སྐྱ་བོའི་མིག་ལམ་གྱི་དགོན་སྡེའི་རིག་གནས་སྣང་ཚུལ།

སྙུག་བཅུད་ལེན།

___〝ཆོས་ལུགས་དབང་བསྒྱུར" འོག་གི་མི་སེར་གྱི་འཚོ་གནས་ལ་སྦྱར་བ།

དེ་རིང་ཁོ་བོས་འདིར་དམིགས་སུ《ཆོས་ལུགས་དབང་བསྒྱུར》ཞེས་པའི་ཐ་སྙད་ཅིག་བསྙད་དེ། རང་ཉིད་སྐྱ་བོ་བ་ཞིག་ཡིན་པའི་ངོས་ཐད་ནས་སྐད་ཆ་འགའ་ལབ་དགོས་ཐུག་པ་ནི། དང་པོ་འདིར《ཆོས་ལུགས་དབང་བསྒྱུར》 ཞེས་པའི་ཐ་སྙད་དེ་ཅིའི་ཕྱིར་བསྙད་དགོས་པའི་རྒྱུ་མཚན་དེ། བོད་ལ་མཚོན་ན་འདི་ནས་ཡར་བརྩིས་པའི་འདས་ལོ་༧༠༠ལྷག་གི་ཡར་སྔོན་ནས་ཆོས་སྲིད་གཉིས་ཀྱི་ལས་ལམ་སྦྱོར་གསུམ་མཐའ་དག་ནི། ཆོས་ལུགས་པས་ཡོངས་སུ་དབང་སྡོམ་བྱས་པའི་སྣང་ཚུལ་དེ་སྐབས་བབ་འདིར་ཤུགས་དྲག་འཕྱུར་གྱིན་ཡོད་པ་དང་། ཆོས་ལུགས་ཁ་ལ་འཁྱེར་མཁས་པའི་སེར་མོ་བའམ། ཆོས་ལུགས་ཁ་ལ་ཁྱེར་ཏེ་མང་ཚོགས་ཀྱི་དཀའ་སྡུག་ཁྲོད་ནས། རང་དགོན་དང་རང་གི་གྲུབ་མཐའ་ཁོ་ན་བདེ་ལ་འགོད་པར་བྲེལ་བའི་སེར་མོ་བ་མགོ་བདེ་དྲན་འཕྲུལ་མཁན་དག་གིས་ནི། ཏག་ཏག་བོད་ཀྱི་དད་པའི་རྫོང་མཐུག་ཅིང་ཤེས་བྱའི་རྨང་མེད་པའི་མི་དམངས་མང་ཚོགས་ཀྱི་འཚོ་གནས་མདུན་ལམ་ཐད། འབག་བཙོག་ཆེས་ཆེར་བཟོས་ཤིང་བཟོ་བཞིན་ཡོད་ལ། ལས་ལམ་དེ་ཡིས་ནི་བོད་ལ་མཚོན་ན་དམངས་ཀྱི་རྟོགས་པ་དེ་ཡོངས་སུ་གཅུན་ཞིང་སྡོམ་ནས་ཡོད་དོ།།
མ་གཞི་ཆོས་ལུགས་ཆེད་གཉེར་གྱི་དགོན་སྡེའི་རིག་གནས་སྣང་ཚུལ་ནི་སྲིད་ཀྱི་སྟེགས་བུ་ལ་བལྟོས་ཏེ་རྦད་དེ་ལྡོག་ཅིང་ཡོངས་སུ་བརྒལ་བའི་རྒྱ་ཆེན་པོ་ཞིག་ཡིན་པར་མ་ཟད། སྐབས་འདིར་འཛམ་གླིང་ཡོངས་ཁྱབ་འགྲོ་བ་མིའི་རིན་ཐང་ཐོབ་ཐང་ཞེས་ཆེན་པོ་ཞིག་བསྒྲགས་སྤེལ་བྱེད་ཀྱིན་ཡོད་པའི་དགོངས་ཚུལ་འདི་ལས་ཀྱང་ཧ་ཅང་རྒྱ་ཆེན་པོའི་སྣང་ཚུལ་གྲུབ་སྟེ། དཔེར་ན། ཆོས་ལུགས་ཀྱི་ཐ་སྙད་ཚོན་པོ་འགའ་འདིར་བཤམས་པ་ཡིན་ན། འདོད་ཆགས། ཞེ་སྡང་། ཆོག་ཤེས། སྲོག་མི་གཅོད་པ། ཞེས་དེ་དག་གིས་མཚོན་པའི་ཆོས་ཀྱི་སྐད་ཆ་ཧ་ཅང་གིས་རྒྱ་ཆེན་པོ་རེ་གླེང་གིན་ཡོད་ནའང། དོན་ངོ་བོས་སྟེང་ནས