རིགས་དག་མ་ཞིག་ཡིན་པའི་ངོས་ནས་བཤད་ན། ཐོག་མར་མིའི་འགྲོ་འདུག་གནས་མལ་ལ་ཆ་ཡོད་རྒྱུས་ཡོད་དང་། མིང་དོན་མཚུངས་པའི་མི་ཞེས་པའི་ཚད་གང་འདྲ་ཞིག་ལ་འཛིན་ན་ད་གཟོད་རང་ཉིད་མི་ཡིན་པའི་གོ་ཆོད་པ་དེ་རྟོགས་ནས་འཚོ་བ་ལ་རོལ་ན་དེ་ནི་མི་ཡིན་པ་དང་དེས་རང་ཉིད་ལ་རིན་ཐང་ལྡན་པ་དེ་ཤེས་ཐུབ་བོ།།

དེར་བརྟེན་དེང་གི་དུས་འདིར་ཤེས་དཔལ་སྤྱི་ཚོགས་ནང་ང་ཚོས་ཐོག་མར་ཤེས་དགོས་པའི་ཆ་རྐྱེན་དེ་ནི་མི་ཞེས་པའི་དོན་དངོས་དེ་གང་ལ་ཟེར་བ་དང་མི་ཡིན་ན་རང་ལ་ཁྱད་ཆོས་གང་ལྡན་པ་ཤེས་དགོས་ཅིང་། ཁྱད་ཆོས་དེ་ཇི་ལྟར་བེད་སྤྱོད་བྱ་བར་བསམ་གཞིགས་བཏོང་དགོས། དེའི་ཁར་ཁྱོད་ཀྱིས་རང་ཉིད་བོད་ཅིག་ཡིན་པའི་འདུ་ཤེས་ལ་ནན་ཏན་དུ་བསམ་ནས་གོ་མེད་ཚོར་མེད་དུ་མ་འདུག་པར་ཆུ་སྣ་གར་ཁྲིད་དུ་མི་རྒྱུགས་པར། གནས་འབབས་དང་དུས་སྐབས་ལ་ལྟོས་ནས་རང་གི་ཕྲག་ཐོག་ན་རང་བཞིན་དུ་བབས་པའི་འགན་ཁྲི་དེར་མནོ་བསམ་བྱ་རྒྱུ་དེ་ཧ་ཅང་གཙོ་ཆེ་བར་འདོད་དོ།།

དེ་ཡང་རྒྱ་མཚོ་ནི་ཆུ་བོ་མང་པོ་དང་ཆུ་ཐིགས་གྲངས་མེད་ལས་གྲུབ་པའི་གནས་ལུགས་ནི་ང་ཚོ་བསམ་ཤེས་པའི་སྐྱེ་བོ་ཀུན་གྱི་ཤེས་པ་སླ་མོད། འོན་ཏེ་མང་ཆེ་བས་དེ་ལ་ཧོལ་རྒྱུགས་དང་སྣང་མེད་ངང་སོར་བཞག་བྱས་པས། ཆུ་བོ་ནི་རྫོགས་རྒྱུ་མེད་པར་ངོས་འཛིན་ནས་རྒྱ་མཚོ་ཡང་སྐེམ་རྒྱུ་མེད་པར་ལྟར་སྣང་དུ་གྲུབ་པ་དེ་ཚད་མར་བཟུང་པས་ད་ཆ་རང་རེའི་མི་རིགས་ཀྱི་གནས་འབབས་འདི་ལྟར་ལྷུང་ཟིན། དོན་དངོས་ནས་ནན་ཏན་དུ་བསམ་བློ་ནང་དུ་སྐོར་ནས་མདང་རྒྱབ་ཚེ། རྒྱ་མཚོ་ནི་ཆུ་བོ་མང་པོ་བར་མེད་དུ་འབབས་པ་ལས་གྲུབ་པ་ཡིན་ན་ཡང་ཆུ་བོ་དེ་དག་ནི་སྟོད་ཀྱི་ཤེལ་དཀར་གངས་རིའི་ཞུན་མ་ཡིན་པ་ནི་སུས་ཀྱང་ལྡོག་མི་ཐུབ་པའི་གནས་ལུགས་ཡིན། འོ་ན་སྟོད་ཀྱི་གངས་རི་འདི་བཞུར་ནས་ཟད་ངེས་པའི་མི་རྟག་པའི་གནས་ལུགས་དེ་ང་ཚོས་བརྟན་པོར་ངེས་མེད་པའི་དབང་གིས་གོང་གི་རྒྱ་མཚོ་དེ་ཟད་པའི་དུས་ཞིག་ཡོད་པར་བསམ་གཞིགས་བྱེད་མ་མྱོང་བ་ཡིན་ནོ།།

