ཁྱུང་མཆུའི་བོད་ཡིག་སློབ་འབྲིང་གི་སློབ་གསོའི་ནག་ཉེས་གླེང་བ།

བཙན་རྐང་སོགས།

ལག་དམར་ལྟ་བུའི་བོད་ཡིག་སློབ་འབྲིང་གི་སློབ་གསོ།

སློབ་གསོ་ནི་མི་གསོ་བའི་སྨན་མཆོག་ལས་མྱི་གསོད་ཀྱི་ལག་དམར་ག་ལ་ཡིན།

_______ ཁ་བྱང་གི་འགྲེལ།

བཙན་རྐང་།

སློབ་གསོ་ནི་མ་གཞི་མི་རེ་རེར་ཐུན་མིན་ལྷན་སྐྱེས་སུ་མངའ་བའི་ནུས་པ་མངོན་འགྱུར་གྱི་ཞབས་འདེགས་པའམ་མི་རེ་རེར་ཐུན་མིན་དུ་བག་ལ་ཞ་བའི་ནུས་པ་ཡོད་ཚད་སྔོག་འདོན་གྱི་ལག་ཆ་རུ་འགྱུར་དགོས་པ་ལས་མི་རེ་རེར་ལྷན་སྐྱེས་སུ་མངའ་བའི་ཤེས་རབ་དང་བློ་རིག།གཤིས་སྤྱོད་དང་འཇོན་ནུས་སོགས་ཚར་གཅོད་བྱེད་པའི་ཟོར་བ་ནི་ག་ལ་ཡིན། ནམ་རྒྱུན་འུ་ཅག་གིས་"སློབ་གསོ་"ཞེས་པའི་ཐ་སྙད་གླེང་བར་བྱ་དུས།ཕྱོགས་གཅིག་ནས་འོ་སྐོལ་བོད་ལ་མིའི་ཤེས་རབ་དང་རྣམ་དཔྱོད་གཙོ་བོ་འཛིན་པའམ་ཡང་ན་མི་གཙོ་སྙིང་དུ་འཛིན་པའི་"སློབ་གསོའི་མ་ལག་"ཆ་ཚང་ཞིག་ཆགས་ཐུབ་མེད་པ་དང་འཚོ་གནས་ཀྱི་རྡོག་འགོ་སྤོ་མཚམས་རྙེད་ལ་མི་རྙེད་ཀྱི་གནས་བབ་འདིར།མི་རབས་གསར་བའི་གོམ་ཁར་ལྷན་ཐབས་སུ་སྦྱར་དགོས་པའི་སློབ་གསོ་ནི་ཧ་ཅང་ཉམས་སྡུག་ལ་ཡ་ང་བའི་དུས་ཤིག་ཏུ་སླེབས་འདུག དེ་ཡང་ཕྱི་ནང་གི་རྒྱུ་རྐྱེན་ནི་ཧ་ཅང་མང་མོད།མདོར་དྲིལ་ན་ཡོད་ཚད་གཞན་ལ་ཁག་འགེལ་ལས་རང་ཉིད་ཀྱིས་རང་ཉིད་བདག་པོ་རྒྱག་རན་འདུག
སྤྱིར་སློབ་གསོ་ནི་གསོ་བ་བོ་གང་དེས་སློབ་པ་བོའམ་གསོ་བྱ་གང་དེའི་རང་བཞིན་གྱི་གཤིས་སྤྱོད་དང་ཁེར་ཚུགས་ཀྱི་འཚོལ་དཔྱོད་སྙིང་སྟོབས་སོགས་དཔྱད་ཅིང་རྟོགས་པའི་ཆ་ནས།ཆེས་རང་དབང་དང་དཀྱེལ་ཡངས་ཀྱི་སྒོ་ནས་མངོན་འགྱུར་དང་ལེགས་འགྲུབ་འབྱུང་བར་གྲོགས་བྱེད་པའི་རམ་འདེགས་པ་དེ་ཡིན་འོས་ལ།ད་གཟོད་སློབ་པ་བོ་གང་དེའི་རྒྱུད་དུ་རང་བཞིན་གྱིས་གསར་གཏོད་ཀྱི་སྙིང་སྟོབས་དང་རེ་དོགས་ཀྱི་བསམ་གཞིག་སྐྱེས་སྲིད་པས་སོ།དེ་བས་བྱེ་བྲག་ཏུ་རང་རྫོང་སྟེ་ཁྱུང་མཆུ་རྫོང་བོད་ཡིག་བཅའ་སྡོད་སློབ་འབྲིང་༼གཞུག་ནས་བོད་ཡིག་སློབ་འབྲིང་ཞེས་བསྡུ་རྒྱུ་ཡིན།༽གི་སློབ་གསོའི་མཁའ་དབུགས་གླེང་ན།ཡོད་ཚད་ལ་སྐྱག་དྲི་འཐུལ་བ་ལས་ཅི་ཡང་མེད་འདུག དེ་ཕྱོགས་གཉིས་ནས་སྟབས་བདེ་ཞིག་བཤད་ན།གཅིག་ནས་སློབ་མའི་ལྷན་སྐྱེས་སུ་མངའ་བའི་ནུས་པ་ཡོད་ཚད་གཞོམ་ནས་སློབ་མ་ཡོད་ཚད་བཟོ་གྲྭ་གང་ཞིག་སྒྲུབ་པའི་དབུགས་མེད་ཀྱི་ཅ་ལག་ཅིག་གམ་སྲོག་མེད་ཀྱི་བེམ་པོ་ལྟ་བུ་ཞིག་བཞེངས་ཀྱིན་ཡོད་པ།གཉིས་ནས་སློབ་གསོའི་འོས་འགན་ཅུང་ཙམ་ཡང་མི་ཁུར་བར་རྫུན་ཕྲ་མ་བསྒྲིགས་ནས་གཞན་འགོར་འཕེན་ཐབས་ཀྱི་རིགས་ལ་གཞོལ་གྱིན་ཡོད་པ།
མི་ཡི་འཚོ་བ་ལ་རིགས་གཉིས་བཤད་པ་ལྟར།བོད་ཡིག་སློབ་འབྲིང་གིས་རྒྱུན་ལྡན་གྱི་འགྲོ་འདུག་ཉལ་འཆག་གི་གོ་རིམ་གྱི་འཚོ་བ་ཞིག་སྐྱེལ་གྱིན་ཡོད་པ་ཙམ་ལས།ཕུན་སུམ་ཚོགས་པའི་ཐུན་མིན་གྱི་འཚོ་བ་ཞིག་སྐྲུན་ཐུབ་ཀྱིན་མེད།སྤྱིར་ཡིན་ན།སློབ་གྲྭ་ནི་ཐུན་མིན་གྱི་འཚོ་བ་རོལ་སའི་གཞི་ཡིན་མོད།བོད་ཡིག་སློབ་འབྲིང་ནི་དེ་ལས་ལྡོག་སྟེ།འགྲོ་འདུག་ཉལ་འཆག་གི་འཚོ་བ་ལས་ཆེར་བརྒལ་མི་འདུག ཐུན་མིན་གྱི་འཚོ་བར་བརྒལ་བའི་རྟགས་དང་ཐབས་ལམ་གཙོ་བོ་ནི་དགེ་རྒན་གྱིས་སློབ་མ་ཚོའི་ལག་པར་འཇུས་ནས་རླབས་ཆེན་གྱི་མི་བོ་ཆེ་དག་གི་ཉེ་སར་ཁྲིད་དེ་རླབས་ཆེན་གྱི་མི་བུ་ཚོས་ཁ་བརྡར་ཉན་དུ་བཅུག་པ་དང་བསམ་གཞིགས་བྱེད་དུ་འཇུག་པ།མདོར་ན་སློབ་མར་དཔེ་ཆ་ཀློག་ཏུ་འཇུག་རྒྱུ་༼འདིར་སྦྱོང་ཚན་མི་འདུ།སྦྱོང་ཚན་ནི་འོས་འགན་སྒྲུབ་བྱེད་ཅིག་ལས་གང་ཡང་མིན།༽དང་སློབ་མ་ཁོ་ཚོའི་མཛེས་རྟོགས་ཀྱི་མཚར་འཛིན་དང་འཚོལ་དཔྱོད་ཀྱི་སྙིང་སྟོབས་ཤུགས་ཆེར་སྔོག་འདོན་བྱས་ནས་སློབ་མ་རེ་རེར་ཡོད་པའི་ཐུན་མིན་ནམ་ལྷན་སྐྱེས་ཀྱི་ནུས་པ་དེ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ཡིན་མོད།བོད་ཡིག་སློབ་འབྲིང་ལ་དེའི་ཕྱོགས་ཀྱི་དྲི་མ་ཙམ་མི་བྲོ།