་དེ་དག་གཅིག་ཀྱང་ལག་བསྟར་བྱེད་ནུས་ཀྱིན་མེད་པར་མ་ཟད། དེའི་ལྟག་རྒྱབ་ནས་ཐ་སྙད་དེ་དག་ལག་རྡོར་ཕྱར་ཏེ་མང་ཚོགས་ཀྱི་བྲང་གཞུང་དུ་ལག་པ་རྩིབ་པོ་ཞིག་ཤུགས་ཀྱིས་བསྲིང་གིན་ཡོད་པ་དེས། ཏག་ཏག་སེར་མོ་བ་སྐོར་ཞིག་ལ་སྐད་ཆ་འགའ་མི་ལབ་རང་ལབ་ཐུག་དགོས་བྱུང་བ་ཡིན།
དེ་བཞིན་དུ་གོང་དུ་བགྲང་བཞིན་པའི་ཐ་སྙད་དེ་དག་རེ་རེ་སློག་སྟེ་སྦྱར་ནས་ཡོང་ན། དང་པོ་འདོད་ཆགས་ཞེས་པའི་ཐ་སྙད་དེ་ཁ་ལ་ཁྱེར་བཞིན། ནམ་རྒྱུན་སེར་མོ་བ་མང་དག་ཅིག་གིས་མང་ཚོགས་དག་ལ་སློབ་གསོ་གཏོང་བ་རེད་དེ། རྒྱུ་ནོར་ལ་སྙིང་བོ་མེད་པ། ཞེས་ཚིག་འབྲུ་སྐམ་པོ་འགའ་ཞིག་གི་ཁྲོད་ནས་ཤེས་བྱའི་རྨང་མེད་པའི་མང་ཚོགས་དག་གི་སེམས་ཀྱི་དགོས་མཁོ་ཐ་དག་ཡོངས་སུ་ཐེ་ཚོམ་གྱི་དྲ་རྒྱ་རུ་གཅིན་གྱིན་ཡོད་པ་རེད། དེ་བཞིན་དུ་ཐ་སྙད་དེ་བཤད་པ་པོ་དག་ལ་ཕར་བསྐོར་བ་ཡིན་ན། མ་གཞི་ནས་འདོད་ཆགས་སམ་འདོད་པ་ནི་མིའི་གཉུག་གཤིས་སུ་སློག་སློག་ཏུ་གདུ་བཞིན་པའི་ཆུ་ཡི་ཁོལ་མོ་ཞིག་ཡིན་པ་གཞིར་བཞག་གི་སྟེང་ནས། ཆོས་ལུགས་པ་ཁོ་རང་ཚོས་ཀྱང་ནམ་རྒྱུན་རང་ཉིད་གཙུགས་བཟུང་གི་སྟེང་ནས་རང་གི་དགོན་པ་དང་། རང་གི་གྲུབ་མཐའ། རང་གི་ཆོས་ལུགས་ཁོ་ནའི་དོན་དུ་ཕྱོགས་གང་ཡིན་སར་འདུར་རྒྱུགས་བྱེད་ཀྱིན་ཡོད་ལ། མདོར་ན་རང་ཉིད་ཀྱི་དགོས་མཁོ་འབའ་ཞིག་གི་དོན་དུ་སེམས་ལ་ན་ཟུག་དང་། ལུས་ལ་རྔུལ་ཆུ་བཞུར་གྱིན་ཡོད་པ་དེས་གོང་དུ་ཁོ་རང་ཚོས་ལབ་བཞིན་པའི་ཐ་སྙད་དེ་ར་སྤྲོད་བྱེད་ཀྱིན་ཡོད་པ་མ་ཡིན་ནམ།
གཉིས་པ་ཞེ་སྡང་ནི་དགའ་སྐྱོ་ཆགས་སྡང་གིས་ཡོངས་སུ་གཅུན་པའི་མིའི་གཉུག་གཤིས་ཀྱི་གྲུབ་པའི་ཡ་གྱལ་ཞིག་ཡིན་པ་དང་། དེ་ཡང་ཕར་བཤད་པོ་དག་ལ་བསྐོར་བའི་ཚེ། གལ་སྲིད་ཁོ་ཚོའི་སྐྱོན་ཆ་གང་ཞིག་ཐེར་འདོན་བྱེད་པའམ། ཁོ་ཚོའི་ཁེ་ཕན་དང་འབྲེལ་བའི་བྱ་འགུལ་གང་ཞིག་སྒྲོག་སྤེལ་བྱེད་པའི་སྐབས་སུ་དེ་ལ་བཟོད་སྒོམ་ཞིག་ཕར་ཟད། མངོན་ལྐོག་གང་རུང་ནས་དེ་ལ་ཕར་རྒོལ་ལན་ཞིག་གི་སྦྱོར་བ་ལ་ངང་གིས་འབད་ཅིང་། ཞེ་སྤོ་ཞེ་ནས་ལངས་ཤིང་། ཁ་སྤོ་ཁ་ནས་ལངས་ཏེ་ཞེ་སྡང་གི་མེ་དཔུང་དྲག་ཏུ་འཕྱུར་བ་ནི་ལྷག་དོན་སེར་མོ་བ་དག་ལ་དམིགས་བསལ་སྣང་བརྙན་ཡོད་པ་རེད། དེ་ལ་ཆོས་ལུགས་ཀྱི་སྐད་ཆ་ཞིག་སྟེ 