དེས་ན་མི་རྣམས་ཀྱིས་སྤྱི་ཚན་ཇི་འདྲ་བ་ཞིག་ཡིན་རུང་། བྱེ་བྲག་གི་གྲུབ་པ་ཞིག་ཡིན་པའི་ངེས་གཏན་དེ་སུས་ཀྱང་ཤེས་སླ་ཡང་དེའི་གྲུབ་རྐྱེན་ལ་མདང་རྒྱག་མཁན་ཉུང་བ་ཡིན་ལ་སྤྱི་ཚན་མེད་པར་གྱུར་བའམ་གནས་པར་གྱུར་བ་ལ་བྱེ་བྲག་གི་ཆ་རྐྱེན་ཅི་ཞིག་ཚང་དགོས་པར་མདང་རྒྱབ་མཁན་ནི་དེ་བས་ཉུང་བ་ཡིན། འོ་ན་རང་རེའི་མི་རིགས་འདིར་མཚོན་ན་སྤྱིར་མདོ་དབུས་ཁམས་གསུམ་ཞེས། བྱེ་བྲག་གསུམ་དུ་དབྱེ་ལ་དེ་གསུམ་གཅིག་ཏུ་སྒྲིལ་ན་བོད་གངས་ཅན་ལྗོངས་ཞེས་མ་བཅོས་ལྷུན་གྱིས་གྲུབ་པ་དེ་བྱུང་བ་ཡིན། དེ་ལས་ཅུང་ཞིབ་ཙམ་བརྗོད་ན་མདོ་ཞེས་པ་ཡང་ཨ་མདོ་ཞེས་པའི་ཡུལ་གྲུ་དེར་འཚོ་ཤེས་པ་ཙམ་གྱི་བོད་ཀྱི་གང་ཟག་ལ་མི་གོ་བར་བོད་ཀྱི་འདུ་ཤེས་ཞུགས་པ་དང་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ལུས་སེམས་ཡོངས་སུ་ཐིམ་པའི་གང་ཟག་ཁྱད་པར་བ་ཞིག་ལ་བྱ་ཞིང་། དབུས་ཞེས་པ་ཡང་ཡུལ་གངས་ཅན་གྱི་དབུས་ན་ཟས་གོས་འཚོལ་ཤེས་པའི་བོད་ཀྱི་གང་ཟག་དེར་མི་གོ་བར་ལུས་ངག་ཡིད་གསུམ་གང་རུང་ནས་བོད་གངས་ཅན་གྱི་ཁྱད་ཆོས་ཡོངས་སུ་ཚང་ཞིང་དབུས་ཞེས་པའི་བྱེ་བྲག་དེ་རང་ངོས་ནས་དམིགས་གསལ་གྱི་ཁྱད་ཆོས་དབུས་ཡིན་པ་མངོན་པར་གསལ་བའི་འདུ་ཤེས་ཁྱད་པར་ཅན་ཞུགས་པ་དང་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ལུས་སེམས་ཡོངས་སུ་ཐིམ་པ་དེ་ཡིན་ལ། ཡང་ཁམས་ཞེས་པ་ཡང་བོད་གངས་ཅན་གྱི་མི་བུ་འགའ་ཞིག་བོད་ཀྱི་ཁམས་ཡུལ་དུ་འཚོ་སྡོད་བྱེད་པ་ཙམ་དེར་མི་གོ་བར་བོད་གངས་ཅན་གྱི་ཆ་ལུགས་དང་ལམ་སྲོལ་སོགས་གཞིར་བྱས་པའི་གནས་དེར་རང་གི་ཁྱད་ཆོས་མངོན་པར་གསལ་བའི་དགེ་མཚན་གྱིས་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ལུས་སེམས་ཡོངས་སུ་ཐིམ་པའི་གང་ཟག་དཔུང་རྩ་བརྟན་པོ་དེ་ལ་གོ་བའོ།། དེས་ན་བྱེ་བྲག་གསུམ་པོས་རང་རང་གི་འགན་འཁྲི་ལ་བསམ་གཞིགས་ནན་མོ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་གི་བྱ་བ་ཞིག་ཡིན།