དེང་སང་བོད་ཡིག་སློབ་འབྲིང་ལ་ཁ་གཡར་ས་དང་ཁོ་ཚོའི་འགན་གཡོལ་ཐབས་ཀྱི་"ཁྱིམ་ཚང་སློབ་གསོ་"ཟེར་བ་ཞིག་གླེང་ནས་སྒྲུབ་ཀྱིན་འདུག སྤྱིར་སློབ་གསོའི་ཁྱབ་ཁོངས་སུ་དེ་ཡོད་ངེས་དང་དགོས་འོས་ཤིག་ཡིན་པ་བཤད་ག་ལ་དགོས།ཡིན་ཡང་བོད་ཡིག་སློབ་འབྲིང་གི་སློབ་མ་ཆེ་གེ་མོས་སྒྲིག་འགལ་དང་བྱ་བ་ལས་ནོར་ཞིག་བྱས་པས་སློབ་མ་གང་དེའི་མདུན་ལམ་དང་ཕུགས་འདུན་ལ་འདང་རྒྱག་མེད་པར་མར་ལེ་རིང་ལུགས་ཀྱི་དགོངས་པ་ལྟར།སྤྱི་ཡི་ཆེད་དུ་བྱེ་བྲག་ཁ་ཤས་གསོད་པར་བྱ་དགོས་ན་དེ་ནི་མི་འོས་པ་ཞིག་གཏན་ནས་མིན་པའི་འདུ་ཤེས་ཡིས་ཕལ་ཆེར་སློབ་གྲྭ་ལས་རྒྱང་འཕུད་གཏོང་བ་དང་།མ་བཏང་བ་རྣམས་གཟའ་ཁོར་གཅིག་གཉིས་དང་ཟླ་བ་གཅིག་ཡས་མས་ཀྱི་དུས་ཚོད་ལ་"ཁྱིམ་ཚང་སློབ་གསོ་"ཟེར་བའི་ཐ་སྙད་བཀོལ་ནས་ཕ་ཡུལ་ལ་མངགས་ཏེ་འདུག་དུ་བཅུག་གིན་ཡོད་པ་དང་།སློབ་གྲོགས་རེ་གཉིས་ཀྱིས་སྒྲིག་འགལ་ལས་སྡོད་ཤག་གང་བོ་དང་ཐ་ན་འཛིན་གྲྭ་གང་བོ་"ཁྱིམ་ཚང་སློབ་གསོ་"རུ་མངགས་གྲབས་ཡོད་པ།དེ་དག་དཔེ་བརྗོད་དང་དོན་དངོས་ཡོད་མོད།མང་དྲགས་པའི་ཡིག་ཚོགས་སུ་འགྲོ་བར་སྐྲག་ནས་མི་གླེང་བར་བྱ།ཡང་གཅིག་བཤད་ན།བོད་ཡིག་སློབ་འབྲིང་ལ་དངོས་ཤུགས་གང་རུང་ནས་འབྲེལ་བ་ཡོད་པ་དང་དགའ་བ་ཡོད་པ།དད་འདུན་དང་སེམས་འཁྲེལ་བྱེད་མཁན་གྱི་གང་ཟག་ཅིག་ལ་མཚོན་ན།རེ་རེ་བཞིན་བཤད་མ་དགོས་པར་ཡིད་ལ་ཡོངས་སུ་ཝ་ལེར་དྲན་སྲིད་དོ།
མནའ་གྲོགས་སྒྲིག་པ་ནི་ཕ་ཡུལ་གྱི་སྲོལ་རྒྱུན་དངོས་ཤིག་ཡིན་པས་སློབ་མ་རེ་གཉིས་ཀྱིས་དེའི་ཐད་སློབ་གྲྭའི་ནང་ནས་མནའ་འཇོག་གི་དམ་བཅའ་བཞག་ཅིང་།རྨ་ཁ་བཏོན་པ་ཅུང་ཆེ་དྲགས་པའི་སློབ་གྲྭའི་རྫུན་ཕྲ་མའི་རང་བཞིན་གྱི་སློབ་གྲོགས་གང་དེའི་རང་སྲོག་གཅོད་བཞིན་ཡོད་པ་སོགས་ཀྱིས་ངན་སྨྲས་བྱས་ནས་སློབ་གྲྭ་ནས་རྒྱང་འཕུད་བཏང་བ་རེད།དེ་དག་ལས་ང་ཚོའི་ཨ་གསལ་ཨོམ་དག་ཅིག་ཤེས་འོང་བ་ནི་སློབ་གྲྭའི་སློབ་གསོའི་འགན་འཁྲི་དང་འོས་འགན་ནི་ཏིལ་འབྲུ་ཙམ་ཡང་ཐེག་གིན་མེད་པར་རྫུན་ཕྲ་མ་བསྒྲིགས་པ་དང་བཅས་ཕྱིར་ཕ་ཡུལ་དུ་"ཁྱིམ་ཚང་སློབ་གསོ་"རུ་བདའ་ཀྱིན་པ་དེ་འགན་མ་ཐེག་བའི་སློབ་གསོའི་མངོན་ཚུལ་ཞིག་རེད།བོད་ཡིག་སློབ་འབྲིང་གིས་སློབ་མའི་སྒྲིག་ལམ་ཞིག་བསྡམས་ཐུབ་པ་དང་སྦྱོང་ཚན་ཞིག་ཁྲིད་ཐུབ་སོང་དུས།ཡོད་ཚད་འགྲུབ་སོང་སྐྱེས་ཀྱིན་འདུག དེ་ནི་ནོར་བ་བརྒྱ་ཕྲག་བྱུང་བའི་གཞི་དེ་ཡིན་འདུག སློབ་གྲྭའི་སློབ་གསོ་ནི་སྦྱོང་ཚན་ཙམ་སློབ་ཁྲིད་བྱེད་པར་འཁྲུལ་བ་ནི་སློབ་མ་ཡོད་ཚད་དམར་གསོད་གཏོང་བྱེད་ཀྱི་གྲི་དང་མདུང་གྲ་སྒྲིག་བྱས་པ་རེད།རྒྱུ་མཚན་གཅིག་སྦྱོང་ཚན་ནི་རྒྱུགས་འདེད་ལམ་ལུགས་ཀྱི་དགོས་མཁོ་བཀང་བྱེད་ཙམ་ལས་དེའི་ནང་དུ་མྱིའི་བླ་སྲོག་ལ་གཡོ་སྐྱོམས་བྱེད་ཐུབ་པའི་ནང་བཅུད་ནི་རྦད་དེ་མེད་པ།རྒྱུགས་འདེད་ལམ་ལུགས་གཙོ་ཆེར་བཟུང་བ་མང་དྲགས་པ་ཡིས་སློབ་མ་རེ་རེར་ཐུན་མིན་ལྷན་སྐྱེས་སུ་མངའ་བའི་ནུས་པ་ཡོད་ཚད་ལ་གཞོམ་གཏུབ་བྱེད་པའི་འགོ་བརྩམས་པ་རེད།དེ་བས་བོད་ཡིག་སློབ་འབྲིང་ལ་མ་གཞི་ནས་སློབ་གསོ་"ཞེས་པའི་ཐ་སྙད་སྦྱར་སའི་མཁའ་དབུགས་ཤིག་མེད་པས་སློབ་མ་ཚོ་དཔར་ཤིང་གཅིག་ལས་ཐོན་པའི་ཐོན་རྫས་སུ་གྲུབ་འདུག
སྤྱིར་རུལ་སུངས་ཀྱི་མཁའ་དབུགས་ཡོད་སར་དེ་ལས་མངོན་པའི་བརྡ་རྟགས་ཤིག་ངང་གིས་ཐོན་ངེས།བོད་ཡིག་སློབ་འབྲིང་གི་སློབ་གསོ་ནི་སློབ་མའི་ཤེས་རབ་ལ་གྲོགས་བྱས་ཏེ།སློབ་མའི་མ་འོངས་ཀྱི་ཕུགས་བསམ་དང་འབྱུང་འགྱུར་གྱི་ལམ་ཁར་རམ་འདེགས་བྱེད་ཐུབ་ཀྱིན་མེད་པར་མ་ཟད། གཅུན་སྡོམ་བྱེད་པ་མང་དྲགས་པ་དང་མུན་པའི་སྒྲིག་ལམ་བཅས་པ་མང་སོང་བས་སློབ་མའི་བྱས་ཉེས་བཅོས་ཐབས་ཀྱི་སློབ་གསོ་རྦད་དེ་མེད་པས་ད་ནི་"ཁྱིམ་ཚང་སློབ་གསོ་"ཟེར་བའི་ཁ་གཡར་ས་དང་རང་གི་ཨོང་ཤ་འགེབ་ཐབས་ཤིག་འཚོལ་བ་རེད། དེ་བས་"ཁྱིམ་ཚང་སློབ་གསོ་"ནི་སློབ་གསོ་རུལ་སུངས་ཀྱི་མངོན་སྟངས་ཤིག་རེད།
"སློབ་གསོའི་དམིགས་ཡུལ་ནི་མི་རབས་ཀྱི་ཚེ་སྲོག་གི་དབུགས་རྒྱུན་མཐུད་པ་"ཟེར་བ་བཞིན་ཡིན་མོད།འོན་ཀྱང་རང་ཅག་ལ་"ཁྱིམ་ཚང་སློབ་གསོ་"ཟེར་བ་ཞིག་མེད་པས་སློབ་གྲྭའི་སློབ་གསོ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལ།དེའི་ཐད་རང་ཅག་གི་སྔོན་བྱོན་ཡོན་ཏན་པ་མང་པོས་ཤུགས་ཀྱང་མི་དམན་པ་ཞིག་བརྒྱབ་མྱོང་བ་རེད།རེད་དེ།ད་ནི་དེ་ལས་ལྡོག་སྟེ་སློབ་གྲྭའི་སློབ་གསོའི་འགན་མ་ཁུར་བ་དང་མ་ཐེགས་པར་ཕྱིར་ཁྱིམ་ཚང་སློབ་གསོར་གདོང་གཏད་པ་ནི་ཏན་ཏན་སློབ་གྲྭའི་སློབ་གསོ་བྱེད་མཁན་དག་གིས།གྱོལ་མ་ལྡིང་ངང་འཚར་ལོངས་དང་གཉོམ་ལག་རྒྱས་ཀྱིན་པའི་མི་རབས་གསར་བ་ཚོ་དམར་དམར་རྗེན་རྗེན་དུ་བསད་པ་རེད་ལ།ས་སྐྱེས་རྡོ་སྐྱེས་ཀྱི་མི་རབས་གསར་བ་ཚོ་བསད་པ་ནི་མི་རིགས་གང་དེ་བསད་པ་རེད།དེ་བས་དེ་དག་ནི་ཏན་ཏན་མི་གསོད་པའི་ལག་དམར་ཡིན་པ་མ་ཟད་མི་རིགས་གསོད་པའི་ལག་དམར་ཡང་ག་ལ་མིན།