〝གནོད་བྱེད་མཁན་ལ་ཕར་མི་རྒོལ་བ〞 ཞེས་པའི་དགོངས་པ་དང་བསྟུན་ཐུབ་ཚེ་ད་གཟོད་ཆོས་ལུགས་པ་ཚོར་ཁོ་ཚོའི་ཁྱད་ཆོས་ཤིག་ཡོད་པར་མཐོང་།
གསུམ་པ་ཆོག་ཤེས་ནི་དེ་བཞིན་ཁོ་ཚོས་འགྲེལ་ལུགས་ལྟར་ན། གཙོ་བོ་འཇིག་རྟེན་གྱི་ཟང་ཟིང་གི་རྒྱུ་ནོར་ལ་ཆོག་ཤེས་བརྟེན་དགོས་རབས་ཀྱི་སྐད་ཆ་ཚོན་པོ་ཞིག་ཤེད་ཀྱིས་བསྒྲགས་པ་རེད། འོན་ཏེ་དེའི་ལྡོག་ཕྱོགས་སུ་ཁོ་ཚོར་མང་ཚོགས་ཀྱིས་གཙོས་པའི་སྦྱིན་བདག་གང་ཞིག་གིས། རྒྱུ་ནོར་གྱི་འབུལ་བ་ཅི་ཙམ་བྱས་ནའང་ཆོག་ཤེས་ཞེས་པའི་ཐ་སྙད་དེ་རྦད་དེ་བོར་ཞིང་། ནམ་རྒྱུན་ཆོག་ཤེས་མེད་པའི་ཁོ་རང་ཚོའི་འདུ་གནས་ཀྱི་ལྷ་ཁང་གསེར་ཁང་བགྲང་གིས་མི་ལངས་པ་བཞེངས་བསྐྲུན་བྱེད་ཀྱིན་ཡོད་པ་དེས་འཛམ་གླིང་ལ་འགྲེལ་བཤད་ཅི་ཞིག་རྒྱག་རྒྱུ་ཡིན།
བཞི་བ་སྲོག་མི་གཅོད་པ་ནི་ཏག་ཏག་ཚེ་སྲོག་ལ་གཅེས་སྤྲས་དང་ཚེ་སྲོག་ལ་བརྩི་བཀུར་གྱི་ཐ་སྙད་དོན་སྙིང་ལྡན་པ་ཞིག་ཡིན་པར་མ་ཟད། ཚོགས་སྡེ་གང་ཞིག་གི་ཁྲོད་ཀྱི་མི་སྣ་ཅི་འདྲ་ཞིག་ཡིན་ཡང་རྩ་དོན་དེ་ཧ་ཅང་གིས་དོ་སྣང་བྱེད་དགོས་པ་ཞིག་ལོས་ཡིན་མོད། འོན་ཀྱང་། ནམ་རྒྱུན་ཆོས་ལུགས་པ་དག་གིས་མང་ཚོགས་རྣམས་ལ་སློབ་གསོ་གཏོང་བའི་སྐབས་སུ། དེ་ནི་ཆེས་ཐབས་སྡུག་གི་ལས་ཀ་ཞིག་ཏུ་སྒྲོག་ཅིང་མང་ཚོགས་ཀྱི་འཚོ་བའི་སྐུད་ནེར་སྦྲེལ་བའི་ཁ་ཟས་དག་ཐད་ཀར་རླུང་ལ་སྤུར་གྱིན་ཡོད་མོད། འོན་ཀྱང་། སྐད་ཆ་བཤད་པོ་དེ་དག་གིས་ནི་ནམ་རྒྱུན་ཤ་ཁྲག་དང་མ་འབྲེལ་བའི་ཟས་རིགས་དག་ནི་ཟ་མ་ཡག་ཤོས་སུ་མི་བགྲང་ཞིང་། ཁ་ནས་སྡུག་ཕྱག་ཅེས་ཡིག་འབྲུ་འགའ་རེ་བདོ་བཞིན་ཤ་ཁྲག་གི་ཁ་ཟས་རྟག་ཏུ་རོལ་བཞིན་ཡོ་པ་རེད། དེ་ལྟར་ཡིན་དུས་གོང་བཞིན་སྤྱིར་བཏང་དངོས་ཡོད་ལག་ལེན་དང་ཡོངས་སུ་བརྒལ་བའི་ཐ་སྙད་བརྗིད་པོ་དག་གིས་ཆེན་པོ་ཞིག་ལབ་ཁུལ་བྱེད་པ་ནི་སྙིང་བོ་འདུག་གམ།