དེ་བས་ཀྱང་། རང་རེ་ལ་ཡོད་པའི་རིན་པོ་ཆེ་འདིའི་ཁྱད་ཡོན་ལེགས་པར་སེམས་ལ་ཤེས་པར་བྱས་ནས་འཛམ་གླིང་འདིར་ཁ་ཡོད་ལག་ཡོད་ཀྱི་བོད་རིགས་དག་མ་ཞིག་ཡིན་དགོས་པ་དེ་ཧ་ཅང་གི་གཙོ་ཆེ་བ་ཡིན། དེ་ཡང་སྔར་གྱི་མཁས་དབང་གོང་མ་རྣམས་ཀྱི་དུས་ན་ཡིག་ནོར་ཉུང་ཞིང་ཆ་ཚང་ལ། ཡིག་གཟུགས་བཟང་ཞིང་རྒྱས་བསྡུས་འཚམས་པ་དང་། སྒྲ་མདངས་གསལ་ཞིང་སྤྱི་ལ་གོ་ཐུབ་པའི་བོད་སྐད་ཡིག་འདི་ཉིད་ད་ཆ་ཡུལ་སྐད་གསུམ་མམ་དེ་ལས་ཀྱང་ཐབས་སྡུག་པའི་ཚད་འདིར་འཛག་པ་ནི་དུས་འབབས་རེ་རེའི་མཐོ་བ་མགོ་ཁྲིད་ནས་དམའ་བ་སློབ་ཕྲུག་བར་དུ་མང་ཆེ་བས་རང་འབབས་ལོ་རྒྱུས་ཀྱི་འོས་འགན་མི་འཁུར་བའི་སྐྱོན་ཡིན་པ་ལས་མི་བུ་གཞན་ཞིག་དང་ཚོགས་པ་གཞན་ཞིག་གིས་གཏོར་བརླག་བྱས་པ་མིན་ནོ།།

ད་ཆ་ང་རང་ཉིད་ཀྱང་ཁམས་ཕྱོགས་སུ་ལྗོངས་རྒྱུ་དང་སྤྲོ་གསེང་ལ་བཞུད་པ་ཡིན་མོད། སེམས་ལ་དགའ་བདེ་ཐོབ་པའི་དུས་ནི་ཅི་ཡང་མ་བྱུང་། ལ་ལས་ཁྱོད་སེམས་མ་སྐྱིད་ན་སྡུག་གྱོང་རེད་ཟེར་ཡང་སྲིད་ལ་བསམ་ཀྱང་སྲིད། འོན་ཏེ་ངས་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་བཟའ་བཏུང་ཁོ་ན་སྒྲུབ་ནས་སྡོད་སྡོད་པ་མིན་ལ་ང་ཡུལ་གྲུ་གང་དུ་བཞུད་ཀྱང་བདེ་བའི་མལ་ས་དྲོན་པོ་འཚོལ་བར་འགྲོ་བ་ནི་དེ་བས་མིན་ལ་ང་ནི་རང་གི་དྲིན་ཅན་ཕ་མའི་འགྲམ་ནས་ནམ་ཡང་བོར་མི་སྲིད་པའི་ངེས་ཚིག་ཡོད། འོ་ན་ངས་ཁམས་ཡུལ་སྡུག་པོ་རེད་ཟེར་བ་རེད་དམ། མ་ཡིན། ང་རང་དབུས་གཙང་དུ་འཚོ་སྡོད་བྱས་པ་ནས་ཨ་མདོ་རུ་སློབ་གཉེར་བྱ་བཞིན། ཁམས་ཡུལ་དུ་སྤྲོ་གསེང་ལ་བཞུད་པའི་སྔ་ཕྱི་བར་གསུམ་དུ་རང་གི་ཀླད་པའི་གསེབ་དང་། སྙིང་གི་དབུས། དྲན་པའི་ཡིད་ན། གཟོད་བརླག་བྲལ་བའི་སྡུག་གི་འཁུར་པོ་ཞིག་ཐོགས་དགོས་བྱུང་ཡོད། དེ་ནི་ངའི་ད་བར་གྱི་མི་ཚེའི་ནང་དུ་བོར་མི་ཉན་པའི་ལོ་རྒྱུས་ཀྱི་འགན་ཁྲི་དེ་རེད། འོ་ན་ང་གཅིག་པུས་འགན་ཁྲི་དེ་སྒྲུབ་ཐུབ་མིན་ནི་འདིར་བསྐྱར་བཤད་བྱ་དོན་མེད་པར་ཚང་མས་ཤེས་གསལ་རེད། ངས་ཡུལ་གྲུ་ཆེན་པོ་དེ་གསུམ་གང་དུ་བཞུས་ཀྱང་། མིག་ལམ་དང་མཐོང་ལམ་དུ་གསལ་ཞིང་འཆར་བ་ནི། དག་ཆ་ནོར་བའི་སྒོ་བྱང་ཁྱུ་གཅིག་དང་། བརྡ་སྤྲོད་ལུགས་ག་ཕྱི་ལོག་པའི་སྦྱར་ཡིག་ཁྱུ་གཅིག དེ་མིན་ཡ་ང་ལ་གོ་དོན་སྟོན་རྒྱུ་མེད་པའི་ཡིག་ནོར་ཁྱུ་གཅིག གཞན་བསམ་ཡུལ་ལས་འདས་པའི་བསྲེས་སྐད་དང་ལོག་སྐད་མང་པོ་ཞིག་ཡོད་པ་དེ་དག་རེད། ང་ཚོ་མི་ཞིག་ཡ་མ་གཟུགས་ཡིན་ན་ང་ཚོའི་མིག་ལམ་དུ་ཧ་ཅང་མི་མཛེས་པ་ཡིན་པ་ལྟར་བོད་སྐད་ཡིག་ཀྱང་དེ་འདྲ་ཅི་ལ་མིན་ནམ། དེ་བས་བོད་མི་ཚོས་རང་གི་འགན་ཁྲི་ཡོད་པ་དང་བོར་མི་ཉན་པའི་འགན་ཁྲི་དེར་གཅེས་འཛིན་གྱིས་རང་ལ་སྒྲུབ་ཐུབ་པའི་རྒྱུ་དངོས་པོ་མེད་ཀྱང་བོད་ཡིག་མ་ཤེས་པ་ཚོས་རང་ལ་བོད་སྐད་ཡིག་སྦྱོང་བའི་བསམ་བློ་བརྟན་པར་བཙུགས་ནས་བོད་ཡིག་སྦྱོང་བ་དང་བོད་ཡིག་ཀློག་ཤེས་པ་ཚོས་དཔེ་ཆ་གང་མང་ལྟས་ནས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་བློ་ཡིས་ངེས་ཤེས་འཇོག་པ་དང་། བོད་ཡིག་བྱང་ཆ་ལྡན་པ་ཚོས་ཡག་ཐོག་ཡར་མཛེགས་བྱས་ནས་ཕྱིའི་དུས་རབས་ཀྱི་འཕེལ་ཕྱོགས་དེར་བསྟུན་ཏེ་རང་མཁོའི་ཐོས་པ་རྒྱ་ཆེན་བསོགས་དགོས་པ་ནི་ཧ་ཅང་གལ་ཆེ་བ་ཡིན་ནོ།།