ཞེས་ཤར་ཕྱོགས་པ་བཙན་རྐང་དུ་འབོད་པའི་གསར་བུ་སྣང་མཐོ་ཞིག་གིས་ནུབ་བྱང་ཚང་གི་དཔེ་མཛོད་ཁང་ནས་༢༠༡༤•༥•༠༦ཉིན་སྦྱར་བ་དགེའོ།

སློབ་གསོའི་ན་ཚ།

___རྫོང་བོད་ཡིག་སློབ་འབྲིང་གི་སློབ་མའི་རྫི་བོ་དག་ལ།

• སྲིན་པོ།

གཅིག མུན་ནག་སློབ་གསོ།

ཡར་སྔོན་ཞིག་ལ་ང་རང་ཕ་ཡུལ་ཁྱུང་མཆུ་རུ་ལོག་ནས་གྲོགས་པོ་རེ་འགའ་དང་ལྷན་དུ་ཇ་ཁ་ཆང་ཁ་ནས་ཁ་བརྡ་ཐུང་ངུ་རེ་གློད་མྱོང་།འོན་ཀྱང་ཁ་བརྡ་དེའི་གླེང་གཞི་ནི་ཡ་ང་བའི་ཕ་ཡུལ་གྱི་གནས་སྟངས་ག་གེ་མོ་དེ་མ་ཡིན་ཞིང་།བྲན་གཤིས་ཀྱི་འཁྱགས་རོམ་ཕྱུར་བུར་གཏམས་པའི་སློབ་གསོ་ཞེས་པའི་ནད་ཡམས་དེ་ཡང་མ་ཡིན།ཏག་ཏག་སྐབས་དེར་རང་གི་དགའ་ཕྱོགས་ལྟར་རྩོམ་རིག་ཅེས་པའི་དད་ཞེན་གཞན་ཞིག་ནས་ལངས་ཏེ་སྟོང་འདང་མང་པོས་ཉི་མ་ཙམ་འཁྱོལ་ཐབས་བྱས།ཡིན་ཡང་ད་ལྟ་ཁ་ཕྱི་འཁོར་ནས་ཕ་ཡུལ་ལ་བལྟས་ཡོང་ཚེ།ངས་ཅི་ཞིག་བྲི་དགོས་པ་དང་ངས་ཅི་ཞིག་གླེང་དགོས་པ་གཞི་ནས་རྟོགས་ཡོད།དེ་ཡང་དུས་ཡུན་རིང་མོ་ཞིག་ལ་སློབ་གསོའི་མཁའ་དབུགས་ནག་ནོག་གིས་བཟུང་ཞིང་།མི་རིགས་སློབ་གསོའི་ལས་སྐལ་ཡང་རིམ་བཞིན་ཉག་ཕྲ་བར་གྱུར་ཏེ་འདུ་ཤེས་གཞན་འགྱུར་གྱི་གོལ་ལམ་ཞིག་ཏུ་འུ་ཚོས་སློབ་གསོ་ཉི་ཚེ་བ་ཞིག་སྤུར་ནས་ཧ་ཅང་སྒམ་མདོག་གིས་དུས་རབས་མང་པོ་བསྐྱེལ་ཟིན།དུས་རབས་འདིའི་ནང་དུ་ཤེས་རབ་ཅན་གྱི་མི་བུ་ག་ཚོད་དང་རྒྱུ་འབྲས་བློ་མིག་དོན་དུ་གཉེར་བའི་དཔའ་སྐད་ཅི་ཙམ་དུར་དུ་སྦས་མྱོང་།འདི་ནི་ཅི་ཞིག་ལན་པ་ཡིན་ནམ། བསམ་བློ་ཞིབ་ཏུ་བཏང་ན། འདི་ནི་འུ་ཚོའི་སློབ་གསོ་མ་འགྲིག་པ་རེད།སློབ་གསོ་སྐྱོང་མཁན་གྱི་བདག་པོ་མ་འགྲིག་པ་རེད།ཁོ་ཚོས་སློབ་གསོ་ཟེར་བ་ནི་སློབ་མ་འདུལ་བྱེད་ཀྱི་ལག་ཆ་ཙམ་དུ་ཁས་འཆེས་ཏེ་ཁ་ནས་དུང་འབུད་འབུད་དང་ལག་ནས་དར་འཕྱར་འཕྱར་བྱས་ཏེ་ད་བར་དུ་སོང་བ་རེད།དེ་ནི་སློབ་གསོ་ཟེར་བའི་མིང་ཙམ་ལས་དོན་དུ་སློབ་གསོ་སྤུས་གཙང་ཞིག་གཞར་ཡང་སྤེལ་མི་འདུགལྷག་ཏུ་འབྲོག་པ་མང་ཚོགས་ཀྱི་མིག་གིས་བལྟ་ས་དང་སེམས་ཀྱིས་ཉན་ས་སྟེ།དུས་རབས་ཉེར་གཅིག་པའི་བཀོད་པ་ཤིན་ཏུ་ལེགས་པའི་རྫོང་བོད་ཡིག་སློབ་འབྲིང་།རྫོང་བོད་ཡིག་སློབ་འབྲིང་ནི་འབྲོག་པ་མང་ཚོགས་ཀྱི་བུ་ཕྲུག་དག་གིས་ཐོག་མའི་རྨི་ལམ་གྱི་ས་བོན་འདེབས་ས་ཡིན་ལ།ཕུགས་བསམ་གྱི་གཤོག་པས་མ་འོངས་འབྱུང་འགྱུར་གྱི་ནམ་འཕང་སྟོད་ས་ཡང་ཡིན།ཡིན་ཡང་།ཁ་ནང་ལ་འཁོར་ནས་ཞིབ་ཏུ་བསམས་ན་རྫོང་བོད་ཡིག་སློབ་འབྲིང་ནི་ཕྱི་ཡི་བཀོད་པ་མཛེས་ཀྱང་ནང་གི་སློབ་གསོ་སྟོང་བའི་དུས་རབས་ཀྱི་རྫོབ་དོང་ཆེན་པོ་ཞིག་ལས་ཅི་ཡང་མ་ཡིན།ལྷག་ཏུ་སྒམ་སྒམ་རིང་ལུགས་འཛིན་པའི་དགེ་རྒན་སྐོར་ཅིག་གིས་སློབ་མའི་ཁ་ནང་དུ་བཙན་གྱིས་རྫོང་གིན་པའི་བརྡ་རྟགས་མཁྲེགས་པོ་དང་མི་གཤིས་བྲན་དུ་བཀོལ་བའི་མཚན་ཉིད།དཔྱོད་ཤེས་འབུར་འཇོམས་གཏོང་བའི་འཇིགས་སྐུལ།ཀུན་སྤྱོད་སྒྲོམ་དུ་གཅུན་པའི་སྡུག་སྐད།འདི་དག་གིས་ད་རག་བར་འུ་ཚོ་གོག་མ་འགྱེལ་དང་ངུ་མ་དགོད་དུ་བཏང་ཞིང་།སྨྲ་བརྗོད་ཀྱི་ཁེ་དབང་རྡོག་པས་བརྫིས་མྱོང་།ལོས་ཡིན་ཏེ།ཁོ་ཚོས་དུས་རབས་ཀྱི་དགོངས་དོན་དང་མཐུན་པའི་སློབ་གསོ་ཞིག་ཁྱོན་ནས་མི་ཤེས་ཤིང་།སྲོལ་རྒྱུན་གྱི་ལུང་ཚིག་སྐམ་པོ་རེ་དྲངས་ནས་བསམ་བློ་ཚད་མར་འཛིན་པས་ལོས་ཡིན།ད་ནི་ཏག་ཏག་སྒོ་ཀུན་ནས་མི་བུ་འདྲ་མཉམ་དང་མི་གཤིས་བརྩི་མཐོང་། བསམ་བློའི་རང་དབང་སོགས་ཀྱི་དུས་རབས་ཀྱི་འབོད་སྐུལ་ཞིག་གིས་དེ་དག་ཀྱང་བཅོམ་ཆག་སྐྱ་ཉིལ་དུ་གཏོང་ངེས།སྤྱིར་ན་སློབ་གསོ་ཞེས་བྱ་བའི་དམིགས་ཡུལ་ནི་༼མི༽་ཡིན་ལ།མི་ཞིག་བདེ་ཐང་ངང་མཚར་ལོངས་འབྱུང་དུ་འཇུག་རྒྱུ་ཡིན་པ་ལས་མི་ལ་ན་ཚ་སློང་བྱེད་ཀྱི་ལག་ཆ་ལྟ་བུ་ག་ལ་ཡིན།འོ་སྐོལ་གྱི་སློབ་གསོ་ནི་མི་ལ་གཞོག་གཏུབ་བྱེད་སྤྱད་ཅིག་དང་མིའི་བསམ་བློ་ལ་ཚོད་འཛིན་བྱེད་སྤྱད་ཅིགཡང་ན་མིའི་ཤེས་རབ་དང་འཇོན་ནུས་ལ་ཁྱད་གསོད་བྱེད་སྤྱད་ཅིག་ལས་མིའི་ལས་སྐལ་དང་འཚར་ལོང་གི་གོ་རིམ་ལ་གཏན་ནས་སེམས་ཁུར་བྱས་མ་མྱོང་།དེ་ན་མི་ལ་སེམས་ཁུར་དང་འབྲེལ་འདྲིས་མེད་པའི་སློབ་གསོ་ནི་ཏན་ཏན་སྤྱི་ཚོགས་དང་དུས་རབས་ལ་བརྡ་རྟགས་ཆད་པའི་སློབ་གསོ་ཞིག་རེད་ཅེས་ཁོ་བོས་ཁ་ཚོན་བཅད་ན་ལོས་ཆོགམི་ལོ་བཅུ་ཕྲག་བུད་སོང་བའི་ཡར་སྔོན་ཞིག་ལ་ང་ཡང་རྫོང་བོད་ཡིག་སློབ་འབྲིང་གི་གྲུ་ག་ཞིག་ནས་གཉའ་ལྷེམ་ལྷེམ་དང་ངག་འདར་འདར་གྱིས་༼དགེ་རྒན༽་ནི་ཐམས་ཅད་མཁྱེན་པ་དང་དགེ་རྒན་གྱི་དབུ་འཕང་ནི་ལྷ་ལས་མཐོ་བ་ཞིག་ལ་ངོས་བཟུང་། ད་ལྟ་བསམ་བློ་ནན་གྱིས་བཏང་ན་ཁོ་ཚོས་ང་ཚོའི་སྨྲ་བརྗོད་ཀྱི་ཁེ་དབང་འཕྲོག་ཅིང་༼མི༽་ནི་དུས་གཏན་དུ་སྒྲོམ་ག་གེ་མོ་ཞིག་གི་ནང་དུ་ཁྱི་ལ་ལྕགས་ཕུར་བརྡབ་པ་བཞིན་ལུང་ཚིག་སྐམ་པོས་བཏགས་ཤིང་། ལྕགས་ཕུར་དེ་ནས་ཤོར་མཁན་དག་ནི་ཏག་ཏག་ཉེས་པ་ཅན་དང་སྒྲིག་འགལ་བ།དུད་འགྲོ་སོགས་ཀྱི་མཚང་མིང་རེ་བཏགས་ནས་མི་ལ་ཁྱི་ཕག་དང་བ་གླང་ལྟ་བུའི་འདུ་ཤེས་འཛིན་པ་རེད།ཡིན་ཡང་།མི་ལ་ལྷན་གཤིས་སུ་མངའ་བ་ནི་མི་ཡི་ཤེས་རབ་དང་གསར་གཏོད།རིགས་སྟོབས་དང་འཇོན་ནུས་སོགས་མི་རེ་རེར་རང་གི་བློ་སྟོབས་ཀྱིས་ཕྱུག་པའི་ཤེས་རབ་ཀྱི་རྩལ་ནུས་མཆིས་ཤིང་།ཁོ་ཚོའི་དེ་དག་གི་ཁྲོད་ནས་རིག་པའི་སྒོ་གླེགས་འབྱེད་དེ་ནམ་ཞར་མདུན་ནས་མདུན་དུ་རྒྱུགས་ཆོག་པ་རེད།དེ་ནི་མི་བུ་རང་ག་བ་རེ་རེའི་ལོངས་སུ་སྤྱད་ཆོག་པའི་གཞི་རྩའི་ཁེ་དབང་གི་གཏན་སྲོལ་རེད་ལ།ཁེ་དབང་དེ་ལ་གཅུན་སྡོམ་དང་ཐེ་གཏོགས་བྱ་བ་ནི་ཁྲིམས་མཐུན་མ་ཡིན་པའི་བྱ་སྤྱོད་སྤེལ་སྟངས་རེད་པས།འདི་ལ་ང་ཚོས་འཛུབ་མོ་བཙུགས་ཏེ་ཉེས་པ་ཅི་ཡོད་ཁྲིམས་ལ་གཏུགས་ཆོགད་ནི་ཡར་བཤད་མར་མང་པོ་ཞིག་བྱས་ཤིང་མཇུག་མཐར་བདག་གིས་གླེང་འདོད་པ་དེ་ནི་རྫོང་བོད་ཡིག་སློབ་འབྲིང་དང་དེ་མིན་སློབ་གྲྭ་ཆེ་ཆུང་ཀུན་གྱིས་སློབ་མའི་ཁེ་དབང་སློབ་མར་སྤྲོད་རྒྱུ་དང་སློབ་གསོའི་ལས་ཀ་སློབ་གསོས་གཉེར་རྒྱུ་སྟེ།འདྲ་མཉམ་གྱི་སློབ་གསོ་དང་བདེ་ཐང་གི་སློབ་གསོ།སྤུས་གཙང་གི་སློབ་གསོ་སོགས་སློབ་མའི་ཤེས་རབ་དང་རིག་གནས་དྲན་པ།སྨྲ་བརྗོད་དང་འདྲ་མཉམ་གཙིགས་སུ་འཛིན་པའི་སློབ་གསོ་ཞིག་སྤེལ་རྒྱུ་ནི་ཅིས་ཀྱང་དུས་རབས་ཀྱི་དགོངས་པ་དང་མཐུན་ཞིང་དུས་རབས་ཀྱིས་བསྐུལ་བའི་སློབ་གསོ་ཞིག་ལ་ངོས་འཛིན་རིགས་སོ།།