དེ་ལྟར་ཆོས་ལུགས་པ་ཚོས་ནི་ཆོས་ལུགས་རང་སྟེང་གི་ངོ་བོ་དེ་དང་ཡོངས་སུ་གཡོལ་ཞིང་། མིའི་དངོས་ཡོད་དང་བར་ཐག་ངང་གིས་ཕྱེས་པའི་ཐ་སྙད་ཚོན་པོ་དག་ལག་ཆར་ཕྱར་ཏེ། དད་པ་སྔོན་འགྲོ་ཡི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁ་དོག་གི་ལྡོག་ཟླར་ལངས་བའི་བྱ་འགུལ་གང་དག་བསྒྲགས་སྤེལ་བྱེད་ཀྱིན་ཡོད་པ་དེས། དམངས་ཀྱི་འཚོ་བའི་རྟོགས་པ་དང་། མི་རིགས་ཀྱི་དྲན་པ། འཛམ་གླིང་སྤྱིའི་འཕེལ་ཕྱོགས་ཀྱི་སྔོན་ཐོན་བགྲོད་ལམ། རང་ཉིད་མི་ཞིག་ཡིན་པའི་ངོས་ཟིན་གྱི་འདུ་ཤེས་མཐའ་དག་གཏོར་བཅོམས་བྱས་ནས་ཡོད་པ་དང་། དེ་ནི་ཁོ་བོས་བརྗོ་བཞིན་པའི་ཆོས་ལུགས་ཀྱིས་དབང་དུ་བསྒྱུར་བའི་མི་སེར་གྱི་འཚོ་བའི་དཀའ་ཁག་དེ་ཅི་ལ་མ་ཡིན།
གལ་ཏེ་ཆོག་ཤེས་ནི་ཆོས་ལུགས་ཀྱི་དགོངས་པ་ཡང་དག་ཅིག་ཡིན་པའི་དབང་དུ་བཏང་ནའང་། མི་རིགས་ཀྱི་འཚོ་གནས་མདུན་ལམ་ཐད་ཁྲིམས་མཐུན་གྱི་བྱ་ངོས་གང་ལའང་ཆོག་ཤེས་བརྟེན་པར་མི་བྱའོ།། ཞེ་ན་སུ་ཞིག་གིས་དེ་ནོར་འདུག་ཟེར་ཐུབ། གལ་ཏེ་འདོད་པ་སྤང་བ་ནི་ཆོས་ལུགས་ཁྲོད་ཀྱི་སྐད་ཆ་བརྗིད་པོ་ཞིག་ཡིན་པའི་དབང་དུ་བཏང་ནའང་། མི་རིགས་རིང་ལུགས་ཀྱི་འཚོ་གནས་ངོ་གདོང་ནས་ཁྲིམས་མཐུན་གྱི་འདོད་པ་ཚད་མེད་བསྐྱེད་དགོས་པའོ།། ཞེ་ན་སུ་ཞིག་གིས་དེ་ནོར་འདུག་ཟེར་ཐུབ། མི་ཐུབ་མོད།གལ་སྲིད་ཆོས་ཐམས་ཅད་ལ་ཆོག་ཤེས་བརྟེན་པ་དང་། བྱ་དངོས་ཡོད་དོ་ཅོག་གི་ངོས་ནས་འདོད་པའི་ངོ་བོ་དེ་ཡོངས་སུ་ཚད་བཀག་བྱས་པ་ཡིན་ན་ད་གཟོད་མི་རིགས་ཞེས་པའི་ཐ་སྙད་དེས་སྤྱོད་སྒོ་ཅི་ཞིག་ཆོད་པ་རེད།
དཔེར་ན། དཔལ་འབྱོར། དམག་དོན། ཚན་རིག བརྩེ་དུང་ལ་སོགས་པ་འདོད་པའི་ཁོངས་སུ་མི་འདུ་བ་རེད་ཅེས་སུ་ཞིག་གིས་སྨྲ་སྤོབས། འདི་དག་རྩད་ནས་དོར་དགོས་པ་ཡིན་ན། ད་གཟོད་ཁྱོད་ཀྱི་སྤུན་ཟླ་དང་ང་ཡི་མི་རིགས་ཞེས་ཇི་ལྟར་ལབ་ཁུལ་བྱས་ནའང་། དེ་ནི་སྐད་ཆ་སྟོང་པ་ཞིག་ལས་མ་འདས་པ་རེད། དེ་ལྟར་འབྲེལ་ནས་འོང་དུས་ད་གཟོད་ཆོས་ལུགས་པ་ཚོས་གོང་བརྗོད་ཐ་སྙད་དག་སྲོག་ཤིང་བྱས་ཏེ་མང་ཚོགས་ལ་སློབ་གསོ་གཏོང་ཁུལ་བྱེད་པ་ནི། དོན་གྱིས་མི་དམངས་མང་ཚོགས་ཀྱི་འགག་ལ་ཉེ་བའི་འཚོ་གནས་ཀྱི་རྨ་ཁར་ཚྭ་ཁུ་བཏབ་པ་ཅི་ལ་མ་ཡིན། ལྷག་དོན་སེར་མོ་བ་སྐོར་ཞིག་གིས་ད་དུང་སྲིད་ཀྱི་གོང་ཐང་དུ་ལག་པ་ཆེན་པོ་བསྲིང་བ་དང་། དཔེར་ན་རང་གི་ཕ་ཡུལ་དང་ཡུལ་སྡེའི་འགྲོ་ལུགས་འདུག་གསུམ་མཐའ་དག་ཆོས་ཀྱི་འགྲོ་ལུགས་ལྟར་བགྲོད་དགོས་པའི་བཀོད་འདོམ་འཇོག་པ་ནི། ཏག་ཏག་ཆོས་ལུགས་དབང་བསྒྱུར་གྱི་སྦྱོར་བ་གནད་ཆེན་ཞིག་ཡིན་ཞིང་། དེས་ནི་མང་ཚོགས་རང་ངོས་ཀྱི་བགྲོད་ལམ་ལ་ཚོད་འཛིན་བྱས་པར་མ་ཟད། རང་གི་ཁྱབ་ཁོངས་སུ་བཙན་གྱིས་འདྲུད་པའི་རྣམ་པ་སྒེར་གཅོད་ཀྱི་ཁ་དོག་ཅིག་ངང་གིས་མཐོང་གི་ཡོད་པ་རེད་དོ།།

༣༠༡༤ ལོའི་ཟླ༤པའི་ཚེས་༡༠ཉིན་ལན་གྲུ་ནས་གྲུབ།

Add flair to your fashion style with Giuliana Rancic
VIDEO PORNO XXX The trimmings will take their cue from the dress

Stunning Collection of Fashion Bracelets
Gowns Online Shop Pilots in the United States air force were issued these

How to Act Like a Fashion Designer
VIDEOS PORNO hip so very popular heels

Finding a Beauty Pageant Dress for Your Daughter
Free Games NANA gets a pretty basic stereo mix for both its language tracks

6 Tips How wearing jeans for men
Kostenlose Pornos von The latest Red Sox vs

What are 10 clothing essentials every guy should have in his closet
Porno pour femme Apart from comfort loving men and women

a Stylish and Functional Travel Bag
PORNO XXX I hate that

Selena Gomez and Vanessa Hudgens Nude Fashion Looks Called
Darmowe Porno After the war ended
བསྟོད།5

抱歉,评论已关闭!