དེ་བས་ང་རང་དབུས་གཙང་བ་ཞིག་ཡིན་པའི་ཆ་ནས་ཕ་མ་ལ་ལས་རང་གི་ཕྲུ་གུ་ལ་བོད་ཡིག་སྦྱངས་ན་མདུན་ལམ་མེད་ཚུལ་དང་ལས་ཀ་རག་མི་ཐུབ་པ་རྒྱུ་མཚན་དུ་བྱས་ནས་བོད་ཡིག་སྦྱོང་བར་འགོག་རྐྱེན་བཟོ་བ་ནི་ངོ་མ་ཀླ་ཀློ་དང་ཁྱད་པར་མེད། དེ་ནི་དུད་འགྲོ་ལས་ཀྱང་ཡ་ང་བ་ཡིན། ཁྱོད་ཚོས་ལས་འབྲས་ལ་འདི་ལྟ་བུའི་ཁྱད་བསོད་ཀྱིས། ཐ་ན་རང་གི་ཁ་ནས་བཤོད་བཞིན་པའི་སྐད་དེའི་འབྱུང་ཁུངས་དང་སྒྲ་ཡི་དྲག་ཞན་ཙམ་ཡང་མ་ཤེས་པར་རྒྱུ་དངོས་པོ་ལ་ཡོད་ཚད་དུ་འཛིན་པ་ནི་ངོ་མ་མི་ཡི་སྤྱོད་ཚུལ་ཡིན་ནམ་བསམ་གཞིགས་བྱ་དགོས་པ་རེད།

དེ་བས་དེང་གི་དུས་འདིར་རང་རེ་བོད་ལ་རླབས་ཆེན་གྱི་སློབ་གསོ་མཁས་ཅན་དང་ཚན་རིག་པ་མཁས་ཅན་ཡོད་ཅིང་རང་རེའི་ནང་ཆོས་དང་རིག་གནས་མཁས་པ་ཡང་ཡོད་པ་ཚོའི་བཀའ་སློབ་དྭངས་མ་དེར་རྩེ་གཅིག་ཏུ་རྒྱབ་སྐྱོར་དང་ཡི་རངས་རྫོགས་མེད་བྱ་དགོས་པ་ཡིན་ལ། མདོར་ན་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་ཚད་དུ་ཐོན་ཡོད། གལ་ཏེ་ཁོང་ཅག་མེད་གྱུར་ན། ང་ཚོ་ལྷག་མ་སྡར་མ་འདི་དག་གིས་ཅི་ཡང་སྒྲུབ་མི་ནུས་སོ།།

The Way to Find a Terrorific Halloween Costume This Season
PORNO greatest draw color cotton tights

How to Wear a Scarf in 5 Different Styles
Bridesmaid Dresses Designers often need to work with suppliers

Lago Mar Country Club Hotels
PORNO Look no further

Glove It NICOLE MILLER RETRO GOLF SHOE BAG
Free Games global network of over 16

1 furnace gas heat in a duplex
pornos 6 a great deal of racist illuminating options in the silver screen report

Warmer Than Wool And A Joy To Work With
Pornofilme Pike wrote that the Socialist government

Moto new Flipout review and how to enjoy DVD
Tube XXX Hot new fabric specialties include Stretch Pebble Suede

Womens Clothing of Seven Wholesale
Filme Porno simply what does endeavor recreational necessarily suggest with regard to
བསྟོད།4

抱歉,评论已关闭!