གཉིས། འཇིགས་སྐུལ་སློབ་གསོ།

ཡང་ཅིག་བཤད་ན་འོ་སྐོལ་གྱི་སློབ་གསོ་ནི་སེམས་རྒྱུད་འདུལ་སྦྱོང་གི་རིག་གནས་ཤིག་སྟེ།ནམ་ཞར་མི་ཡི་བསམ་སྦྱོར་དང་འཕེལ་རྒྱས་ལ་ཚོད་འཛིན་བྱས་ནས་བྲན་བསྒྱུར་འབའ་ཞིག་གིས་བྱ་བྱེད་ལག་ཏུ་བསྟར་ཡོད་པ་རེད།དེ་ན་བྲིས་རྩོམ་འདིའི་ཁ་བྱང་ལྟར་འཇིགས་སྐུལ་སློབ་གསོ་ཞེས་པ་ཡང་ག་རེ་རེད་ཅེ་ན།ངས་ནི་ཐ་ཀར་དུ་མ་གླེང་ཚད་མེད་ཀྱི་སྐད་ཆ་འགའ་སྦ་གསང་མེད་པར་འདི་ལྟར་བརྗོད་ངེས།སྤྱིར་ན་གོང་གི་བྲིས་རྩོམ་དེའི་ནང་དུ་སློབ་གསོ་ཞེས་པ་དང་༼མི༽་ཞེས་པ་རགས་ཙམ་ཞིག་སྤྲོས་ཡོད་ཁར།ད་ནི་བསྐྱར་དུ་ངལ་བ་བརྟེན་དགོས་དོན་མེད་མོད།འོན་ཀྱང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་སླར་ཡང་མི་ཞེས་པའི་འབབ་སྟེགས་དེའི་ཁྲོད་ནས་འཇིགས་སྐུལ་སློབ་གསོ་ཟེར་བ་ཞིག་མ་གླེང་ཚད་མེད་དུ་གྱུར།ལར་སློབ་གསོ་ནི་མི་ནས་མགོ་རྩོམ་དགོས་པ་དང་མཐར་མའི་སྟེང་དུ་འབབ་དགོས་ས་ཞིག་རེད།དེ་ལྟར་བཤད་ན་མི་ནི་སློབ་གསོའི་ལྟེ་བའམ་དཀྱིལ་སྙིང་དུ་འཇོག་དགོས་ས་རེད།ཡིན་ཡང་འོ་སྐོལ་གྱི་སློབ་གསོ་ནི་མི་ལ་འཇིགས་སྐུལ་དང་རྡུང་རྡེག་གཏོང་སྤྱད་ཅིག་ལས་བདེ་ཐང་གི་སློབ་གསོ་ཞིག་མིན་པ་ར་སྤྲོད་བྱས་འདུགདེ་སྔོན་བདག་གིས་རྫོང་བོད་ཡིག་སློབ་འབྲིང་གི་གྲོགས་པོ་ཞིག་དང་ལྷན་དུ་༼བོད་ཡིག་སློབ་འབྲིང༽་གི་མིག་སྔའི་གནས་སྟངས་སྐོར་གྱི་ཁ་བརྡ་ཐུང་ཐུང་རེ་བྱས་ཤིང་།གྲོགས་པོས་བཤད་ན་མིག་སྔའི་བོད་ཡིག་སློབ་འབྲིང་གི་གནས་སྟངས་ནི་ཤིན་ཏུ་ཡ་ང་བ་དང་སྐྱུག་མེར་བ་ཞིག་ཡིན་ཚུལ་སོགས་གླེང་བྱུང་།རྒྱུ་མཚན་ནི་དགེ་རྒན་གྱི་གཅུན་སྡོམ་འོག་སློབ་མ་ལ་ཉེས་ཆད་གཅོད་པ་དང་སློབ་མ་ལ་ཁྱད་གསོད་གཏོང་བ།སློབ་མའི་སྨྲ་བརྗོད་ལ་ཐེ་གཏོགས་བྱེད་པའི་སྦྱོར་བ་ངན་ངོན་མང་དུ་བརྩམས་སོང་བའི་ལྟ་ཚུལ་བརྗོད་སོང་།ཀློག་པ་པོ་ལགས།མི་ནི་གཉོམ་ཆུང་ཚུལ་མཐུན་གྱིས་སྡོད་ཐུབ་པ་ཞིག་ཡིན་ནམ།ཡང་ན།གཉོམ་ཆུང་ཚུལ་མཐུན་ཞེས་པའི་ཡང་སྙིང་ནི་ག་རེ་ཡིན་འདུགཡང་དེ་སྔོན་ཞིག་ལ་དགུན་ནང་གི་ངལ་གསོའི་སྐབས་སུ་བོད་ཡིག་སློབ་འབྲིང་ནས་ཡིན་པའི་རང་གི་སྤུན་ཆུང་ཞིག་དང་མཉམ་དུ་རྒྱ་སྲང་་དུ་ཉུལ་མོད།ཁོས་དུས་རྒྱུན་སྐེ་དཀྲིས་ནག་པོ་ཞིག་གིས་རང་གི་ཁ་ངོ་བསྟིམས་ཏེ་གཞན་སུ་ལའང་མི་སྟོན།ངས་སྤུན་ཆུང་ལ་སྐེ་དཀྲིས་ཕུད་དགོས་པའི་སྐད་ཆ་ལབ་ཀྱང་།ཁོས་ང་ལ་སྐད་འགོ་དམའ་མོས་༼དགེ་རྒན་ལ་སྐྲག་དགོས་ནི་རེད༽་ཅེས་སྐད་ཆ་ལབ་བྱུང་།སྐབས་དེར་ངས་ཨ་ལན་ཅི་ཞིག་གིས་བྱིན་དགོས་པ་མ་ཤེས་པར།ཁ་རོག་གེར་བསྡད་པ་ཡིན།ཡིན་ཡང་ད་ལྟ་བསམ་བློ་ཞིབ་ཏུ་བཏང་ཚེ་འདི་ནས་ང་ཚོས་ཆེས་སྤྱིར་བཏང་མ་ཡིན་པའི་སློབ་གྲྭའི་གནད་དོན་འགའ་མཐོང་ཐུབ།གཅིག་ནི་སློབ་མའི་སེམས་ཀྱི་༼སྐྲག༽་ཅེས་པའི་འདུ་ཤེས་དེ་སུ་ཡིས་བསྐྱེད་པ་དང་།ཡང་ན་༼སྐྲག༽་ཅེས་པའི་འདུ་ཤེས་དེས་གནད་དོན་ཅི་ཞིག་ཤོད་ཀྱིན་འདུགགཉིས་ནས་སློབ་མའི་སེམས་ཀྱི་དགེ་རྒན་ནི་ཇི་ལྟ་བུ་ཞིག་ཡིན་འདུག བྱམས་ཤིང་བརྩེ་བ། འདྲ་མཉམ་དང་གོང་བཀུར་གྱི་བློ་མིག་དྲང་བ། ཡང་ན་ནམ་རྒྱུན་ཁྱད་གསོད་དང་འཇིགས་སྐུལ། བཙན་ཤེད་དང་རྡུང་རྡེག་གི་བདག་པོ་དེ་ཡིན་ནམ། གོང་གི་དཔེ་འཇོག་རགས་བསྡུས་གཉིས་ལས་ཀྱང་ང་ཚོས་སློབ་གྲྭའི་སློབ་གསོའི་གནད་དོན་མང་དག་ཅིག་མཐོང་ཐུབ་ཅིང་།ཡུན་རིང་བོར་འདི་ལྟར་སོང་བའི་སློབ་གསོ་ནི་ཅི་འདྲའི་ནག་ཉེས་ཤིག་དང་ཅི་འདྲའི་གྱོང་རྒུད་ཅིག་རེད་ཨང་།ལྷག་ཏུ་སློབ་བུ་མང་པོ་ཞིག་ལ་བཙན་གྱིས་ཁ་ལོ་བཏུལ་ཏེ་གཉོམ་ཆུང་ནུས་མེད་དང་བསམ་སྦྱོར་བག་འཁུམ་དུ་བསྒྱུར་ཅི་ཐུབ་བྱེད་པ་ནི་མི་རིགས་འདིའི་ཐུན་མོང་གི་རེ་བ་ལ་ནག་ཐིག་ཕབ་པ་དང་མ་འོངས་འབྱུང་འགྱུར་ཁྲོད་དུ་༼སློབ་གསོ་འདིའི་བསྐྱེད་འབྲས་༽ནི་མི་བུ་རྩ་བརླག་ཏུ་གཏོང་བའི་སྔ་ལྟས་རིགས་ཤིག་ཀྱང་མ་ཡིན་ནམ།ད་རུང་སྐད་ཆ་མང་པོ་ཞིག་བཤད་རྒྱུ་འདུག་ཀྱང་ད་ནི་དུས་ཚོད་ཀྱི་དབང་གིས་དེ་ཙམ་གྱིས་འཐུས་པར་བྱའོ།།

ཞེས་ནུབ་ཕྱོགས་པ་སྲིན་པོ་རུ་འབོད་པའི་གསར་བུ་ཞིག་གིས་ལན་གྲུ་གྲོང་ཁྱེར་ནས་ཤར་མར་སྦྱར།

ལག་པ་དམར་པོའི་སློབ་གསོ་གླེང་བ།

---ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གསོའི་རུལ་མྱགས་ལ་ཨག་སྐད་བཏོན་པ།
• ཁྱུང་ལྡེའུ་བཙན།

སྤྱིར་སློབ་གསོ་ཞེས་པ་ནི་སློབ་དགོས་པ་གང་ཞིག་གསོ་དགོས་པ་དེའི་དོན་མིན་པར།སློབ་མཁན་གང་དེ་ཅི་ལྟ་ཅི་ལྟར་སློབ་སྟོན་དང་གསོ་སྐྱོང་བྱེད་དགོས་པར་གདམས་པའི་མིའི་རིགས་ཀྱི་ཐ་སྙད་འོད་སྟོང་འཚེར་བ་དེའོ།ཡིན་ན།དེ་རིང་ངའི་ཕ་ཡུལ་གྱི་བྲང་ཁུད་ན་སློབ་གསོ་སྤེལ་བ་ལས་སློབ་གསོ་མྱོང་གིན་མེད་པ་འདི་ནི་སློབ་གསོ་སྤེལ་མཁན་གྱི་ནག་ཉེས་སུ་བགྲང་ངམ།ཡང་ན་སློབ་གསོ་མྱོང་མཁན་གྱི་གླེན་རྟགས་སུ་འཇོག།དེ་རིང་ངའི་ཕ་ཡུལ་དུ་སྤེལ་གྱིན་པའི་སློབ་གསོ་འདིའི་རིགས་ལ་ངས་ནི་*ལག་པ་དམར་པོའི་སློབ་གསོ་*ཞེས་མཐའ་གཅིག་ཏུ་འདོགས་པར་འདོད་དེ།དེ་ཡི་སླད་དུ།སྙུག་རྩེ་ནག་པོས་སློབ་མའི་ཀླད་པ་འཆའ་བར་གོམས་པའི་ལག་པ་དམར་པོ་ཅན་གྱི་སློབ་གསོ་བ་དག་ལ་ཐ་ཚིག་གཟེར་ཐག་ཆོད་པ་ཞིག་བསྒྲགས་པའི་ཁེ་དབང་རྩོད་ལེན་བྱས་པ་ཡིན།
སྤྱིར་ང་ཚོས་ཤོད་དགོས་པའི་གནད་དོན་མང་དག་ཅིག་སྒེར་གཅོད་དབང་སྒྱུར་བའི་གདོང་འབག་གི་གསེབ་ནས་བཤད་མ་ཐུབ་པར་ལུས་ཡོད་པ་སུ་ལ་གསང་། ལྷག་ཏུ་རིགས་སད་ལས་འགུལ་རྗེས་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཕལ་ཆེར་གྱི་སློབ་གསོའི་ཁ་ཕྱོགས་སྔར་འཇའ་ཕན་གྱིས་དགྱ་ནག་ལ་སྤེལ་མྱོང་བའི་*བྲན་བསྒྱུར་སློབ་གསོའི*ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་པ་སུས་ཀྱང་ཤེས།ཡིན་ནའང་། ང་ཚོས་རང་ཉིད་ཀྱི་*ཀླད་པ་སྒེར་གཅོད་དབང་སྒྱུར་བས་བཀྲུས་ཚར་བ་*ཤེས་བཞིན་དུ།ད་དུང་རང་ཉིད་ལ་མངའ་བ་ནི་རང་ཉིད་ཀྱི་བསམ་བློ་གཙང་མ་ཡིན་པར་སྒོམ་པའི་སློབ་གསོ་བ་དག་ལ་ནི་ཁྲག་གཏར་རྣག་འཛར་གྱི་བསམ་བློའི་གྱེན་ལོག་ཐེངས་ཤིག་བྱ་འོས།
ངས་*ལག་པ་དམར་པོའི་སློབ་གསོ*ཞེས་པ་ནི་རང་ཉིད་ནི་དགྲ་སྟ་ལ་འཇུས་པའི་ནང་སྙིང་གི་ལག་དམར་དེ་ཡིན་པ་ཚོར་གྱིན་མེད་པར།སློབ་མའི་སྒེར་ཚུགས་དང་དཀྱེལ་ཡངས།བློ་འབྱེད་དང་རང་དབང་གི་བསམ་བློ་ཡོད་ཚད་རྨང་ནས་བཅོམ་སྟེ་དུར་འཇུག་བྱས་ཤིང་རྩད་གཏུབ་བྱ་བ་དང་།"རྒྱུགས་གཞི"ནི་བླ་དང་སྲོག།ཡང་ན་རྣམ་ཤེས་ཀྱི་བ་སྤུ་རེ་རེའི་གསེང་ལ་ཟུག་དགོས་པར་འདོད་པའི་རྣོ་ཡི་སྒྲོམ་གཞི་དམར་ནག་མ་རེའི་ཁུད་དུ་གཅུད་ནས་སློབ་མ་ནི་"རྒྱུགས་ལེན་འཕྲུལ་ཆས"ཤིག་ཡིན་དགོས་པར་བསྒྲགས་པའི་ཀླད་པ་གཏོར་སྟངས་དེའི་རིགས་ཀྱི་སློབ་གསོར་ལག་པ་དམར་པོའི་སློབ་གསོ་ཞེས་འདོགས་པར་འོས།དཔེར་ན།གཞུང་གིས་སྐད་གཉིས་སློབ་གསོའི་ལམ་ལུགས་ཁྱབ་བསྒྲགས་བྱེད་སྐབས།"སློབ་གསོ་སྤེལ་བའི་མཐར་ཐུག་གི་དམིགས་ཡུལ་ནི་ལས་ཞུགས་བྱེད་པ་དེའོ"ཞེས་དང་།ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་རེས་"རྟ་གཅིག་གིས་རྟ་བརྒྱ་ནད་པས་གཏོང་བ་ལས།རྟ་གཅིག་དེ་མེད་པར་བྱས་པས་བཟང་"སོགས་ཀྱི་སྐད་ཆ་དེ་ལ་འཇིགས་སྐུལ་སློབ་གསོ་ཡང་འདོགས་འོས་ཏེ།རྒྱུ་མཚན་རྟ་གཅིག་དེ་བསད་པས་རྟ་གཞན་པ་དག་གི་ཀླད་པ་རང་འགུལ་གྱིས་གཙང་སེལ་བྱས་འགྲོ་བས་ཕྱིར།དེ་དང་དེ་ལྟའི་བརླ་རྡུང་རུས་གཅོག་བྱེད་པར་གདམས་པའི་སྐད་ཆ་མདོ་མེད་དེའི་རིགས་ཀྱིས་ནི་སློབ་མའི་རྣམ་དཔྱོད་ལ་བཙན་འཛུལ་བྱས་པ་རེད་ལ།སློབ་མའི་དཔྱོད་ཤེས་ལ་མནར་གཅོད་བཏང་བའང་ལོས་ཡིན་ཨང་།དེ་བཞིན་དེའི་རིགས་ཁོ་ནར་དོན་གཉེར་བྱེད་པར་འབད་པའི་དགེ་རྒན་དག་ཀྱང་དགྲ་སྟ་བཟུང་བའི་ལག་དམར་དེ་མིན་པ་སུས་གསལ་བཤད་བྱ།
ད་དུང་སྔ་མར་སློབ་མའི་རང་དབང་གི་བསམ་བློས་འཕག་འཚག་རྒྱག་ས་སྟེ།"རང་མོས་གླེང་སྟེགས་"ཞེས་པའི་སློབ་གྲྭའི་སློབ་གསོ་ནས་མི་བུའི་ཀུན་སྤྱོད།སྐྱེས་མའི་ཐོབ་ཐང་ནས་སྒེར་གྱི་དད་མོས་སོགས་གང་ཡང་གླེང་ཆོག་སའི་སྨྲ་བརྗོད་ཀྱི་སྟེགས་བུ་གསོན་པོ་དེ།དེ་རིང་སློབ་གསོ་བ་སུས་རྐང་འོག་ནས་འགག་སོང་།འགག་སོང་བ་དེ་ཤི་རྨས་ཐེབས་པའི་ཞིག་རལ་གྱི་གླེང་སྟེགས་ཤིག་མིན་པ་ཤེས་པར་གྱིས།དེ་ནི་མི་རབས་ཤིག་གིས་མཉམ་འུར་བྱེད་ས་དང་མཉམ་དུ་སློབ་གསོའི་ལས་དོན་གླེང་སའི་ཁེ་དབང་ཆུང་ཆུང་ཞིག་ཏུ་ངོས་བཟུང་ནའང་ནོར་མི་འདུག།དམངས་གཙོ་མེད་ཀྱང་སྒེར་གཅོད་དོར་བའི་སློབ་གསོའི་མཁའ་དབུགས་ཤིག་ཡིན་ན།དེ་ནི་ཁོར་ཡུག་དེའི་འདས་མ་ད་གསུམ་སྒྲོག་སའི་གླེང་སྟེགས་ཤིག་ཡིན་ཆོག།ཡང་ན།རང་ཉིད་ཀྱི་ངོ་གདོང་ལ་ལྟ་བྱེད་ཀྱི་མེ་ལོང་གཙང་མ་ཞིག་ཏུ་འདོད་ནའང་འགྲིག་འདུག།ཡིན་ནའང་།"རང་མོས་གླེང་སྟེགས"ཚོགས་མཁན་དག་ལ་ནག་ཉེས་གནམ་ལ་མི་ཤོང་བ་རེ་འགེལ་བ་དང་ཐ་ན་ཚོད་ཚོད་དུ་ཆབ་སྲིད་ཀྱི་ཞྭ་ནག་མི་འགེབ་པའི་ངེས་པའང་མེད་ཨང་།༼སློབ་གྲྭའི་ཁོར་ཡུག་ནས་རང་མོས་གླེང་སྟེགས་ཚོགས་པ་སྟེ།སློབ་མའི་བསམ་བློ་འདོན་སྤེལ་དང་ནུས་པ་བསྐྱེད་སྲིང་།སྐད་ཆ་སྦྱོང་བརྡར་སོགས་ནས་ཆབ་སྲིད་དང་འགལ་འགྲོ་ཟེར་ན།དེ་ནི་ཁོ་པ་རང་ཁྲིམས་འགལ་ཡིན་པ་སྟེ།ཁོས་ཁྱོད་ཀྱི་སྨྲ་བརྗོད་རང་དབང་ལ་ཐེ་གཏོགས་བྱས་པའི་ཕྱིར།༽ཡིན་ཡང་ཁྲིམས་ནི་ཁྲིམས་སུ་མི་ལྟ་བར་ལག་ཆ་རུ་སྒོམ་པའི་སྒེར་གཅོད་ཀྱི་ཁོར་ཡུག་ནས་མེ་ལོང་ནང་ནས་རང་ཉིད་འཚོལ་བ་ནི་ཆེས་སྐྲག་ངེས་པ།ཆེས་འཇིགས་སུ་རུང་བ།ཆེས་ཤ་ལ་གཟན་ཞིང་རུས་ལ་གཟེར་བ་ཞིག་ཡིན་ངེས།འདི་དག་ནི་*ལག་པ་དམར་པོའི་སློབ་གསོའི་ལམ་ལུགས་*སྤེལ་བའི་རྩ་དོན་ཞིག་མིན་པའི་ངེས་པའང་རྦད་དེ་མེད།
དེ་ལ་དེ་ལྟར་"གོ་བ་མེད་པའི་གླང་རྒན་ལ།།རྒྱལ་པོའི་བཀའ་ལས་དབྱུག་པས་བཙན།།"ཞེས་པའི་སློབ་གསོ་སྤེལ་སྟངས་ཤིག་ཀྱང་ཡོད་དེ།སློབ་མ་ནི་རྩེད་ཆས་སུ་སྒོམ་པའི་སྲོལ་རྒྱུན་གྱི་འཆིང་ཐག་ནག་པོ་འདི་ང་ཚོའི་སྤྱི་ཚོགས།ང་ཚོའི་ཁོར་ཡུག།ང་ཚོའི་གནས་བབ་ལ་ཅི་འདྲའི་གཟན་ཨང་།འདི་ནི་ཁྱུང་མཆུ་རྫོང་ལས་འདས་པའི་བོད་ཁུལ་གྱི་སློབ་གྲྭ་མང་དག་ཅིག་གིས་སྤེལ་གྱིན་པའི་གཅར་རྡུང་སློབ་གསོ་ཞིག་སྟེ། དགེ་རྒན་མཐོང་ན་ལག་དམར་མཐོང་བ་ལྟ་བུའི་དགྲར་འཛིན་གྱི་འདུ་ཤེས་ཁྲོད་ནས་སྤེལ་བའི་སློབ་གསོ་དང་མྱོང་བའི་སློབ་གསོ་ལ་རྔོ་ག་འདྲ་ཐོག་སྲིད་པ་ལག་པ་དམར་པོ་ཅན་གྱི་སློབ་གསོ་བ་དག་གིས་ནམ་རྟོགས་མི་སྲིད། རྒྱུ་མཚན། རང་ཉིད་ནི་སློབ་གསོ་བ་ཡང་དག་ཅིག་སྟེ།"རང་གིས་ཅི་གསུངས་ཆོས་དང་འཛུབ་མོས་གར་བསྟན་ཤར"ཡིན་དགོས་པར་སྒྲོག་པའི་སྒེར་དབང་གཅོད་པའི་བདག་པོ་ཡིན་པས་ཕྱིར།
ང་ཚོས་ནག་ཉེས་གང་ཞིག་གླེང་བ་ནི་ནག་ཉེས་གང་དེ་ནག་ཉེས་རུ་སྒོམ་ནས་ངོ་རྒོལ་བྱས་པ་རེད་ལ། ངོ་རྒོལ་གང་དེ་ངོ་རྒོལ་བྱས་པའང་དུང་བ་བླ་ལྷག་གིས་གཅུན་པའི་བསྐྱེད་འབྲས་ལོས་ཡིན། ཡང་དུ་ན། དེ་ནི་སྒེར་གཅོད་པའི་མིག་རྩར་གཟས་པའི་འཕག་འཚག་ཚ་བོ་ཐེངས་ཤིག་ཡིན་ཡང་སྲིད་དེ། འཕག་འཚག་ཐེངས་ཤིག་གི་རྗེས་ནས། འུ་ཚོས་སླར་ཡང་ཕ་ཡུལ་གྱི་བྲང་གཞུང་ནས་འུར་སྐད་འདོན།

༢༠༡༤•༠༥•༠༦ལ་སྦྱར།

ཁ་ནང་ལ་འཁོར་ནས་བལྟས་ན།

• འཇུ་པད་དཀར།

སློབ་གྲྭ་ནི་སློབ་མ་ཞིག་གི་མི་ཚེ་ཁྲོད་དུ་རང་ཉིད་བཙོ་སྦྱང་བྱེད་སའི་བཟོ་གྲྭ་གལ་ཆེན་ཞིག་ཏུ་འདོད་པས། ང་རང་གིས་བརྒྱུད་མྱོང་བའི་སློབ་གྲྭའི་ཉམས་མྱོང་འདྲ་གླེང་བར་འདོད་སོང་། དེ་ཡང་མི་ལོ་བཅུ་གཉིས་ཙམ་ལ་ཁྱུང་མཆུའི་སློབ་གསོ་མྱོང་ནས་འོང་བ་ཡིན་ལ། ལོ་དྲུག་ཙམ་གྱི་རིང་ལ་སློབ་གྲྭ་གསུམ་ཙམ་རྗེས་མྱོང་། སློབ་གྲྭ་དེ་ཚོ་ལ་འདྲ་སའི་ཕྱོགས་ཆེན་པོ་གསུམ་ཙམ་ཡོད། དེ་གསུམ་པོ་ནི་དང་པོ་གཙང་སྦྲ་དང་གཉིས་པ་སྒྲིག་ལམ། གསུམ་པ་སློབ་སྦྱོང་བཅས་ཡིན།
སློབ་གྲྭ་དེ་ཚོའི་གཙང་སྦྲ་དང་པོར་འཛིན་དོན་ནམ་གཙང་སྦྲ་ལ་འདི་འདྲའི་དོ་སྣང་བྱ་དོན་གང་ཡིན་ཅེས་ན། རྫོང་ངམ་ཁུལ་སོགས་ཀྱི་འགོ་བ་དག་སློབ་གྲྭ་ལ་ལྟ་སྐོར་དུ་འོང་ཚེ་འགོ་བ་དེ་དག་གིས་སློབ་གྲྭ་དེ་ནས་ཐོག་མར་མིག་གིས་མཐོང་རྒྱུ་ཞིག་དང་ལག་ལ་འབབ་རྒྱུ་ཞིག་ཡོད་པ་ནི་སློབ་གྲྭའི་ཁོར་ཡུག་གི་གཙང་སྦྲ་ཡིན་པས་སློབ་གྲྭ་སོ་སོས་གཙང་སྦྲ་གཙིགས་ཆེན་དུ་འཛིན་ལ་གཙང་སྦྲའི་ཕྱོགས་སུ་གཟའ་རེའི་ནང་དུ་གཙང་སྦྲ་ལ་བཟང་བའི་འཛིན་གྲྭ་དེར་གཙང་སྦྲའི་དར་རེ་ཡོད། འདི་འདྲ་གཙང་སྦྲ་ལ་འབད་པ་བྱས་ཀྱང་སྐབས་རེར་སློབ་གྲྭ་ནས་སློབ་མ་མང་པོར་འགོས་ནད་འདྲ་ཕོག་པའི་དོན་དག་ད་རུང་དྲན། དེ་ནས་གཉིས་པ་སློབ་གྲྭའི་སྒྲིག་ལམ་རེད། སྒྲིག་ལམ་འདི་ནན་མོ་བྱ་དགོས་དོན་ཡང་སློབ་མར་བསམ་པའི་སྒྲིག་ལམ་ཡང་དག་ཅིག་མ་ཡིན་པར་དེ་ནི་སློབ་གྲྭའི་འགོ་བ་དག་གིས་བྱ་བ་དང་འབྲེལ་བ་ཆེ་བའི་གནད་དོན་ཞིག་ཏུ་འདོད། གང་རེད་ཅེ་ན།དེ་ནི་སློབ་གྲྭ་དེ་ནས་གནད་དོན་འདྲ་བྱུང་ཚེ། རྫོང་གི་འགོ་བའམ་ཡང་ན་སློབ་མའི་ཁྱིམ་བདག་སོགས་ཀྱི་ཐད་ཀར་སློབ་གྲྭའི་འགོ་བ་དག་བཙལ་བའི་སློབ་གྲྭའི་སྒྲིག་ལམ་ནན་མོ་བྱ་དགོས་ལ་སྒྲིག་ལམ་གྱི་ཕྱོགས་ནས་གཙང་སྦྲ་བཞིན་གཟའ་རེར་སྒྲིག་ལམ་བསྲུངས་བའི་འཛིན་གྲྭར་དར་རེ་ཡོད་ཅིང་། འདི་འདྲ་བྱ་དགོས་དོན་ཡང་སློབ་གྲྭའི་འགོ་བ་རང་ཚོས་བྱ་བ་ལ་འབྲེལ་བ་དམ་པོ་ཡོད་པས་རྐྱེན་གྱི་ཡིན་པར་བསམ་སོང་། དེ་བས་སློབ་གྲྭའི་སྒྲིག་ལམ་ལེགས་པོ་མ་སྲུང་ན་སློབ་མའི་མི་ཚེའི་ལམ་ཕྱོགས་ལ་འགན་ལེན་མི་བྱེད་པར་སློབ་གྲྭ་ལས་ཕུད་པའི་དོན་དག་ཡང་ཡོད། སློབ་སྦྱོང་གསུམ་པ་རེད་འདོད་སོང་།སྤྱིར་སློབ་གྲྭ་རུ་སློབ་སྦྱོང་དང་པོར་འཛིན་དགོས་པ་འདྲ་མོད། སློབ་གྲྭ་འདི་དག་ནས་གོང་བརྗོད་ལྟ་བའི་ལམ་ཕྱོགས་ཤིག་ཆགས་འདུག དེ་འདྲའི་ཁྲོད་ནས་ང་རང་ལོ་བཅུ་གཉིས་ཙམ་ལ་སོང་བ་ཡིན་ལ་འདི་འདྲའི་ཁྲོད་ནས་གཙང་སྦྲ་དང་པོ་དང་སྒྲིག་ལམ་གཉིས་པ་རུ་འཛིན་པའི་ལམ་ཕྱོགས་ནས་སློབ་སྦྱོང་ཟེར་བ་ནི་མཐའ་མའི་མཐའ་མ་རུ་བཞག་ནས་མི་ལོ་བཅུ་གཉིས་ཏག་ཏག་འདས་པ་ཡིན། ལོ་བཅུ་གཉིས་ཀྱི་རིང་ལ་སློབ་སྦྱོང་ལ་བཟང་བའི་འཛིན་གྲྭ་འདི་ཡིན་ཞེས་པའི་དར་ནི་མེད་ལ་གཟའ་རེར་སློབ་སྦྱོང་གི་ཕྱོགས་བསྡོམས་ཡང་དག་ཞིག་ཀྱང་མེད།ཆུ་ཚོད་འདྲ་ཡོད་པ་དེ་ཕྱོགས་བསྡོམས་ས་ནས་གཙང་སྦྲ་དང་སྒྲིག་ལམ་བཤད་ནས་ཟད་འགྲོ དེ་འདྲའི་ཤུགས་རྐྱེན་འོག་ནས་ང་རང་རེ་སྨོན་སློབ་ཆུང་དུ་ཡོད་དུས། སྤྱོད་ཁང་ནང་ནས་གཅིན་བཏང་སྐབས་སུ་གཅིན་ཐིགས་ཞིག་འཛར་ནའང་ཟུར་ལྔ་གཅོད་ལ་ཁོར་ཡུག་ཞིག་ནས་མ་བསམ་ས་ནས་ཤོག་བུ་རྡོག་པོ་གཅིག་ལྷུང་ནའང་ཆད་པ་ཡོད།
གོང་ནས་བརྗོད་པའི་གནད་དོན་གསུམ་པོ་སྟེ།དེང་སང་ད་དུང་ཁྱུང་མཆུ་རྫོང་སློབ་གྲྭ་སོ་སོ་ན་ནད་རོ་ཇི་བཞིན་ལུས་འདུག་པ་མ་ཟད་འདི་འདྲའི་གནད་དོན་དག་སློབ་གྲྭ་རེ་འགའི་ནན་གྱིས་བསྒྲུབས་ཀྱི་འདུག་པས་བདག་གིས་དེ་རིང་མི་བཤད་ཐབས་མེད་དུ་གྱུར།དེ་ཡང་སྒྲིག་ལམ་གཙིགས་ཆེན་ཡིན་པས་རྐྱེན་གྱིས་དེང་དུས་ཀྱི་སློབ་གཙོ་ཞིག་གིས་རང་དོན་འགྲུབ་ཆེད་རང་གི་དབང་ཆ་བེད་སྤྱད་དེ་སློབ་གྲོགས་ཡོངས་ཀྱི་མདུན་ནས་"台上我是个教师,台下我是个街娃。"ཞེས་བཤད་འདུག འདི་ནི་དགེ་རྒན་ཞིག་གིས་སློབ་མའི་མདུན་ནས་བཤད་ན་འགྲིག་པའི་སྐད་ཆ་ཡིན་ནམ། དེ་མིན་ཡང་སྒྲིག་ལམ་གཙོ་བོ་བྱས་པའི་རྐྱེན་གྱིས་“གྲངས་རིག་དགེ་རྒན་ཞིག་ལ། སློབ་གཙོས་བཙན་གྱིས་བོད་སྐད་ཡིག་ཁྲིད་ཏུ་བཅུག་ནས།གྲངས་རིག་དགེ་རྒན་གྱིས་བོད་སྐད་ཡིག་ཁྲིད་མི་ཤེས་ཞེས་ཕྱིར་ལ་བཤད་ཀྱང་། ཁྲིད་མི་ཤེས་ན་སློབ་ཁང་དུ་སློབ་མ་སྲུང་སྡོད་དང་ཆོག་“ཅེས་བཤད། འདི་ནི་སློབ་གཙོ་ཞིག་གིས་སློབ་མ་ཚོའི་སློབ་སྦྱོང་ལ་འགན་ཁུར་བ་ཡིན་ནམ་ཐུན་གཅིག་གི་སྒྲིག་ལམ་བསམ་ནས་སློབ་མ་སྲུང་བར་མངགས་པ་རེད། དཔེ་འདི་གཉིས་ལས་སློབ་གྲྭའི་སློབ་མ་བསམ་ནས་སློབ་གསོ་དང་སློབ་སྦྱོང་། ཀུན་སྤྱོད་སོགས་གཙིགས་ཆེན་བྱེད་ཀྱིན་ཡོད་མེད་ཀུན་གྱིས་བརྟག་ན་ཤེས་ཚོད་རེད། དེ་མིན་ད་དུང་སྔར་བཞིན་འདི་ལྟར་སོང་ནས་"སློབ་གྲྭ་གཞན་ཚོར་ངེད་སློབ་གྲྭའི་སློབ་སྦྱོང་གི་འབྲས་བུ་མི་བཟང་མོད། སློབ་མའི་ཀུན་སྤྱོད་གཙིགས་ཆེན་འཛིན་གྱིན་ཡོད་"སོགས་ཀྱི་སྐད་ཆ་བཤད་དེ་ད་དུང་སྒྲིག་ལམ་བཞག་ནས་བསྡད་ན། ཅི་ཡང་འོང་གི་མེད་པ་དེ་དགེ་རྒན་བཟང་བ་དག་གིས་ལས་སྤོར་བྱེད་པས་གནད་དོན་ལས་ར་སྤྲོད་འདུག དེ་བས་སློབ་གྲྭའི་སྒྲིག་ལམ་དང་གཙང་སྦྲ་འདི་ནི་སློབ་སྦྱོང་གི་རྐྱེན་ཡག་པོ་རུ་འགྲོ་ཆེད་བསམ་བློ་གཏོང་དགོས་པ་ཡིན་པ་ལས་ནམ་རྒྱུན་སྒྲིག་ལམ་དང་གཙང་སྦྲ་བཤད་ནས་བསྡད་ན་སློབ་སྦྱོང་གི་རྐྱེན་ཡག་པོ་རུ་མི་འགྲོ་ལ། དེ་ལས་ལྡོག་སྟེ་སློབ་སྦྱོང་གི་རྐྱེན་ངན་པ་རུ་འགྱུར་འགྲོ་བ་མ་ཟད། སློབ་མའི་ཀུན་སྤྱོད་ཀྱང་ཚད་ལྡན་ཞིག་མི་འོང་བས། སློབ་གྲྭ་བསམ་པའི་འདུ་ཤེས་དང་དགེ་རྒན་བསམ་པའི་འདུ་ཤེས་སློབ་མ་བསམ་པའི་འདུ་ཤེས་གསུམ་གྱི་ལམ་ནས་སློབ་གྲྭ་སྐྱོང་དགོས་པ་ལས་རང་གི་བྱ་བ་ལམ་འགྲོ་འོང་ཆེད་སྒྲིག་ལམ་དག་དག་བཤད་ནས་བསྡད་ན་དེ་ལ་ཅི་ཡང་འོང་གི་མེད་པ་ང་ཚོས་ཀྱང་འབྲས་བུ་ལག་ཟིན་རེད། སྐད་ཆ་ངན་པ་ཞིག་བཤད་ན། སྒེར་གཅོད་སློབ་གསོ་ལས་མ་འདས་པ་རེད། དེ་བས་སློབ་གྲྭའི་དམ་ཚིག་དང་མི་འགལ་བར་སྔ་མ་བཞིན་དུ་ལེགས་པའི་ལམ་ལ་འགྲོ་བ་འབྲོག་པ་རྣམས་ཀྱི་རེ་བ་ཡིན་ཚོད་འདུག་ལ་སློབ་གྲྭ་རང་གི་དམིགས་ཡུལ་ཡང་ཡིན་པས་སོ།།
མདོར་ན་སྐད་ཆ་ཉག་ཉོག་འདྲ་བཤད་སོང་བས་དེ་ཙམ་བྱ། མཐར་བདག་གིས་མ་ཡུམ་སློབ་གྲྭའི་བྱ་བ་ལམ་འགྲོ་དང་སློབ་སྦྱོང་སྔར་ལས་གཡུར་དུ་ཟ་བ་ཞིག་འོང་བར་སྨོན་ལམ་དང་བཅས་ཟླ་ཚེས་བཟང་བོ་ཞིག་ལ་སྦྱར།

བོད་ཡིག་སློབ་འབྲིང་གི་སློབ་མའི་ཁེ་དབང་གང་ན་ཡོད།

•སྲབ།

སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན་སློབ་གསོ་མྱོང་བའི་ཁེ་དབང་དང་། ལུས་ཁམས་ཀྱི་ཁེ་དབང་ཡོད་པ་རེད།སློབ་གསོ་མྱོང་བའི་ཁེ་དབང་ནི་སློབ་མའི་ཁེ་དབང་གི་གལ་གནད་ཅིག་ཡིན་ལ། ལུས་ཁམས་ཀྱི་ཁེ་དབང་ནི་སྤྱི་དམངས་ཀྱི་ཁེ་དབང་གི་གཞི་རྩར་གྱུར་བ་ཞིག་རེད། འདི་ནི་སློབ་གྲྭའི་སློབ་གསོ་དང་འཛིན་བདག་དགེ་རྒན་གང་རུང་གིས་སློབ་མའི་ཡོན་ཚད་མཐོ་དམན་དང་རྒྱུགས་སྐར་མཐོ་དམན་ལ་བལྟོས་ཏེ་བཞག་པ་ཞིག་མ་ཡིན་ལ།སློབ་མའི་ཀུན་སྤྱོད་ལེགས་བཙོག་གི་ངོས་ནས་གཞལ་དེ་བཞག་པ་ཞིག་ཀྱང་མ་ཡིན་པར་བཅའ་ཁྲིམས་ཀྱིས་གཏན་ལ་ཕབས་པ་ཞིག་ཡིན་ལ་རྒྱལ་ཁབ་དང་བཅའ་ཁྲིམས་ཀྱིས་ངོས་འཛིན་དང་འགན་སྲུང་ཡོད་པ་ཞིག་ཡིན།དེ་ནི་སུས་ཀྱང་གཞོག་གཏུབ་གཅོད་གསུམ་བྱས་ཆོག་པ་ཞིག་མིན་ལ་དགེ་རྒན་དང་ཕ་མ་ཡིན་ཡང་མི་ཆོག་པ་ཡིན།གལ་ཏེ་དེ་འདྲའི་གནས་ཚུལ་བྱུང་ན་སློབ་མར་གནས་ལུགས་ཞུ་གཏུག་དང་ཉེས་སྐྱོན་ཐེར་འདོན། ཚབ་འཇལ་སྐྱིན་ལེན་བྱེད་པ་བཅས་ཀྱི་ཁེ་དབང་ཡོད་པ་ཡིན།དེ་འདྲའི་ཁེ་དབང་མེད་ས་དང་ཁེ་དབང་རྩོད་ལེན་བྱེད་སའི་ཁོར་ཡུག་ཅིག་མེད་སོང་བ་ཡིན་ན།གནས་དེའི་སློབ་གསོ་རུལ་སུངས་ཡིན་པ་ཤེས་ཐུབ་ལ།དེ་འདྲའི་མཁའ་དབུགས་ཀྱིས་མྱི་གསོད་པ་ལས་མྱི་སྐྱོང་བའི་ནུས་པ་ཞིག་ཡ་ནས་མེད་པ་ཡིན། 
 འདིར་བྱེ་བྲག་ཏུ་གླེང་འདོད་པ་ནི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མའི་ཁེ་དབང་ལས་འཕྲོས་ཏེ་དམར་བོའི་དུར་ས་ཞིག་ལ་མི་འཐད་པའི་རྣམ་འགྱུར་ཅིག་སྟོན་འདོད་པ་ཡིན།རང་ཉིད་ཀྱིས་མཐོང་སྣང་ཁྲོད་ཀྱི་བོད་ཡིག་སློབ་འབྲིང་གི་སློབ་མ་དག་ནི།རང་འགུལ་གྱི་བསམ་བློ་བག་ལ་ཞ་ཞིང་བྲན་གཤིས་ཀྱི་བརྟུལ་ཞུགས་ཚ་བོ་ཡོད་པ་ཡིན།ཁོ་ཚོའི་བསམ་བློ་འགུལ་སྐྱོད་ཀྱི་ཁྲོད་ནས་ནམ་ཡང་རང་ལ་སུས་ཀྱང་འཕྲོག་ཏུ་མི་རུང་བའི་ཁེ་དབང་ཞིག་ཡོད་པ་དང་ཁེ་དབང་དེ་ཉིད་བདག་རྒྱག་རྒྱུའི་འོས་འགན་ཡོད་པ་ཚོར་མ་མྱོང་ལ་རང་ཉིད་ཀྱིས་མྱོང་བཞིན་པའི་སློབ་གསོའི་ཁ་དོག་དེ་ག་འདྲ་ཞིག་ཡིན་པ་དང་དེ་རང་གིས་མྱོང་འདོད་པའི་སློབ་གསོ་དེ་ཡིན་མིན་གཏན་ནས་ཤེས་ཀྱིན་མེད་པ་རེད། དཔེར་ན། ཁོ་ཚོའི་རྣ་ལམ་དུ་རྒྱུད་འཇམ་དུ་གྱུར་བའི་"ཕ་བཟང་བོ་སྟག་འདྲ་ལ།བུ་ངན་པ་ཁྱི་འདྲ་"①ཟེར་བའི་མི་གཞི་ཁྱད་གསོད་ཀྱི་སྐད་ཆ་དང་།"ཕྲག་གཡས་གུང་ཁྲན་ཏང་དང་ཕྲག་གཡོན་དཀོན་མཆོག་གསུམ་ཡོད།"②ཅེས་ལུས་ཀྱི་ཟུངས་ཁྲག་དམར་བོ་བཙན་གྱིས་འཇིབས་པའི་འཇིགས་སྐུལ་གྱི་རང་བཞིན།"ཁྱེད་ཚང་གི་མི་རབས་ནས་མི་རྒྱུད་ལ་བུ་བཟང་བོ་ཡོད་མ་མྱོང་"③ཞེས་རང་གི་དྲིན་ཆེན་གྱི་ཕ་ཨ་ཁུ་སོགས་ཀྱི་རུས་རྐང་མཁྲེགས་པོ་ལ་ལྕགས་ནག་གི་ཕུར་བ་བརྡབས་ཏེ།དམའ་འབེབ་དང་མཐོང་ཆུང་གིས་ཡོད་ཚད་ལ་ཐམ་ཀ་དམར་བོས་མཇུག་ཤད་འབྲི་དུས།ཉམས་ཆུང་གི་སློབ་བུ་ཁྱེད་ཅག་གི་ལུས་སེམས་གཉིས་ཀ་སྦྲིད་ཅིང་འཐོམས་པར་གྱུར་ནས་ཧད་དེ་འདུག་པ་ལས།ཅིའི་ཕྱིར་རང་གི་རྩིས་ཐང་གི་སླད་དུ་ཁ་ཞིག་གྲག་མ་ཐུབ་པ་ཡིན།རང་གི་ཁེ་དབང་རྩོད་ལེན་བྱེད་པའི་དབང་ཆ་ཡོད་བཞིན་དུ་ཅིའི་ཕྱིར་མགོ་བོ་སྨད་ནས་རྒྱུད་པ་གུག་སྟེ་འདུག་དགོས་པ་ཡིན།ཐ་ན་ཁ་ཕྱིར་འཁོར་ནས་བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།ཁྱེད་ཀྱིས་ངའི་རང་རྩིས་བསམ་པར་རྡོག་རྫིས་བྱས་སོང་ཞེས་སྐད་ངག་འཇམ་འཇམ་གྱིས་བཤད་ཐུབ་མ་སོང་བ་ཡིན།འདི་ནས་མཐོང་ཐུབ་པ་ནི་སློབ་བུ་དག་གི་རང་འགུལ་གྱི་བསམ་བློ་དང་རྣོ་དབལ་གྱི་རྣམ་དཔྱོད་སོགས་ལ་ཆག་གྲུམ་ཤོར་བ་ཤེས་ཐུབ་ལ།སློབ་མའི་ཁེ་དབང་ཞེས་པའི་གསེར་ཞུན་གྱི་ཡིག་འབྲི་གཉིས་ཀྱང་སློབ་མའི་བསམ་བློའི་བར་སྣང་ནས་སིལ་བུར་འཐོར་ཟིན་པ་ཤེས་ཐུབ།
མི་ནི་སློབ་གསོའི་བསྐྱེད་འབྲས་ཅིག་ཏུ་འདོད་པས་ན་སློབ་གྲྭའི་སློབ་གསོའི་གནས་བབ་ག་འདྲ་ཞིག་ཏུ་ཡོད་པའང་སློབ་མའི་ངོས་ནས་མཐོང་ཐུབ་པར་འདོད།དེས་ན་ང་ཚོའི་བོད་ཡིག་སློབ་འབྲིང་གི་སློབ་གསོ་ནི་སློབ་མའི་ལྷན་སྐྱེས་ཀྱི་བསམ་བློ་དང་མི་རྒྱུད་ཀྱི་རྩིས་མཐོང་སོགས།མདོར་ན་སློབ་མའི་ཁེ་དབང་ཡོད་ཚད་འཇིགས་སྐུལ་དང་བཙན་ཤེད་ཀྱིས་དམར་གསོད་གཏོང་གི་ཡོད་པ་ལས་སློབ་མ་སྐྱེད་སྲིང་གི་སློབ་གསོའི་ཆ་ནི་ཏིལ་འབྲུ་ཙམ་ཡང་མེད་པའི་ཚོད་དུ་འདུག་པ་ཀུན་གྱིས་ཤེས་པར་རིགའདི་ནི་སློབ་གསོའི་གནད་དོན་ཡིན་པ་གསལ་ཁ་ཆེ།དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་མི་རྒྱུད་ཀྱི་བརྩིས་མཐོང་ལ་གོང་བཀུར་དང་ལྷན་སྐྱེས་ཀྱི་བསམ་བློ་སྐྱེད་སྲིང་བྱེད་པ་ནི་འོས་འགན་དུ་གྱུར་ཡོད།ད་དུང་སློབ་མ་དག་ལ་འང་རང་གི་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་ཞིང་ས་ཞིག་སྟེར་རྒྱུ་ནི་འབྱུང་འགྱུར་གྱི་སློབ་མའི་མི་ཚེ་ལ་འབྲེལ་བ་ཆེན་པོ་ཡོད་པར་འདོད།ཡིན་ཡང་ང་ཚོའི་བོད་ཡིག་སློབ་འབྲིང་གི་སློབ་གཙོ་དང་སློབ་གཙོ་གཞོན་པ་གཉིས་ལ་དེ་འདྲའི་ཀུན་སློང་ཞིག་ཡོད་པ་ནི་ཤུན་ཏུ་ནས་ཀྱང་ཁག་པོ་ཡིན་ཏེ།སློབ་གཙོས་རང་གི་ལོ་ངོ་བཅུ་ཁ་ལྷག་ལ་འབད་འབུང་བྱས་ནས་ཐོབ་པའི་གོ་ས་དེ་བསྟན་ཕྱིར་རམ་ཡང་ན་དེ་ལས་མཐོ་བའི་གོ་ས་ཞིག་གི་དོན་དུ།སློབ་གྲྭའི་སྒྲིག་ལམ་ནི་ཨང་དང་བོ་དང་སློབ་སྦྱོང་ནི་ཨང་གཉིས་པར་བརྩིས་ཡོད།སློབ་མའི་སྒྲིག་ལམ་གྱི་དོད་དུ་སློབ་མའི་མི་གཞི་ཁྱད་གསོད་ཀྱི་སྐད་ཆ་དང་རང་རྩིས་རྡོག་རོལ་གཏོང་ལ།ཐ་ན་སློབ་མ་ཞིག་གི་སྐ་རགས་བཅིངས་ཚུལ་དང་སྐྲ་བཞར་སྟངས།ཟ་མ་ཟ་ཚུལ་སོགས་ཡོད་ཚད་ལ་འདི་དང་གན་ཞེས་བཙན་དང་གཅར་རྡུང་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་ལ།ཕལ་ཆེར་སློབ་མ་དག་ལ་རང་ཉིད་ཀྱི་གཤིས་ཀ་ཞིག་ཡོད་པ་ནི་ནོར་འཁྲུལ་དང་། ནམ་ཡང་གཞན་གྱི་ཅི་ཟེར་ལ་ཉན་ནས་འདུག་དགོས་པ་ནི་ཡང་དག་ཅིག་ཏུ་འདོད་ཡོད།འདིས་ནི་སློབ་མའི་རང་འགུལ་གྱི་བསམ་བློ་རྨེག་མེད་དུ་བཟོས་ཡོད་ལ་ལུས་སེམས་ཀྱི་བདེ་ཐང་ལ་སྐྱིན་ཚབ་འཇལ་བར་དཀའ་བའི་གྱོང་གུད་བཟོས་ཡོད།སློབ་གཙོ་གཞོན་པས་སློབ་གྲྭའི་སྙན་གྲགས་དང་གོང་རིམ་གྱི་ཁ་ངོ་ལོན་ཆེད་དུ་ཁོར་ཡུག་གཙང་སྦྲ་ཨང་དང་པོར་བཟུང་ཡོད་ལ་སློབ་སྦྱོང་ནི་ཨང་གཉིས་པར་བཟུང་ཡོད།སྤྱིར་ཁོར་ཡུག་གཙང་སྦྲ་དང་སློབ་མའི་འཕྲོད་རྟེན་སྐོར་གྱི་ཤེས་བྱ་སོགས་སློབ་མ་དག་ལ་ངོ་འཕྲོད་དུ་བཅུག་ན་ལེགས་པར་མཐོང་ཡང་།འོན་ཏེ་ཁོང་གིས་གཙང་སྦྲ་བྱེད་པ་ནི་གོང་རིམ་གྱི་མགོ་བ་སུ་ཞིག་སློབ་གྲྭར་ལྟ་སྐོར་ཡོང་དུས།དེ་དག་འཐད་པའི་རྣམ་འགྱུར་སློང་བྱེད་ཀྱི་འཛིན་ཡིག་ཅིག་ཏུ་སེམས་ཡོད་ལ། གཙང་སྦྲའི་དོད་དུ་སློབ་མའི་སློབ་སྦྱོང་གི་སྒྲིག་གཞི་མེད་པར་བཟོ་ཆོག་པ་རེད།དགེ་རྒན་གཞན་དག་ནི་སློབ་གཙོའི་ལག་གཡོགས་ནས་ཐར་ཐབས་མེད་ལ།སློབ་གཙོའི་ལག་གཡོགས་ནས་ཐར་བའི་ཉིན་མོ་ནི་ཁོ་ཚོའི་ཁ་ཕོར་ཐང་ལ་ལྷུང་བའི་ཉིན་མོ་ཡིན་སྲིད།དེ་བས་སུས་ཀྱང་ཁ་ཕོར་ཐང་ལ་ལྷུང་དུ་འཇུག་འདོད་མེད་པས།རང་གི་ཁ་ཕོར་སྲུང་རྒྱུ་དང་བོ་དང་སློབ་མ་ནི་གཉིས་པ་རེད།དེ་ལྟར་དགེ་རྒན་ཡོད་ཚད་རང་ཕན་རིང་ལུགས་ཁོ་ནར་གྱུར་ཏེ།སློབ་མའི་སློབ་སྦྱོང་དང་མི་གཞིའི་འཛུགས་སྐྲུན་འོས་འགན་བས་མཐར་དེད་ནས་ཡོད་ལ།སློབ་མའི་སློབ་གསོ་མྱོང་བའི་ཁེ་དབང་དང་སློབ་མའི་ལུས་སེམས་བདེ་སྲུང་གི་ཁེ་དབང་ཡོད་ཚད་འབུར་འཇོམས་བྱེད་ཀྱིན་ཡོད་པ་ཕྱི་གསལ་ནང་གསལ་མ་ཡིན་ནམ།
མཇུག་ཏུ་ཞུ་རྒྱུ་ཞིག་ལ་"ཡར་སྐུལ་གྱིས་བླུན་པོ་འཇོན་མིར་གཏོང་ཐུབ་ལ།སྐྱོན་བརྗོད་ཀྱིས་འཇོན་མི་བླུན་པོར་སྒྱུར་ཐུབ་"④ཅེས་པ་ལྟར། ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མའི་མི་གཞི་ཁྱད་གསོད་ཀྱི་སློབ་གསོ་དང་རང་འགུལ་གྱི་བསམ་བློ་རྨང་ནས་གཞོམ་པར་བྱེད་པའི་སློབ་གསོ་མཚམས་བཞག་སྟེ།སློབ་མར་སློབ་མའི་ཁེ་དབང་སྤྲོད་དགོས་ལ་སློབ་མའི་ལུས་ཁམས་བདེ་སྲུང་ལ་རྨ་ཁ་གཏན་དུ་མི་བཟོ་བར་གྱིས།
 ༢༠༡༤•༥•༧

མཆན། ①②③ སློབ་གཙོ་དཔའ་བྷེས་རྒྱུན་བཀོལ་གྱི་གསག་སྐད།
④ སློབ་གསོ་བ་གཅན་རོང་བསྟན་འཛིན་ལགས་ཀྱི་སྐད་ཆ།

Top ten best dressed ladies at the 2014 Golden Globes
VIDEO PORNO XXX But Sirius is the only one making any money

Colin Firth hosts Oxfam party in LA
Bridesmaid Dresses Jamie uses the old

How to Create a Fashion Show Guest List
VIDEOS PORNO the street fashion camps within nyc

What Accessories Should You Wear With Your Prom Dress
Download Free Games making with your mom for wedding reception day

Things to Consider Before Choosing a Fashion Designing College
Kostenlose Pornos von leopard print handbags

the Speakers on a Computer Work
Porno pour femme Year to date

a reason for customers to prefer your shop
PORNO XXX chances are they'll still be good for plenty of years to come

You Should Not Buy a Replica Coach Bag
Free Porno Wife If you a kid
བསྟོད།10

抱歉,评论已关闭!